Sie sind auf Seite 1von 349

༄༅། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་

ཁྲིད་ཅེས་བྱ་བ་བཞུགས་སོ།།

མཛད་པ་པོ། དགའ་ལྡན་ཁྲི་ཐོག་བརྒྱ་དང་གཅིག་
་ རྗེ་བཙུན་ལུར་རིགས་རྣམ་རྒྱལ་མཆོག
དཀར་ཆག
སྔོན་འགྲོ་ཆོས་བཤད། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་1
་གང་གིས་ཉམས་སུ་ལེན་པའི་རྟེན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་8
གང་ནས་བརྒྱུད་པའི་ཚུལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་16
ཉམས་སུ་ལེན་རྒྱུའི་ཆོས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་29
ཉལ་བའི་རྣལ་འབྱོར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་35
ལྡང་བའི་རྣལ་འབྱོར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་37
བདུད་རྩི་མྱང་བའི་རྣལ་འབྱོར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་38
ཚད་མེད་རྣལ་འབྱོར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་41
བསྐྱར་བཤད། ཉིན་གཉིས་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་52
སྐད་ཅིག་དཀྲོང་བསྐྱེད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་58
ནང་མཆོད་བྱིན་བརླབᨎ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་63
མཆོད་པ་བྱིན་བརླབ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་67
་མཎྜལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་68
རྡོར་སེམས་སྒོམ་བཟླས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་69
བསྐྱར་བཤད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་71
བསྐྱར་བཤད། སྐད་ཅིག་དཀྲོང་བསྐྱེད།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་75
བསྐྱར་བཤད། ནང་མཆོད་བྱིན་གྱིས་བརླབས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་79
བསྐྱར་བཤད། མཆོད་པའི་བྱིན་བརླབ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་83
བསྐྱར་བཤད། མཎྜལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་85
བླ་མའི་རྣལ་འབྱོར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་87
བདག་ལྷར་བསྐྱེད་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་109
འགྲོ་བ་དག་པའི་རྣལ་འབྱོར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་117
དཔའ་བོ་དཔའ་མོས་བྱིན་གྱིས་བརླབས་པའི་རྣལ་འབྱོར།་་་་་་་་་་་་་་་་་་་་་་་་118
ལུས་དཀྱིལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་119
ཕོ་ཉ་གསུམ་བསྲེ་བ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་136
གོ་ཆ་བགོ་བ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་141
གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་148
བསྟོད་པ། ་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་150
བཟླས་པའི་རྣལ་འབྱོར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་154
ཞར་བྱུང་རྫོགས་རིམ་དང་པོ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་160
ཞར་བྱུང་རྫོགས་རིམ་གཉིས་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་160
བསམ་མི་ཁྱབ་ཀྱི་རྣལ་འབྱོར། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་163
སྤྱོད་ལམ་གྱི་རྣལ་འབྱོར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་164
ཐུན་མཚམས་ཀྱི་རྣལ་འབྱོར་གྱི་ཡན་ལག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་169
རྫོགས་རིམ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་203
གཉིས་པ་ལམ་བགྲོད་པའི་རིམ་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་216
རླུང་དབུ་མར་བསྡུ་བ་བསྡུས་ནས་བསྒོམ་པ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་216
འཕོ་བ། ་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་225
གཉིས་པ་ལས་ལ་སྦྱོར་བ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་235
བསླབ་བྱ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་248
མཎྜལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་286
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

སྔོན་འགྲོ་ཆོས་བཤད།

༄༅། །ཨོཾ་སྭ་སྟི། བདེ་ལེགས་སུ་གྱུར་ཅིག རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་འཁྲིད་


ཀྱི་ཟིན་བྲིས་འགོད་པ་ལ།
དེ་ཡང་ཐོག་མར་སངས་རྒྱས་ཆོས་ཚོགས་མ་ཚར་གསུམ། མ་སེམས་ཅན་
ཐམས་ཅད་ཀྱི ་ དོ ན ་དུ་རྫོ ག ས་པའི ་ སངས་རྒྱས་ཀྱི ་ གོ ་ འཕང་རི ན ་པོ ་ ཆེ ་ ཅི ་ ནས་ཀྱང་
འཐོབ་པར་བྱ་དེའི་ཆེད་དུ་དམ་པའི་ཆོས་གསན་སྙམ་པའི་ཀུན་སློང་གི་རིམ་པ་ལེགས་
པར་གསལ་བཏབས་དགོས། དེ་ཡང་སྣོད་ཀྱི་སྐྱོན་གསུམ་དང་འདུ་ཤེས་དྲུག་དང་ལྡན་
པའི་སྒོ་ནས་གསན་དགོས་ཡག་གཅིག་རེད། རྗེ་བདག་ཉིད་ཆེན་པོའ ་ི གསུང་ལས།
(འདི་གྲུབ་པ་ནི་སྐལ་བ་བཟང་ངོ་ཞེས། །ལེགས་པར་སེམས་དང་དགའ་བའི་བཞིན་
གྱི་མདངས། །རང་སེམས་གུས་པའི་ཉམས་དང་ལྡན་པ་ནི། །རྣམ་གཡེང་སྣོད་ཀྱི་སྐྱོན་
གསུམ་སྤངས་ཏེ་ཉོན།) །ཞེས་ཆོས་གང་དང་གང་ཉན་ནའང་ད་རེས་མི་ལུས་ལན་གཅིག་
ཐོབ་པ་དེ་ཆུད་བཟོས་སུ་མ་སོང་བ་ད་རེས་ཆོས་གཅིག་ཉན་རྒྱུ་བྱུང་སོང་ཤིན་ཏུ་ནས་
ཀྱང་སྐལ་བ་བཟང་པོ་བྱུང་བསམ་ནས་དགའ་བ་སྒོམ་འདི་བྱེད་པ་ནི་སྐལ་བ་བཟང་ངོ་
ཞེས་གསུང་པ་དེ་རེད།
ལེགས་པར་སེམས་དང་དགའ་བའི་བཞིན་གྱི་མདངས། །ཞེས་པ་ནག་འཐུམ་
འཐུམ་མ་བྱེད་པར་འཛུམ་དམུལ་དམུལ་བྱ་དགོས་པ་འདྲ། རྦད་ཚིག་པ་ཟ་བསྡད་པའི་
བཟོ་འདྲ་པོ་བྱེད་ཉན་གྱི་མེད་པ་འདྲ། ཆོས་བཤད་མཁན་བླ་མ་དེ་ཡང་ཚིག་པ་ཟ་བསྡད་
པའི་བཟོ་འདྲ་པོ་ནག་འཐུམ་འཐུམ་བྱེད་རྒྱུ་མེད་གསུངས་པ་རེད། ཡང་དམིགས་བསལ་
ཡོད་རེད། ཀློང་རྡོལ་བླ་མ་རིན་པོ་ཆེས་ཆོས་གསུང་དུས་དགོངས་པ་འགལ་སྡད་པའི་
བཟོ་འདྲ་པོ་རྒྱུག་པ་གཅིག་ཉར་ནས་རྒྱུག་པ་དེ་ལ་འཆང་ཙམ་འཆང་ཙམ་གནང་གིས་
1
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཡོད་རེད། རྡུང་ཡང་བརྡུང་གི་ཡོད་རེད། དེ་སྐབས་དང་དུས་ཀྱིས་སློབ་མ་རེད། དེ་རིང་


སང་ཉིན་བརྡུང་རྒྱུ་ཕར་བཞག་འཚོག་གཏམ་ཟུར་ཙམ་གནང་ནའང་ལམ་སང་གཅིག་
བྱེད་ཀྱིས་རེད། ཆོས་ཐེངས་དེ་མ་ཚར་གོང་ནས་ཏོག་ཙམ་ཚར་བ་རེད། དེ་འདྲ་སོང་ཙང་
སྐབས་སྟོབས་ཀྱི་གཅིག་རེད། རྣམ་གཡེང་སྣོད་ཀྱི་སྐྱོན་གསུམ་སྤངས་ཏེ་ཉོན། །ཞེས་
རྣམ་གཡེང་དེ་སྡུག་ཤོས་གཅིག་རེད། སྐྱོན་གཙོ་བོ་གཅིག་རེད། དཔེར་ན་སྣོད་དཔྱད་
ནང་བཟའ་བཏུང་གཅིག་བླུགས་པ་ཡིན་ན་སྣོད་དེ། ཞབས་མ་རྡོལ་བ་གཅིག་དགོས་པ་
རེད། ད་ཁ་སྦུབ་པ་ཡིན་ན་ནང་དུ་བཟའ་བཏུང་གང་ཡང་འཛུལ་གྱི་མ་རེད། ཡང་ཁ་ཡར་
བསླངས་ཡོད་ནའང་མཐིལ་རྡོལ་སྡད་ཡོད་ན་དེ་ནས་འཛག་འགྲོ་ནང་དུ་གང་ཡང་སྡོད་ཀྱི་
མ་རེད། ཡང་མཐིལ་རྡོལ་སྡད་མེད་ནའང་ནང་དུ་མི་གཙང་བའམ་དྲི་མ་ངན་པ་སོགས་
གོས་ཡོད་ན་ཕན་ཐོགས་ཀྱིས་མ་རེད།
དེ་བཞིན་ཆོས་ཐོག་མར་གསུང་པའི་སྐབས་སུ་བསམ་བློ་གཞན་དག་ལ་ཕར་
གཡེངས་ཆགས་སྡང་རྨོངས་གསུམ་ཀྱི་དོན་དག་ལ་ཕར་གཡེང༌། འཇིག་རྟེན་གྱི་སྲིད་
དོན་སྒྲུབ་ཡག་གི་སྐོར་གང་ལྟར་འདོད་ཆགས་ཀྱི་ཡུལ་ཞེ་སྡང་གི་ཡུལ་གཏི་མུག་གི་
ཡུལ་དེ་འདྲ་ལ་བསམ་བློ་འཁོར་ནས་བླ་མས་བཤད་ཡག་དེ་ཁ་ཤས་རྩ་བ་ནས་མ་གོ་
བ་ཡོང་གི་རེད། ཁ་ཤས་གོ་རྒྱུ་གོ་བ་ཡིན་པ་ལ་སྒྲ་གོ་བ་ཙམ་མ་གཏོགས་དོན་དག་ག་
རེ་ཟེར་ཡོད་མེད་མ་གོ་བ་དེ་འདྲ་ཡོང་གི་རེད། དེ་འདྲ་བྱེད་ན་སྣོད་ཁ་སྦུབ་པ་རེད། ད་
སེམས་ཡག་པོ་བྱེད་ནས་ཉན་མངོན་སུམ་ཡ་མ་ཟུང་གསུངས་ཡོད་རེད་ད། མངོན་
སུམ་ཡ་མ་ཟུང་གི་ཉན་དགོས་ཟེར་དུས་སེམས་རྩེ་གཅིག་ཏུ་སྒྲིམ་མིག་དེ་ཡང་བླ་མའི་
ཞལ་རས་ལ་ཡག་པོ་བྱས་ནས་བལྟ། བླ་མས་ཀྱང་སློབ་མར་ཡག་པོ་གཅིག་བལྟས་ག་
ལེ་གསུངས་སོང་སེམས་དེས་ཡག་པོ་གྲུང་པོ་བྱས་ནས་ཉན་དགོས་གསུངས་པ་རེད།
བྱས་ཙང་དེ་འདྲ་བྱས་ནས་ཉན་དགོས་གསུངས་པ་རེད།
2
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ད་ཡང་ཉན་རྒྱུ་ཉན་པ་ཡིན་པ་ལ་ལམ་སང་དབྱུག་བཞག་ནས་ཆོས་ཐེངས་གྲོལ་
ལོང་མེད་ནས་བརྗེད་འགྲོ། གནས་ཚང་ནང་སླེབས་འགྲོ་དུས་གང་ཡང་དྲན་རྒྱུ་མེད་པ་
དེ་འདྲ་བྱེད་ན་སྣོད་ཞབས་བརྡོལ་བ་རེད། ད་ཡང་གཅིག་གསུངས་སོང་གཉིས་གསུངས་
སོང་ཟེར་ནས་བསམ་རྒྱུ་དྲན་རྒྱུ་ཡོད་པ་ལ་བསམ་བློ་ངན་པ་བྱེད་ཚེ་འདིའི་བསམ་བློ་
འདྲ་པོ་དང༌། དགྲ་འདུལ་གཉན་སྐྱོང་གི་བསམ་བློ་འདྲ་པོ་དང༌། བླ་མ་ལ་སྐྱོན་རྟོག་གི་
བློ་འདྲ་པོ་དང༌། བླ་མ་ལ་འགྲན་སེམས་ཡོད་པ་འདྲ་པོ། དེ་ག་ནང་བཞིན་ཆོས་གྲོགས་
ནང་ཕན་ཚུན་ལ་འགྲན་སེམས་ཡོད་པ་འདྲ་པོ་ཕྲག་དོག་དང་འགྲན་སེམས་དེ་སྡུག་ཤོས་
གཅིག་རེད། དེ་འདྲ་བའི་བསམ་པ་ངན་པ་ཚེ་འདི་འདོད་པའི་བསམ་བློ་དེ་བསམ་བློ་
ཁོས་བསླད་ནས་ཆོས་དེས་ཕན་འཐོག་གི་ཡོད་མ་རེད། དེ་འདྲ་སོང་ཙང་སྐྱོན་དེ་གསུམ་
སྤངས་ནས་སྣོད་ཀྱི་ཡོན་ཏན་གསུམ་དང་ལྡན་ཏེ། ལེགས་པར་ཉན་དགོས་པ་ནི་(ལེགས་
པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་)བྱེད་པ་རེད། འོ་དེ་འདྲ་རེད། ལེགས་པར་
ཉོན་ཟེར་དུས་ཀུན་སློང་ཡག་པོ་གཅིག་གིས་ཉོན་བྱེད་པ་རེད། རབ་ཏུ་ཉན་ཟེར་དུས་
དམིགས་པ་ཡག་པོ་གཏད་ནས་སྒྲིམས་ཏེ་ཉོན་བྱེད་པ་རེད། ཡིད་ལཟུངས་ཤིག་ཟེར་
དུས་མ་བརྗེད་པ་བྱེད་བྱེད་པ་རེད།
གང་ལྟར་དང་པོས་སྣོད་དྲི་མ་ཅན་མ་ཡིན་པ། གཉིས་པས་སྣོད་ཁ་སྦུབ་པ་མ་ཡིན་
པ། གསུམ་པས་སྣོད་ཞབས་རྡོལ་བ་མ་ཡིན་པ། དགོས་བྱེད་པ་རེད། ད་དེ་འདྲ་ཡིན་ཙང་
ཀུན་སློང་དེ་ཡག་པོ་གཅིག་མ་བྱུང་ན་ང་རང་ཚོ་ཆོས་བཤད་མཁན་ཚོས་ཀྱང་ཀུན་སློང་
འཆོས་པའམ་བཅོས་དགོས་པ་རེད། དེ་མིན་ཆོས་བཤད་པ་དེ་ཡང་དགེ་བ་རེད་ཀྱི་ཡོད་
དམ་མི་དགེ་བ་རེད་གྲབས་ཡོད་ཧ་གོ་ཡག་ཞེ་པོ་ཡོད་མ་རེད། བྱས་ཙང་བླ་མ་ཆོས་
གསུང་མཁན་ཚོས་སྔོན་ལ་སངས་རྒྱས་ཆོས་ཚོགས་མ་བཏོན་ཡག་དེ་ཀུན་སློང་བཅོས་
ཡག་ཡིན་པའི་འཁུལ་རེད། བླ་མ་ཆོས་པ་ཚོ་ཡིན་དུ་ཡིན་གྱི་རེད།
3
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ང་རང་ཚོ་སངས་རྒྱས་ཆོས་ཚོགས་མ་དེ་འཆར་ཅན་གཅིག་ལ་ཕྱིན་བྱས་ནས་
ཅི་གོ་འདི་གོ་གཅིག་ཡོད་མ་རེད། ཡིན་ནའང་ཀུན་སློང་བཅོས་ཁག་བྱེད་ག་རེ་བྱེད་
ནའང་ཁོ་ཚོར་གཅིག་ཕན་རོགས་བྱེད་ན་བསམ་པ་དང༌། ཁོ་ཚོ་ལ་ཁ་ཐུག་གཅིག་ཕན་
པ་དང་མཐར་ཐུག་བྱང་ཆུབ་ལ་བཀོད་ཐུབ་པ་གཅིག་བྱུང་རོགས་བྱེད་ན་བསམ་པ་དང༌།
རང་གི་རྙེད་བཀུར་སྙན་གྲགས་སོགས་ཀྱི་འདོད་པ་མེད་པ་དང༌། གཞན་ཡང་བཤད་བྱ་
ཆོས་དེ་མ་ནོར་བ་གཅིག་བཤད་དགོས་པ་རེད། བསམ་པ་བཟང་པོ་གཅིག་གིས་བཤད་
པ་ཡིན་པ་ལ་བཤད་ཡག་ཆོས་དེ་ཕྱི་ཐང་ལོག་ནས་ཁྱབ་ལོག་བསྒྲགས་བཞག་ན་ཡང་
མ་འགྲིག་པ་རེད། ཆོས་ཀྱི་སྦྱིན་པ་མ་རེད་པ་རེད།
《ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །
མདོ་སོགས་ཀྱང་དག་ཇི་བཞིན་སྟོན། །》 བྱེད་པ་རེད། ཀུན་སློང་
ཉོན་མོངས་པ་རྙེད་བཀུར་སྙན་གྲགས་སོགས་ཀྱི་ཆེད་དུ་མ་སོང་བ་བྱེད།
《ཀུན་སློང་ཉོན་མོངས་ཅན་མིན་པས། །
མདོ་སོགས་ཀྱང་དག་ཇི་བཞིན་སྟོན།།》 ཟེར་དུས་མདོ་ལ་
སོགས་པ་བཤད་བྱའི་ཆོས་དེ་ཡང་དག་པ་ཇི་ལྟ་བ་བཞིན་འཆད་པ་མ་གཏོགས་ཕྱི་ཐང་
ལོག་ནས་བཤད་མི་ཉན། བྱེད་པ་རེད། ཆོས་ཀྱི་སྦྱིན་པ་དེ་རེད། དེ་འདྲ་ཆོས་ཀྱི་སྦྱིན་
པ་བྱེད་ཀྱི་ཡིན་ན་ཁྱིམ་པ་ཕོ་མོས་བུ་དང་བུ་མོ་ནོར་དང་ལོངས་སྤྱོད་བསྐལ་པའི་བར་
དུ་སྦྱིན་པ་བཏང་བ་ལས་ཀྱང་བསོད་ནམས་ཆེ་བ་ཡོད་གསུངས་པ་རེད། ཆོས་སྦྱིན་
དེ་ཕན་ཡོན་ཆེན་པོ་ཞེ་པོ་གཅིག་གསུང་གི་ཡོད་རེད་དེ་འདྲའི་ཕན་ཡོན་ཡོང་གི་རེད།
ཡིན་ནའང་བླ་མ་ང་འདྲ་པོ་མང་པོ་གཅིག་རང་ལ་ཉམས་མྱོང་མེད་པའི་བཤད་པ་རྒྱབ་
སྡོད་ཙང་དོན་དག་གལ་ཨེ་ཡོད་བསམ་གྱི་འདུག རང་ལ་ཉམས་མྱོང་མེད་པའི་
ཚིག་སྐམ་གྱི་བཤད་པ། །སློབ་མ་དད་བརྩོན་མེད་པའི་རྣ་སྒྲུང་དུ་བསྐྱལ་ཏེ། །ཐར་རྒྱས་
4
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

འཁོགསས་པ་གྲུབ་པའི་ཆོས་བཤད་དུ་འདུག་པས། །དཔོན་གཡོག་གཅིག་མགོ་གཅིག་
བསྐོར་གྱི་སྣང་ཚུལ་འདི་སྐྱོ་བ། །སློབ་མས་བླ་མ་མགོ་སྐོར་བླ་མས་སློབ་མ་མགོ་སྐོར་
ཕན་ཚུན་མགོ་སྐོར་བཏང་རེས་བྱེད་ན་ད་དེ་ཕན་ཐོགས་ཀྱི་ཡོད་མ་རེད། ཚང་མས་ཕན་
སེམས་ཡག་པོ་བྱ་དགོས་པ་རེད། རྒྱུན་དུ་ནི་བླ་མས་སློབ་མ་སྐྱོང་ལུགས་དེ་སློབ་མ་ལ་
བསམ་བློ་ཡག་པོ་གཏང་དགོས་རེད། ང་ཁོའ ་ི བླ་མ་ཡིན་ཁོས་ང་ལ་ཡག་པོ་མ་བྱས་ན་
ཁོ་ཤི་ཡི་རེད། ཁོ་ཕམ་གྱི་རེད་གང་ཡོང་ཡོང་བསམ་སྟེ་དེ་འདྲ་དྲན་རྒྱུ་ཡོད་མ་རེད། བླ་
མའི་དམ་ཚིག་᫪ᨕབ་མས་ཀྱང་སྲུང་དགོས། སློབ་མའི་དམ་ཚིག་བླ་མས་ཀྱང་སྲུང་དགོས་
པ་རེད་གཉིས་ཀས་སྲུང་དགོས་རེད། བླ་མ་མ་བྱེད་པ་དགའ་བླ་མ་བྱེད་ཚར་ན་སློབ་མ་
དམྱལ་བ་ནང་མ་བཏང་པ་གཅིག་དགོས་རེད། ང་ཁྱེད་རང་ཚོའི་བླ་མ་རེད་ངའི་ཁ་ལ་
མ་ཉན་ན་དམྱལ་བ་ནང་འགྲོ་རྒྱུ་རེད་ཅེས་རྡེག་རྡེག་བསྐུལ་ནས་གང་ཡོང་ཡོང་བྱེད་ན་
འགྲིག་གི་ཡོད་མ་རེད། བླ་མའི་བཀའ་ཉན་དགོས་རེད། ཅི་གསུང་བཀའ་སྒྲུབ་ཞུ་དགོས་
ན། མི་གསུངས་དགུ་གསུང་མ་མཛོད་རོགས་གནང་བྱེད་པ་རེད། གསུང་ཚོད་ཙམ་བྱེད་
དགོས་པ་རེད། ཅི་མཛད་ལེགས་པར་བལྟ་དགོས་ན་མི་མཛད་དགུ་མཛད་མ་མཛད་
རོགས་གནང་བྱེད་པ་རེད། བྱས་ཙང་བླ་མ་ཡག་པོ་གཅིག་དགོས་ཀྱི་རེད་མ་གཏོགས་
གཞན་དེ་འདྲ་རེད།
ཆེ་འདོད་ཅན་ཀྱི་སྟོན་པ་དང༌། །
དྲག་འདོད་ཅན་གྱི་འཆད་ཉན་དང༌། །
ང་རྒྱལ་ཅན་གྱི་ཆོས་བཤད་གསུམ། །
ཆོས་སུ་ཨ་འགྲོ་སེམས་ཤིག་ཨང༌། །
བྱེད་པ་རེད། ཆེན་པོ་གཅིག་འདོད་ནས་ཆོས་བཤད་ཁག་བྱེད་ང་ཡར་ཡིན་མར་ཡིན་
ཟེར་ཏེ་ཆེན་པོ་བྱེད་འདོད་མཁན་བླ་མ་དེ་སྟོན་པ་རེད་ཨེ་འདུག་མི་འདུག། བཤད་པ་དེ་
5
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཆོས་རེད་འདུག་གམ་མི་འདུག་བསམ་བློ་གཏོང༌། གྲགས་འདོད་ཅན་གྱིས་རྩོད་པ་བྱེད་
སློབ་གཉེར་བྱེད་དཔེ་ཆ་བལྟ་མི་ལ་འཁོར་གསུམ་སྐོར་ཞེ་དྲག་གི་རྫིག་པོ་བྱེད་མཁན་དེ་
ལས་ཁོས་ཟེར་ཡག་དེ་ལས་ཁེ་གཅིག་རག་ཨ་ཡོང་ངས་ཁོའ ་ི ཁ་སྒོ་གཅིག་བཀག་ཐུབ་
ཨེ་ཡོང༌། ཁོ་ལས་ང་དྲག་ག་གཅིག་ཨེ་ཡོང་བསམ་པ་མ་གཏོགས་གཞུང་དོན་གཏན་
ལ་ཕབ་སྟེ་ཉམས་མྱོང་རྒྱུད་ལ་སྐྱེས་ནས་ཐར་པའི་ཡན་ལག་ཏུ་འགྲོ་ཡག་གི་བསམ་བློ་
རྩ་བ་ནས་མེད་ན་རྩོད་པ་དེ་ཡང་ཆོས་རེད་སྡད་ཨ་ཡོད་མི་ཤེས་གསུངས་པ་རེད། འགྲོ་
མགོན་གཙང་པ་རྒྱ་རས་ཀྱིས་གསུངས་པ་རེད། ཆོས་འཆད་ཉན་བྱེད་དུས་བསམ་པ་
ཡག་པོ་གཏང་དགོས། ལྷག་པར་དུ་གྲྭ་སར་རྩོད་པ་བྱེད་དུས་བསམ་པ་ཡག་པོ་གཏང་
དགོས། མི་ཚེ་གཅིག་ལ་རྩོད་པ་བྱེད་རང་གི་ཡིག་ཆ་དེ་དམ་པོ་བྱེད། གཞན་གྱི་ཡིག་ཆ་
དེར་སྨད་ར་བཏང་ཆོག་ཆོག། ཕྱོགས་ཞེན་ཁོ་རང་སྒོ་ནས་རྩོད་སྡད་ཡག་དེ་ཆོས་སྤོང་
གི་ལས་རེད།
དེ་ལ་གྲུབ་མཐའ་ཉེས་ཅན་དེ་ལ་བློ་མ་གཏད། །
བྱེད་པ་རེད། དེ་ལ་ཉེས་པ་ཆེན་པོ་རྒྱལ་བ་བྱམས་པ་མགོན་པོས་གསུངས་འདུག་འོ་
དེ ་ འདྲ་ཡི ན ་ཙང་དགེ ་ རྒན་གྱི ས ་ཀྱང་ཡག་པོ ་ སློ བ ་དགོ ས ་རེ ད ་ཁོ ས ་དེ ་ ཟེ ར ་ན་ཁྱོ ད ་
ཀྱིས་འདི་ལབ་ཤོག། །གཅིག་པོས་འགྲིག་གི་མ་རེད། གཅིག་བྱེད་པ་དེ་ཆོས་སུ་སོང་
བ་གཅིག་བྱེད་རོགས་བྱས་ན་ཡག་པོ་རེད། དེ་འདྲ་ཡིན་ཙང་ད་རེས་ང་རང་ཚོས་འདི་
གར་བཤད་ཡག་དེ་ཆོས་སུ་སོང་བ་གཅིག་བྱ་དགོས་པ་རེད། ཚེ་འདི་ཙམ་མ་ཡིན་པ་
སྐྱེ་བ་ཕྱི་མ་ཙམ་མ་ཡིན་པ་ད་རེས་ངས་རྣལ་འབྱོར་མའི་དབང་ནི་ཞུས་ཚར། ད་འགྲེལ་
པ་དེ་ཡག་པོ་གཅིག་ཉན་ནས་ཅི་ཐུབ་གང་ཐུབ་འདྲ་ཡོངས་སུ་རྫོགས་པ་ཉམས་སུ་ལེན་
མ་ཐུབ་ཀྱང་འཇོན་ཚོད་དཔག་ཚོད་འདྲ་ཉམས་སུ་ལེན་ཉིན་རེ་ཉིན་རེར་དྲག་ཏུ་བཏང༌།
ཞག་རེ་ཞག་རེར་དྲག་ཏུ་མ་འགྲོ་ཡང་ཟླ་རེར་དྲག་ཏུ་བཏང༌། ཐ་མ་མ་བྱུང་ནའང་ལོ་
6
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གཅིག་ནས་དྲག་ཏུ་བཏང་ནས་བློ་བསྐྱེད་ཐོན་པ་གཅིག་བྱེད་དེ་ཤི་ཁ་ལ་ཁ་དེར་ལམ་སྣེ་
ཟིན་ཐུབ་པ་བྱུང་ན་རབ་རེད། དེ་འདྲའི་དགོངས་པ་བཞེས་ནས་གསན་དགོས་ཡག་ཅིག་
རེད།
ངས་བཤད་ཡག་ལ་བརྟེན་པའི་དེ་འདྲའི་རེད། ད་རེས་འདི་ཚོ་ཚང་མ་ང་ལ་ཁ་
གཏད་བསྡད་པ་རེད། འདི་ཚོ་བསླུ་ན་དད་ལྡན་སེམས་ཅན་བསླུས་པ་རེད། དེ་འདྲ་ཡིན་
ཙང་རང་གིས་ཤེས་པ་དེ་དཀའ་ངལ་ལ་མ་འཛེམས་པར་བྱེད་གང་ཐུབ་ཐུབ་འདྲ་པོ་
ཞུས་ཁག་བྱེད་དགོས་ཀྱི་ཡོད་རེད། ད་དེ་འདྲའི་ཡིན་ཙང་ད་རེས་ངས་མང་པོ་ཤོད་ཀྱི་
མིན་མང་དྲགས་ན་སྐྱོན་ཡོད་རེད། ཚིག་ཉོག་པོ་བྱེད། ང་རང་ཚོ་བླ་སློབ་ཡིན་ཙང་ཚང་
མ་ངོ་ཤེས་ཉེ་པོ་འདྲ་པོ་ཤ་སྟག་བྱེད་དེ་འདྲའི་ཡིན་ཙང་ཐུགས་ཉེ་པོ་དགའ་ས་ཉེ་ས་ཤ་
གཅིག་སླེབས་བསྡད་ཡོད་རེད། སློབ་མའི་ངོས་ནས་བླ་མ་བསྟེན་པའི་སྐབས་ལ་དགའ་
ས་ཉེ་ས་ཡིན་བསམ་ནས་འདྲ་མཉམ་བྱེད་རྒྱུ་ཡོད་མ་རེད། ཆོས་དང་འཇིག་རྟེན་གཉིས་
ཁག་ཁག་རེད། དགའ་ས་ཉེ་ས་ཡིན་བསམ་བྱེད་ཟ་རེས་འཐུང་རེས་འདྲ་བྱེད་དགའ་
པོ་བྱེད་ཆོག་གི་རེད། དེ་ཆོས་ཀྱི་རྩ་ལ་སླེབ་དུས་ཕ་ཡུལ་གཅིག་པ་ཡིན་ཁོས་ང་ལ་རེ་
དགོས་ཀྱི་ཡོད་བསམ་ནས་འདྲ་མཉམ་བྱེད་རྒྱུ་ཡོད་མ་རེད། ཉེས་པ་ཆེན་པོ་ཡོད་རེད།
འོ་དེ་འདྲའི་མ་སོང་བ་གཅིག་གིས་ཆོས་གསན་ཡག་དེ་ལ་འདུ་ཤེས་དྲུག་ཟེར་ཡག་འདྲ་
པོ་དེ་འདྲའི་རེད། དེ་འདྲ་བྱུང་ན་ཡག་པོ་ཡིན་པ་རེད།
༈ ད་རེས་ཆོས་དེ་ལ་གང་གིས་ཉམས་སུ་ལེན་པའི་རྟེན། གང་ཞིག་ཉམས་
སུ་ལེན་པའི་ཆོས། གང་དུ་ཉམས་སུ་ལེན་པའི་གནས་དང་གསུམ་ཡོད་རེད།

7
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

་་་་་་་་་་་་་་་་་་་་་་་་གང་གིས་ཉམས་སུ་ལེན་པའི་རྟེན།

༈ གང་གིས་ཉམས་སུ་ལེན་པའི་རྟེན་དེ་ལ་སྨིན་ལམ་འཇུག་རུང་གི་གང་
ཟག་དང༌། གྲོལ་ལམ་སྒོམ་རུང་གི་གང་ཟག་གཉིས་གསུངས་འདུག། སྨིན་ལམ་འཇུག་
རུང་གི་གང་ཟག་ཟེར་ཡག་དེ་དབང་ཆེན་ཐོབ་པ་གཅིག་དགོས་པ་རེད། དབང་ཆེན་ཐོབ་
པ་ཙམ་གྱིས་གྲོལ་ལམ་སྒོམ་རུང་བ་མ་རེད་གྲོལ་ལམ་སྒོམ་པ་ལ་སིན་དྷུ་རའི་དཀྱིལ་
འཁོར་དུ་འཇུག་དགོས་པ་རེད། དབང་ཆེན་ཐོབ་ན་སིན་དྷུ་རའི་དཀྱིལ་འཁོར་དུ་འཇུག་
རུང་བ་རེད། དབང་བཞི་རྣམ་པར་དག་པ་ཐོབ་པ་ཡིན་ཙང་རྒྱུད་སྨིན་སྡད་ཡོད་རེད། ད་
དེས་སིན་དྷུ་རའི་བྱིན་རླབ་ཐོབ་སོང་ན་གྲོལ་ལམ་རྣལ་འབྱོར་མའི་ལམ་དེ་སྒོམ་ཆོག་པ་
རེད། ད་དེས་ག་རེ་སྒོམ་དགོས་རེད་ཟེར་ན་བསྐྱེད་རིམ་དང་རྫོགས་རིམ་གཉིས་རེད།
དེ་རྣལ་འབྱོར་མའི་ཆོས་རང་གི་རྣམ་གཞག་རེད། གང་གིས་ཉམས་སུ་ལེན་པའི་རྟེན་དེ་
ལ་སྨིན་ལམ་འཇུག་རུང་དང་གྲོལ་ལམ་བསྒོམ་རུང་གཉིས་ཡིན་ཙང་དེ་ལ་བྱང་ཆུབ་ཀྱི་
སེམས་སྐྱེས་དགོས་པ་རེད། དངོས་གཞི་ཡོང་བ་ལ་སྦྱོར་བ་ཕན་ཐོག་པ་གཅིག་ངེས་
པར་དགོས་པ་རེད། བྱས་ཙང་ངས་ནམ་རྒྱུན་ལམ་རིམ་སྒོམ་ཤོག་ཟེར་ཡག་དེ་དེ་རེད།
ད་བྱང་ཆུབ་ཀྱི་སེམས་སྒོམ་བཞིན་ངེས་འབྱུང་ཡང་སྒོམ་སྟོང་ཉིད་ཀྱང་སྒོམ་བསྐྱེད་རིམ་
རྫོགས་རིམ་བསྒོམ་ཚང་མ་བྱེད་ས་སླེབས་པ་རེད། ནམ་རྒྱུན་དེ་དག་ཕར་གཡུགས་
ཤག་པ་ཡིན་ཙང་དེ་རེད། ལམ་རིམ་ནི་ཤེས་ན་ཤེས་ཀྱི་རེད་སྐྱབས་འགྲོ་ཡག་པོ་བསམ་
བློ་བཏང་སྐྱབས་འགྲོ་བསྟན་པ་སྤྱིའི་སྒོ་འདྲ་པོ་རེད། སྐྱབས་འགྲོ་མི་བྱེད་ན་སངས་རྒྱས་
ཀྱི་བསྟན་པ་ལ་ཞུགས་སྡད་ཡོད་མ་རེད། དེ་གལ་ཆེ་ཤོས་ཆགས་བསྡད་ཡོད་རེད། བྱང་
ཆུབ་ཀྱི་སེམས་དེ་ཐེག་པ་ཆེན་པོའ ་ི གཞུང་ཤིང་རེད། དེ་མེད་ན་ཐེག་པ་ཆེན་པོའ ་ི ལམ་
ལ་སླེབས་པ་མ་རེད་ཐེག་པ་ཆེན་པོའ ་ི ལམ་ལ་སླེབས་པ་ནས་སངས་རྒྱས་ཀྱི་བར་དུ་
8
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

འགྲོ་སའི་ལམ་དེ་དེ་རེད། ཁོ་ཡོད་ན་གཞན་དག་ཡོང་ན་མ་ཡོང་ན་རྒྱ་ཆེ་ཆུང་གཅིག་
རེད་མ་གཏོགས་དེ་འདྲའི་གཅིག་རེད། ད་རྒྱུན་དུ་སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་
ཡག་པོ་གཅིག་སྒོམ་ཉམས་ལེན་བྱེད། དེའི་སྒང་ལ་གྲོལ་ལམ་བསྒོམ་རུང་གི་དབང་
བཞི་ནི་ཐོབ་ཚར་པ་རེད། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཡག་
པོ་སྲུངས། ལས་རུང་བཏང༌། བདག་འཇུག་འདྲ་ལེན་དེ་འདྲ་བྱེད་ནས་བསགས་སྦྱངས་
ཡག་པོ་བྱེད། ལྷ་དང་བླ་མ་གདམས་ངག་གསུམ་ལ་དད་པ་ཡག་པོ་བྱེད་ལྷ་ལ་དད་པ་
ཡོད་ཀྱང་བླ་མ་ལ་དད་པ་མེད་ན་མ་འགྲིག་པ་རེད།
ཡང་བླ་མ་ལ་དད་པ་ཡོད་ཀྱང་ལྷ་ལ་དད་པ་མེད་ན་མ་འགྲིག་པ་རེད་ལྷ་དང་བླ་
མ་གཉིས་ངོ་བོ་དབྱེར་མེད་བལྟ་དགོས་པ་རེད་ཡང་ལྷ་དང་བླ་མ་ལ་དད་པ་ཡོད་ཀྱང་
གདམས་ངག་ལ་དད་པ་མེད་ན་དེ་བས་ཀྱང་མ་འགྲིག་པ་རེད། འགྲོ་སའི་ལམ་འགག་
དེ་དེ་རེད། འོ་དེ་འདྲ་ཡིན་ཙང་ལམ་ཁྲིད་མཁན་གཙོ་བོ་གཅིག་དད་པ་རེད། དེ་ལྟ་བུའི་
སྒོ་ནས་ཉམས་སུ་བླངས་དགོས་པ་ཡིན་ཙང་ཉམས་སུ་ལེན་པ་པོའ ་ི རྟེན་དེ་ལ་བྱང་ཆུབ་
ཀྱི་སེམས་མཚན་ཉིད་པ་གཅིག་མེད་ནའང་དེ་ལྟ་བུ་གཅིག་བྱུང་ན་ཡག་པོ་ཡིན་པ་འདྲ།
ཡིན་རྒྱུ་འདི་རེད་ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱང༌། ཐུན་མོངས་མ་ཡིན་པ་
དབང་བཞི་རྫོགས་པར་ཐོབ་ཟེར་ཡག་དེ་ངེས་འབྱུང་བྱང་སེམས་ཀྱང་དག་པའི་ལྟ་བ་
གསུམ་གྱིས་རྒྱུད་སྦྱངས་པ་ནི་དེ་དག་རིམ་པ་བཞིན་དུ་ཐ་ན་མོས་པ་ཡིད་བྱེད་ཚུན་
ཆད་བསྒོམ་དང་སྒོམ་བཞིན་པ་འདྲ་པོ་དེ་འདྲའི་གཅིག་བྱེད།
གང་ཞིག་ཉན་པའི་ཆོས་ཐུན་མོང་བ།
༈ གཉིས་པ་གང་ཞིག་ཉན་པའི་ཆོས་དེ་ག་འདྲས་གཅིག་དགོས་ཟེར་ན། ཆོས་དེ་
རྦད་དེ་ཁྱི་དང་གླ་བ་ཕྲད་པ་འདྲ་པོ་བྱེད་ནས་གང་ཐུག་ཐུག་གཅིག་གིས་འགྲིག་པ་མ་
རེད། ཆོས་ལོག་དང་ཕྲད་ཡག་གི་ཉན་ཁ་ཡོད་རེད། དེ་འདྲ་ཡིན་ཙང་ཆོས་དེ་ཚད་མ་
9
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བཞི་ལྡན་ཞིག་དགོས་གསུངས་པ་རེད། བླ་མ་ཚད་མ། ལུང་ཚད་མ། བསྟན་བཅོས་


ཚད་མ། ཉམས་མྱོང་ཚད་མ་དང་བཞི་ཚང་དགོས་པ་རེད། ང་རང་ཚོས་ཀྱང་སྙན་བརྒྱུད་
ཚད་མ་བཞི་ལྡན་ཟེར་ཡག་ཅིག་ཡོད་རེད། དེ་ནི་སྟོན་པ་ཚད་མས་གསུངས་པ། གྲུབ་
ཆེན་ཚད་མས་ཉམས་སུ་བླངས་ནས་རྟོགས་པ་རྒྱུད་ལ་འཁྲུངས་པ། པཎྜི་ཏ་ཚད་མས་
བརྟགས་ནས་སྐྱོན་མེད་པ། ལོ་ཙཱ་བ་ཚད་མས་བསྒྱུར་བ་དེ་འདྲའི་གཅིག་གི་མཚན་ཉིད་
བཞི་ལྡན་དགོས་པ་རེད། ཉམས་མྱོང་ཚད་མ་ཟེར་ཡག་དེ་ཆོས་དེ་ཉམས་སུ་བླངས་ནས་
རྟོགས་པ་རྒྱུད་ལ་སྐྱེས་པ་རེད་ཟེར་ཡག་ཅིག་དགོས་ཀྱི་ཡོད་རེད། རྣལ་འབྱོར་མ་ནང་
བཞིན་དེ་འདྲ་ཁག་པོ་རེད་དེ་ད་རེས་ང་ཚོས་བླ་བརྒྱུད་སྟོན་པ་ཡིན་པ། ག་འདྲའི་འདུག་
རྟོགས་པ་མངོན་དུ་གྱུར་སྡད་པ་གྲུབ་ཆེན་རི་བསྒྲིགས་པ་ལྟ་བུ། ད་ང་ཚོ་ཡང་དེའི་གྲལ་
ཞུགས་དེར་སྡད་ནས་དེ་ནས་ཡར་གྲལ་གཅིག་བསྒྲིགས་ཨ་ཐུབ་ལྟ་ཁག་བྱེད་དགོས་
ཀྱི་ཡོད་རེད། དེ་རེད་མ་གཏོགས་བླ་མ་དེ་ཚོའི་རྒྱུད་ལ་རྟོགས་པ་ཡོད་དང་མེད། ཆོས་
འདི་ཉམས་སུ་བླངས་ནས་ཕན་འདོགས་ཡོད་དང་མེད་རྩ་བ་ནས་དོགས་པ་མི་དགོས་པ་
གཅིག་རེད། དེ་ལ་ད་བརྒྱུད་པའི་བླ་མ་ཚོའི་རྣམ་ཐར་ཞུས་དགོས་པ་རེད་དེ། དེ་ཞུ་གིན་
བསྡད་ན་འགོར་རོགས་རེད། སངས་རྒྱས་ཀྱིས་གསུངས་པའི་ཆོས་ག་འདྲས་གཅིག་
ཡིན་ནའང་སེམས་ཅན་གྱི་དོན་དུ་མི་འགྱུར་བ་གཅིག་ཀྱང་ཡོད་མ་རེད། དེ་ཡང་ཆོས་
དེ་ཉིད་ཐེག་པ་ཆེ་ཆུང་གཉིས་སུ་ངེས་པ་རེད། ཐེག་པ་ཆེན་པོའ ་ི ཆོས་དེ་ལ་རྒྱུ་ཕ་རོལ་ཏུ་
ཕྱིན་པའི་ཐེག་པ་དང་འབྲས་བུ་རྡོ་རྗེ་ཐེག་པ་གཉིས་རེད།
ད་འོ་ན་ཐེག་དམན་གྱི་ཆོས་དེ་ང་ཚོ་ལ་དགོས་ཡག་མི་འདུག་ཟེར་རྒྱུ་ཡོད་མ་
རེད། ཆོས་དེ་ཡང་ཉམས་སུ་བླང་དགོས་པ་རེད། ཐེག་དམན་གྱི་ཆོས་ཉམས་སུ་བླང་
དུས་རང་དོན་གཙོ་བོ་བྱེད་ནས་ཞི་བདེ་དོན་གཉེར་དེ་འདྲའི་དགོས་པ་མ་རེད། ཐེག་
དམན་གྱི ་ གཞུང་ནས་བཤད་པའི ་ མི ་ རྟག་སོ ག ས་བཅུ་དྲུག་ཆོ ས ་ཀྱི ་ སྡོ མ ་བཞི ་ རྟེ ན ་
10
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

འབྲེལ་ཡན་ལག་བཅུ་གཉིས་སོགས་ཉམས་སུ་བླངས་ནས་འཁོར་བ་ལས་ངེས་པར་
འབྱུང་དགོས་ཀྱི་ཡོད་པ་རེད། ཆོས་ཀྱི་སྡོམ་བཞི་དེ་ཐོག་མར་འཁོར་བ་ལས་ངེས་འབྱུང་
སྐྱེ་ཡག་གི་ཐབས་ཡག་པོ་རེད། ཆོས་ཀྱི་སྡོམ་བཞི་ནི།
འདུས་བྱས་ཐམས་ཅད་མི་རྟག་པ།
ཟག་བཅས་ཐམས་ཅད་སྡུག་བསྔལ་བ།
ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ།
མྱ་ངན་ལས་འདས་པ་ནི་ཞི་ཞིང་དགེ་བའོ། །
དེ་རེད། དེ་ལ་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཟེར་བ་རེད། ལྟ་བ་བཞི་པོ་དེ་
སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་མཁན་ཚོས་ཁས་ལེན་དགོས་ཡག་ཅིག་ཡིན་ཙང་
ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་ཟེར་བ་རེད། རྒྱལ་པོའ ་ི འབངས་མི་སེར་གྱིས་རྒྱལ་
པོས་ཕྱག་དམ་གནང་ཡོད་ན་གཙི་དགོས་ཀྱི་རེད། དེ་བཞིན་སངས་རྒྱས་ཀྱི་བསྟན་པ་
ལ་ཞུགས་ན་སངས་རྒྱས་ཀྱི་བཀའ་བཏགས་བཞི་པོ་ཁས་ལེན་དགོས་པ་རེད། སྤྱོད་པ་
བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཉམས་སུ་ལེན། ཆོས་ཀྱི་བསྡོམ་བཞི་ཉམས་སུ་ལེན་
སྟངས་ག་རེ་རེད་ཟེར་ན། ལམ་རིམ་ཉམས་སུ་ལེན་ལུགས་དེ་ག་རང་རེད། འདུས་བྱས་
ཐམས་ཅད་མི་རྟག་པ་བྱེད་པ་རེད་དང་པོ་འདུས་བྱས་མི་རྟག་པ་བསྒོམས་ནས་ག་རེ་
ཡོང་གི་རེད་ཟེར་ན། ངེས་འབྱུང་གི་བསམ་པ་སྐྱེས་ནས་ཐར་པའི་ལམ་ལ་འཇུག་པ་ལ་
ཐོག་མར་མི་རྟག་པ་བསྒོམ་དགོས་པ་རེད། འདུ་བྱས་མི་རྟག་པ་ཡིན་ཙང་འདུས་བྱས་དེ་
ལ་ཕུང་པོ་ལྔ་རེད། ཕུང་པོ་ལྔ་ཤེས་དགོས་རེད། ཕུང་པོ་ལྔ་མི་རྟག་པ་ཡིན་ཙང་རང་གི་
གཟུགས་ཀྱི་ཕུང་པོ་མི་རྟག་པ་རེད། ཚོར་བའི་ཕུང་པོ་དེ་མི་རྟག་པ། འདུ་ཤེས་ཀྱི་ཕུང་
པོ་དེ་མི་རྟག་པ། ཚོར་བ་དང་འདུ་ཤེས་གཉིས་ལས་གཞན་པའི་སེམས་བྱུང་ཞེ་དགུ་པོ་
དེ་འདུ་བྱེད་ཀྱི་ཕུང་པོ། དེ་འདྲའི་ཡིན་ཙང་འདུ་བྱེད་ཀྱི་ཕུང་པོ་ནི་མི་རྟག་པ་རེད། གང་
11
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ལྟར་ཡང་སྙིང་འདུ་བྱེད་ཐམས་ཅད་ནི་ཕུང་པོ་ལྔས་བསྡུས་བསྡད་ཡོད་རེད།
ཕུང་པོ་ལྔ་པོ་དེ་ནི་མི་རྟག་པ་རེད། དེ་འདྲའི་མི་རྟག་པ་སྒོམ་དགོས་ན་མི་རྟག་
པ་སྐད་ཅིག་གི་སྐྱེ་འཇིག་བྱེད་པ་བསྒོམ་དགོས་རེད་པས་ཟེར་ན། དེ་ཕྲ་བའི་མི་རྟག་པ་
རེད། རྟོགས་རོགས་བྱེད་ན་ཡག་པོ་རེད་དེ་རྟོགས་ཁག་པོ་རེད། མི་རྟག་ཏེ། བྱེད་པའི་
ཕྱིར། ཞེས་སྒྲུབ་ཡག་དེ་རེད། དེ་མ་རྟོགས་ནའང་ཨ་འུ་ཙི་རེད། ང་རང་ཚོས་རགས་
པའི་མི་རྟག་པ་བསམ་དགོས་རེད། ང་རང་ཚོས་མིག་མཐོང་ལག་ཟིན་གྱི། ཆག་འགྲོ་བ།
གཞིག་འགྲོ་བ། བཅག་འགྲོ་བ། ཡོད་པ་མེད་པ་རེད་འགྲོ་བ། གང་ཟག་ཤི་འགྲོ་བ། འདུས་
པ་འབྲལ་བ། མཐོ་ས་ནས་དམའ་སར་ལྷུང་འགྲོ་བ། གསར་པ་རྙིང་འགྲོ་བ། བསགས་པའི་
རྫས་ཟད་འགྲོ་བ་འདྲ་པོ་དེ་ཚོ་རེད། རགས་པའི་མི་རྟག་པ་དེ་ཚོ་སྒོམ་དགོས་པ་རེད། དེ་
འདྲའི་ཡིན་ཙང་ཤི་རྒྱུ་རེད་མ་གཏོགས་ང་ཚོ་ཡང་རྟག་པར་སྡད་ཡག་ཡོད་པ་མ་རེད།
ཤི་ནས་ག་རེ་ཡོང་གི་རེད་ཟེར་ན། ད་སྐྱེ་བ་ཐོག་མ་མེད་པ་ནས་མི་དགེ་བ་མང་པོ་བྱས་
ཡོད་རེད། ད་འགྲོ་ས་ངན་སོང་མ་གཏོགས་མི་འདུག་བསམ་ནས་སྐྲག་པ་སྐྱེས་དགོས་
པ་རེད། ག་ཚོད་འཇིགས་སྐྲག་ཆེ་བ་ཡོང་ན་ཡག་ག་ཡོད་རེད། དེ་འདྲ་བྱུང་ན་སྐྱབས་
འཚོལ་ཡག་དྲན་གྱི་རེད། འདུས་བྱས་ཐམས་ཅད་སྡུག་བསྔལ་བ་ཡིན་པ་ཤེས་ཡོང་ནས་
ཁམས་གསུམ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པར་འདུག་
བསམ་སྟེ་སྡུག་བསྔལ་དེ་དག་ལས་སྐྱབས་ཐུབ་མཁན་སུ་ཡོད་སྙམ་དུ་སྐྱབས་འཚོལ་
རྒྱུ་དྲན་དུས་སྐྱབས་དཀོན་མཆོག་གསུམ་རྙེད་ཀྱི་རེད།
སྟོན་པ་སངས་རྒྱས་དེ་༧སྐྱབས་ཀྱང་དག་པའི་རྒྱུ་མཚན་བཞི་ཡོད་རེད། རང་
འཇིགས་པ་ཐམས་ཅད་ལས་གྲོལ་བ། གཞན་འཇིགས་པ་ལས་བསྒྲོལ་བའི་ཐབས་
ལ་མཁས་པ། ཀུན་ལ་ཉེ་རིང་མེད་པའི་ཐུགས་རྗེ་ཆེན་པོ་མངའ་བ། ཕན་བཏགས་མ་
བཏགས་ཐམས་ཅད་ཀྱི་དོན་མཛད་པ། དེ་འདྲ་རེད། ད་ངས་དེ་ལྟ་བུའི་བསླུ་བ་མེད་པའི་
12
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

སྐྱབས་ཀྱང་དག་པ་གཅིག་རྙེད་སོང་བསམ་ནས་སྙིང་ཐག་པ་ནས་དགའ་བ་སྐྱེས་ཐུབ་པ་
བྱེད་ནས་སྐྱབས་འགྲོ་བྱེད་ན་སྐྱབས་འགྲོ་དངོས་གནས་དེ་བྱུང་བ་རེད། དེ་འདྲ་མིན་པ་
ཁ་ཙམ་ཚིག་ཙམ་གྱི་བླ་མ་ལ་སྐྱབས་སུ་མཆིའོ། ཞེས་སོགས་ཁ་ནས་བཏོན་པ་ཙམ་ལ་
ཕན་ཡོན་ཡོད་རེད་དེ། སེམས་ལ་གང་ཡང་ཕན་ཡག་ཡོད་མ་རེད། ཁ་ཙམ་ཚིག་ཙམ་
གྱི་སྐྱབས་འགྲོ་རེད། སྐྱབས་འགྲོའ ་ི དོན་དག་དེ་སྐྱབས་འགྲོ་བདུན་ཅུ་པ་ལས་ཚིགས་
བཅད་བྱེད་ནས་གསུངས་ཡོད་རེད། དེ་ཚོ་གཟིགས་ན་ཡག་པོ་ཡོད་རེད། དཀོན་མཆོག་
ལ་སྐྱབས་འགྲོ་བྱེད་པ་ཡིན་ཙང་དཀོན་མཆོག་གིས་སྐྱབས་ནས་སྡིག་པའི་འཕྲོ་བཅད་
འཁོར་བ་དང་ངན་སོང་དུ་ལན་ཅིག་མ་འགྲོ་ཐབས་མེད་རེད་དེ་འཁོར་བར་ངེས་པར་
འབྱུང་བའི་ངེས་འབྱུང་སྐྱེས་ཀྱི་རེད། སྐྱེ་སོང་ན་འཁོར་བ་ལས་ཐར་འདོད་ཡོང་གི་རེད།
《་་་་་་་་་་་་་་་སྲིད་པའི་ཕུན་ཚོགས་ལ། །
ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང༌། །
ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །
བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །》 ཞེས་པ་དེ་བྱུང་
བ་རེད། དེའི་ཚེ་རང་གཅིག་པུས་ཐར་པ་འཐོབ་ན་བསམ་པ་དང༌། གཞན་སེམས་ཅན་
ཐམས་ཅད་ཀྱིས་འཐོབ་ན་བསམ་པ་གང་ཡང་ཡོད་མ་རེད། དེའི་ངང་ནས་ཀྱང་དག་པར་
རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་བསམ་པ་གཅིག་ང་རང་ཚོས་དྲནཤེས་
ཀྱི་རེད། ག་རེ་རེད་ཟེར་ན་ཐོག་མ་འཆི་བ་མི་རྟག་པ་སྒོམ་དུས་ནས་སངས་རྒྱས་ཀྱི་གོ་
འཕང་འཐོབ་འདོད་ཡོད་རེད། དཔེར་ན་སྐུ་འདྲ་བཞེངས་དུས་སུ་ཐོག་མར་ཐིག་བཏབ་
དུས་ནས་སྐུ་ཆ་ཚང་བ་གཅིག་བློ་ལ་འཆར་ཏེ་བཞེངས་བསམ་པ་ཡོད་རེད།

དེ་ནས་རིམ་པས་ཆ་ཤས་རེ་རེ་ནས་སྤུས་དག་རུ་དག་རུ་བཏང་ནས་མཐའ་མ་
13
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དེར་ཆ་ཚང་གྲུབ་ཡོང་པ་ནང་བཞིན་ཐོག་མར་མི་རྟག་པ་སྒོམ་དུས་ནས་འཚང་རྒྱ་འདོད་
ཡོད་རེད་དེ་ད་དུང་བྱང་ཆུབཀྱི་སེམས་སྐྱེས་དགོས་ཡག་རེད། དེ་ནས་མར་ཤེས་དྲིན་
དྲན་སོ ག ས་ལ་རིམ་པས་རིམ་པས་བློ་སྦྱངས་ཏེ ་ སེ མ ས་ཅན་སངས་རྒྱས་ཀྱི ་ ས་ལ་
བཀོད་དེ་སྡུག་བསྔལ་མེད་པ་གཅིག་བཟོ་དགོས་བསམ་དུས་གཞན་དོན་དོན་གཉེར་བློ་
སྐྱེས་པ་རེད། ད་གཞན་དོན་དེ་རང་གིས་སྒྲུབ་མ་ཐུབ་ཙང་དེ་སྒྲུབ་ཐུབ་མཁན་སངས་
རྒྱས་མ་གཏོགས་མེད་པ་མཐོང་ནས་རང་གི་འཐོབ་བྱ་བྱང་ཆུབ་ཐོབ་འདོད་ཀྱི་བློ་སྐྱེས་
ཡོང་དུས་བྱང་ཆུབ་དོན་གཉེར་གྱི་འདུན་པ་སྐྱེས་པ་རེད། འདུན་པ་དེ་འཁོར་དུ་ལྡན་པའི་
གཙོ་སེམས་དེ་བྱང་ཆུབ་ཀྱི་སེམས་རེད། འདུན་པ་གཉིས་སྐྱེ་རིམ་དང་དེ་གཉིས་ཀྱི་
དམིགས་ཡུལ་གྲུབ་རིམ་གོ་ལྡོག་པ་རེད། ཐེག་པ་ཆེན་པོའ ་ི སེམས་དེ་ག་འདྲས་སེ་སྐྱེས་
ཀྱི་རེད་ཟེར་ན། རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་དང༌། བདག་གཞན་མཉམ་བརྗེའི་
སྒོ་ནས་དང༌། རྒྱུ་བཞི་རྐྱེན་བཞི་སྟོབས་བཞི་ལ་སོགས་པ་དེ་ལྟ་བུའི་སྐྱེས་ཚུལ་གཞུང་
ཆེན་པོ་རྣམས་སུ་གསལ་བ་དེ་རེད། སྐྱེས་པའི་སེམས་བསྐྱེད་དེ་ལ་ཡང་རྒྱལ་པོ་ལྟ་བུའི་
སེམས་བསྐྱེད། མཉན་པ་ལྟ་བུའི་སེམས་བསྐྱེད། ཕྱུགས་རྫི་ལྟ་བུའི་སེམས་བསྐྱེད།
གཞན་ཡང་ས་མཚམས་ཀྱི་སྒོ་ནས་ཕྱེ་ན། ས་ལྟ་བུའི་སེམས། གསེར་ལྟ་བུའི་
སེམས། ཟླ་བ་ཚེས་པ་ལྟ་བུའི་སེམས། མེ་ལྟ་བུའི་སེམས། གཏེར་ལྟ་བུའི་སེམས།
སོགས་སེམས་བསྐྱེད་དེ་ལ་དཔེ་དང༌། གྲོགས་དང༌། ཆོས་མཐུན་སོགས་ཀྱི་སྒོ་ནས་
ཉེར་གཉིས་བཤད་པ་དེ་ཚོའི་རེ་རེ་ནས་མཚན་གཞི་འདྲ་བཞག །དེ་དག་ལ་རྩོད་པ་ཡོང་
སྟངས་ཚང་མ་ཤེས་དགོས་པ་རེད། བྱང་ཆུབ་ཀྱི་སེམས་སྐྱེས་དུས་ཐེག་ཆེན་གྱི་ལམ་
ལ་ཞུགས་སོང་བ་རེད། བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་སྐྱེས་མ་ཐུབ་ནའང་
ངེས་འབྱུང་གི་བསམ་པ་བཅོས་མིན་གཅིག་སྐྱེས་སོང་ན་ཐེག་དམན་གྱི་ལམ་དུ་ཞུགས་
པ་མ་རེད། དེ་དུས་ནས་སངས་རྒྱས་འདོད་ཡོད་རེད། དེ་དུས་ཐེག་པ་ཆེན་པོའ ་ི ལམ་སྣ་
14
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཟིན་པ་རེད། ལམ་གྱི་སྣེ་ཟིན་འགྲོ་བ་རེད། དེ་ནས་ཡར་ཡར་བྱེད་ནས་སླེབས་ཡ་འགྲོ་བ་


རེད། ལམ་སྣེ་ཟིན་པ་དང་ལམ་ལ་ཞུགས་པ་གཉིས་ཁག་ཁག་རེད།
དེ་ཚོའི་ཁྱད་པར་དེ་ས་ལམ་དང་ལམ་རིམ་ནང་ལས་གསལ་པོ་ཞེ་དྲག་ཡོང་
གི་མ་རེད། གཞུང་ཆེན་མོ་དང༌། བླ་མའི་མན་ངག་ལ་བརྟེན་དགོས་ཡག་གཅིག་རེད།
བསྒོམ་རྒྱབ་ཡག་ལྟེ་བ་དེ་བཤད་དགོས་ཀྱི་ཡོད་རེད། དེ་བཤད་ན་བཤད་རིན་ཆོག་པ་
རེད།
མི་རྟག་སྡུག་བསྔལ་སྟོང་བདག་མེད་ངེས་འབྱུང་གི་བསམ་པ་སྐྱབས་འགྲོ་འཁོར་
བའི་སྡུག་བསྔལ་སེམས་བསྐྱེད་དེ་ཚོ་བསྒོམ་རྒྱུ་ལུས་སོང་བ་རེད། སེམས་བསྐྱེད་དུས་
སངས་རྒྱས་ཐོབ་འདོད་བྱུང་བ་རེད་སངས་རྒྱས་ཐོབ་པ་ལ་ལམ་ལ་བསླབ་དགོས། སྟོན་
པ་སངས་རྒྱས་ཀྱིས་གསུངས་པའི་ཆོས་དེ་ཡང་དག་པ་ཡིན་ཙང་ད་ཆོས་ཀྱང་དག་པ་
གཅིག་ཉམས་སུ་ལེན་ན་སངས་རྒྱས་ཀྱིས་གསུངས་པའི་ཆོས་གཅིག་ཉམས་སུ་ལེན་
དགོས་སངས་རྒྱས་ཀྱི་ཆོས་དེ་ལ་མདོ་དང་སྔགས་གཉིས། སྔགས་དེ་ལ་རྒྱུད་སྡེ་བཞི་
ཡོད། དེ་ཡི་ནང་ནས་བླ་མེད་དེ་ལམ་མགྱོགས་པ་ཡོད་རེད།
བླ་མེད་ཀྱི་ལམ་ལ་བརྟེན་ནས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སངས་རྒྱས་
ཐུབ་ཡག་ཡོད་རེད། བླ་མེད་ཀྱི་ལམ་ལ་ཕ་རྒྱུད་མ་རྒྱུད་གཉིས་དེའི་ནང་ནས་ཀྱང་མ་
རྒྱུད་དེ་ཟབ་པ་འདྲ་པོ་བརྩི་ཡི་ཡོད་རེད། ཕ་རྒྱུད་དང་མ་རྒྱུད་སོ་སོར་བཤད་ཡག་
གཅིག་རེད་མ་གཏོགས་ཉམས་སུ་ལེན་ཡོང་དུས་ཕ་རྒྱུད་བཞག་ནས་མ་རྒྱུད་དང༌། མ་
རྒྱུད་བཞག་ནས་ཕ་རྒྱུད་ཉམས་སུ་ལེན་ནས་འགྲོ་ས་ཡོད་མ་རེད། གསང་བདེ་འཇིགས་
གསུམ་ཡ་མ་བྲལ་བར་ཉམས་སུ་ལེན་དགོས་ཟེར་ཡག་དེ་དེ་རེད། དེ་གསུམ་ཡ་མ་བྲལ་
བར་ཉམས་སུ་ལེན་ན་འདོན་པ་ཚང་མ་རེས་མོས་འདོན་སྡད་དགོས་པ་མ་རེད།

15
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གང་ནས་བརྒྱུད་པའི་ཚུལ།

མ་རྒྱུད་དུང་ཕྱུར་ཕྲག་གཅིག་བྱེ་བ་ཕྲག་དྲུག་ཡོད་པའི་ནང་ནས་དྲག་ཤོས་རྒྱལ་
མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ་དེ་འཁོར་ལོ་བདེ་མཆོག་རེད། འཁོར་ལོ་སྡོམ་
པའི་རྒྱུད་དེ་ལ་ཡང་རྩ་རྒྱུད་བཤད་རྒྱུད་ཕྱོགས་མཐུན་གྱི་རྒྱུད་ཚང་མ་ཡོད་རེད། རྩ་
རྒྱུད་ལ་ལེའུ་ང་བཞི་ཡོད་རེད། དེའི་ནང་ནས་རྣལ་འབྱོར་མའི་རྒྱུད་ཚུར་བཏོན་པ་མ་
གཏོགས་རྒྱུད་ལོགས་སུ་ཡོད་པ་མ་རེད།
རྣལ་འབྱོ ར ་མ་དང་འཁོ ར ་ལོ ་ སྡོ མ ་པ་ཡབ་ཡུམ་ཡི ན ་ཙང་རྒྱུད་གཅི ག ་མ་
གཏོགས་རྒྱུད་ལོགས་སུ་ཡོད་པ་མ་རེད། ཡིན་ནའང་རྣལ་འབྱོར་མའི་ལོ་རྒྱུས་བྱེད་ན་
གྲུབ་ཆེན་ནཱ་རོ་ཏ་པ་ནས་བྱུང་བ་རེད། ཁོང་ཏི་ལོ་པའི་སློབ་མ་རེད། ནཱ་རོ་པ་མཁས་
པ་ཆེན་པོ་ན་ལན་ཌའི་བྱང་སྒོ་སྲུང་བ་པོ་རེད། ན་ལན་ཌའི་བྱང་སྒོ་དེ་རྒྱ་ལམ་ཁེལ་གྱི་
ཡོད་རེད། མུ་སྟེགས་པ་ཚང་མ་དེ་ནས་ཡོང་གི་ཡོད་རེད། བྱང་སྒོ་བསྲུང་མཁན་དེས་མུ་
སྟེགས་པ་ཡོང་རེས་བཞིན་རྩོད་པས་ཚར་བཅད་པར་བྱེད་དེ་མུ་སྟེགས་པའི་ལྟ་བ་ཡོད་
པ་སྒོ་དེ་ནས་བཏང་གི་ཡོད་པ་མ་རེད།
དེ ་ ནས་ཉི ན ་གཅི ག ་ཁོ ང ་གི ་ ཐུགས་བསམ་བཞེ ས ་ཏེ ་ ད་ངས་མཁས་པ་ཆེ ན ་
པོའ ་ི མིང་འཛིན་རྟག་པར་རྩོད་པ་འདྲ་བྱེད་ནས་སེམས་ལ་ཕན་གྱི་མི་འདུག་དགོངས་
ནས་བདེ་མཆོག་གི་རྩ་བརྒྱུད་བསྣམས་ཏེ་རི་ལ་ཤིང་ནགས་ནང་དུ་ཕེབས་ནས་རྩ་རྒྱུད་
ཀློག་བཞུགས་པ་རེད། དེ་དུས་སྐབས་ཤིག་ལ་མིག་ཟུར་ནས་ནག་ཡོར་ཡོར་བྱེད་པས་
བལྟས་པ་ན་ཨ་མ་རྒན་འཁོགས་བལྟ་ཉན་མི་འདོད་པ་གཅིག་སླེབས་པ་རེད། དེས་ཁྱོད་
ཀྱི་ག་རེ་བྱེད་ཀྱི་ཡོད་ཟེར། ངས་སེམས་འདུལ་བའི་གདམས་པ་ཀློག་གིས་ཡོད་ཟེར་
པ་རེད། གདམས་ངག་ག་རེ་བལྟ་ཡི་ཡོད་ཟེར། འཁོར་ལོ་སྡོམ་པའི་རྩ་བརྒྱུད་རེད་ཟེར།
16
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཁྱོད་ཀྱིས་ཀློག་ཡག་དེའི་དོན་དག་ཤེས་ཀྱི་ཡོད་པས་ཟེར་བ་རེད། ཤེས་ཀྱི་ཡོད་ཟེར་བ་
ན་ཨ་མ་དེ་ངུས་པ་རེད། ཚིག་ཤེས་ཀྱི་ཡོད་པས་དྲིས་པ་རེད། ཤེས་ཀྱི་ཡོད་བྱས་དུས་
ཨ་མས་གད་མོ་བགད་ཞབས་བྲོ་རྒྱབ་པ་རེད། ཁོང་གིས་ངས་དོན་ཤེས་ན་མི་དགའ་
ཚིག་ཤེས་ན་དགའ་ཡག་དེ་ག་རེ་རེད་དྲིས་པ་རེད། ཁྱོད་ཀྱི་དོན་ཤེས་པ་ལ་མི་དགའ་བ་
མིན་དེ་ཁྱོད་ཀྱིས་དོན་ཤེས་ཀྱི་མི་འདུག བརྫུན་བཤད་པ་རེད་གསུང༌། འོ་ན་དོན་ཤེས་
མཁན་སུ་ཡོད་རེད་དྲིས་དུས་ངའི་མིང་པོ་ཡོད་རེད་ཟེར། མིང་པོ་སུ་རེད་དྲིས་དུས། ཏི་
ལོ་པ་རེད་ཟེར། བྱང་ཕྱོགས་ཤིང་ནགས་གསེབ་ན་ཡོད་རེད་ཅེས་ས་ཆ་དེ་བསྟན་པ་རེད།
ད་བླ་མ་ལ་མ་བསྟེན་པ་འགྲིག་གི་མེད་པ་རེད་བསམ་བྱེད་དཔེ་ཆ་ཁ་རྒྱབ་བླ་མ་བཙལ་
ས་ཕྱིན་པ་རེད། ལམ་ལ་མི་ཐུག་ཚད་ལ་ཏི་ལོ་པ་ཡིན་པས་དྲིས་ནས་ཕེབས་པ་ན་ཡོང་
འཚམ་ཞིག ཏི་ལོ་པ་ཐུག་པ་རེད། ཁོང་རྒན་འཁོགས་དུག་ལོག་རྩབ་རལ་གྱོན་ཆུའི་ནང་
དུ་ཉ་ཟིན་ཏེ་ཉ་གསོན་བསྲེག་བྱེད་ནས་སྡད་ཡོད་པ་རེད། སྡིག་པ་འདི་འདྲ་མ་བྱེད་ཟེར་
བ་རེད། ཡག་ཡག་ཟེར་ནས་ན་བ་མེད་པར་གྱུར་ཅིག་ཚ་བ་མེད་པར་གྱུར་ཅིག་ཅེས་
བརྗོད་དེ་ཉ་བསྲེག་ཚར་བ་དེ་ཚོ་ཆུའི་ནང་དུ་གཡུགས་བཞག་དུས་ཚང་མ་སྐྱོན་མེད་
པར་ཆུའི་ནང་དུ་རྒྱུགས་འགྲོ་བ་རེད། བྱས་ཙང་འདི་ལ་ཡ་མཚན་ཆེན་པོ་གཅིག་འདུག་
བསམ། ཏི་ལོ་པ་མིན་འགྲོ་དྲན་པ་རེད་ཡིན་ཡིན་གསུངས་པ་རེད།
ཡང་སྤྱོད་པ་ངན་པ་བསམ་སྟེ་ཨེ་ཡིན་བསམ་དུས་མིན་མིན་གསུང་གིས་ཡོད་
རེད། དྲིས་མི་དགོས་པ་སེམས་ཀྱིས་དྲན་པ་ཙམ་ནས་ལན་བཏབ་ཀྱི་ཡོད་རེད། ཨ་འོ་
ད་ཡིན་པ་རེད་སྐད་ཆ་ཡག་པོ་གཅིག་བཤད་རོགས་བྱེད་ན་བསམ་ནའང་རྩ་བ་ནས་
བཤད་རོགས་བྱེད་ཀྱིས་ཡོད་མ་རེད། ད་ཡིན་པ་ཐག་ཆོད་བསམ་སྟེ་ཞུགས་ཞུགས་ལ་
ཕྱིན་ནས་དཀའ་བའི་ལས་ཆེན་པོ་སྲོག་ལ་ཐུག་ཡག་དེ་འདྲ་བཅུ་གཉིས་དཀའ་བ་བཅོ་
བརྒྱད་སྤྱད་པ་རེད་དེ་ད་དུང་བླ་མས་ཆོས་ཡག་པོ་མ་གསུངས་པ་རེད། དེ་ཁོས་སྡིག་པ་
17
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

སྦྱངས་དགོས་ཀྱི་ཡོད་རེད། ཉིན་གཅིག་ལ་སྔོ་ཚོད་ཅིག་སློང་ནས་ཤིང་ལོའ ་ི ནང་བླུགས་


ཏེ་ཕུལ་བ་རེད། བླ་མས་དེ་ཞིམ་མདོག་ཁ་པོ་གནང་སྟེ་མཆོད་པ་རེད། ཡང་རྒྱུགས་འགྲོ་
ནས་སྔོ་ཚོད་སློང་སར་ཕྱིན་པ་རེད། རྒྱ་གར་ནང་ལན་གཉིས་སློང་ཆོག་གི་མེད་པ་རེད།
བླ་མ་མཉེན་ན་ག་རེ་བྱེད་ན་བྱེད་བསམ་ནས་སྔོ་ཚོད་བླུག་ས་སྣོད་སྤྱད་དེ་བཀྱགས་
ནས་ཁྱེར་ཡོང་པ་རེད། མི་ཚོས་ཞེ་དྲག་བརྡུང་འཐེན་རེས་ག་ཚོད་བྱས་ནའང་རྩ་བ་ནས་
ཀློད་ཀྱི་ཡོད་མ་རེད། ད་སྔོ་ཚོད་ཁྱེར་འགྲོ་ནའང་སྣོད་ཟང་དེ་བཞག་རོགས་ཅིག་བྱེད་པ་
རེད། དེ་ནས་སྔོ་ཚོད་མང་ཙམ་ཁྱེར་ཏེ་ཕུལ་པ་རེད་དེ་མཆོད་རོགས་མ་བྱེད་པ་རེད། ཉི་
མ་གཅིག་རྒྱལ་པོའ ་ི བློན་པོ་གཅིག་གི་མནའ་མ་ལེན་གྱི་ཡོད་པ་མིན་འགྲོ། དེ་ཉིན་བླ་
མས་གསུང་བྱོན་པ་རེད། དེ་རིང་མནའ་མ་གཅིག་ཡོང་གི་ཡོད་རེད་དེའི་ནུ་མ་བཙིར་
ཐུབ་མཁན་གཅིག་བྱུང་ན་དེ་ལ་ཆོས་གཅིག་བཤད་ཆོག་པ་འདུག་གསུངས་པ་རེད། དེ་
ཉིན་ཁོ་རྒྱུགས་འགྲོ་མི་ཚོས་གྲ་སྒྲིག་ཞེ་དྲག་རྒྱ་ཆེན་པོ་བྱས་ནས་ཡོང་གི་ཡོད་རེད།
ཁོས་མེ་ཏོག་ཕྲེང་བ་ལག་པས་བཟུང་ནས་བྲམ་ཟེ་གསང་ཚིག་སྨོས་ཏེ་མགོ་ལ་མེ་ཏོག་
ཕྲེང་བ་དེ་བཞག་ནུ་མ་སྦར་རྫིས་གཅིག་བཏང་ཤག་པ་རེད། བྱས་ཙང་བྲམ་ཟེ་གཙང་
སྦྲ་ཅན་ཡིན་པས་ལྟས་ངན་རེད་ཟེར་ཏེ་ཡག་ཐག་ཆོད་བརྡུངས་ནས་ལམ་ཁ་ལ་གཡུག་
ཤག་པ་རེད། མི་ཚོ་ཕྱིན་ཚར་དུས་བླ་མ་ཕེབས་ཡོང་ནས་ན་བྱུང་ངམ་གསུངས་པ་རེད།
ན་བྱུང་ཞུས་པ་རེད། ན་བ་མེད་པ་ཚ་བ་མེད་པར་གྱུར་ཅིག་གསུང་པས་དྲག་ཡོད་པ་
རེད།
ཡང་ཉིན་གཅིག་ལ་ཆུ་རྒལ་དུས་བླ་མས་བརྒལ་མ་ཐུབ་མཆོང་ཀྱང་མ་ནུས་
པས་ཁོས་གུག་གུག་བྱས་ཏེ་ཟམ་པ་བྱེད་པ་རེད། བླ་མས་ཁོའ ་ི སྒང་ལ་རྐང་པས་བརྫིས་
ནས་གྲོད་འཁོགས་ཆུའི་ནང་དུ་ནུབ་བཅུག་དུས་འབུ་ལྕགས་མཆུ་རྣོན་པོས་གྲོད་པ་ཨི་
ཁུང་བརྟོལ་པ་སོགས་བྱུང་པ་རེད། ཕ་ཁ་ཕེབས་ཚར་དུས་ཀྱང་སྔར་བཞིན་གནང་ནས་
18
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དྲག་བཅུག་པ་རེད། ཡང་ཉིན་གཅིག་བླ་མས་ཤིང་སྒྲུག་སར་ཕེབས་ཁོས་ཀྱང་ཤིང་སྒྲུག་
ཤིང་མང་པོ་སྤུངས་སྣུམ་ཡང་ཁྱེར་ཡོད་པ་རེད། དེ་ནས་ཤིང་སྤུངས་བཞག་པའི་སྒང་
སྣུམ་བླུག་ནས་མེ་སྤར་ཏེ་འདིའི་སྒང་སྡོད་ཐུབ་མཁན་གཅིག་བྱུང་ན་ངས་ཆོས་བཤད་
ཆོག་པ་འདུག་གསུངས་ཙང་ཁོས་ཐེ་ཚོམ་མེད་པ་དེའི་སྒང་ལ་བསྡད་པ་རེད། མེ་འབར་
ཡོང་ཙང་ཤ་རུས་ཚང་མ་ཚིག་པ་རེད། མེ་ཤི་ཚར་དུས་ཡར་ལངས་ཡོང་པ་རེད། དེ་འདྲ་
དཀའ་ལས་མང་པོ་རྒྱབ་པའི་མཐའ་མ་སྡིག་པ་དག་དུས་བླ་མས་གསུང་བྱོན་ཏེ་ད་རེས་
ཕན་ནས་ངས་གང་ལབ་ཉན་ཏེ་དཀའ་ལས་མང་པོ་དེ་ཙམ་རྒྱབ་པ་ཁྱོད་ལ་རེ་བ་ཅི་ཡོད་
གསུངས། ང་ལ་སེམས་འདུལ་བའི་གདམས་ངག་གཅིག་རེ་བ་ཡོད་ཞུས་པས་དེ་འགྲིག་
གི་རེད། མཎྜལ་ཕུལ་གསུང་ཙང་མཎྜལ་མེད་ངས་མཎྜལ་སྒྲུབ་ས་འགྲོ་ཆོག་པ་ཅིག་ཞུས།
དགོས་ཀྱི་མ་རེད་ཁྱེད་རང་གཅིན་པ་གཏང་། ས་དང་བརྫིས་ཏེ་རྡོག་རྡོག་བཟོས་ནས་
ཕུལ་གསུངས་པ་རེད། ཁོང་གིས་གཅིན་པས་བརྫིས་པའི་འདམ་བག་རྡོག་རྡོག་བཟོས་
ནས་ཕུལ་དུས་དེ་ཡར་བཞེས་ཏེ་ཁོང་གི་གདོང་པ་ལ་རྒྱབ་ཤག་པ་རེད། དེ་དུས་གསང་
སྔགས་ཀྱི་ཏིང་ངེ་འཛིན་ཕལ་ཆེར་དབང་བཞི་པའི་ཏིང་ངེ་འཛིན་ཐོབ་པ་མིན་འགྲོ་གང་
ལྟར་ཡར་དགའ་རབ་ཅིག་སླེབས་སོང་བ་རེད། དེ་འདྲའི་གཅིག་ཐོབ་ནས་ཏིང་ངེ་འཛིན་
ལ་མཉམ་པར་གཞག་སོང་བ་རེད། དེ་ནས་ཡོང་འཚམ་ཅིག་ལ་ཏིང་ངེ་འཛིན་ལས་
ལངས་ནས་བླ་མས་གདམས་ངག་གནང་།
《རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །》
ཞེས་སོགས་ཏི་ལོ་པའི་གདམས་པ་རེད་གསུངས་ཡོང༌། ཡང་ལཱུ་ཨི་པའི་རེད་ཡང་
གསུངས་ཡོང་ག་རེ་ཡིན་མི་ཤེས། པཎྜི་ཏའི་ཆས་མ་སྤྲད་ཀུ་ས་ལི་སྟེ་དགེ་བ་ཅན། ཆས་
སྤྲོད་འབེ་སུ་ཀོ་སྟེ་གྲུབ་ཆེན། ཆས་ཀྱང་མ་སྤྲད་སྒྲུབ་པ་སྙིང་པོ་བྱེད་མུ་སྟེགས་པ་དང་
རྩོད་པ་མ་བྱེད་ཆོས་ལ་བརྟེན་པའི་སྡིག་པ་ཡོང་གསུངས་པ་རེད། ཚེ་འདི་ལ་ཕྱག་རྒྱ་
19
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཆེན་པོ་ཐོབ་ཡོང་གསུངས། ཕྱི་ནང་གྲུབ་མཐའ་བར་རྩོད་ན་ཉེས་པ་ཡོང་གི་ཡོད་ན་ང་
ཚོའི་ཡིག་ཆའི་བར་རྩོད་པ་བྱ་དུས་ཉེས་པ་ག་ཚོད་ཡོང་གི་ཡོད་འགྲོ། དེ་ཡོད་ན་བླ་མ་
དགེ་བཤེས་ཨང་ཀི་ཡོད་པ་མཁས་པ་ཚོ་ལ་ཡོད་དགོས་ཀྱི་རེད།
ཡང་བར་སྐབས་ཤིག་ལ་མུ་སྟེགས་པའི་རྩོད་པ་ཡོང་ནས་སུ་གཅིག་གིས་མ་
ཐུབ་པ་བསྟན་པ་ཤོར་གྲབས་བྱེད་དུས་ལུག་རྫི་གཅིག་གིས་ང་ཚོའི་མི་ཚང་གཅིག་ན་
མི་གཅིག་འདུག་དེས་ཐུབ་མི་ཡོང་ངམ་བྱས་ཙང་བཙལ་སར་ཕྱིན་ནས་ཕེབས་རོགས་
གནང་མ་གཏོགས་བསྟན་པ་ཤོར་འགྲོ་བ་འདུག་ཞུས་པས་ཁོང་ཕེབས་ནས་རྩོད་པ་ན་
རྩོད་རིག་མྱུར་པོ་སྔ་མ་ནང་བཞིན་མ་བྱུང་བས་གང་ཡིན་འགྲོ་དགོངས་དུས་བླ་མའི་
བཀའ་བཅག་པ་ཐུགས་དྲན་སོས་པས་བཤགས་པ་གནང་ཙང་བླ་མ་དེ་གར་ཕེབས་
ཡོང ་བླ་མས་མི ་ པགས་རློ ན་པ་ཁྲག་འཛག་བསྡད་པ་གྱོ ན ་ཕྱག་གཉི ས ་ཀྱི ས ་མི ་ ཐོ ད ་
དང་མི་རྐང་བསྣམ་ནས་ཡོད་པ་རེད། ཁོང་གིས་བླ་མའི་ཞབས་ལ་ཕྱག་འཚལ་ཙང་མུ་
སྟེགས་པ་ཚོས་མི་ཤ་ཟ་མཁན་སྲིན་པོ་འདྲ་དེ་ལ་ཕྱག་འཚལ་ད་ཁྱོད་ཕམ་ཚར་ཡིན་
ཟེར། ཏི་ལོ་པས་ཕམ་གསུང་ལྟ་སྟངས་གཅིག་མཛད་ནས་མུ་སྟེགས་པའི་དགོན་པ་སུམ་
ཐོག་ཅིག་ཕར་བཤིགས་གཞག་པ་རེད། མུ་སྟེགས་པ་ཚོ་ནང་པ་ལ་ཚུར་བསྒྱུར་པ་རེད།
ད་ཁྱོད་མུ་སྟེགས་པ་ལ་རྩོད་པ་བྱེད་ཙང་ཚེ་འདི་ལ་སངས་རྒྱས་ཀྱི་མ་རེད། ཡིན་ནའང་
སྒྲུབ་པ་སྙིང་པོ་གྱིས་བར་དོར་སངས་རྒྱས་ཡོང་གསུངས། བར་དོ་ཡོད་མ་རེད་འཆི་
བ་འོད་གསལ་ལམ་གྱི་འོད་གསལ་དུ་བྱེད་ནས་དེ་ལས་ལྡང་ཡོང་དུས་བར་དོའ ་ི ཚབ་
ལོངས་སྐུར་བཞེངས་པ་རེད། ཁོང་གི་སྒྲུབ་པ་གནང་དུས་འཁོར་ལོ་སྡོམ་པ་ཡབ་ཡུམ་
ཞལ་གཟིགས་ཏེ་འཁོར་ལོ་སྡོམ་པའི་གདམས་ངག་རྗེས་སུ་མཐུན་པ་དེ་བྱེད་གནང༌།

དེ་ནས་རྣལ་འབྱོར་མ་ལོགས་སུ་ཞལ་གཟིགས་རྒྱུན་དུ་འབྲལ་མེད་བཞུགས།
20
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རྣལ་འབྱོར་མའི་མན་ངག་ཡོངས་རྫོགས་བདེ་མཆོག་རྩ་བརྒྱུད་ནང་ནས་ཚུར་ཟུར་དུ་
ཕྱུངས་ཏེ་རྩ་སྔགས་བཞི་ཁ་ཐོར་བསྡད་ཡོད་པ་དེ་ཕྱོགས་གཅིག་ཏུ་བསྡུས་པ་ཨོཾ་གསུམ་
མའི་ཡི་གེ་དེ་རེད། ཁོང་གིས་བདེ་མཆོག་རྩ་རྒྱུད་གཟིགས་ཏེ་རྡོ་རྗེ་རྣལ་འབྱོར་མའི་
མན་ངག་ལ་བརྟེན་ནས་རྡོ་རྗེ་འཆང་གི་ཚབ་འདྲ་པོ་དེ་རྡོ་རྗེ་རྣལ་འབྱོར་མ་མཛད་ནས་
རྣལ་འབྱོར་མ་ཟུར་དུ་ཕྱུངས་ཡོད་པ་དེའི་འགྲེལ་པ་ཚུར་བཏོན་ཏེ་རྣལ་འབྱོར་མ་ཟུར་དུ་
བསྒྲུབ་རྒྱུ་ཡོད་པ་དེ་བྱུང་བ་རེད། རྣལ་འབྱོར་མ་ཟུར་དུ་སྒྲུབས་ནས་སྐུ་ཚེ་དེ་ལ་མཆོག་
གི་དངོས་གྲུབ་མ་རྙེད་པ་དགོངས་པ་རྫོགས་པའི་ཚུལ་གནང་བ་ཡིན་ཙང་དགོངས་པ་
རྫོགས་ནས་རྣལ་འབྱོར་མ་ཁོང་གི་ཕྱག་རྒྱ་མ་མཛད་པ་ཡིན་ཟེར། འགའ་ཞིག་གིས་
དགོངས་པ་རྫོགས་ནས་ཕྱག་རྒྱ་མ་མཛད་དབུ་སྐྲ་སེལ་བ་ཡིན་ཟེར་བ་དེ་ཕལ་ཆེར་
ཡིན་ས་མ་རེད། གྲུབ་ཆེན་ཕལ་ཆེར་དབུ་སྐྲ་སེལ་པ་རེད། འགའ་ཞིག་གིས་ནཱ་རོ་ཏ་པ་
མཁའ་སྤྱོད་ཞིང་ནང་ཕེབས་ནས་ཁོང་གིས་མཁའ་སྤྱོད་ཞིང་ལ་གཟིགས་པ་རེད་ཟེར་བ་
དེ་ཡང་ལྟར་སྣང་རེད། སྒྲུབ་ཐབས་ཁོ་རང་ནང་ལ།
གཡོན་ཕྱོགས་ཟུར་གཟིགས་བཤད་པར་བྱ། །
ཞེས་ཡོད་ཙང་མྱ་ངན་ལས་འདས་པའི་ཕྱོགས་སུ་གཟིགས་པ་རེད་མ་གཏོགས་ནཱ་རོ་པ་
ཡབ་སྲས་ལ་གཟིགས་པ་མ་རེད་ནཱ་རོ་པ་ཞལ་བཞུགས་དུས་ཀྱང་སྐུའི་རྣམ་འགྱུར་དེ་
རང་རེད། དེ་ཚོ་ལོག་བཤད་རེད། ཡང་ནཱ་རོ་པ་ཟེར་ཡག་དེ་སྡུག་པོ་བཏང་དྲགས་ནས་
ཤི་བའི་རོ་འདྲ་པོ་ཆགས་ཙང་ནཱ་རོ་པ་ཟེར་བ་རེད་ཟེར་ཀྱི་ཡོད་རེད། དེ་ཡང་དཔེ་ཆའི་
ནང་བཀོད་ཡོད་པ་འདྲ་ངས་མཐོང་མ་མྱོང༌། དེ་ནི་རྫུན་རེད། ཡང་རྒྱ་གར་གྱི་སྐད་ལ་
ཡང་ནཱ་རོ་པ་ཞེས་བཏགས་པ་རེད། རྒྱ་གར་གྱིས་བོད་སྐད་རྒྱབ་ནས་ན་དང་རོ་དེ་འདྲའི་
ཟེར་གྱི་མ་རེད། ནཱ་རོ་པ་སྒྲུབ་པ་མཛད་ནས་བཞུགས་དུས་བོད་ནས་ལྷོ་བྲག་མར་པ་
ཚར་གསུམ་ཕེབས་པ་རེད། གསེར་མང་པོ་ཕུལ་ནཱ་རོ་མཁའ་སྤྱོད་དང་བདེ་མཆོག་ལུས་
21
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དཀྱིལ་རྩ་བ་ནས་གནང་ཡོད་པ་མ་རེད། ལྷག་པར་ནཱ་རོ་མཁའ་སྤྱོད་མིང་ཙམ་ཡང་བོས་
ཡོད་མ་རེད། གཞན་ཡང་ཁོང་གི་སློབ་མ་ཁྱད་དུ་འཕགས་པ་བཅུ་གཉིས་ཡོད་རེད་དེ་ལ་
ཡང་ནཱ་རོ་མཁའ་སྤྱོད་གནང་ཡོད་མ་རེད། བལ་པོ་ཕམ་ཐིང་པ་སྐུ་མཆེད་གཉིས་གཅིག་
པོ་ལ་གནང་བ་རེད། མར་པ་ཚར་གསུམ་ཕེབས་པའི་མཐར་ཡི་དམ་ཀྱེ་རྡོར་གནང་བ་
རེད། ཀྱེ་རྡོར་ལ་བརྟེན་པའི་གཏུམ་མོའ ་ི མན་ངག་དེ་གནང་བ་རེད། རྟེན་འབྲེལ་ལ་བརྟག་
པ་མཛད་ནས་ཀྱེ་པ་རྡོ་རྗེའི་དཀྱིལ་འཁོར་ནམ་མཁའ་ལ་སྤྲུལ་ནས་ལང་ཤོག་ཁྱེད་རང་
གི་ཡི་དམ་ཀྱེ་པ་རྡོ་རྗེ་ནམ་མཁའ་ལ་ཕེབས་ཤག་ཕྱག་འཚལ་བླ་མ་ལ་འཚལ་གྱི་ཡིན་
ནམ་ཡི་དམ་ལ་འཚལ་གྱིས་ཡིན། གསུངས་པ་ན་མར་པས་བླ་མ་ཡང་ཡང་མཇལ་གྱི་
རེད་དགོངས་ནས་ཡི་དམ་ལ་འཚལ་བ་རེད། དེ་རྟེན་འབྲེལ་འཆུག་པ་རེད། བླ་མས་ཡི་
དམ་བླ་མའི་ཐུགས་ཀར་ཚུར་བསྡུས་ཏེ་
བླ་མ་མེད་པའི་གོང་རོལ་ན། །
སངས་རྒྱས་བྱ་བའི་མིང་ཡང་མེད། །
བསྐལ་པ་སྟོང་གི་སངས་རྒྱས་རྣམས། །
བླ་མ་དག་ལ་བརྟེན་ནས་འབྱུང༌། །
གསུངས་ཏེ་ཁྱེད་རྟེན་འབྲེལ་ཏལ་ཙམ་འཆུག་སོང་གསུང༌། མར་པ་ལ་རྒྱུད་འཛིན་མ་
བྱུང་བ་དེ་དེ་ཡིན་པ་རེད། མར་པ་ལ་ཡུམ་དགུ་ཡོད་རེད། ནང་ལ་ཡོད་པ་གཙོ་བོཡུམ་
བདག་མེད་མ་རེད། བདག་མེད་མའི་སྲས་དེ་དར་མ་མདོ་སྡེ་རེད། གཞན་དག་ཚོ་ལ་
སྲས་གང་ཡང་མ་བྱུང་པ་རེད། དར་མ་མདོ་སྡེ་ནི་རྟས་གཡུགས་ཡོབ་དྲུད་བཏང་ནས་
བཀྲོངས་པ་རེད། དེ་ནས་རིགས་བརྒྱུད་ཆད་སོང་བ་རེད། ཡིན་ན་ཡང་ཆོས་ཀྱི་ཐོག་
ནས་བཀའ་བརྒྱུད་པའི་ཆོས་ཀྱི་ཆུ་མགོ་གངས་ལ་གཏུགས་ས་འདྲ་པོ་དེ་མར་པ་རེད་ཚེ་
གཅིག་ལ་ཟུང་འཇུག་རྙེད་པ་རེད།
22
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཚར་གསུམ་པ་དེ་ཕེབས་དུས་ནཱ་རོ་པ་སྤྱོད་པ་ལ་གཤེགས་པའི་སྐབས་ཡིན་པ་
འདྲ་བྲག་གཅིག་གི་འོག་མི་མགོའ ་ི ནང་ལ་མིའི་རྩིབ་མ་གཅིག་གིས་བསྔོགས་ནས་ཀླད་
པ་དཀྲུགས་ནས་ཟས་ཀྱི་ཡོད་པ་རེད། ན་རོ་པས་བོད་ཀྱི་བུ་ཆུང་ཡོང་པས་འདི་གཅིག་
བཟོ་གསུང་ཀླད་པ་བསྐྲད་པ་རེད། དེ་བཟོས་པས་བདུད་རྩིའི་རོ་མྱང་བས་བདེ་བ་ཆེན་
པོ་གཅིག་སྐྱེས་པ་རེད། མར་པས་གསེར་གང་ཡོད་ཅི་ཡོད་ཕུལ་པ་རེད། གསེར་དེ་
ཡར་བཞེས་ཏེ་ཤིང་ནགས་གསེབ་ནས་གཏོར་བཞག་པ་རེད། ཨ་ཁ་བསམ་པ་རེད། བླ་
མས་རི་ཡར་བསྔོགས་ནས་ལྟོས་ཤིག་གསུངས་ནས་བལྟ་དུས་ཚང་མ་གསེར་ཡིན་པ་
རེད། ལས་ཀྱི་དབང་གིས་ཡིན་པ་རེད། འཛམ་བུ་གླིང་གི་འོག་ལ་དབང་ཆེན་གསེར་གྱི་
ས་གཞི་ཡོད་རེད་དེ་དེང་སང་རྒྱ་མཚོའི་འོག་ལ་འགྲོ་ནས་བཙལ་ནའང་གསེར་རྙེད་ཀྱི་
ཡོད་མ་རེད།
སྔོན་མ་ཡིན་ན་གསེར་གླིང་པའི་མཆོད་རྟེན་ཡོད་སའི་ས་འོག་དེར་རིན་པོ་ཆེ་
མང་པོ་རྙེད་ཀྱི་ཡོད་རེད། མི་དེ་ཚོས་ལྟོ་ཆས་འཚོལ་ཡག་དེ་རེད། གཞན་ཡང་རིན་པོ་
ཆེའི་རིགས་རྡོ་འདྲ་མི་འདྲ་མང་པོ་རྙེད་ཀྱི་ཡོད་རེད། གསེར་ཀོང་རྡོ་རྗེ་འཆང་གི་མཎྜལ་
ནང་དུ་མང་པོ་བླུག་ཡོད་པ་རེད། དེང་སང་ལུང་པ་དེ་ནས་མུ་ཏིག་དོན་ཡོང་ཡག་ཡང་
མི་འདུག། སྐབས་སྐབས་ཀྱི་སེམས་ཅན་ཚོའི་བསོད་ནམས་ཀྱི་དབང་གིས་ཡིན་པ་
རེད། ཕམ་ཐིང་པ་གཅེན་འཇིག་མེད་གྲགས་པ་དང་གཅུང་ངག་དབང་གྲགས་པ་གཉིས་
ཡོད་རེད། ཕམ་ཐིང་ཞེས་པ་ནི་གྲོང་པ་དེའི་མིང་རེད་གཅེན་འཇིག་མེད་གྲགས་པ་འགྲོ་
ནས་ན་རོ་པའི་ཞབས་ལ་གཏུགས། མཁའ་སྤྱོད་མའི་མན་ངག་དེ་ཞུས་སྒོམ་རྒྱབ་ཆོས་
ཞུ་ལོ་དྲུག་མིན་ནམ་དེ་འདྲའི་གཅིག་ལ་གཅུང་ངག་དབང་གྲགས་པས་སྐད་བཏང་ས་
ཕྱིན་པ་རེད། གཅེན་གྱིས་ཁྱོད་རང་ཆོས་ཞུ་ནས་སྡད་མཉམ་དུ་འགྲོ་གསུང་ནས་ཁོང་
ཡང་བླ་མའི་ཞབས་ལ་གཏུགས་གཅེན་གྱིས་ལོ་དགུ་གཅུང་གིས་ལོ་གཉིས་སམ་གསུམ་
23
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གང་རུང་དེ་འདྲ་གཅིག་རེད། གཅེན་འཇིགས་མེད་གྲགས་པ་ཕམ་ཐིང་ལ་བཞུགས་ནས་
གདུལ་བྱ་སྐྱོངས། གཅུང་གནས་ངེས་མེད་བྱེད་ནས་བཞུགས་གསུངས། རྒྱ་ནག་ལ་
ཕེབས་ཁོང་རྗེས་སུ་གཟུང་མཁན་ཞིང་སྐྱེས་ཀྱི་མཁའ་འགྲོ་མ་ཞིག་རྒྱ་ནག་ལ་ཡོད་པ་
རེད། དེ་དང་ཐུག་མཁའ་འགྲོ་དེས་ཁོང་རྣམ་གཉིས་རྗེས་སུ་བཟུང། ཨ་མདོའ ་ི ས་འཚམ་
ཡིན་ནམ་ག་པ་ཡིན་ནམ་རི་གཅིག་གི་མདུན་བྲག་ཕུག་གཅིག་ནང་བཞུགས་ཏེ་སྒྲུབ་པ་
ཉམས་ལེན་བྱེད།
དེ་ནས་དགོངས་པ་རྫོགས་ནས་གཉིས་ཀ་བདེ་མཆོག་ཞལ་གཅིག་ཕྱག་གཉིས་
ཁྲུ་གང་ཙམ་ཡུམ་ཡང་ཁྲུ་གང་ཙམ་སྐུ་འདྲ་ནང་བཞིན་བྱེད་ནས་ཡོད་པ་ཡིན་པ་རེད།
གནོད་སྦྱིན་དང་མི་མ་ཡིན་ཚོས་ཕོང་རྒན་ཆེན་པོ་གཅིག་དེད་ཡོང་ནས་བྲག་ཁུང་སྒོ་དེ་
བཀག་བཞག་པ་རེད། སྔོན་མ་འདིར་བྲག་ཕུག་གཅིག་ཡོད་རེད་དེ་ནང་སྒྲུབས་པ་རྒྱབ་
མཁན་ཡོད་རེད་ཟེར་ཡག་གཅིག་མ་གཏོགས་མེད་པ་རེད། ཁྲི་ཚུལ་ཁྲིམས་དཔལ་ལྡན་
རྒྱ་ནག་ལ་ཕེབས་ནས་ཡར་ཨ་མདོའ ་ི ས་འཚམ་ཕེབས་ཡོང་དུས་སྐུ་གདུངས་དེ་དོན་
ནས་དགོན་པ་གཅིག་གི་ནང་ལ་རྟེན་གཙོ་བྱེད་ནས་དགོན་པ་མེ་ཤོར་ནས་སྐུ་རུས་མ་
གཏོགས་མེད་པ་རེད། ཁྲི་ཚུལ་ཁྲིམས་དཔལ་ལྡན་ཀྱི་སྐུ་རུས་ཏོག་ཙམ་བསྣམས་རྒྱུ་
བྱུང་བ་རེད། ཁྲི་བྱང་བླ་བྲང་གི་བྱིན་རྟེན་གྲས་ལ་ཡོད་རེད། དེ་འདྲའི་ཡོང་ཡག་དེ། རི་
དེའི་གཤམ་ལ་ཞིང་ཁ་ནང་མི་རྒན་གཅིག་གིས་རྨོན་པ་རྒྱག་གི་ཡོད་རེད། རྟག་པར་
གློད་ཀྱི་ཡིན་གློད་ཀྱི་ཡིན་ཟེར་ཡག་གི་སྒྲ་གཅིག་ཡོང་གི་ཡོད་རེད། ཉིན་གཅིག་ད་ཁྱོད་
ལ་ག་རེ་གློད་རྒྱུ་ཡོད་ནའང་གློད་ཤོག་ལབ་པ་ཡིན་པ་རེད། བྱས་ཙང་ཕོང་རྒན་ཆེན་པོ་
གཅིག་མར་གློད་ཡོང་པ་རེད། དེ་དུས་ཕྱོགས་ཀུན་ཏུ་དྲི་མ་ཞིམ་པོས་ཁྱབ་པ་རེད། དེར་
བལྟ་ས་འགྲོ་དུས་ཡིན་རྒྱུ་མིའི་སྐུ་གདུངས་ཡིན་པ་ལྷའི་བཟོ་ལྟ་འདྲ་པོ་ཡར་བཞེངས་
བསྡད་པ་ཞིག་ཡོད་པ་རེད། དེ་ནས་མི་ཚོས་སྔོན་མ་འདིའི་ནང་ཕམ་ཐིང་པ་ཟེར་བ་སྒྲུབ་
24
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པ་རྒྱག་མཁན་གཅིག་ཡོད་པ་རེད་ཟེར་ཏེ་མར་གདན་འདྲེན་ཞུས་དགོན་པ་གཅིག་གི་
རྟེན་གཙོ་བྱས་ཏེ་ཡོད་པ་རེད། ཡང་གང་འཚམ་ཞིག་ལ་དགོན་པ་མེ་ཤོར་ཏེ་སྐུ་རུས་
མ་གཏོགས་མེད་པ་རེད། ཁྲི་ཚུལ་ཁྲིམས་དཔལ་ལྡན་རྒྱ་ནག་ནས་ཡར་ཨ་མདོའ ་ི ས་
མཚམས་ནས་ཕེབས་དུས་སྐུ་རུས་ཏོག་ཙམ་བསྣམས་ཕེབས་པ་དེའི་གྲས་རེད། ང་རང་
ཚོ་རྣལ་འབྱོར་མའི་ལམ་ལ་འགྲོ་མཁན་ཡིན་ན་རྗེས་སུ་བཟུང་མཁན་དེ་སོ་སོའ ་ི སྨོན་
ལམ་གྱི་མཐུ་ལས་གྲུབ་པའི་རྣལ་འབྱོར་མ་གཅིག་གིས་མ་གཏོགས་རྣལ་འབྱོར་མའི་
སྤྲུལ་པ་ཚང་མས་རྗེས་སུ་གཟུང་གི་མ་རེད། ཞིང་སྐྱེས་ཀྱི་མཁའ་འགྲོ་མ་དེ་ལ་དེ་འདྲའི་
གཅིག་དགོས་ཀྱི་ཡོད་རེད།
ཕམ་ཐིང་པ་སྐུ་མཆེད་གཉིས་ཀའི་ཞབས་ལ་གཏུག་མཁན་དེ་བློ་སྐྱ་ལོ་ཙྭ་བ་
ཤེས་རབ་བརྩེགས་པ་རེད། དེའི་སློབ་མ་མལ་གྱཽ་ལོ་ཙྭ་བ་བློ་གྲོས་གྲགས་པ་རེད། ཁོང་
ནཱ་རོ་པ་ལ་ཡང་གཏུགས་ཡོད་པ་བཤད་རྒྱུ་འདུག་ང་ལ་གཏན་གཏན་བཤད་ཡག་མེད།
དེ་འདྲའི་སྒང་ལ་ས་སྐྱའི་ཡབ་ཆེན་དཀོན་མཆོག་རྒྱལ་པོ་དེ་དུས་ས་སྐྱའི་ཆོས་ལུགས་
གསང་སྔགས་རྙིང་མ་རེད། ད་སྔགས་ཀྱི་བྱིན་རླབས་ཉམས་ཤག་ག་ཚོད་སྒྲུབ་པ་བྱེད་
ནའང་རྟོགས་པ་སྐྱེ་ཡག་མི་འདུག་བྱིན་རླབས་འཇུག་ཡག་མི་འདུག་གསང་སྔགས་ཁྲོམ་
སྒྲགས་བྱེད་པའི་རྐྱེན་གྱིས་ད་ཕན་ཡག་མི་འདུག་ཟེར། དཀོན་མཆོག་རྒྱལ་པོའ ་ི སྲས་
ས་ཆེན་ཀུན་དགའ་སྙིང་པོའ ་ི དུས་སུ་སྔགས་གསར་མ་བྱེད་པ་རེད། ཁོང་རང་གིས་
བཙལ་སར་ཕྱིན་པ་རེད། ཁོང་གི་བླ་མ་ཡོད་དོ་མེད་དོ་མལ་ལོ་ཙཱ་བ་བློ་གྲོས་གྲགས་
པ་རེད་ཤེས་རབ་བརྩེགས་པ་ལའང་གཏུགས་ཡོད་འགྲོ། ཁོང་དཀོན་མཆོག་རྒྱལ་པོའ ་ི
སྲས་ཡིན་ཙང་ཁོན་རིགས་རེད། དཀོན་མཆོག་རྒྱལ་པོ་དེ་ས་སྐྱའི་བླ་མ་ཆེ་ཤོས་རེད།
དཔོན་པོ་ཡང་ཡིན་པ་འདྲ། ཚང་མས་དད་པ་བྱ་ས་གཅིག་རེད། ཁོན་ཟེར་དགོས་ཡག་
དེ་ལྷ་དང་སྲིན་པོ་འཁོན་པའི་རིགས་ཡིན་ཙང་ཁོན་ཞེས་གྲགས་པ་རེད། ཀུན་དགའ་སྙིང་
25
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པོ་དེ་ཆུང་ཆུང་སྐབས་ནས་བློ་གྲོས་གྲགས་པ་ལ་གཏུག་ནས་བཞུགས་མཁན་ཅིག་རེད།
བློ་གྲོས་གྲགས་པ་དེ་གཞན་དང་མི་འདྲ་བ་གཅིག་སྐུ་ཚེ་དེ་ལ་གར་སྟབས་མཛད་ནས་
དངོས་སུ་མཁའ་སྤྱོད་དུ་གཤེགས་འགྲོ་བ་རེད། བསམ་གྱིས་མི་ཁྱབ་པ་གཅིག་རེད་དེ་
མཇལ་དུས་དད་པ་འགྲོ་མདོག་ཁ་པོ་ཡོད་མ་རེད། ཁོང་ལ་ཉེ་རིང་གི་ཚུལ་ཡོད་པ་རེད།
ཁོང་ཁམས་པ་རེད། ཁམས་ནས་ཡོང་མཁན་གྲྭ་རྒྱུན་ཁ་ཤས་ལ་སྒྲ་སློབ་ཀྱི་ཡོད་རེད།
ཀུན་དགའ་སྙིང་པོ་རྒྱུན་དུ་ཁོང་རྩར་དགེ་ཕྲུགབྱེད་ནས་ཡོད་པ་རེད། ཉིན་གཅིག་སྒྲ་
སློབ་མཁན་ཁམས་པ་དེ་ཚོས་རྩོམ་བྲིས་ཡག་པོ་རང་ཡོང་གི་མེད་ཙང་ཀུན་དགའ་སྙིང་
པོས་རོགས་བྱས་ནས་ཡག་པོ་བྲིས་པ་རེད། བློ་གྲོས་གྲགས་པ་ཕྱི་ལོགས་ཕེབས་ནས་
ཚུར་ཕེབས་དུས་ཁོང་ཚོས་བྲིས་པ་དེ་ལ་གཟིགས་ནས་འདི་སུས་བྲིས་པས་གསུངས།
ཀུན་དགའ་སྙིང་པོས་བྲིས་པ་རེད་ཞུས་པས། ཀུན་དགའ་སྙིང་པོའ ་ི འགྲམ་པ་ལ་གཅིག་
བརྒྱབ་ནས་ཤེས་དགོས་མཁན་དེ་མི་ཤེས་མི་ཤེས་དགོས་མཁན་ཤེས་གསུངས་པ་
ཡིན་པ་རེད། ཀུན་དགའ་སྙིང་པོས་སྒྲ་སློབ་སར་ཉན་ཆོག་པ་མ་རེད། དེ་འདྲ་རེད། དེ་
ཡིན་ནའང་དད་པ་མ་ལོག་པར་རྩེ་གཅིག་ཏུ་གསོལ་བ་བཏབས་ཏེ་བཞུགས་པ་རེད། དེ་
ལ་བདེ་མཆོག་དང་མཁའ་སྤྱོད་མ་གཉིས་ཀའི་ཆོས་སྐོར་གནང་པ་རེད། ཡིན་ནའང་
ཚོགས་བཤད་མ་གཏོགས་སློབ་བཤད་གནང་ཡོད་པ་མ་རེད།
དེ་ནས་ཀུན་དགའ་སྙིང་པོ་མར་ཕེབས་ཡོང་དུས་ཕེབས་ལམ་དུ་མི་ཚོས་དད་པ་
བྱས་ཏེ་གསེར་སྲང་བཅུ་བདུན་ཕུལ་མཁན་བྱུང་བ་རེད། གསེར་སྲང་བཅུ་བདུན་ཡར་
ཕུལ་ས་གཏང་པ་རེད། བླ་མས་གསུང་ཆོས་གནང་པའི་སྐབས་འཁེལ་སྡད་ཡོད་པ་རེད།
གསེར་ཁྱེར་ཡོང་མཁན་མི་དེས་བླ་མ་མཇལ་ཏེ་གསེར་འདི་ཀུན་དགའ་སྙིང་པོས་ཁྱེད་
ལ་ཕུལ་ཡག་བསྐུར་སོང་ཞུས་ནས་ཕུལ་པ་རེད། ཞེ་དྲག་མཉེས་པོ་བྱུང་སྟེ་དེའི་སྒང་ལ་
ཁོང་ལ་གསེར་སྲང་གང་ཡོད་པ་རེད། དེ་མར་བསྣོན་གསེར་སྲང་བཅོ་བརྒྱད་བཟོས་ཏེ་
26
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

སང་ཉིན་གསུང་ཆོས་སར་ཤིང་ཕྲོལ་ནང་སྒྲིགས་ནས་ཀུན་དགའ་སྙིང་པོས་གསེར་སྲང་
བཅོ་བརྒྱད་ཐམ་པ་འདི་ཕུལ་ཤོག་ཟེར་གྱི་འདུག་ཟེར་ནས་ཕུལ་ཤོག་གསུངས་པ་ཡིན་
ཙང་འདུག་ས་ཕུལ་པ་རེད། གསེར་དེས་ཐུགས་མཉེས་པ་འདྲ་པོ་གནང་ནས་བང་ཆེན་
མི་དེ་མར་ལོག་འགྲོ་དུས་ཀུན་དགའ་སྙིང་པོ་ལ་ཡར་ཤོག་ལབ་བྱེད་པ་རེད། ཀུན་དགའ་
སྙིང་པོ་ཡར་བཅར་པས་དེ་ནས་ཁོང་ལ་སློབ་བཤད་ཀྱི་མན་ངག་ཡོངས་སུ་རྫོགས་པ་
གནང་ནས་བསྟན་པའི་བདག་པོ་གྱུར་ནས་ཕེབས་པ་རེད། བློ་གྲོས་གྲགས་པ་དགོངས་
པ་རྫོགས་དུས་རྡོ་རྗེ་དྲིལ་བུ་ཕྱག་ན་བསྣམ་ཞལ་ནས་གླུ་དབྱངས་བླང་ཞབས་གཡས་
རྐྱང་གཡོན་སྐུམ་མཛད་ཞལ་ནས་ཀླུ་དབྱངས་གནང་སྟེ་སྐུ་ཁོ་རང་རང་མཁའ་སྤྱོད་ཞིང་
ན་ཕེབས་སོང་བ་རེད། དེ་ནས་ས་ཆེན་ཀུན་དགའ་སྙིང་པོ་མར་ས་སྐྱར་ཕེབས་ཏེ་གཞི་
ནས་གསར་མའི་སྔགས་དེ་བཙུགས་གོང་མ་ལྔའི་ནང་ནས་གཙོ་བོ་རེད། དཀར་པོ་རྣམ་
གསུམ་ནང་ནས་གཅིག་རེད། གང་ཞིག་ཉམས་སུ་བླང་བྱའི་ཆོས་དེ་དེ་འདྲ་ཡིན་པ་རེད།
ཕ་རྒྱུད་མ་རྒྱུད་ཀྱི་དོན་དེ་ད་བཤད་དགོས་ཡག་མེད་འགྲོ། ཚད་མ་བཞི་ལྡན་
ཟེར་བ་དེ་ས་སྐྱ་ཁོ་རང་གི་ལུགས་བྱེད་ན་ངུར་ཟུང་གོང་གསུམ་ཡོད་རེད། སྨན་བྱེད་ཀྱི་
དབང་གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་མན་ངག་སོགས་མན་ངག་ཚང་མ་ཁའུ་བྲག་རྫོང་
པ་ལ་ཡོད་ཟེར་གྱི་ཡོད་རེད། ཁའུ་བྲག་རྫོང་ནང་ལ་བཞུགས་ནས་སྒྲུབ་པ་མཛད་མཁན་
གཅིག་ཡོད་རེད་དེ་ལ་ཟེར་བ་རེད། ཁའུ་བྲག་རྫོང་ཟེར་ཡག་དེ་བྲག་ཕུགས་གཅིག་
གི་མིང་རེད། ཚར་པ་ཆོས་རྗེ་དེ་རྦད་ཚར་ཆེན་ཟེར་ནས་ཁའུ་བྲག་རྫོང་གི་ལུགས་
འཛིན་མཁན་ནང་ནས་ཆེ་བ་གཅིག་རེད། བླ་མ་དེ་ས་སྐྱ་པའི་ཤིང་རྟའི་སྲོལ་འབྱེད་འདྲ་
པོ་ཆགས་བསྡད་ཡོད་རེད། ཁའུ་བྲག་རྫོང་གི་གསུང་ལ་འཇམ་དབྱངས་མཁྱེན་བརྩེ་
དབང་ཕྱུག་གི ས ་ཟི ན ་བྲི ས ་མཛད་པའི ་ མཁའ་སྤྱོ ད ་བགྲོ ད ་པའི ་ ཉེ ་ ལམ་ཟེ ར ་ཡག་གི ་
སྤྲོ་བསྡུ་བྱེད་ཡག་གི་ཁྲིད་འདྲ་པོ་གཅིག་ཡོད་པ་རེད། དེ་ནས་མར་མར་བྱེད་ནས་བླ་
27
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བརྒྱུད་ནང་གསལ་ལྟར་བདག་ཆེན་ཆོས་རྗེ་བློ་གྲོས་རྒྱལ་མཚན་གྱི་བར་དུ་ས་སྐྱ་ཁོ་ན་
རེད། ས་སྐྱའི་གསེར་ཆོས་བཅུ་གསུམ་ཟེར་བ་རེད་དམར་པོ་སྐོར་གསུམ། རྨོར་ཆེན་
སྐོར་གསུམ། མཁའ་སྤྱོད་སྐོར་གསུམ། མཆོག་བསྒྲུབས་པས་ཐུན་མོང་ཞོར་ལ་འགྲུབ་
པའི་མཁའ་སྤྱོད་སྐོར་གསུམ། ཐུན་མོང་བསྒྲུབས་པས་མཆོག་ཞོར་ལ་འགྲུབ་པ་དམར་
པོ་སྐོར་གསུམ། དེའི་སྔོན་ལ་གསང་བདག་ཡར་ལེན་དུས་སློབ་པའི་གསེར་ཆེན། བཅུ་
བཞི་བྱེད་པ་རེད། གསེར་ཆེན་བཅུ་གསུམ་དེ་ས་སྐྱའི་ལྕགས་རི་ནས་མི་འདའ་བ་ཡིན་
བྱེད་པ་རེད། ས་སྐྱ་ཡིན་ཚད་ལའང་གནང་གི་ཡོད་མ་རེད།
དེ་ནས་མར་བྱས་ནས་བདག་ཆེན་ཆོས་རྗེ་བློ་གྲོས་རྒྱལ་མཚན་བར་དུ་ས་སྐྱ་བ་
ཁོ་ན་རེད། སྲས་རྒན་པ་དེ་ལ་བདག་ཆེན་ཟེར་བ་རེད་སྲས་ཆུང་བ་དེ་གྲྭ་པ་བྱེད་མེད་ན་
གོང་མ་རེད་ཟེར། བདག་ཆེན་ཆོས་རྗེ་བློ་གྲོས་རྒྱལ་མཚན་གྱི་དུས་ལ་རྗེ་བཙུན་རྡོ་རིང་
པ་ཀུན་བཟང་ཆོས་ཀྱི་ཉི་མ་དེ་ས་སྐྱ་པ་མ་རེད་ཁོང་ཆུ་ལེན་ས་ཕེབས་དུས་བུད་མེད་
གཅིག་ཆུ་ལེན་སར་ཐུག་ནས་དཔེ་ཆ་གཅིག་སྤྲད་པ་རེད། བདག་ཆེན་བློ་གྲོས་རྒྱལ་
མཚན་གྱིས་འདི་ཁྱེད་རང་ལ་སྤྲོད་གསུང་གི་འདུག་བྱེད་པ་རེད། ཁྱེད་བར་མཚམས་
ཞིག་ལ་ཡར་གཅིག་ཤོག་གསུང་གི་འདུག་ཟེར་བ་རེད། རྡོ་རིང་པས་ག་རེ་ཡིན་ནམ་
དགོངས་པས་ཡར་ཡོང་བཅས་དཔེ་ཆ་ལ་ལྟ་དུས་མཁའ་སྤྱོད་མའི་དཔེ་ཆ་ཡིན་པ་རེད།
ཁོ་དགའ་ཐག་ཆོད་དེ་དཔེ་ཆ་དེ་ཁྱེར་ནས་བླ་མའི་སྐུ་མདུན་བཅར་ནས་ཞུས་པ་རེད་བླ་
མས་ངས་ཁྱོད་ཤོག་ལབ་རྒྱུ་མ་བྱུང༌། སུས་ཟེར་གྱི་འདུག་གསུང་དུས་བུད་མེད་གཅིག་
ཐུག་བྱུང་དེས་ཟེར་གྱི་འདུག་ཞུས་ཏེ་ཆ་དཔེ་སྤྱན་འབུལ་ཞུས་ཙང་ངའི་དཔེ་ཆ་རེད་འདི་
ཡུམ་ཁོ་རང་གིས་རྐུས་པ་འདྲ་འདུག་གསུང༌། ཐུགས་རྗེས་གཟིགས་མན་ངག་འདི་ང་ལ་
གནང་རོགས་ཞུས་པས་ཡོང་གི་མ་རེད། ཅེས་གན་པ་ཏལ་ཙམ་གནང་པ་རེད། དེ་ཆོས་
ཀྱི་ཆེ་བ་ཡིན་པ་རེད། དེ་ནས་རྗེས་སུ་མན་ངག་གནང་པ་རེད། དེ་ཡིན་ཙང་བླ་བརྒྱུད་དུ་
28
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བཀའ་དྲིན་མཉམ་མེད་རྗེ་བཙུན་རྡོ་རིང་པ། །ཞེས་ཟེར་དགོས་ཡག་དེ་རེད། ང་རང་ཚོ་


ཚང་མས་ཉམས་སུ་ལེན་ཆོག་ཡག་དེ་ཁོང་གི་བཀའ་དྲིན་རེད། གཞན་ས་སྐྱའི་ལྕགས་
རི་ནང་མ་གཏོགས་མ་གནང་ན་ང་ཚོ་ལ་ཡོང་གི་མ་རེད། ད་དེ་ནས་མར་ཞུས་དགོས་
ཡག་མི་འདུག། །

ཉམས་སུ་ལེན་རྒྱུའི་ཆོས།

༈ ཉམས་སུ་ལེན་རྒྱུའི་ཆོས་དེ་རེད། མཁའ་སྤྱོད་མའི་བསྐྱེད་རིམ་དེ་ལ་རྣལ་
འབྱོར་བཅུ་གཅིག་རྫོགས་རིམ་རྩ་དབུ་མ་སྒོམ་པའི་རྣལ་འབྱོར་གཉིས། ཡན་ལག་སྐྲ་
སེན་དབུ་མ་ལ་སོགས་པ་ལས་ཚོགས་ནང་ཏལ་ཙམ་ཡོད་ས་རེད། དེང་སང་ལག་ལེན་
ཡོད་མ་རེད་བདེ་མཆོག་དང་གཅིག་པ་རེད། ཕྱིའི་མཁའ་སྤྱོད་གཙོ་བོར་སྒྲུབ་པར་བྱེད་
པ་བསྐྱེད་རིམ་རེད། ནང་གི་མཁའ་སྤྱོད་སྒྲུབ་པ་གཙོ་བོ་བྱེད་ན་རྫོགས་རིམ་རེད། ནང་
གི་མཁའ་སྤྱོད་དེ་སངས་རྒྱས་ཀྱི་གོ་འཕང་རེད། ཚེ་འདི་ལ་སངས་རྒྱས་དགོས་པ་རེད།
ཁ་ཐུག་ལབ་ན་རྗེས་གནང་མཁའ་སྤྱོད་ཟེར་ཡག་དེ་འོད་གསལ་ཟུང་འཇུག་རིམ་པ་ལྔ་
པ་ཟུང་འཇུག་གི་འོད་གསལ་དེ་རེད། དེ་ཐོབ་ན་སངས་རྒྱས་དགོས་རེད། ཕྱིའི་མཁའ་
སྤྱོད་ཟེར་ཡག་དེ་མཁའ་སྤྱོད་ཀྱི་ཞིང་ཁམས་རེད། དེར་འགྲོ་འདོད་ན་རྣལ་འབྱོར་བཅུ་
གཅིག་གི་ཉམས་ལེན་ཡག་པོ་བྱེད་དགོས་ཤིང༌། དེ་བས་ཀྱང་སྔགས་ཡག་པོ་བསྒྲང་
དགོས་པ་རེད། བསྐྱེད་རིམ་དེ་ལ་བདེ་མཆོག་གི་མན་ངག་དེ་ཉིད་བཅུ་བཞི་ཚང་ཡོད་
རེད།

གོས་དང་ཕྱག་རྒྱ་ལྔ་ལ་སོགས། །
29
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཞེས་སོགས་ཀྱིས་དེ་ཉིད་བཅུ་བཞི་བསྟན་ཡོད་རེད། དེ་བདེ་མཆོག་རྩ་རྒྱུད་ནང་ཡོད་
རེད། དེ་ཚང་མ་རྣལ་འབྱོར་བཅུ་གཅིག་ནང་དུ་ཚང་ཡོད་རེད། དཔེར་ན་གསང་བ་འདུས་
པ་ལ་དེ་ཉིད་བཞི་བཅུ་ཞེ་བཞི་ཡོད་པ་རེད། སོ་སོའ ་ི གཞུང་གི་སྐབས་སུ་མཆན་གནང་
ཡོད་རེད་རྡོ་རྗེ་འཆང་གིས། རྣལ་འབྱོར་བཅུ་གཅིག་དེ་བདེ་མཆོག་ཡབ་ཀ་དང་ཡུམ་ཀ་
གཉིས་ཁྱད་པར་ག་རེ་ཕྱེ་བ་རེད་ཟེར་ན་ཡབ་ཀ་དེ་ལ་འདོན་རྒྱུ་དང་བསྒོམ་རྒྱུ་མང་པོ་
རྒྱ་ཆེན་པོ་རེད།
༈ ཡབ་ཀ་བྱེད་ན་དྲིལ་བུ་ལུས་དཀྱིལ་དེ་ཟབ་ཤོས་རེད། ལུས་དཀྱིལ་དེ་གྲུབ་
ཆེན་དྲིལ་བུ་པ་ནས་བརྒྱུད་པ་རེད། དྲིལ་བུ་པས་རི་ལ་བསྒྲུབས་པ་གནང་སྟེ་བདེ་མཆོག་
གིས་རྗེས་སུ་བཟུངས། རིམ་པ་གསུམ་པ་སེམས་དབེན་གྱི་སྐབས་ཕྱག་རྒྱ་བསྟེན་
ཡག་སྐབས་སུ་བབས་དུས་སྤྱིར་སྟངས་ཕྱག་རྒྱ་འགུག་པའི་མན་ངག་ཡོད་རེད། བརྒྱ་
བྱིན་གྱི་བུ་མོ་ཡིན་ནའང་བཀུག་ཐུབ་ཀྱི་ཡོད་རེད། ཁོང་དཀའ་བ་སྤྱད་དེ་སྐམ་པོ་བྱེད་
ནས་བཞུགས་དུས་རྒྱལ་པོས་རི་དྭགས་རྒྱབ་བཞིན་ཕེབས་ཡོང་གི་ཡོད་རེད། རྒྱལ་
པོས་ཁོང་ཟ་རྒྱུ་དཀོན་པོ་གཟིགས་ནས་ཁྱེད་རང་མར་ཕེབས་ཤོག་འཚོ་བ་ངས་འབུལ་
དགོས་གསུངས་རྒྱལ་པོ་མཁས་པ་ཡིན་ཙང་ཚིག་སྙན་པོ་དེ་འདྲའི་ཐོག་ནས་གསུངས་
པ་རེད། དོན་དག་དེ་རེད། ཁོང་གིས་ཀྱང་ཚིགས་བཅད་ཐོག་ནས་སྙན་པོ་གསུངས་
པ་རེད། དོན་དག་ཞུས་ན་དཔེར་ན་གླང་པོ་ཆེ་ཉི་མས་ཚིག་ནས་འགྲམ་པ་སྐམ་པོར་
བྱས་ཀྱང་རྩའི་ཐག་པས་བཅིངས་མི་ཐུབ་པ་བཞིན་དུ་ཁྱེད་ཀྱི་ལོངས་སྤྱོད་ཀྱིས་ང་ཁྲིད་
ཐུབ་ཀྱི་མ་རེད། གསུངས་ཙང་རྒྱལ་པོ་ཚིག་པ་ཟ་ནས་ཁ་ཐུག་གནང་ཡག་གང་ཡང་
མ་བྱུང་ཁོས་ལབ་པ་དེ་ཡི་གེ་བྲིས་ཏེ་མ་ཕེབས་ནས་གྲོང་པའི་བུད་མེད་ཚོ་སྐད་བཏང་
སྟེ་ཚོགས་འདུས་བྱེད། ཡ་གིར་དགེ་སློང་ཁ་རྒྱག་པ་གཅིག་འདུག་ཁྱེད་ཚོ་དེ་མར་ཕབ་
ཐུབ་མཁན་སུ་ཡོད་དྲིས་པ་ན། ཆང་ཚོང་མའི་བུ་མོ་གཅིག་གིས་ངས་འཕབ་ཐུབ་ཟེར་
30
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཙང་དེ་འགྲིག་ག་ཁྱེད་ལ་གང་དགོས་པ་སྤྲད་ཆོག་བྱེད་པ་རེད།
བུ་མོ་དེ་དགེ་སློང་སར་བཅར་ནས་ང་ལ་ཁྱེད་རང་གི་༧ཞབས་ཕྱི་ཞུས་གཅུག་
རོགས་ཞུས་པས་འགྲིག་གི་རེད་གསུང་པ་རེད། ཁོང་གིས་ཆོས་གསུང་ནས་དད་པ་
སྐྱེས་ངེས་འབྱུང་བྱང་སེམས་ཀྱང་དག་པའི་ལྟ་བས་རྒྱུད་ལེགས་པར་སྦྱངས་ཏེ་དབང་
བསྐུར་དམ་ཚིག་སྲུངས། དེ་ནས་ཕྱག་རྒྱ་བཞེས་པ་རེད། དབང་བསྐུར་བ་སོགས་མ་
བྱེད་པར་ཕྱག་རྒྱ་བཞེས་ཀྱི་མ་རེད། དབང་བསྐུར་དམ་ཚིག་བསྲུངས་ན་ཆོག་པ་རེད།
རྟོགས་པ་མཉམ་དགོས་པ་མ་རེད། དེ་ནས་རྒྱལ་པོས་བུ་མོ་དེ་ལ་ལན་བསྐུར་ནས་ད་
ལོ་བཅུ་གཉིས་རེད་སོང་བླ་མ་མར་ཁྲིད་ཡོང་གི་མེད་པས་བྱས་ཙང༌། ཁྲིད་ཡོང་གི་ཡིན་
ཞུས་ཏེ་བླ་མ་ལ་ང་ཁྱེད་རང་མར་ཕབ་ཤོག་ཟེར་ནས་བཏང་ཡོད་རེད། ད་རྒྱལ་པོ་འཁོར་
བཅས་བཏུལ་རོགས་གནང་ཞུས་པས་བླ་མས་ཡོང་བ་སང་ཉིན་གནང་ཉིན་འགྲོ་གསུང༌།
ཉིན་གཅིག་ཕེབས་ཡོང་དུས་ཆང་བུམ་པ་གང་ཆང་འཐུང་ས་ར་གོག་གཅིག་བཅས་བུ་
མོ་ཕྱག་རྒྱ་མ་དེས་ཁྱེར། བུ་གཅིག་དང་བུ་མོ་གཅིག་སྤྲུལ་བུ་དེ་གཡས་ངོས་དང་བུ་
མོ་དེ་གཡོན་ངོས་རྒྱུགས་བུ་མོ་ཕྱག་རྒྱ་མ་དེས་ཆང་བླུག་གིན་བླུག་གིན་ཡོང་པ་རེད།
རྒྱལ་པོས་མི་མང་ཚང་མ་ཡར་ཚོགས་བཅུག་སྔོན་མ་བླ་མས་ཡོངས་སུ་གཤེགས་པའི་
མཁས་པ་ཞེས་སོགས་ཀྱི་ཚིག་དེ་ཚང་མ་ལ་བློར་འཛིན་ནས་དགེ་སློང་སླེབས་ཡོང་
དུས་སྐྱོར་ཏེ་ད་ཆང་ཚོང་བུ་མོ་ལ་བབ་ཧ་ཧ་ཞེས་ལབ་ཤོག་བྱེད་པ་རེད།
བླ་མ་མི་མང་གི་ཁྲོད་ལ་མར་སླེབས་དུས་སྐད་ཅོར་འུ་ཅོར་རྒྱབ་པ་ན་བླ་མས་
ར་གོག་དེ་ས་ལ་བཙུགས་པས་དེ་ནས་ཆུ་དོན་ནས་མཚོ་ཆགས། བུ་རྡོ་རྗེ་དང་བུ་མོ་
དྲི་བུར་བསྒྱུར་ཆང་ཚོང་བུ་མོ་དེ་རྣལ་འབྱོར་མ་དང་ཁོང་བདེ་མཆོག་ཞལ་གཅིག་ཕྱག་
གཉིས་པར་གྱུར་ཡབ་ཡུམ་ཕན་ཚུན་འཁྱུད་དེ་ནམ་མཁའ་ནས་ཡར་ཕེབས་སོང་བ་རེད།
ཆུ་དེ་ཡར་ལུད་ནས་ཆུས་འཇིག་བྲབས་བྱས་ཙང་ཚང་མས་བཟོད་གསོལ་བྱས་ཏེ་སྐད་
31
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རྒྱབ་ཙང་ནམ་མཁའ་ནས་ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་གསུངས།
འགའ་ཞིག་གིས་མར་ཕེབས་ནས་མཁའ་སྤྱོད་ཞིང་གཅིག་ཏུ་བཞུགས་ཡོད་ཟེར་
བ་དང༌། འགའ་ཞིག་དེ་ག་རང་ནས་དག་པ་མཁའ་སྤྱོད་དུ་ཕེབས་པ་རེད་ཟེར། གཏན་
གཏན་གང་ཡིན་མི་ཤེས། དེ་ནས་ཚང་མས། ན་མོ་ཨཱར་ཡ་ལོ་ཀེ་ཤྭ་ར་ཡ་ཞེས་གསོལ་
བ་བཏབ་ཙང་ཆུ་དོན་ས་དེར་རྡོ་གཅིག་ལ་ཐུགས་རྗེ་ཆེན་པོའ ་ི རང་བྱོན་གཅིག་ཕེབས།
ཆུ་དེས་མཚོ་དེ་ལ་སྐོར་བ་གསུམ་རྒྱབ་ནས་རྒྱལ་པོའ ་ི ཕོ་བྲང་ལ་མ་གནོད་པ་ཙམ་གྱི་
མཚོ་གཅིག་ཆགས་པ་རེད། ཁོང་ལ་རྡོ་རྗེ་དྲིལ་བུ་པ་ཟེར་བ་རེད། དྲིལ་བུ་ལུས་དཀྱིལ་
བརྒྱུད་པ་ཡོང་སྟངས་ལ་བལྟས་ན་དེ་དུས་དག་པ་མཁའ་སྤྱོད་དུ་གཤེགས་མེད་པ་འདྲ།
ལཱུ་ནག་དྲིལ་གསུམ་ལས་རྩ་བཤད་ནག་པོ་པ་ཟབ་དོན་དྲིལ་བུ་པ་ཀུན་སྤྱོད་ལཱུ་ཨི་པ་
བྱེད་པ་རེད། ལཱུ་ཨི་པ་དེ་ཤིན་ཏུ་རྒྱས་པ་བདེ་མཆོག་གི་ཀུན་སྤྱོད་ཚང་མ་ཚང་ཡོད་
རེད། ནག་པོ་སྤྱོད་པ་དེ་པཎྜི་ཏ་ཆེན་པོ་གཅིག་རེད་ཁོང་སངས་རྒྱས་ཀྱིས་གསུངས་
བཞག་པའི་རྩ་རྒྱུད་ཀྱི་དགོངས་པ་ལེན་པ་ལ་གཞན་དང་མི་འདྲ་བ་གཅིག་རྩ་བའི་བཤད་
པ་རྩལ་ཏུ་བཏོན་ཐུབ་མཁན་གཅིག་ཡོད་རེད། དྲིལ་བུ་པ་ནི་ཟབ་དོན་ཚང་མ་བསྒྲུབས་
ནས་ཟབ་ཤོས་དེ་དྲིལ་བུ་པ་རེད་སྡད་ཡོད་རེད། ང་ཚོས་འདོན་ཡག་དྲིལ་བུ་ཞབས་
ལུགས་ཟེར་ཡག་དེ་རེད། ང་ཚོར་བྱུང་རྒྱུ་དེ་འདྲའི་ཡོད་དོ་མེད་དོ་ཤ་སྟག་བྱུང་ཡོད་རེད་
དེ། ང་ཚོ་ཇ་ཞིམ་པོ་སོགས་ཀྱིས་བསླུས་ནས་གང་ཡང་ཡོང་གི་མི་འདུག་ཨ།
༈ ནག་པོ་སྤྱོད་པ་དེ་གྲུབ་ཆེན་གཞན་ལས་ཁྱད་པར་དུ་འཕགས་པ་ཛ་ལནྡྷ་ར་
པའི་སློབ་མ་རེད། ཛ་ལནྡྷ་ར་པའི་ཞབས་ལ་གཏུགས་ནས་སྒོམ་རྒྱབ་རྟོགས་པ་རྙེད་དུས་
ག་པ་ཕེབས་ནའང་ཞབས་ས་ལ་རེག་གི་ཡོད་མ་རེད། ཁོང་གི་སྔོན་དུ་དཀྲོལ་མཁན་མེད་
པ་ཌཱ་མ་རུ་འཁྲོལ་ལོ་ལོ་འཁྲོལ་བ་དང༌། འཛིན་མཁན་མེད་པ་སྟེང་དུ་གདུགས་འཁོར་
ནས་དབུ་ལ་ཉི་མ་ཕོག་གི་ཡོད་མ་རེད། དེ་འདྲའི་གྲུབ་ཆེན་བྱུང་མ་མྱོང་བ་གཅིག་རེད།
32
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཡིན་ནའང་ཁོང་གིས་བླ་མའི་བཀའ་གཅིག་བཅགས་པས་སྐུ་ཚེ་དེ་ལ་སངས་མ་རྒྱས་པ་
རེད། འདི་ཚོ་ཤེས་སོང་ན་བཤེས་གཉེན་བསྟེན་ཚུལ་ཡག་པོ་བྱེད་དགོས་རེད། བཀའ་
ག་རེ་བཅགས་པ་རེད་ཟེར་ན། སྤྱོད་པ་ལ་གཤེགས་ཀྱི་ཡིན་ཞུས་པ་རེད། བླ་མས་མ་
འགྲོ་གསུངས་པ་རེད།
ཡང་ཉིན་ཅིག་སྤྱོད་པ་ལ་གཤེགས་ཆོག་བ་ཅི་ཞུས་པས་ནུས་པ་བཏོན་ཤོག་
ཤིང་སྡོང་གི་ཤིང་ཐོག་དེ་ཚོ་ལྟ་སྟངས་ཀྱིས་ས་ལ་མར་ཕབ་ཤོག་གསུང༌། ཁོས་མིག་
གིས་ལྟ་སྟངས་གཅིག་གིས་ཤིང་ཏོག་ཚང་མ་ས་ལ་ཕབས་པ་རེད། ད་ལྟ་སྟངས་ཀྱིས་
ཡར་བཏགས་ཤོག་གསུངས་ཁོས་ཡར་བཏགས་མ་ཐུབ་པ་རེད། ད་དུང་ནུས་པ་ཐོན་
མི་འདུག་སྒུགས་ཤོག་གསུང༌། ཡང་ཉིན་ཅིག་ཞུས་པས་ནུས་པ་བཏོན་གསུང༌། དུར་
ཁྲོད་བསིལ་བའི་ཚལ་ལ་ཁྱེད་རང་སྟག་ལ་སྤྲུལ་ཏེ་ཕྱིན་མི་རོ་གཅིག་ཁྱུར་མིད་བཏང་
ནས་ཤོག་གསུང་པ་ལྟར་བྱེད་ནས་ཡོང་པ་རེད། ད་མི་རོ་དེ་ཡར་བསྐྱུགས་ནས་ཁྱེད་
རང་གི་ལུས་སྟོན་གསུང་པ་བཞིན་མ་ཐུབ་པས། ད་དུང་ནུས་པ་ཐོན་མི་འདུག་སྒུགས་
ཤོག་གསུངས་པ་རེད། དེ་ནས་རྗེས་མ་གཅིག་ལ་བླ་མར་དགོངས་པ་མ་ཞུས་པ་ཕེབས་
སོང་བ་རེད། འཁོར་ལོ་སྡོམ་པས་རྗེས་སུ་གཟུང་ཡག་གི་རྟེན་འབྲེལ་མང་པོ་འགྲིག་ཡོད་
ནའང་བླ་མའི་བཀའ་ལན་གཅིག་བཅག་པས་སྐུ་ཚེ་དེ་ལ་སངས་མ་རྒྱས་པ་རེད། ཉིན་
གཅིག་དགེ་ཚུལ་འཚེམ་བུ་བ་ཁོང་གི་ཞབས་ཕྱི་བྱེད་ནས་མཉམ་དུ་ཆུ་མོ་གངྒའི་འགྲམ་
དུ་ཕེབས། དུས་དེར་མཛེ་མོ་རྐང་ལག་ཆད་སྡད་པ་གཅིག་གིས་ང་ཆུའི་ཕ་རོལ་དུ་སྐྱོལ་
ཅིག་བརྗོད་པ་རེད། ནག་པོ་སྤྱོད་པས་འདི་ཆུའི་ཕ་རོལ་བསྐྱལ་ན་གང་ཡང་ཡོང་གི་མ་
རེད་དགོངས་པའམ་ཡང་ན་པཎྜི་ཏ་ཆེན་པོ་ཡིན་ཙང་ཙོག་སྣང་འདྲ་མཛད་པ་ཡིན་གང་
ལྟར་ཁོང་གིས་བསྐྱལ་པ་མ་རེད། དགེ་ཚུལ་འཚེམ་བུ་བ་སྙིང་རྗེ་ལྷག་པར་སྐྱེས་ཏེ་ཆོས་
གོས་ནང་དུ་མཛེ་མའི་རྐང་ལག་ཚང་མ་རུག་རུག་བཟོས་ཏེ་སྒལ་པར་ཁུར་ནས་ཆུ་མོ་
33
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གངྒའི་དཀྱིལ་ཏུ་སླེབ་པ་ན་མཛེ་མོ་རྡོ་རྗེ་ཕག་མོར་གྱུར་ཏེ་དགེ་ཚུལ་གྱི་ལག་པ་ནས་
འཛིན་བྱེད་ནམ་མཁའ་ལ་དངོས་སུ་ཕེབས་སོང་བ་རེད། ནག་པོ་པ་ལུས་སོང་བ་རེད།
གངྒའི་གླིང་ན་རྗེ་བཙུན་ཀུ་སཱ་ལི། །
མངོན་སུམ་ནམ་མཁའི་དབྱིངས་སུ་འཁྲིད་པ་དང༌། །
ཞེས་སོགས་བྱུང་བ་ལྟར་རེད། ཡང་ཉིན་གཅིག་ཚོགས་ཕུལ་དུས་མི་ནག་སྐམ་པ་གཅིག་
གིས་ཚོགས་ཀྱི་སློབ་དཔོན་ངས་བྱེད་ན་ཞུས་པས་ཁྱེད་ཀྱི་ཡོང་གི་མ་རེད་ཚོགས་ཀྱི་
སློབ་དཔོན་དེ་གྲུབ་ཆེན་པཎྜི་ཏ་གཅིག་དགོས་ཙང་ངས་བྱེ ད ་གསུངས་ཏེ ་ ཁོ ང ་གི ས ་
གནང་པ་རེད། མི་དེ་(གྲལ་རྐེད་)མཚམས་སུ་སྡད་པ་རེད་ཞལ་འདོན་ཚུགས་ནས་
ཚོགས་འཁོར་དཀྱིལ་ཙམ་སླེབས་པ་ན་མི་ནག་སྐམ་དེ་བདེ་མཆོག་གི་སྐུར་གྱུར་ནས་
ནམ་མཁར་ཕེབས་སོང་བ་རེད། ཁོང་ཐུགས་ཤིན་ཏུ་ཕམ་ནས་
སྲིད་པ་གསུམ་འབར་སྐུ་ནི་བརྗིད་ཆགས་དུལ་བར་ལྡན། །
ཞེས་སོགས་ཀྱི་ཚིགས་བཅད་རྣམས་ནག་པོ་སྤྱོད་པས་འོ་དོད་འབོད་པའི་གསུང་རེད་
བྱེད་པ་རེད། དེ་ཚོ་བཤེས་གཉེན་བསྟེན་ཚུལ་ཁ་ཐུག་ཡོད་རེད། གྲུབ་ཆེན་ནག་པོ་སྤྱོད་
པ་དེ་བླ་མ་རྡོ་རྗེ་འཆང་རེད། ཁོང་གིས་དྲང་སོང་སྲིན་པོའ ་ི རིའི་བདེ་མཆོག་དེ་མཇལ་
དུས་གསུང་བྱོན་གྲབས་བྱོན་གྲབས་བྱེད་ཞལ་ནས་བདུད་རྩི་འབབ་སྔར་གངྒའི་འགྲམ་
དུ།
གངྒའི་གླིང་ན་རྗེ་བཙུན་ཀུ་སཱ་ལི། །
ཞེས་སོགས་བསྟོད་པ་ཕུལ་པ་ཐུགས་དྲན་བསོས་བྱེད་དེ་འདྲའི་བྱུང་པ་རེད། ཡང་
གསུང་ཚུལ་ཅིག་ལ་སྐབས་དེར་ཞལ་ནས་བབ་པའི་བདུད་རྩི་དེ་ཁྱེད་ཀྱིས་མི་ལ་སྤྲོད་
ཡག་ཡིན་བྱས་གནང་སྟེ་ཁྱེད་ཀྱི་སློབ་མ་བདུན་བརྒྱུད་ཚུན་ཆད་རྗེས་སུ་བཟུང་ཡག་
གི་ཞལ་བཞེས་བྱུང་བ་རེད། ཅེས་གྲགས། བདེ་མཆོག་གི་ལུས་དཀྱིལ་སྐབས་རྩ་དང་
34
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཁམས་གཉིས་པོ་དེ་རྩ་དཔའ་བོ་དང་ཁམས་དཔའ་མོ་བསྐྱེད་པ་རེད། གསང་འདུས་
སྐབས་ལུས་ཀྱི་ཆ་ཤས་ལྷར་བསྐྱེད་པ་རེད། འཇིགས་བྱེད་ལ་ལུས་དཀྱིལ་ཡོད་མ་རེད།
རྣལ་འབྱོར་མའི་སྐབས་སུ་དེ་ལས་ཀྱང་སླ་རུ་བཏང་ནས་རྩའི་ཆ་ཤས་རྣམས་སྙིང་གའི་
ཁ་ཐུག་ལ་ཚུར་བཀོད་ནས་སྔགས་ཀྱི་ཡིག་འབྲུ་སོ་གཉིས་པོ་དེ་དཔའ་བོ་ཉེར་བཞི་དང་
དབྱེར་མེད་པའི་དཔའ་མོ་ཉེར་བཞི་སྒོ་མཚམས་མ་བརྒྱད་བཅས་ལྷ་སོ་གཉིས་བསྐྱེད་པ་
རེད། བྱས་ཙང་ལག་ཏུ་བླང་བདེ་བའི་ཁྱད་པར་དང་མན་ངག་འདུ་ཆེ་བའི་ཁྱད་པར་དང་
གཞན་ཡང་ལུས་མ་སྤངས་པར་མཁའ་སྤྱོད་བགྲོད་པའི་ཁྱད་པར་བཅས་འདུག་སེ་རེད།
ང་རང་ཚོ་ལས་དང་པོ་བ་ཡིན་ནའང་ལུས་མ་སྤངས་པར་མཁའ་སྤྱོད་དུ་འགྲོ་བའི་མན་
ངག་བསམ་མི་ཁྱབ་ཐུན་མོང་མ་ཡིན་པ་དེ་ཡོད་རེད། དེ་ཡི་དམ་གཞན་ལ་ཡོད་མ་རེད།
དེ་ཡང་དབང་པོ་རབ་འབྲིང་མཐའ་གསུམ་གྱིས་མཁའ་སྤྱོད་དུ་འགྲོ་ཚུལ་༧་རྒྱལ་མཆོག་
ལྔ་པས་གསུངས་པ་དེ་རེད། དབང་པོ་རབ་འབྲིང་ཟེར་ཡག་དེ་བསོད་ནམས་ཆེ་ཆུང་
དད་པ་བརྟན་ལོས་སོགས་ལ་བྱེད་པ་མ་གཏོགས་མི་དྲན་དགུ་དྲན་ཚ་པོ་དེ་འདྲ་ལ་བྱེད་
པ་མ་རེད། བསྐྱེད་རིམ་རྣལ་འབྱོར་བཅུ་གཅིག་ལ་བརྟེན་ནས་ཕྱིའི་མཁའ་སྤྱོད་བསྒྲུབ་
བྱ་གཙོ་བོ་བྱེད། རྫོགས་རིམ་རྩ་དབུ་མའི་རྣལ་འབྱོར་ལ་བརྟེན་ནས་ནང་གི་མཁའ་སྤྱོད་
སངས་རྒྱས་བསྒྲུབ་བྱ་གཙོ་བོ་བྱེད་པ་རེད། གང་དུ་སྒྲུབ་པའི་གནས་ནི་ཕྱི་ལོགས་ལ་
ཕྱིན་མི་དགོས་པར་རང་གི་ཤག་ནང་སྡད་ན་འགྲིག་གི་རེད། ད་བཤད་མི་དགོས་པ་བྱེད།
རྣལའབྱོར་བཅུ་གཅིག་ནི། (ཉལ་དང་ལྡང་དང་བདུད་རྩི་མྱོང༌།།) ཞེས་སོགས་འབྱུང་བ་
ལྟར།


ཉལ་བའི་རྣལ་འབྱོར།
35
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

༈ དང་པོ་ཉལ་བའི་རྣལ་འབྱོར་བཤད་དགོས་ཡག་ནི་ཉིན་མོ་སྣང་བ་ཐབས་ཀྱི་ཆ་དང་
མཚན་མོ ་ སྟོ ང ་པ་ཤེ ས ་རབ་ཀྱི ་ ཆ་ཡི ན ་པས་མཚན་མོ ་ ལ་བརྟེ ན ་ནས་ཉི ན ་མོ ་ བྱུང༌།
གཡོན་པ་ཤེས་རབ་ཀྱི་ཆ་དང་གཡས་པ་ཐབས་ཀྱི་ཆ་ཡིན་པས་གཡོན་པ་ལ་བརྟེན་ནས་
གཡས་པ་བྱུང་ཟེར་བ་ཡིན་ཙང་གཡོན་པས་ཀུན་སྤྱོད་གཙོ་བོ་བྱེད་ཡག་དེ་འདྲ་ཡིན་
ཙང་ཉལ་བའི་རྣལ་འབྱོར་དང་པོ་བཤད་པ་རེད། ཉལ་བའི་རྣལ་འབྱོར་དེ་ལ་སྤྲོས་བཅས་
ཀྱི་རྣལ་འབྱོར་དང་སྤྲོས་མེད་ཀྱི་རྣལ་འབྱོར་གཉིས། དང་པོ་ལྟར་ན་ཉིན་མོར་དགེ་རྩ་
གང་ཡོད་པ་དེ་མ་ཉལ་གོང་བསྔོ་བ་ཡག་པོ་བྱེད། དེ་ནས་ཉལ་བ་ན་རང་ཐུན་མཚམས་
གྱི་ལྷར་ལྡང་ཡོད་ཙང་སོ་སོའ ་ི ཉལ་ཁང་དེ་གཞལ་ཡས་ཁང་དང་རང་གི་གདན་དེ་ཉི་མའི་
དཀྱིལ་འཁོར་དེའི་དབུས་སུ་སྣ་ཚོགས་པདྨ་ཕྱོགས་བཞི་དམར། མེ་རླུང་གཉིས་སེར།
བདེན་བྲལ་ལྗང༌། དབང་ལྡན་ནག ། ལྟེ་བ་ལྗང༌། གེ་སར་སེར་པོ་བྱེད་འདུག་སེ་ཡིན་
ཙང་དགོང་མོ་ཉལ་དུས་བྱང་ཤར་མཚམས་དབང་ལྡན་ནག་པོ་དེའི་སྒང་ཡོད་པར་མོས་
ནས་ཉལ་དགོས། སེང་ཁྲི་ཆུང་ངུའི་སྟེང་དུ་རང་གི་རྩ་བའི་བླ་མ་དེ་སངས་རྒྱས་རྡོ་རྗེ་
ཆོས་ཀྱི་རྣམ་པ་ཅན་གསལ་བཏབ། རང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཕྱག་མཚན་དང་
བརྒྱན་མེད་པ་བྱེད་དེ་བླ་མའི་པང་དུ་མགོ་བཞག་བླ་མ་ལ་སོགས་བ་བཏབ་བཞིན་པ་བླ་
མ་དྲན་བཞིན་པ་གཉིད་སད་པ་ནའང་བླ་མ་དྲན་ཏེ་གསོལ་བ་བཏབ་ནས་འདུག་སེ་ཉལ་
བ་དེ་སྤྲོས་བཅས་ཀྱི་ཉལ་བའི་རྣལ་འབྱོར་རེད།
སྤྲོས་མེད་ཡིན་ན་གཉིད་མ་ཁུག་གོང་ཙམ་དུ་རང་རྣལ་འབྱོར་མར་གསལ་བའི་
ཐུགས་ཀའི་བཾ་ཡིག་ལས་འོད་ཟེར་འཕྲོས་སྣོད་བཅུད་ཐམས་ཅད་ལ་ཁྱབ།
གཟུགས་མེད་ཁམས་འོད་ཟེར་སྔོན་པོའ ་ི རྣམ་པས་ལུས་ཀྱི་སྟོད་ཀྱི་ཆ་ལ་ཐིམ།
ཞེས་སོགས་ལུས་དཀྱིལ་མེད་པའི་བསྡུ་རིམ། དེ་ཡང་ཇེ་ཕྲ་ཇེ་ཕྲར་འོད་གསལ་སྟོང་པ་
36
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཉིད་དུ་ཐིམ་པར་གྱུར་ནས་ཉལ་བ་དེ་སྤྲོས་མེད་ཀྱི་ཉལ་བའི་རྣལ་འབྱོར་རེད།

ལྡང་བའི་རྣལ་འབྱོར།

༈ ལྡང་བའི་རྣལ་འབྱོར་དེ་ལ་ཡང་གཉིས། སྤྲོས་བཅས་ཉལ་བའི་རྣལ་འབྱོར་བྱེད་ཡོད་ན་
ཞོགས་པ་གཉིད་སད་པའི་རྐྱེན་དེ་སྙིང་པོའ ་ི རྣལ་འབྱོར་མ་བཞིའམ་དཔའ་བོ་དཔའ་མོ་
སོགས་ཀྱི་རོལ་མོའ ་ི སྒྲ་དང་གླུ་དབྱངས་དང་ཨོཾ་གསུམ་མའི་སྔགས་ཀྱི་གདངས་སོགས་
ཀྱི ་ སྒྲས་བསྐུལ་ནས་སད་པའི ་ མོ ས ་པ་བྱེ ད ་དེ ་ རྣལ་འབྱོ ར ་མའི ་ སྐུར་ཡུར་ནས་ཐུན་
མཚམས་ཀྱི་ལྷར་ལྡང་བ་དང༌། སྤྲོས་མེད་ཀྱི་རྣལ་འབྱོར་ངང་ནས་ཉལ་ཡོད་ནའང་སྙིང་
པོའ ་ི རྣལ་འབྱོར་མ་སོགས་ཀྱིས་རོལ་མོའ ་ི སྒྲས་བསྐུལ་ནས་སྟོང་པའི་ངང་ལས་ཆུ་ལས་
ཉ་ལྡང་བའི་ཚུལ་གྱིས་ཐུན་མཚམས་ཀྱི་ལྷར་ལྡང་དེ་དཔའ་བོ་དཔའ་མོ་རྣམས་རང་ལ་
ཚུར་ཐིམ།

༼ᩍ་᫕ᨮᨕ᫙་ᨵᩡᨑ᫥་᪍ᨎ༽

དེ་ནས་རང་གི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གོ་ཆ་བཀོད་
འཚམས་རྔམས་ཀྱི་ས་བསྲུང་བ་བྱས་འདུག་སེ་རེད། དགེ་སློང་ཡིན་ན་མན་ངག་ལུགས་
ཀྱི་ཉམས་ལེན་ཕྱག་འཚལ་དུས་དྲན་བརྟེན། དུས་དྲན་དེ་དངོས་གནས་བྱེད་ན་ཁ་ཐུག་
ཁ་ཐུག་བརྟེན་དགོས་ཡག་ཅིག་རེད་དེ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་འུ་ཐུག་ནས་
བཟོས་དགོས་བྱུང་བ་རེད ཅེས་སྔོན་མ་བླ་མ་གཅིག་གིས་གསུངས་པ་རེད། དེ་ནས་ཕྲེང་
སྔགས། འགྱུར་སྔགས། ལྗགས་བྱིན་རླབས། སོགས་བྱེད་རྒྱུ་རེད། འཇམ་དབྱངས་ནག་
པོའ ་ི སྔགས་འདྲ་བཏོན་དགོས་ནའང་བཏོན། བྱ་རྒྱུད་ཀྱི་ལྷ་འདྲ་འདོན་མི་དགོས་ན་ཁྲུས་
37
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

མ་རྒྱབ་ནའང་ཆོག་གི་རེད། ཁྲུས་རྒྱབ་ན་དེ་དུས་ཁྲུས་ཀྱི་རྣལ་འབྱོར་འགོ་ལ་སླེབས་
འགྲོ་བ་རེད།

བདུད་རྩི་མྱང་བའི་རྣལ་འབྱོར།

༈ དེ་ནས་བདུད་རྩི་མྱང་བའི་རྣལ་འབྱོར་ཡིན་ཙང་ནམ་རྒྱུན་ནང་མཆོད་བདུད་རྩིའི་ཕབ་
རྒྱུན་ཡོད་པ་ཉར་སྡད་དགོས་རེད། མ་ཚད་རྡོར་དྲིལ། དབུ་རྒྱན་སྙན་རྒྱན་སོགས་སྣ་
ཁ་བདུན་རི་མོ་ཙམ་ལས་མེད་ནའང་ཉར་དགོས་པ་རེད། དེ་འདྲའི་དམ་ཚིག་གི་རྫས་
དེ་དག་ཚང་ན་དྲི་ལྡན་གྱི་མེ་ཏོག་ལ་བུང་བ་འཁོར་བ་ལྟར་ལྷ་དང་མཁའ་འགྲོ་ཚོ་རང་
དབང་མེད་པ་འཁོར་བ་དེ་འདྲ་རེད། དེ་ནས་ཐུན་གྱི་འགོར་གདན་གྱི་སྒང་ལ་མར་སྡད་
ནས་བདུད་རྩི་མྱང་བདུད་རྩི་རིལ་བུ་ཡོད་ན་ལག་པ་གཡས་པའི་ནང་ལ་རིལ་བུ་གསུམ་
བཞག་འབྲུ་གསུམ་བརྗོད་གཡོན་སྐོར་བྱས་དེ་ནས་བླང་སྟེ་ཟ། རིལ་བུ་མེད་ན་བདུད་རྩི་
རིལ་བུ་བཏབ་པའི་ནང་མཆོད་དེས་འབྲུ་གསུམ་བརྗོད་དེ་ཆོས་བྱུང་གཅིག་བྲིས་ཆོས་
འབྱུང་གྲུ་གསུམ་གྱི་ནང་ནས་བདུད་རྩི་བླངས་ཏེ་ལྕེ་ལ་བཞག་སྟེ་མྱང་པས་ལུས་ཀྱི་ནང་
ཐམས་ཅད་བདུད་རྩིའི་འོད་ཟེར་གྱིས་ཉི་མ་ཤར་བ་ལྟར་གསལ་བར་བྱེད། ཐ་མལ་སྣང་
ཞེན་གྱིས་རྣམ་རྟོག་དང་བཅས་པ་སངས་ཀྱི་དག་བདུད་རྩིའི་སྙིང་པོ་ཐུགས་ཀའི་རང་
སེམས་བླ་མ་ཡི་དམ་སོགས་ངོ་བོ་གཅིག་པའི་བཾ་ཡིག་ལ་ཐིམ་པས་ཟག་མེད་ཀྱི་བདུད་
རྩིས་མཉེས་པར་བྱེད། ནམ་རྒྱུན་ནི་སྙིང་ཀའི་དེ་ལ་མཆོད་པ་ཕུལ་ས་གཅིག་དགོས་
རེད། དཔེར་ན་དགའ་ལྡན་ལྷ་བརྒྱ་མའི་མཐར་བླ་མ་སྙིང་ཞུགས་བྱེད་ཡོད་ན་དེ་ནས་བླ་
མ་མཆོད་པའི་མཐའ་ལ་ཚོགས་ཞིང་བསྡུ་བའམ་གཞན་སྒྲོལ་མ་ལ་སོགས་པ་ཡི་དམ་
ག་རེ་ཡིན་ནའང་ཐུགས་ཀའི་ས་བོན་ནམ་སྐུ་ག་རེ་ཡིན་ནའང་འདྲ་དེ་ལ་མར་སྟིམ། ཟག་
38
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

མེད་བདུད་རྩིས་མཉེས་པའི་དམིགས་པ་བྱེད་རྟག་པར་སྙིང་ཁ་ཕྱེ་དགོས་པ་མ་རེད། སྒྱུ་
ལུས་ནང་ལྡང་དམིགས་པ་བྱེད་ཐུབ་ནའང་བྱས་སྐབས་སྐབས་ལ་སྐུའི་རྣམ་འགྱུར་བརྗེ་
བྱེད་འདུག་སེ་རེད། བདུད་རྩི་འོད་ཟེར་དང་བཅས་པས་ལུས་ཀྱི་ནང་གང་སྒྲིབ་པ་ཐམས་
ཅད་སྦྱངས། བདུད་རྩི་དང་འོད་ཟེར་གཉིས་དགོས་ཡག་དེ་བདུད་རྩིས་སྒྱུ་ལུས་ཀྱི་རྒྱུ་
དང་འོད་ཟེར་གྱིས་འོད་གསལ་གྱི་རྒྱུ་བྱེད་པ་རེད།
ཉལ་ལྡང་བདུད་རྩི་མྱང་བའི་རྣལ་འབྱོར་གྱིས། །
སྒོ་གསུམ་དགའ་བ་གསུམ་ལ་རོལ་བར་ཤོག །
ཅེས་པ་ནི་ཉལ་བའི་ཚེ་བདེ་སྟོང་གི་ངང་དུ་ཉལ་བ་ཡིན་ཙང་ཡིད་དགའ་བ་ལ་རོལ་པ་
བྱེད། ལྡང་བའི་ཚེ་ལུས་ལྷར་ལྡང་བ་ཡིན་ཙང་ལུས་དགའ་བ་ལ་རོལ་པ་བྱེད། བདུད་
རྩི་མྱང་བའི་ཚེ་ངག་གི་གནས་མགྲིན་པའི་ལམ་ནས་མྱང་བ་ཡིན་ཙང་ངག་དགའ་བ་ལ་
རོལ་པ་བྱས་འདུག་སེ་རེད། ཡིན་ནའང་དེ་ལ་བཤད་ལུགས་གཉིས་ཡོད་རེད། སྤྲོས་པ་
དང་བཅས་མ་བཅས་ཀྱི་ཉལ་ལྡང་ཟེར་བའི་སྤྲོས་པ་དེ་བསྐྱེད་རིམ་དང་སྤྲོས་མེད་རྫོགས་
རིམ་ལ་གོ་རྒྱུ་རེད། ཡང་ན་ཟབ་གསལ་གཉིས་ཚོགས་བྱེད་ནས་སྤྲོས་པ་སྒྱུ་ལུས་དང་
སྤྲོས་མེད་འོད་གསལ་ལ་བྱེད། དེ་ལྟར་ན་སྒྱུ་ལུས་དང་འོད་གསལ་སྨིན་བྱེད་དུ་འགྲོ་བ་
རེད། ནང་མཆོད་གཡོན་པའི་སྲིན་ལག་གིས་མཆོད་ཡག་དེ་
ཕྲ་མོ་སྦོམ་པོ་ལས་བྱུང་བའི། །
བྱིན་གྱིས་རླབས་པའི་ནང་མཆོད་འདི།།
ཞེས་པའི་ཕྲ་མོའམ་ལྟག་པ་དེ་མཐེའུ་ཆུང་གི་ལྟག་མ་སྲེན་ལག་ཡིན་པ་རེད། སྦོམ་པོ་ནི་
མཐེ་བོང་ལ་གོ་རྒྱུ་ཡིན་པས་དེས་ན་སྲེན་ལག་དང་མཐེ་བོང་སྤྲད་མཚམས་ནས་བདུད་
རྩི་བླང་སྟེ་ཕུལ་བ་དང༌། དེ་ཡང་ཡབ་ཡུམ་གྱི་གསང་གནས་ཕྲད་མཚམས་ནས་བྱང་
སེམས་བླང་སྟེ་ཕུལ་བའི་དམིགས་པ་བྱེད། བདེ་མཆོག་རྩ་རྒྱུད་ནང་ལ།
39
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

སྦོམ་པོ་མཐའ་ལྟག་རྩེ་སྦྱར་བའི། །
དེ་གཉིས་རེག་པས་རྟག་ཏུ་སྤྱད། །
ཞེས་དང་ས་ལུགས་ལ་རྡོ་རྗེས་ཕུལ་བ་རེད། དགེ་ལུགས་ལ་གཡོན་པའི་ཐེབ་སྲིན་གྱིས་
ཕུལ་ཡག་དེ་བདེ་མཆོག་རྩ་རྒྱུད་ཀྱི་ལུང་དེ་ཁུངས་བྱེད་པ་རེད། ཡང་དགེ་ལུགས་ལ་
ཡང་མཐའ་གཅིག་ཏུ་མ་རེད་དུས་འཁོར་ཆོ་གྲྭའམ་མཆོད་གྲྭ་ཚོས་ནང་མཆོད་བསང་
དུས་ཀུ་ཤའི་རྩེ་ནས་བསང་བ་རེད། ཤིང་ཕྲ་པོ་གཅིག་གི་རྩེ་ལ་ཆུ་སྲན་ཁ་འདྲ་པོ་བཟོས་
དེའི་ནང་དུ་རྩ་ཀུ་ཤ་བཙུགས་ནས་ཤིང་དེའི་བསང་གི་ཡོད་རེད། བྱས་ཙང་སོ་སོའ ་ི
ལུགས་དང་མི་མཐུན་ན་མ་རེད་ཟེར་ཆོག་པ་མ་རེད།
བདུད་རྩི་མྱང་ནས་བདེ་བ་སྐྱེས། བདེ་བ་དེས་སྟོང་པ་ངེས་བདེ་སྟོང་དབྱེར་མེད་
ཀྱི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་སོང་བསམ་པ་བྱེད། བདུད་རྩིའི་དྭངས་མ་དེ་
ཐུགས་ཀའི་བཾ་ཡིག་ཡིན་ནམ་ལྷ་ཡིན་ནམ་ག་རེ་ཡིན་ནའང་དེ་ལ་ཐིམ། བཾ་ཡིག་དེ་གཟི་
བརྗིད་ཆེ་རུ་ཕྱིན་དེ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་རྒྱུད་ལ་ཟག་
མེད་ཀྱི་བདེ་བ་ཁྱད་པར་ཅན་སྐྱེས་སོང་བསམ། རང་གིས་ཀྱང་བདེ་སྟོང་ལ་ཅུང་ཟད་
མཉམ་པར་གཞག །བདུད་རྩི་དེ་མགྲིན་པའི་ལམ་ནས་མྱང་པ་ཡིན་ཙང་མགྲིན་པ་ངག་
གི་གནས་ཡིན་པས་ངག་དགའ་བ་ལ་རོལ་པ། བདུད་རྩི་དེ་ཐུགས་ཀའི་བཾ་ཡིག་ལ་ཐིམ་
པའི་རྐྱེན་གྱིས་ཟག་མེད་ཀྱི་བདེ་བ་སྐྱེས་པ་ཡིན་ཙང་ཐུགས་དགའ་བ་ལ་རོལ་པ། ཉལ་
ལུགས་དེ་ཡང་སྤྲོས་བྲལ་བསྡུ་རིམ་བྱས་ནས་ཉལ་ཡོད་ན་ཐུགས་ཀྱི་དགའ་བ་དེ་ཉལ་
བའི་རྣལ་འབྱོར་ལ་སྦྱར། ལྡང་བ་དེ་ཡང་ལྷ་སྐུ་ལ་ལྡང་བ་ཡིན་ཙང་སྐུ་དགའ་བ་ལ་རོལ་
པའམ་ལུས་དགའ་བ་ལ་རོལ་པ་

སྒོ་གསུམ་དགའ་བ་གསུམ་ལ་རོལ་བར་ཤོག །
40
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཅེས་པའི་སྨོན་ལམ་གྱི་ཚིག་དེ་བཅས་ལ་གོ་བ་ཆགས་དགོས་རེད།

ཚད་མེད་རྣལ་འབྱོར།

༈ ད་དེ་ནས་ཚད་མེད་ཀྱི་རྣལ་འབྱོར་རེད། དེ་ལ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་
བཞི་ཡོད་རེད། དེ་ལ་ཚད་མེད་ཟུར་གཅིག་གི་མིང་བཏགས་པ་རེད། སྐྱབས་འགྲོ་
སེམས་བསྐྱེད་བྱེད་པ་ལ་སྐྱབས་ཡུལ་གསལ་བཏབ་དགོས་དེ་ལ་རྒྱས་བསྡུས་མང་པོ་
ཡོད། (མདུན་གྱི་ནམ་མཁར་བླ་མ་འཁོར་ལོ་སྡོམ་པ་ཡབ་ཡུམ་ལ་ཞེས་སོགས།) རྒྱས་
འབྲིང་བསྡུས་གསུམ་ཡོད་པའི་ནང་ནས་འབྲིང་པ་མིན་འགྲོ་རྒྱས་པ་རེད་ཀྱང་གསུང་གི་
ཡོད་རེད།
རྒྱས་པ་བྱེད་ཀྱི་ཡིན་ན་ས་གཞི་དང་བཅས་པ་བསམ་དགོས་ཀྱི་ཡོད་རེད། བཻ་ཌཱུངརྱའི་
སྔོ་པོའ ་ི ས་གཞི་ལ་གསེར་གྱིས་མིག་མང་རིས་སུ་བྲིས་པ་མཐའ་ལ་རིན་པོ་ཆེའི་རི་
བོས་བསྐོར་བ་དཔག་བསམ་གྱི་ཤིང་ཁྲུས་ཀྱི་རྫིང་བུ་དེའི་དབུས་སུ་དྭངས་ཤིང་བསིལ་
བའི་ཆུ་ཡན་ལག་བརྒྱད་པ། དེ་འདྲའི་དག་པའི་ཞིང་གི་བཀོད་པར་བསམ་རྐང་པས་
མནན་ན་སོར་བཞི་ཙམ་ནུབ་འགྲོ་བ་རྐང་པ་ཡར་བཀྱག་ན་གང་ཡོང་བ་མནན་ན་ནེམ་
དང་བཏེག་ན་སྤར་བྱེད་པ་བདེ་བ་ཅན་དང་དགའ་ལྡན་ཡིད་དགའ་ཆོས་འཛིན་སོགས་
དག་ཞིང་ཚང་མ་དེ་འདྲའི་བསམ་དགོས་པ་རེད། དེའི་དབུས་སུ་སེངྒེ་ཆེན་པོ་བརྒྱད་
ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་དུ་སྐྱབས་ཡུལ་གསལ་
བཏབ་ལུགས་གཅིག་དེའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། [སྐབས་᫕᩶ᨑ᫙་
᪉་᫄ᨕᨵ᫥་᪍དྨ᫕ᨑ་᪱ᨑᩏ་᫕᩶ᨕᨵ᫥་᫅᫞་᪗ᨕ᫥་᪠᫡᩶་᪱᫇᩶ᨎ] དེའི་ལྟེ་བར་ཉི་མའི་དཀྱིལ་
འཁོ ར ་དེ འི ་ སྒང་ལ་བདེ ་ མཆོ ག ་གི ་ ཞབས་མནན་ལ་ཕྱག་བཞི ་ བཞི ་ དགོ ས ་པ་རེ ད །
41
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

འཇིག་བྱེད་ནག་པོ་ལག་པ་བཞི་དང་དུས་མཚན་མ་དམར་པོ་ལག་པ་བཞི་མནན་པའི་ངོ་
བོ་རང་གི་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་འཁོར་ལོ་སྡོམ་པ་ཡབ་ཡུམ་སྐུ་མདོག་སྔོན་པོ་
ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་ཞལ་བཞི་ཕྱག་གཉིས་པ་ཕྱག་མཚན་རྒྱན་ཆ་ལུགས་
ཡོངས་སུ་རྫོགས་པ་ཉི་མའི་དཀྱིལ་འཁོར་གྱི་མཐར་རམ། གེ་སར་གྱི་མཚམས་དེ་ནས་
བརྒྱུད་པའི་བླ་མ་རྣམས་གཡོན་སྐོར་དུ་ཞལ་ནང་དུ་གཙོ་བོ་ལ་ཕྱོགས་ནས་བཞུགས་
པ་དེ་ཡང་དཔའ་བོ་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན་ནམ་ཡང་ན་མཇལ་དུས་ཀྱི་རྣམ་པ་ཅན་
གསུང་པ་རེད། མདུན་གྱི་འདབ་མ་དེའི་དབུས་སུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དེའི་
མཐར་ཡི་དམ་ལྷ་ཚོགས་ཀྱིས་བསྐོར་ནས་ཡོད་པ། སྐྱབས་ཡུལ་གྱི་སྐབས་སུ་བླ་མ་
རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན་དང་བླ་བརྒྱུད་ཀྱི་སྐབས་སུ་བླ་མ་མཇལ་དུས་ཀྱི་རྣམ་པ་ཅན་
བྱེད་པ་ཡང་ཆོག་པ་རེད། གཡས་ཀྱི་འདབ་མའི་དབུས་སུ་བསྟན་པའི་བདག་པོ་ཤཱཀྱ་
ཐུབ་པ་དེའི་མཐར་བསྐལ་བཟང་སངས་རྒྱས་སྟོང་ལྟུང་བཤགས་ལྷ་སོ་ལྔ་སྨན་བླ་བདེ་
གཤེགས་བརྒྱད་རྒྱལ་བ་རིགས་ལྔ་ལ་སོགས་པས་བསྐོར་ནས་ཡོད་པ། རྒྱབ་ཀྱི་འདབ་
མའི་སྒང་ལ་འཁོར་ལོ་སྡོམ་པའི་རྩ་རྒྱུད་བཤད་རྒྱུད་ལེའུ་ལྔ་བཅུ་ང་གཅིག་བཤད་རྒྱུད་
ལེའུ་དེ་ལ་ཁ་ཤས་གཞན་དག་དང་ཐུན་མོང་དུ་འགྲོ་དགོས་པ་ཡང་ཡོད་རེད།
གཞན་ཡང་ཕྱོགས་མཐུན་གྱི་རྒྱུད་བཅས་པོ་ཏི་རྣམས་གདོང་འཛར་ཚུར་སྟན་ཏེ་བེ་
ཌཱུརྱའི་ཤོག་གུ་ལ་གསེར་གྱིས་བྲིས་པ་ཡིག་འབྲུ་རྣམས་ཀྱིས་རང་སྒྲ་གསལ་པོ་སྒྲོག་
བཞིན་པ་ཡོད་པ། གཡོན་གྱི་འདབ་མ་སྒང་ལ་རྗེ་བཙུན་འཇམ་དཔལ་དབྱངས། མན་ངག་
ལུགས་བྱེད་ན་དག᫕་᪀᪄་ལྷ་བརྒྱའི་སྐབས་རྗེའི་ཐུགས་ཀར་འཇམ་པའི་དབྱངས། བླ་
མ་མཆོད་པའི་སྐབས་ཐུབ་དབང་གི་ཐུགས་ཀར་རྗེ་རིན་པོ་ཆེ་རྗེའི་ཐུགས་ཀར་འཇམ་
དབྱངས་དང་ཡང་རྗེའི་དབུ་སྟེང་དུ་འཇམ་དབྱངས་བསྐྱེད་པ་སོགས་མི་འདྲ་བ་ཡོད་རེད།
དེའི་མཐར་ཉེ་བའི་སྲས་ཆེན་བརྒྱད་སོགས་ཀྱིས་བསྐོར་ནས་ཡོད་པ་པད་འདབ་གསེང་
42
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གསེང་ན་དཔའ་བོ་མཁའ་འགྲོ། འདབ་མ་བཞིའི་སྒང་ལ་དཔའ་བོ་མཁའ་འགྲོ་ཡོང་གི་
ཡོད་མ་རེད། པད་འདབ་་མཐའ་རེང་མཐར་བཀའ་སྡོད་རྣམས་ཀྱིས་བསྐོར་ནས་ཡོད་པ་
བཀའ་སྡོད་གཙོ་བོ་རྣལ་འབྱོར་མའི་སྐབས་སུ་དུར་བདག་དང་བདེ་མཆོག་གི་སྐབས་
མགོན་པོ་ཞལ་བཞི་བྱེད་མཁན་དང་ཡང་ཕྱག་བཞི་བྱེད་མཁན་ཡང་ཡོད་རེད།
གང་ལྟར་སོ་སོའ ་ི བསྟེན་པའི་སྲུང་མ་དེ་གཙོ་བོ་བྱེད། ཞལ་བཞི་དེ་བདེ་མཆོག་
གི་བཀའ་སྲུང་རེད། ཞལ་བཞི་དེ་བདེ་མཆོག་གི་ཞལ་བཞིའི་རྣམ་འགྱུར་ཡིན་བྱེད་པ་
རེད། ཕྱག་བཞི་ཡང་བདེ་མཆོག་གི་བཀའ་སྲུང་རེད། ཁོང་མགོན་པོ་བྱ་རོག་ཟེར་བ་རེད།
བྱ་རོག་ཐོག་མ་བཏུལ་དུས་བདེ་མཆོག་གི་དཀྱིལ་འཁོར་དུ་བཅུག་པ་དེའི་ཚེ་མེ་ཏོག་
ཤར་སྒོར་ཁ་གདོང་མ་ལ་བབས་པ་རེད། ཁ་གདོང་མའི་གདོང་པ་དེ་བྱ་རོག་གི་གདོང་པ་
ཡིན་ཙང་མགོན་པོ་བྱ་རོག་ཟེར་བ་རེད། ཞལ་བཞི་དང་ཕྱག་དྲུག་གུར། བྱ་རོག་བཞི་པོ་
དེ་ལ་མགོན་ཆེན་བཞི་ཟེར་བ་རེད། གུར་དང་ཞལ་གཉིས་ལ་ས་སྐྱའི་མགོན་པོ་ཆེ་ཆུང་
གཉིས་ཟེར་བ་རེད། ས་སྐྱ་ཁོ་རང་ཚོས་ཞལ་དེ་ཚུབ་པོ་རྩིས་པ་རེད། ཚུབ་དྲག་ནས་རྡེབ་
སྒྲ་སྒོ་སྒྲ་བྱེད་ཀྱི་འདུག་ཟེར་ནས་ཁོའ ་ི དགེ་རྒན་ཚོད་འདྲ་གུར་བཞག་པ་རེད།
མགོན་ཆེན་གཞན་ལ་མེད་པའི་མགོན་ཆེན་བཞི་ཟེར་དགོས་ཡག་དེ་ཡི་དམ་
ཡང་རེད། བསྐྱེད་རྫོགས་གཉིས་བྱེད་ནས་གྲོལ་ལམ་སྒོམ་ཡག་ཡོད་རེད། དེ་བས་ཀྱང་
མགོན་པོ་ཕྱག་དྲུག་པ་དེ་བསྐྱེད་ཆོག་གི་དབང་དུ་བྱེད་ནའང་ཐ་མལ་པ་འདྲེ་ལས་སྐྱེས་
ནས་བཏུལ་པའི་བཟོ་འདྲ་ཡོད་མ་རེད། སྤྱན་རས་གཟིགས་ཀྱིས་རྣམ་སྤྲུལ་རེད། མགོན་
པོ་གུར་དེ་སིལ་བའི་ཚུལ་དུ་གྲུབ་ཆེན་བསྒོམ་རྒྱབ་སྡད་མཁན་གཅིག་འཚོ་བ་དཀོན་
པོ་ཡིན་ཙང་མི་ཤ་ཕྲན་བུ་རེ་ཟས་ཀྱི་ཡོད་པ་རེད། དེ་མི་ཚོས་ཧ་གོ་ནས་ཁོང་བསད་པ་
རེད། བྱས་ཙང་གདུག་འདྲེ་ལ་སྐྱེས། འདྲེ་གདུག་ཅན་སུས་ཀྱང་བཏུལ་མ་ཐུབ་ཙང་ཚ་
བ་གསུམ་དང་རྣམ་སུམ་གྲོ་ཞིབ་དང་སྦྱར་ནས་དུག་གི་ཁ་ཟས་བཟོས་ནས་ཁོ་ཡོད་ས་
43
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དེར་སྐྱལ་འགྲོ། དེ་ཡང་མ་གནོད་པར་ཕན་པའི་ཁ་ཟས་སུ་གྱུར་ནས་གུར་གྱི་ཕྱག་ན་
བསྣམས་པའི་ལ་དུ་ཟེར་བ་དེ་ཁ་ཟས་རེད།
ཡང་དུག་ཅན་གྱི་དུག་རྫས་གདུགས་དེས་ཀྱང་མ་གནོད་པར་མགོན་པོ་གུར་
གྱི་སྤོས་སྦྱོར་རེད་སོང༌། མཐའ་མ་གུར་དེ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་བཅུག་
པ་མིན་འགྲོ། གུར་གྱི་མགོན་པོ་དེ་གཞན་དང་མི་འདྲ་བ་གཅིག་གི་ཁོང་བཞུགས་ས་དེ་
འོག་མིན་རྣམ་པར་སྣང་མཛད་ཀྱི་ཕོ་བྲང་ནང་གི་འཁོར་ལོའ ་ི ལྟེ་བ་ནང་བཞུགས་ཡོད་
རེད། ཞལ་དེ་ཐོག་མ་བསྐྱེད་ཆོག་གི་གླེང་གཞི་འདྲ་མེད་པ་འདྲ། [᫄᪱᪱᫥་᫕᩶ᨑ᫙་᪱ᨵᨕ᪄་᪍ᨕ་᪜ᨵ་᩽ᨵ་
᪍᫕ᨑ་᫞ᨕ་ᩃ᫥་ᨵ᫡᪱་᩹་᫕᪞ᨕ᫥་᪠᫡᩶་᫡ᨕᨵ་ᨻᩏ᫥་ གསལ།] བཀའ་སྡོད་ཆོས་སྲུང་གིས་བསྐོར་བ་བྱས་དེ་འདྲ་

རེད། ད་སྐྱབས་ཡུལ་རྒྱས་པ་བྱེད་ན་དེ་འདྲ་རེད། བསྡུས་པ་བྱེད་པ་ཡིན་ན་པདྨ་འདབ་


མ་བཞི་བྱེད་པ་དེ་རེད། (མདུན་གྱི་ནམ་མཁར་བླ་མ་འཁོར་ལོ་སྡོམ་པ་ཡབ་ཡུམ་ལ་)
ཞེས་སོགས་ཀྱི་སྐབས་སུ་སྐྱབས་འགྲོ་བྱེད་དགོས་པ་རེད། དཔལ་ལྡན་བླ་མ་ཞེས་པ་ནི་
བདེ་སྟོང་གི་ཡེ་ཤེས་དང་ལྡན་པ་ཞེས་པའི་དོན་ནོ། །
སྔོན་རྒྱ་གར་ལ་ཁྱིམ་བདག་ཞིག་གིས་དགེ་སློང་ལྔ་བརྒྱ་སྐད་བཏང་ཞལ་ཟས་
ཕུལ་མཐར་སྨོན་ལམ་ལོག་པ་དགེ་སློང་འདི་ཚོ་ངའི་གླང་གི་སྐྱེ་བ་ལེན་པར་ཤོག་བྱེད་པ་
རེད། དེ་འདྲ་བྱུང་བ་ཡིན་ཙང་སངས་རྒྱས་ཀྱིས་བསྔོ་བ་ངན་པ་བཟློག་པའི་ཆེད་དུ་ཁ་
ལག་ཚར་ནས་སྦྱིན་པ་རབ་མཐུན་འདོན་ཤོག་ཆོས་ཀྱི་ཚིགས་བཅད་བཏོན་གསུངས་
པ་རེད། ཞལ་ལག་ཚར་དུས་(སྦྱིན་པ་རྒྱ་ཆེན་གྱུར་པའམ་ཡང་ན་བྱང་ཆུབ་སེམས་
དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད།) །ཞེས་སོགས་བཏོན་གསུངས་པ་རེད།
ཤེས་རབ་སྙིང་པོ་འདོན་ན་ཡག་པོ་ཡོད་རེད། བསྔོ་བ་ངན་པ་ཡོད་ན་མ་འགྲུབ་པར་ཤོག་
བསམ་སྟེ་སྟོང་པ་ཉིད་ཀྱི་རྒྱས་བཏབ་བཞག་དུས་བསྔོ་བ་ངན་པ་ཡོད་ན་འགྲུབ་པ་མ་
རེད། ཆོས་ཀྱི་ཚིགས་བཅད་ནི་མི་རྟག་པ་བསྟན་པའི་ཚིག་ལ་ཟེར་བ་རེད། གང་ཡིན་
44
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཟེར་ན་མི་རྟག་པའི་འདུ་ཤེས་ལ་ཆོས་ཀྱི་འདུ་ཤེས་ཟེར་བ་རེད།
ཚིགས་བཅད་འདོན་ན་གསུམ་ཡོད་རེད། རྒྱུད་ཆགས་གསུམ་པ། སྦྱིན་པ་རབ་
མཐུན། ཆོས་ཀྱི་ཚིགས་བཅད་དང་གསུམ་རེད། འདུལ་བ་ནང་ནས་དགེ་སློང་ལ་ཚིགས་
བཅད་འདོན་པའི་སྐབས་བཅུ་བདུན་གསུངས་པ་རེད། དེ་ལྟ་བུ་དག་དགེ་སློང་ཚོས་ལག་
ལེན་སྟར་དགོས་པ་རེད། བསྔོ་བའི་སྐོར་དེ་དེ་འདྲ་ཡིན་པ་རེད། (དེ་ལྟར་རྒྱལ་ཡུམ་
ཞེས་སོགས་ཀྱིས་)བཤེས་གཉེན་བསྟེན་པའི་ཆེད་དུ་བསྔོ་བ་རེད། ཁྲིད་ཞུ་དུས་འཁྲིད་
དམིགས་སྐྱོང་དགོས་ཙང་ད་རེས་(བདག་དང་འགྲོ་བ་ནམ་མཁའ་)ཞེས་སོགས་སྐྱབས་
འགྲོའ ་ི དམིགས་པ་སྐྱོང་རྒྱུ་རེད། ཡང་བསྡུས་པ་བྱེད་ན་ཀུན་འདུས་ནོར་བུའི་ལུགས་
སྐབས་འདིར་བླ་མ་སངས་རྒྱས་རྡོ་རྗེ་ཆོས་སམ་དཔའ་བོ་རྡོ་རྗེ་ཆོས་གང་རུང་གི་རྣམ་
པར་གསལ་བཏབ་སེ མ ས་དག་གི ་ མི ་ འདུག་ན་ཐུགས་ཀའི ་ ས་བོ ན ་ལས་འོ ད ་ཟེ ར ་
འཕྲོས། རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་ཚུར་དྲངས་ཏེ་བླ་མ་ལ་ཐིམ། ཡང་འོད་ཟེར་འཕྲོས་
ཡི་དམ་ཐམས་ཅད་སྤྱན་དྲངས་བླ་མ་ལ་ཐིམ། དེ་བཞིན་དུ་བཀའ་སྡོད་ཆོས་སྲུང་གི་བར་
འོད་ཟེར་གྱིས་སྤྱན་རིམ་གྱིས་དྲངས་ནས་བླ་མ་ལ་ཐིམ་པས། བླ་མ་སྐྱབས་གསུམ་ཀུན་
འདུས་ཀྱི་བདག་ཉིད་དུ་གྱུར་སོང་བསམ་པ་བྱེད་ན་སེམས་དག་པ་ཡོང་གི་རེད། ཡིད་
ཆེས་ཆེ་བ་ཡོང་གི་ཡོད་རེད།
བླ་མ་གཅིག་ལ་སྐྱབས་གསུམ་ཚང་དགོས་པ་ཡིན་ཙང་བླ་མའི་སྐུ་དེ་དགེ་འདུན།
བླ་མའི་གསུང་དེ་ཆོས། བླ་མའི་ཐུགས་དེ་སངས་རྒྱས་བྱས་འདུག་སེ་སྐུ་གསུང་ཐུགས་
གསུམ་ཀྱི་བདག་ཉིད་ཡིན་ཙང་སྐྱབས་གསུམ་ཀུན་འདུས་ཤ་སྟག་རེད། ཇི་སྲིད་བྱང་
ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཞེས་པ་སངས་མ་རྒྱས་ཀྱི་བར་ལ་བྱེད་པ་རེད། ཡང་
བྱང་ཆུབ་དེ་ལ་རྟོགས་པ་བྱང་ཆུབ་དང་གནས་བྱང་ཆུབ་གཉིས། རྟོགས་པ་བྱང་ཆུབ་དེ་
སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཐུག་པ་དེ་རེད། གནས་བྱང་ཆུབ་དེ་སྤྲུལ་སྐུའི་གནས་
45
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རྡོ་རྗེ་གདན་དང༌། ལོངས་སྐུའི་གནས་འོག་མིན་སྟུག་པོ་བཀོད་པའི་ཞིང་དེ་རེད། དཔལ་


ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། ཞེས་སོགས་ཀྱི་སྐབས་སུ་སྐྱབས་འགྲོ་
རྒྱུད་དང་འདྲེས་ངེས་ཤིག་བྱེད། སྐྱབས་གསུམ་གྱི་ཡོན་ཏན་མངོན་རྟོགས་རྒྱན་དང༌།
རྒྱུད་བླ་མ་དང༌། དབུ་མ་ལ་འཇུག་པ་དང༌། མཛོད་རྩ་བ་སོགས་ནས་གང་བཤད་པ་དེ་
དག་ངེས་པ་བྱེད་ནས་སྐྱབས་འགྲོ་བྱེད་ན་སྟོབས་ཆེ་བ་དང༌། སྐྱབས་འགྲོའ ་ི དམིགས་
པ་བྱ་ཡག་ལ་སྦྱངས་འཇུག་ཆུད་གསུམ་གྱི་དམིགས་པ་བྱེད་པ་དང༌། གང་ལྟར་ཐུབ་ན་
དམིགས་པ་ཤིན་ཏུ་རྒྱ་ཆེ་བ་རེད།
རང་གིམ ཐའ་སྐོར་དུ་གསལ་བའི་སེ མ ས་ཅན་རྣམས་སྐྱབས་ཡུལ་རྣམས་ཀྱི ་
ཐུགས་ཀ་ནས་འོད་ཟེར་ཉི་མ་ཤར་བ་ལྟ་བུ་འཕྲོས་ནས་སེམས་ཅན་རྣམས་ཀྱི་སྤྱི་བོ་
ནས་འོད་ཟེར་བདུད་རྩི་དང་བཅས་པ་ཞུགས་ཏེ་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག
།སྐད་ཅིག་ཉིད་ལ་གནས་གྱུར་ཏེ། ལུས་དེ་རྡོ་རྗེ་རྣལ་འབྱོར་མའི་སྐུ་ལ་གྱུར། ངག་དེ་རྡོ་
རྗེ་རྣལ་འབྱོར་མའི་གསུང་དུ་གྱུར། སེམས་དེ་རྡོ་རྗེ་རྣལ་འབྱོར་མའི་ཐུགས་རྟོག་མེད་
ཆོས་སྐུར་གྱུར་ཏེ་བྱ་མང་པོ་ཡོད་སར་མེ་མདའ་རྒྱབ་པ་ནང་བཞིན་བྱས་ནས་འུར་རུ་
རུ་ནམ་མཁའ་ལ་ཕུར་སོང་བསམ་པ་བྱེད་དགོས་པ་རེད།
དེ་ནས་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ལ་ཞེས་
པས་བྱང་ཆུབ་འདུན་པ་དང་མཚུངས་ལྡན་གྱི་སེམས་བསྐྱེད་དང༌། སེམས་ཅན་ཐམས་
ཅད་ཞེས་པས་ཕྱོགས་རེས་སམ་ཉེ་རིང་མེད་པར་བསྟན་པས་བཏང་སྙོམས་ཚད་མེད།
འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་ཞེས་པས་སྙིང་རྗེ་ཚད་མེད་དང་
གཞན་དོན་འདུན་པ་བསྟན། རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་ལ་འགོད་པར་བྱ་ཞེས་པས་
བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་ཚད་མེད་དངོས་སུ་དང་དགའ་བ་ཚད་མེད་ཤུགས་
ལ་བསྟན། འཇིགས་བྱེད་ཀྱི་སྐབས་སུ་གཟུང་འཛིན་གྱི་རྣམ་རྟོག་གིས་མི་བསྐྱོད་པའི་
46
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བཏང་སྙོམས་ཞེས་པ་དེ་བཏང་སྙོམས་ཆེན་པོ་རེད། དེ་ཡང་འདིར་བསྟན། སྐྱབས་ཡུལ་


བསྡུས་པ་བྱེད་པ་ཡིན་ན་པད་མ་འདབ་མ་བཞི་བྱེད་པ་དེ་རེད། དགའ་ལྡན་ལྷ་བརྒྱའི་
སྐབས་སྐྱབས་འགྲོ་བྱས་ནའང་པདྨ་འདབ་མ་བཞི་བྱེད་པ་དེ་འདྲ་རེད།
རྒྱས་པ་བྱེད་ན་བླ་མཆོད་ཚོགས་ཞིང་ནང་བཞི ན ་བྱེ ད ་དབུས་སུ་རྗེ ་ ཡོད ་ས་
དེར་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་བང་རིམ་བྱས་ནས་བཀོད། རྒྱ་ཆེན་སྤྱོད་བརྒྱུད་
ཟབ་མོ་ལྟ་བརྒྱུད་ཉམས་ལེན་བྱིན་རླབས་བརྒྱུད་རྣམས་ཀྱི་དཀྱིལ་དེར་བདེ་མཆོག་གི་
བརྒྱུད་པ་བཞུགས་པ་དེ་འདྲ་ཡིན་པ་རེད། སྐྱབས་འགྲོ་བྱེད་དུས་སྐྱབས་ཡུལ་འདུག་
སེ་གསལ་བཏབ། རང་གི་མཐར་བཻ་ཌཱུ་རྱའི་ས་གཞིའི་ཐོག་ལ་སེམས་ཅན་ཐམས་ཅད་
གསལ་བཏབ་སྐྱབས་སུ་འགྲོ་མཁན་ད་གོང་དུ་ངས་བཤད་པ་ནང་བཞིན།
(མི་རྟག་ལས་ནི་སྡུག་བསྔལ་དང༌། །
སྡུག་བསྔལ་ལས་ནི་བདག་མེད་གསུངས།) ཟེར་བ་ནང་བཞིན་
རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་ཁམས་
གསུམ་འཁོར་བ་འདི་ནང་སྡུག་བསྔལ་འདི་མ་མྱོང་ཟེར་བ་གཅིག་ཀྱང་མེད། མྱང་བ་ལ་
ཡང་གྲངས་མེད། ད་དུང་ཡིན་ནའང་འདི་ཙམ་མྱོང་ནས་ཚར་བ་རེད་ཟེར་ཡག་གི་ཚོད་
སུ་ལའང་མེད། དེ་འདྲ་ཡིན་ཙང་སེམས་ཅན་འདི་རྣམས་སྙིང་རྗེ་སྙམ་པའི་སེམས་ཅན་
ལ་དམིགས་པའི་སྙིང་རྗེ་སྒོམ། དེ་ཡང་སེམས་ཅན་རྣམས་སྲིད་ཞིའི་འཇིགས་པ་གཉིས་
ཀ་ལས་སྐྱབས་པའི་ནུས་པ་དེ་དཀོན་མཆོག་གསུམ་ལ་ཡོད་བསམ་ནས་ཡིད་ཆེས་ཀྱི་
དད་པ་དང༌། སྲིད་ཞིའི་མཐའ་གཉིས་ལས་འཇིགས་པའི་ཐེག་པ་ཆེན་པོའ ་ི སྐྱབས་འགྲོ་
ཡིན་ཙང་སེམས་ཅན་ལ་དམིགས་པའི་སྙིང་རྗེ་བྱེད་དེ་གསུམ་གྱིས་ཀུན་ནས་བསླངས་
ཏེ་རང་ལ་རང་དབང་མེད་པས་མཐོ་ས་དམའ་ས་ག་པར་བསྐྱལ་དཀོན་མཆོག་རང་གིས་
མཁྱེན་སྙམ་དུ་བློ་ལིང་འགེལ་གྱི་སྐྱབས་འགྲོ་དགོས་པ་རེད་མ་གཏོགས་སྐྱབས་འགྲོ་
47
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བྱེད་བཞིན་ལ་ག་རེ་བྱེད་ཡོང་བསམ་པ་དེ་འདྲ་བྱེད་རྒྱུ་ཡོད་མ་རེད། [᪠᫙་᫄᪱᪱᫥་᫦་᫕᪙᪄་᪍ᨕ᫕ᨑ་

᪢᩶་᪱ᨓ᩶་ᨮ་᪣ᩏ་᫞ᨵ᫥་᨜ᨑ་᫞ᨕ་ᩃ᫥་ᨵ᫡᪱་᩹་᫕᪞ᨕ᫥་᪠᫡᩶་᫡ᨕ᩶་ᨻᩏ᫥་ 318 ᨵ᫥᫞ᨎ]

སྐྱབས་འགྲོ་ཡག་པོ་ཞེ་དྲག་བྱེད་དད་པ་ཤུགས་དྲག་བསྒོམས་མཁན་དེ་ལ་རང་
ཡར་དཀོན་མཆོག་ལ་ཐིམ་འགྲོ་བའི་བཟོ་འདྲ་པོ་དཀོན་མཆོག་རང་ལ་མར་ཐིམ་གྲབས་
བྱེད་པའི་བཟོ་འདྲ་པོ་དེ་འདྲའི་མྱོང་བ་ཡོང་ཟེར། མདུན་ན་བཞུགས་པའི་དཀོན་མཆོག་
ཚང་མས་རང་ལ་ཐུགས་མཉེས་པོའ ་ི སྒོ་ནས་གཟིགས་པའི་དམིགས་པ་བྱེད་དགོས་པ་
རེད།
ང་ཚོས་བྱེད་སྟངས་འདི་ལ་དཀོན་མཆོག་ཐུགས་མཉེས་རྒྱུ་ཕར་ཟད་རེད། མ་
བྱེད་གསུངས་ཚད་བྱེད། བྱེད་གསུངས་པ་རྣམས་མ་བྱེད་པ་རེད། ཡིན་ནའང་ད་རེས་
སྐྱབས་འགྲོ་ཡག་པོ་བྱས་ཙང་མཉེས་པོ་ཡོད་རེད། དཔེར་ན་ཨ་མ་གཅིག་ལ་བུ་དུས་
རྒྱུན་དུ་སྤྱོད་ངན་གཅིག་གིས་ཉིན་གཅིག་ཨ་མའི་ཁ་ལ་ཉན་ནས་སྤྱོད་པ་ཡག་པོ་བྱེད་
ན་ད་ངའི་བུ་འདི་ཡག་པོ་ཆགས་སོང་བསམ་ནས་ཞེ་པོ་གཅིག་དགའ་བ་སྐྱེ་རྒྱུ་ཡིན་པ་
དེ་ནང་བཞིན་ད་རེས་སྲིད་ཞིའི་འཇིགས་པ་ལས་ཞེན་པ་ལོག་ནས་དཀོན་མཆོག་ལ་
སྐྱབས་འགྲོ་བྱས་ཙང་གཞན་དང་མ་འདྲ་བ་གཅིག་གི་ཐུགས་མཉེས་པོ་ཡོང་གི་རེད།
དུས་རྟག་ཏུ་སེམས་ཅན་ལ་གཟིགས་སྡད་ཡོད་རེད། སེམས་ཅན་རེ་རེའི་སྟེང་དུ་ཕྱོགས་
བཅུའི་སངས་རྒྱས་ཆ་ཚང་རེ་རེ་ཡོད་བྱེད་པ་རེད། ཡིན་ནའང་ང་ཚོས་ཁ་ཡར་མ་སློག་
པ་ཡིན་ཙང་གནང་ཐབས་མེད་པ་རེད།
ཕྱི་ཡི་ཡན་ལག་སྟོབས་དག་ནི། །
ཁྱེད་ཀྱིས་ལེགས་པར་བསྒྲུབས་ལགས་ཀྱི། །
ནང་གི་སྟོབས་དག་མ་ཚང་བས། །
བྱིས་པ་རྣམས་ནི་སྡུག་བསྔལ་ལྡན། །ཞེས་པ་རེད།
48
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ད་སྐྱབས་འགྲོ་བྱེད་རྒྱུ་རེད་སྐྱབས་འགྲོའ ་ི ཐོག་མ་དེ་(མདུན་གྱི་ནམ་མཁར་བླ་མ་འཁོར་
ལོ་སྡོམ་པ་ཞེས་པ་ནས་བསྐོར་ནས་བཞུགས་པར་གྱུར་) ཞེས་སྐྱབས་ཡུལ་ཕྲ་ལམ་
མེར་གསལ་བཏབ། དོན་དག་རང་གི་ཁ་ནས་བླ་མ་ག་དུས་ལབ་རྒྱུ་བྱུང་ན་བླ་མ་ཁ་ནས་
དོན་ཙམ་ནས་རང་གི་རྩ་བའི་བླ་མ་དྲན་ཐུབ་པ་དགོས་པ་རེད་མ་གཏོགས་བླ་མ་མ་དྲན་
ན་ཁ་ནས་བླ་མ་བརྒྱ་སྟོང་འདོན་སྡད་ནའང་འགྲིག་གི་ཡོད་མ་རེད། བཤེས་གཉེན་བསྟེན་
ཚུལ་ཉམས་སུ་ལེན་པའི་ལག་རྗེས་དེ་ལ་བླ་མ་ཁ་ནས་ཐོན་རིམ་བཞིན་རྩ་བའི་བླ་མ་དྲན་
ཐུབ་པ་དགོས་བྱེད་པ་རེད། ད་བླ་མ་འཁོར་ལོ་སྡོམ་པ་ཡབ་ཡུམ་ལ་ཟེར་དུས་རང་གི་རྩ་
བའི་བླ་མ་དེ་འཁོར་ལོ་སྡོམ་པ་གསལ་བཏབ་རྒྱུ་རེད་ཡི་དམ་ག་འདྲས་གཅིག་ཡིན་ཡང་
ངོ་བོ་བླ་མ་མ་གཏོགས་གསལ་བཏབ་ཡག་ཡོད་མ་རེད།
རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ཟེར་དུས་རང་གི་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་
ཀྱིས་མཐའ་ནས་བསྐོར་ནས་ཡོད་པ་བྱེད། (བདག་དང་འགྲོ་བ་ནམ་མཁའི་མཐའ་དང་
མཉམ་པའི་སེམས་ཅན་) ཟེར་དུས་སྐྱབས་སུ་འགྲོ་མཁན་ཚོ་རེད། རང་གིས་དབུ་
མཛད་འདྲ་པོ་བྱེད་དེ་ཚང་མས་འུར་ཆེམ་ཆེམ་འདོན་པའི་མོས་པ་བྱེད་དགོས་པ་རེད།
བདག་ནི་རང་རེད། འགྲོ་བ་ནི་སེམས་ཅན་རེད། [᫄᪱᪱ས་᫕᩶ᨑ᫙་᫨ᨑ᩶་᪍་᪠ᫍᨑ᫥་᫕ᨻᨕ་
᪠་ᩓ་᪠᪃᫥་᫕ᨻᨕ་᪠་ᩓ᫥་᫨ᨑ᩶་᪍་᪠ᫍᨑ་᪱་᪠᪃᫥་᪍᫕ᨑ་᫅᫞་ᨵ᫦ᩏ᫥ᨎ] ཡི་དམ་ག་འདྲས་
གཅིག་ཡིན་ཡང་ངོ་བོ་བླ་མ་མ་གཏོགས་གསལ་བཏབ་ཡག་ཡོད་མ་རེད། མཛོད་ལས།
སྲིད་པ་བར་མ་འགྲོ་མ་གཏོགས། །
ཞེས་པ་དེ་ད་ལྟ་ཁམས་གསུམ་དུ་སྐྱེས་གནས་སུ་མ་འགྲོ་བ་ལ་བྱེད་པ་རེད་མ་གཏོགས་
མ་འོངས་པར་འགྲོ་རྒྱུ་ཡིན་ཙང་བར་སྲིད་པ་དེ་སྐབས་འདིའི་འགྲོ་བ་སེམས་ཅན་རེད།
བདག་དང་འགྲོ་བ་ཞེས་པའི་འགྲོ་བ་དང་སྲིད་པ་བར་མ་འགྲོ་མ་གཏོགས་ཞེས་པའི་འགྲོ་
བ་ཁག་ཁག་རེད། ནམ་མཁའ་གར་ཁྱབ་སེམས་ཅན་གྱིས་ཁྱབ་པ་ཡིན་ཙང་ནམ་མཁའི་
49
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

མཐའ་དང་མཉམ་པ་བྱེད་པ་རེད། སེམས་དང་ལྡན་པ་ཡིན་ཙང་སེམས་ཅན་ཟེར་བ་རེད།
དུས་འདི་ནས་བཟུང་སྟེ་ཞེས་པ་ཉི་མ་ད་རེས་ནས་བཟུང་སྔོན་ཆད་སྡུག་བསྔལ་
གྱིས་མནར་བསུན་རྒྱུ་མེད་ན་མ་གཏོགས་བསུན་སྐྱབས་རྩ་བ་ནས་མ་རྙེད་ད་དའི་ཕན་
ལས་ད་རེས་སྐྱབས་རྙེད་བྱུང་བས་སྐྱབས་རོགས་གནང༌། འོ་ན་ག་དུས་བར་ཟེར་ན་ཇི་
སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་བྱང་ཆུབ་སྙིང་པོ་ཐེག་པ་ཆེན་པོའ ་ི བྱང་ཆུབ་
སངས་རྒྱས་ཀྱི་གོ་འཕང་རེད། ཉན་རང་གི་བྱང་ཆུབ་བྱང་ཆུབ་ཡིན་ཡང་བྱང་ཆུབ་སྙིང་
པོ་མ་རེད། མཆིས་ཀྱི་བར་དུ་མཆིས་པ་ནི་འགྲོ་བའི་དོན་དང་ཡོད་པའི་དོན་ཡང་རེད།
དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་བླ་མ་ལ་སྐྱབས་འགྲོ་བྱེད་
དུས་གཙོ་བོ་རང་གི་རྩ་བའི་བླ་མ་དང་ངོ་བོ་དབྱེར་མེད་པའི་འཁོར་ལོ་སྡོམ་པ་དང་དེའི་
མཐའ་བསྐོར་དུ་བརྒྱུད་པའི་བླ་མ་རྣམས་ལ་བསམ་རྣོ་བཏང༌། དཔལ་ལྡན་ཞེས་པ་ནི་ངོ་
བོ་བདེ་སྟོང་གི་ཡེ་ཤེས་ཡིན་པ་བྱེད་པ་རེད། ཤྲཱི་ནི་དཔལ་རེད།
ཤྲཱི་ནི་གཉིས་མེད་ཡེ་ཤེས་སྟེ། །
བྱེད་པ་ཡིན་ཙང་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་དཔལ་གྱི་དོན་དུ་གོ་བ་རེད། བླ་
མའི་སྐད་དོད་རྒྱ་གར་སྐད་དུ་གུ་རུ་ཞེས་པ་རེད། གུ་ཎ་ཡ་ཞེས་པ་ནི་ཡོན་ཏན་གྱི་མིང་
རེད། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་
ཐམས་ཅད་རྣམ་པ་ཐམས་ཅད་མཁྱེ ན ་པའི ་ ཡེ ་ཤེ ས ་ཀྱི ་ ཡུལ་དུ་རྫོ ག ས་པ་ཡི ན ་པས་
རྫོགས་པའི་སངས་རྒྱས་ཟེར་བ་རེད། བདུད་བཞི་བཅོམ་པས་ན་བཅོམ་ཞེས་པ་རེད།
ཕུན་སུམ་ཚོགས་པ་དྲུག་དང་ལྡན་པས་ན་བཅོམ་ལྡན་ཞེས་པ་རེད། འདས་ཞེས་པ་
དེ་སངས་རྒྱས་ཀྱི་མཚན་ལ་གསེར་འོད་ནང་ལ་འཇིག་རྟེན་ལས་འདས་པ་ཟེར་ཡོད་
ཙང་འཇི ག ་རྟེ ན ་ལས་འདས་པ་ཞེས་པ་འདས་དེ ་བཅོ མ ་ལྡན་གྱི ་མཐར་ཚུར་སྦྱར་བ་
རེད། རྣམས་ནི་མང་ཚིག་རེད། [མཚམས་སུ་སྐྱབས་གསུམ་ཀྱི་ཡོན་ཏན་སོགས་སྤྲོས་
50
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བཤད་གཤམ་དུ་᫕᪞ᨕས་བཤད་ཤོག་གྲངས་ 279 གསལ།] དམ་པའི་ཆོས་རྣམས་ལ་


སྐྱབས་སུ་མཆིའོ། སྐབས་འདིར་ས་བཅུའི་མཉམ་གཞག་ཡེ་ཤེས་ཀྱིས་ཆོས་ཉིད་མཐོང་
བ་ལ་ཁྱད་པར་མེད་ཀྱང་ཆོས་སྐུ་འགོག་ལྡན་མཐོང་བ་ལ་ཁྱད་པར་ཡོད་ཚུལ་སོགས་
གསུངས།
དམ་པའི་ཆོས་ཞེས་པ་དོན་དམ་པའི་ཆོས་གཅིག་པུ་ལ་གོ་རྒྱུ་མ་རེད་སྐྱབས་
གནས་མཐར་ཐུག་གི ་ ཆོ ས ་ཡི ན ་ཙང་རང་གི ་ ངོ ས ་སྐལ་གྱི ་ མཐོ ང ་སྤང་ཡན་ཆད་ཅི ་
རིགས་སྤངས་པའི་འགོག་ལྡན་དང་ལམ་ལྡན་གཉིས་ཆོས་དཀོན་མཆོག་དེ་རེད། སྒོམ་
ཡོང་དུས་སྤངས་རྟོགས་གཉིས་པོ་དེ་པོ་ཏིའི་རྣམ་པར་གསལ་བཏབ་ནས་སྒོམ་པ་མ་
གཏོ ག ས་སྤངས་རྟོ ག ས་གཉི ས ་གཟུགས་སུ་མ་གྲུབ་པ་ཡི ན ་ཙང་ཁག་པོ ་ ཡོ ད ་རེ ད །
དཀོན་མཆོག་གི་ཡོན་ཏན་དེ་ཚོ་ཡག་པོ་ཤེས་པ་བྱེད་ལྷག་པར་དཀོན་མཆོག་གི་ཡོན་
ཏན་དེ་ཚོ་གྲངས་ཡག་པོ་རྩིས་ཀྱི་ཡིན་ན་ཚེ་བསྒྲུབས་རེད་ཀྱི་ཡོད་རེད་ཟེར་ཡོང༌།
སྤྱིར་སངས་རྒྱས་དཀོན་མཆོག་གི་ཡོན་ཏན་དེ་ཚོ་ཡག་པོ་ཤེས་དགོས་པ་རེད།
དད་པ་སྐྱེ་ཡག་ལ་ཁྱད་པར་ཡོད་རེད་བསོད་ནམས་གསོག་ཡག་དང༌། བག་ཆགས་
བཞག་ཡག་སོགས་ཁྱད་པར་ཆེན་པོ་ཡོད་རེད། འཕགས་པའི་དགེ་འདུན་རྣམས་ལ་
སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་དེ་ག་ནས་འཕགས་པ་རེད་ཟེར་ན་སོ་སྐྱེའི་
ས་ལས་འཕགས་ནས་འཕགས་ལམ་ཐོབ་སོང་བ་རེད། དགེ་འདུན་ནི་དགེ་བ་ལ་འདུན་
པའམ་འདོད་པའམ་འདུད་པའམ་དགེ་བ་ལ་ཐུགས་འདུན་ཆེན་པོ་ཡོད་པ་དེ་ཚོ་གཅིག་
པ་རེད། ད་རེས་དེར་བཞག་སང་ཉིན་ནས་སྐྱར་བཤད་སྨོན་ལམ་ཐོག་ནས་འབུལ་ཡག་
ཡིན། དེ་ལྟར་རྒྱལ་ཡུམ་མཁའ་སྤྱོད་ཅེས་སོགས་བཤེས་གཉེན་བསྟེན་ཚུལ་གྱི་སྨོན་
ལམ་རེད། བསྔོ་སྨོན་གཉིས་ཀྱི་ཁྱད་པར་སོགས་དང་དགེ་སློང་རྣམས་འདུལ་བ་ནས་
བཤད་པའི ་ ཚི ག ས་བཅད་འདོ ན ་པའི ་ སྐབས་བཅུ་བདུན་ཡོ ད ་པ་སོ ག ས་ལག་ལེ ན ་
51
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བསྟར་དགོས་ཚུལ་སོགས་གསུངས། ད་རེས་སྐྱབས་འགྲོ་སེམས་བསྐྱེད་གཉིས་ལ་
བསྐྱར་བཤད་དགོས་པ་རེད། བསྐྱར་བཤད་དེ་ལྟེ་བ་རང་དུ་བསྐྱེད་རིམ་མགོ་ནས་མར་
རེད་བསྐྱེད་རིམ་ཆེ་བ་ཚོ་ཡིན་ན་དཀྱིལ་འཁོར་རྒྱས་ཆོག་མན་ཆད་སྐྱར་བཤད་དགོས་
པ་མ་རེད། ཡིན་ནའང་ཁྲིད་དམིགས་སྐྱོང་དགོས་པ་རེད།

བསྐྱར་བཤད། ཉིན་གཉིས་པ།

ཁ་སང་ཞུས་ཡག་ཉལ་ལྡང་བདུད་རྩི་མྱང་བའི་རྣལ་འབྱོར་གསུམ་དེ་གོ་སླ་པོ་
རེད། ད་རེས་ཚད་མེད་ཀྱི་རྣལ་འབྱོར་ཡིན་ཙང་སྐྱབས་ཡུལ་གསལ་བཏབ་ཡག་དེ་
དགའ་ལྡན་ལྷ་བརྒྱ་དང་གཅིག་པ་རེད། དེ་ཡིན་ནའང་ཕྲན་བུ་གཅིག་གཙོ་བོ་བླ་མ་འཁོར་
ལོ་སྡོམ་པའི་རྣམ་པ་ཅན་དེའི་མདུན་ནས་བརྒྱུད་པའི་བླ་མ་རྣམས་སངས་རྒྱས་རྡོ་རྗེ་
ཆོས་སམ་དཔའ་བོ་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན་བྱས་ནས་ཉི་མའི་དཀྱིལ་འཁོར་ཀྱི་མཐའ་
རེ་མཐའ་ནས་གསལ་བཏབ། པད་མའི་འདབ་མ་བཞི་ཡོད་སའི་མདུན་གྱི་འདབ་མ་སྒང་
ལ་རྣལ་འབྱོར་མ་ལ་ཡི་དམ་རྣམས་ཀྱིས་བསྐོར་བ། གཡས་ཀྱི་འདབ་མའི་སྒང་ལ་ཤཱཀྱ་
ཐུབ་པ་ལ་སངས་རྒྱས་རྣམས་ཀྱིས་བསྐོར་བ། རྒྱབ་ཀྱི་འདབ་མའི་སྒང་ལ་ཆོས་དཀོན་
མཆོག་ལུང་གི་པོ་ཏིའི་རྣམ་པ་ཅན་དུ་ཡོད་པ། གཡོན་གྱི་འདབ་མའི་སྒང་ལ་བྱང་ཆུབ་
སེམས་དཔའ་འཇམ་དཔལ་ལ་ཐེག་པ་ཆེན་པོའ ་ི དགེ་འདུན་དཀོན་མཆོག་རྣམས་ཀྱིས་
བསྐོར་བ། དེའི་མཐའ་བསྐོར་བར་བར་དུ་བཀའ་སྡོད་སྲུང་མའི་ཚོགས་དང་བཅས་པ་
བཞུགས་འདུག་བསམ་པ་བྱེད། ཡང་སྐྱབས་ཡུལ་དེ་ལ་ཀུན་འདུས་ནོར་བུ་ལུགས་བྱེད་
ནས་གསལ་བཏབ་ནའང་མི་ཆོག་གསུངས་ཡོད་མ་རེད། མདོར་བསྡུས་ན་ཀུན་འདུས་
ནོར་བུ་གཅིག་རང་བྱེད། དེ་དུས་བླ་མ་འཁོར་ལོ་སྡོམ་པ་དེ་སངས་རྒྱས་རྡོ་རྗེ་ཆོས་སམ་
52
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དཔའ་བོ་རྡོ་རྗེ་ཆོས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་དེ་འདྲ་གསལ་བཏབ།
བློ་དག་གི་མི་འདུག་ན་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རྩ་བརྒྱུད་ཀྱི་བླ་མ་ཐམས་
ཅད་སྤྱན་དྲངས་ཏེ་བླ་མ་ལ་ཐིམ། ཡང་འོད་ཟེར་འཕྲོས། ཡི་དམ་ཚང་མ་སྤྱན་དྲངས་ནས་
བླ་མར་ཐིམ། ཡང་འོད་ཟེར་འཕྲོས་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས། དེ་
བཞིན་དུ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་སྤྱན་དྲངས་ཏེ་བླ་མ་ལ་ཐིམ་
ནས་བླ་མ་སྐྱབས་གསུམ་ཀུན་འདུས་ཀྱི་བདག་ཉིད་དུ་གྱུར་སོང་བསམ་པ་བྱེད་ན་ཡིད་
ཆེས་ཆེ་བ་ཡོད་རེད།
བླ་མ་གཅིག་ལ་སྐྱབས་གསུམ་ཚང་དགོས་པ་ཡིན་ཙང་བླ་མའི་སྐུ་དགེ་འདུན་
གསུང་ཆོས་ཐུགས་སངས་རྒྱས་བྱེད་པ་ཡིན་དུས་སྐྱབས་གསུམ་ཀུན་འདུས་རེད་སྡད་
ཡོད་རེད། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ་ཟེར་དུས་དམིགས་པ་
གཙོ་བོ་འཁོར་ལོ་སྡོམ་པ་དང་དེའི་མཐར་གེ་སར་གྱི་སྟེང་ན་ཡོད་པའི་བརྒྱུད་པའི་བླ་
མ་རྣམས་བྱེད། རྫོགས་པའི་སངས་རྒྱསབཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ་
ཞེས་པ་ན་མདུན་གྱི་འདབ་མ་ལ་ཡི་དམ་རྒྱུད་སྡེ་བཞི་དང་གཡས་ཀྱི་འདབ་མ་ལ་སངས་
རྒྱས་དེ་གཉིས་པོ་དེ་སངས་རྒྱས་ཀྱི་ཁུངས་རེད།
ཆོ ས ་ལ་སྐྱབས་སུ་མཆི འོ ་ ཞེ ས ་པ་ན་རྒྱབ་ཀྱི ་ འདབ་མ་ལ་ཆོ ས ་པོ ་ ཏི འི ་ རྣམ་
པ་ཅན་ཡོད་པ་དེ་བྱེད། འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ་ཞེས་པ་
ན་གཡོན་གྱི་འདབ་མ་ལ་ཡོད་པ་དང་མཐའ་བསྐོར་ཀྱི་ཆོས་སྲུང་དང་འདབ་མའི་བར་
གསེང་དུ་དཔའ་བོ་མཁའ་འགྲོ་དེ་རྣམས་བྱེད་རེད།
བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཞེས་པ་བྱང་ཆུབ་དེ་ལ་རྟོགས་པ་བྱང་
ཆུབ་དང་གནས་བྱང་ཆུབ་གཉིས་བྱེད་ན་རྟོགས་པ་བྱང་ཆུབ་དེ་རང་གི་འཐོབ་བྱ་བྱང་
ཆུབ་སྤངས་རྟོགས་མཐར་ཐུག་གཉིས་པོ་དེ་རེད། གནས་བྱང་ཆུབ་དེ་ལ་སྤྲུལ་སྐུའི་
53
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གནས་རྡོ་རྗེ་གདན་དང༌། ལོངས་སྐུའི་གནས་འོག་མིན་སྟུག་པོ་བཀོད་པའི་ཞིང་བཅས་
གཉིས་ཡོད་རེད།
[ᩍ་᫕ᨮᨕ᫙་ᨵ᫦᪱་᪍ᨎ]

དངངས་སྐྲག་བྱེད་ནས་ལམ་སང་སྐྱབས་འགྲོ་བྱེད་པ་ཡོང་གི་ཡོད་རེད། དེ་
དགོས་པ་རེད། ད་དེ་ཁ་སང་མ་ཞུས་པ་རེད་དེ་རིང་ཞུས་རྩིས་བྱེད་ཁག་བྱེད་དེ་ཐུགས་
ལ་ངེས་པ་གནང་གི་མ་རེད། ཚང་མས་མ་ངེས་ནའང་འདྲ། ག་ཚོད་ངེས་པ་གནང་ན་
ཡག་པོ་ཡོད་རེད། ཕར་ཕྱིན་རྩོད་པའི་དགོས་པ་རེད།
མདོར་ན་ཤེས་བྱ་ཐམས་ཅད་གང་ན་ཇི་ཡོད་མངོན་སུམ་དུ་གཟིགས་པ་ཐག་
རིང་ཐུང་མེད་པ་ཡེ་ཤེས་ལ་སྒྲིབ་པ་མེད་པ་དེ་འདྲའི་གཅིག་ཡིན་པ་རེད་བསམ། དེ་
ཡག་པོ་གཅིག་དྲན་ན་སོ་སོས་བག་ཡོད་བསྟེན་པ་ལ་ཕན་གྱི་ཡོད་རེད། ཨ་ད་འདི་
འདྲས་བྱེད་མི་ཉན་སངས་རྒྱས་ཀྱིས་གཟིགས་བཞུགས་ཡོད་རེད་བསམས་དེ་འདྲའི་
དྲན་ཡག་ལ་ཁྱད་ཡོང་གིརེད། དེ་འདྲའི་མཁྱེན་པ་ཡོད་ནའང་བརྩེ་བ་མེད་ན་མཁྱེན་སྡད་
པ་མ་གཏོགས་ང་རང་ཚོ་ཐུགས་བརྩེས་མཇལ་བ་མ་རེད་བརྩེ་བ་ད་གིན་བཤད་པ་ནང་
བཞིན་གཅིག་ཡོད་རེད། ད་ཐུགས་མཁྱེན་པ་ནི་དེ་འདྲ་ཡོད་བརྩེ་བ་ནི་ཡོད། ཐབས་ལ་
ནི་མཁས་པ་ཐབས་མེད་ན་ནི་དེ་ག་རེད་བྱེད་ཡག་ཡོད་མ་རེད། ད་ཐབས་མེད་ན་སོ་
སོས་མ་བྱུང་བ་རེད། བྲག་ཕུག་ཁ་བྱང་བསྟན་ནང་ལ་ཉི་མའི་འོད་ཕོག་ཐབས་ཡོད་མ་
རེད་ཉི་མ་མར་ཕྱོགས་རིས་མེད་པར་ཤར་ཡོང་བ་རེད་བྲག་ཕུག་ཁ་བྱང་ལ་བསྟན་སྡད་
ཙང་ཁོའ ་ི ནང་ཉི་མའི་འོད་ཕོག་གི་ཡོད་མ་རེད།
དེ་མི་ཕོག་ཡག་དེ་ཉི་མའི་སྐྱོན་མ་རེད་བྲག་ཕུག་གི་སྐྱོན་རེད། ཐབས་ཡོད་ཕྱིན་
ཆད་ཐབས་མི་ཤེས་པ་དང་མི་མཛད་པ་ཡོད་མ་རེད། དེ་ཡིན་ཙང་ཐབས་ཡོད་མེད་རང་
ལ་རག་ལས་པ་རེད། སྒྲིབ་པ་སྦྱངས། ཚོགས་བསག །གསོལ་བ་བཏབ། སྨོན་ལམ་
54
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རྒྱབ། ག་ནས་ཡིན་ནའང་གཅིག་བྱེད་ཁག་བྱེད་ཀྱི་ཡིན་ན་ནི་དུས་ལ་བབ་ཡག་གཅིག་
ཡོད་རེད། ད་མཐུ་ནི་ཤིན་ཏུ་ནས་ཆེན་པོ་མཐུ་ལ་ཆ་གཞག་ན་སྐུ་གསུང་ཐུགས་ཕར་
བཞག་སྐུའི་བ་སྤུའི་བུ་ག་རེ་རེའི་ནང་ནས་འོད་ཟེར་རེ་རེ་སྤྲོས་ཡོང་དུས་སེམས་ཅན་
གྲངས་མེད་པ་དཔག་ཏུ་མེད་པ་འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་ཕྲག་སྟོང་ཕྲག་ཁྲི་ཕྲག་
ཡིན་ནའང་ཆེ་རུ་མི་འགྲོ་ཆུང་ངུ་མི་འགྲོ་འོད་ཟེར་ཁུང་བུ་གཅིག་གི་ནང་དུ་ཆུད་པར་
བྱེད་ནས་སྐད་ཅིག་སྐད་ཅིག་ལ་སྟོན་ཐུབ་ཀྱི་ཡོད་རེད། དེ་ཚོ་ལ་ལོ་རྒྱུས་བཤད་རྒྱུ་
ཡོད་རེད།
སྔོན་མ་སངས་རྒྱས་མཆོག་གི་སྤྲུལ་སྐུ་འཇིག་རྟེན་ནང་བྱོན་དུས་ཀྱི་མཛད་པ་
རྣམ་ཐར་ལོ་རྒྱུས་ཡོད་རེད། ད་དེ་འདྲའི་ཡིན་ཙང་དཀོན་མཆོག་ལ་སྐྱབས་སུ་འགྲོ་བའི་
ཡིད་ཆེས་ཀྱི་དད་པའི་སྒོ་ནས་དད་པ་ཡག་པོ་བྱེད་སྐྱབས་འགྲོ་བྱེད། དེ་ནས་བདག་གིས་
རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ལ་ཟེར་དུས་བྱང་ཆུབ་དོན་གཉེར་
དང༌། ངས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ནས་སེམས་ཅན་ཐམས་ཅད་འཁོར་
བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཟེར་དུས་གཞན་དོན་དོན་གཉེར་ཡིན་ཙང་
གཞན་གྱི་དོན་དུ་བྱང་ཆུབ་དོན་དུ་གཉེར་བའི་སེམས་བསྐྱེད་རེད། སེམས་ཅན་ཐམས་
ཅད་ཅེས་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཚད་མེད་བསྟན་འཁོར་བའི་སྡུག་བསྔལ་
གྱི་རྒྱ་མཚོ་ལས་བསྒྲལ་ཞེས་སྙིང་རྗེ་ཚད་མེད་བསྟན། བྱང་ཆུབ་ཀྱི་བདེ་བ་ལ་འགོད་
པར་བྱ་ཞེས་བྱམས་པ་ཚད་མེད་བསྟན་གྱི་ཡོད་རེད། དེའི་ཕྱིར་དུ་རྡོ་རྗེ་རྣལ་འབྱོར་མའི་
ལམ་གྱི་རིམ་པ་ཉམས་སུ་བླང་བར་བགྱིའོ། དེ་ཡང་བདེ་བ་ལྡན་པར་འདོད་པ་བྱམས་པ་
དང་བདེ་བ་དང་མི་འབྲལ་བར་འདོད་པ་དགའ་བ་ཟེར་བ་ཡིན་ཙང་སྐབས་འདིར་དགའ་
བ་ཚད་མེད་ཤུགས་བསྟན་བྱས་ནས་དེ་ལ་སྨོན་སེམས་འཇུག་སེམས་གཉིས་ཀ་ཚང་
ཡོད་རེད།
55
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རྣལ་འབྱོར་མའི་ལམ་ཉམས་སུ་བླང་བར་བྱའོ་ཞེས་པས་སྤྱོད་པ་ལ་སློབ་པར་
དམ་བཅའ་བ་ཡིན་ཙང་འཇུག་སེམས་ཚང་ཡོང་བ་རེད། དེ་ཡང་བདེ་བ་ལ་འགོད་ས་
བདེ་བ་དེ་རྫོགས་བྱང་གི་བདེ་བ་ཡིན་དུས་སངས་རྒྱས་ཀྱི་བདེ་བ་དེ་མི་འགྱུར་བའི་བདེ་
བ་ཡིན་ཙང་སེམས་ཅན་ཐམས་ཅདབདེ་བ་དེ་ལ་གནས་ན་རང་ཉིད་ཡང་ཚིམ་པ་ཡིན་
ཙང་དགའ་བ་ཚད་མེད་ཤུགས་ལ་བསྟན་ཡོང་བ་རེད། དེ་ནས་བཏང་སྙོམས་ཚད་མེད་
ཀྱི་ཕྱོགས་གཅིག་བཏང་སྙོམས་ཆེན་པོའ ་ི ཚད་མེད་ཀྱི་ཕྱོགས་གཅིག་དེ་ལ་ཚང་ཡོང་བ་
རེད་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་སོང་ན་སེམས་ཅན་ཆགས་སྡང་བྱེད་ས་
ཡོད་མ་རེད།
འཇིགས་བྱེད་ཀྱི་སྐབས་སུ་གཟུང་འཛིན་གྱི་རྣམ་རྟོག་གིས་མི་བསྐྱོད་པའི་བཏང་
སྙོམས་ལ་གནས་པར་བྱའོ། །
ཟེར་ཡག་དེ་རེད། གཟུང་བ་ཡུལ་དང་འཛིན་པ་ཡུལ་ཅན་གཉིས་བདེན་པར་འཛིན་པའི་
རྣམ་རྟོག་གི་དབང་གིས་ལས་བསགས་ཏེ་འཁོར་བ་ན་འཁོར་བསྡད་པ་ཡིན་ཙང་གཟུང་
འཛིན་གྱིས་མི་བསྐྱོད་པའི་བཏང་སྙོམས་དེ་སངས་རྒྱས་ཀྱི་གོ་འཕང་རེད། དེ་དང་མཐུན་
པ་རེད། སྐབས་ཀྱི་བསྐྱར་བཤད་འོག་གི་(74) ད་དེའི་འོག་ཏུ་སྐྱབས་གསོལ་བརྗོད་
ཡག་སྐྱབས་གསོལ་དེ་ལག་གཉིས་ཐལ་མོ་སྦྱར་ནས་བླ་མ་དང་དཀོན་མཆོག་རིན་པོ་
ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་ཁྱེད་རྣམས་ཀྱིས་བདག་གི་རྒྱུད་
བྱིན་གྱིས་བརླབ་ཏུ་གསོལ། དམིགས་པ་ག་རེ་བྱེད་དགོས་རེད་ཟེར་ན་རང་གིས་དབུ་
མཛད་བྱས་ཚང་མས་འུར་ཆེམ་ཆེམ་འདོན་སངས་རྒྱས་ལ་སྡུག་སྐད་བརྒྱབ། སངས་
རྒྱས་ཀྱིས་སེམས་ཅན་ཚོ་ལ་མར་གཟིགས་ནས་བརྩེ་བ་ཆེན་པོ་ཡོད་པའི་སྒང་ལ་ཡར་
སྐད་རྒྱབ་བཞག་པ་ཡིན་ཙང་ཐུགས་རྒྱུད་ཤིན་ཏུ་ནས་མི་བཟོད་པ་འདྲ་པོ་བྱེད་ཐུགས་
རྒྱུད་བསྐུལ་ནས། ད་ལྟ་རང་༧སྐྱབས་ཡག་གི་དགོངས་པ་བཞེས་ཏེ་སྐྱབས་ཡུལ་རྣམས་
56
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཀྱི་སྐུ་ལས་འོད་ཟེར་འཕྲོས་དེ་ཡང་སངས་རྒྱས་ལས་འོད་ཟེར་སྔོན་པོ། ཆོས་ལས་འོད་
ཟེར་དམར་པོ། དགེ་འདུན་ལས་འོད་ཟེར་དཀར་པོ་འཕྲོས་ཏེ་སེམས་ཅན་ཐམས་ཅད་
ཀྱི་སྤྱི་བོ་ནས་མར་ཞུགས་དཀོན་མཆོག་ལ་བརྟེན་པའི་སྡིག་པ་མདོར་ན་ཐོག་མེད་ནས་
བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་སྟེ་སྐུ་གསུང་ཐུགས་ཀྱི་བྱིན་བརླབས་
འཇུག། དེ་ལྟ་བུའི་སྡིག་སྒྲིབ་སྦྱངས་བ་དང་བྱིན་བརླབས་འཇུག་པ་སྟེ་སྦྱངས་འཇུག་
གཉིས་ཀྱི་དམིགས་པ་གང་དྲག་དྲག་བྱེད། སྡིག་སྒྲིབ་སྦྱངས་པའི་དམིགས་པ་དེ་ལ་
ཡས་འདེད་མས་འདེད་ཕུང་འདེད་གསུམ་སྐབས་འདི་ལ་ཡང་སྦྱར་ཆོག་པ་རེད། ད་ནས་
བཟུང་སྟེ་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཆུད་ནས་དཀོན་མཆོག་གིས་བདག་
པོ་སྤྲད་སོང་བསམ་པ་བྱེད་དགོས་པ་རེད། (སྤྱོད་འཇུག་ལས།
བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །
སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱིད། །
ཅེས་པ་དེ་རེད། དེ་ལྟ་བུའི་ᩊངས་འཇུག་ཆུད་གསུམ་པོ་དེ་སྐྱབས་འགྲོའ ་ི དམིགས་པ་
ལ་དགོས་པ་རེད། སྐྱབས་གསོལ་བརྗོད་ནས་སྐྱབས་གནས་འོད་དུ་མ་ཞུ་གོང་སྐུ་ལས་
བདུད་རྩི་བབས་ཡོང་དུས་བདུད་རྩི་དེ་འོད་ཟེར་རྣམ་པ་ལྔ་དང་བཅས་ཏེ་བབས་དགོས།
མར་ཞུགས་ཡོང་དུས་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་ཞུགས་དགོས་
པ་རེད། མཐར་སེམས་ཅན་རྣམས་སེམས་ཟག་མེད་ཆོས་སྐུ་དང་ལུས་ཟག་མེད་ལོངས་
སྐུ་རྡོ་རྗེ་རྣལ་འབྱོར་མར་གྱུར་ནས་བྱ་བརྒྱ་ནམ་མཁར་ཕུར་བ་ལྟར་བྱས་ཏེ་རང་རང་གི་
དག་ཞིང་དུ་གཤེགས་སོང་བསམ་པ་བྱེད། སེམས་ཅན་གཤེགས་ལུགས་དེ་རེད།།

57
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

སྐད་ཅིག་དཀྲོང་བསྐྱེད།

༈ ད་སྐད་ཅིག་དཀྲོང་བསྐྱེད་བྱ་རྒྱུ་ཡིན་དུས་དེ་ལ་སྐུ་གསུམ་ལམ་འཁྱེར་གྱི་གནད་ཚང་
བའི་རྒྱས་པ་དེ་བྱེད་ན་ཡག་པོ་ཡོད་རེད། མདུན་གྱི་སྐྱབས་ཡུལ་འོད་ཟེར་དཀར་དམར་
མཐིང་གསུམ་རྣམ་པར་ཞུ་ནས་རང་གི་སྤྱི་བོའམ་སྨིན་མཚམས་བྱིན་རླབས་འཇུག་
པའི་སྒོ་གང་རུང་ནས་ཞུགས་ཡོང་བ་དང༌། བླ་མའི་བྱིན་རླབས་སེམས་ལ་ཞུགས་པའི་
རྐྱེན་གྱིས་རང་གི་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག། རང་གི་སེམས་
དང་བླ་མའི་ཐུགས་བདེ་བ་ཆེན་པོ་གཉིས་ངོ་བོ་དབྱེར་མེད་དུ་གྱུར་ནས་རང་གི་ལུས་
སེམས་བདེ་བ་ཆེན་པོའ ་ི ངོ་བོར་བདེ་ལྷམ་ལྷམ་སྐྱེས། བླ་མ་ཡི་དམ་རང་སེམས་གསུམ་
ངོ་བོ་དབྱེར་མེད་དུ་གྱུར། ལུས་ཤ་ཁྲག་གདོས་བཅས་དང་བཅས་པ་བྱང་ཞིང་དག་ནས་
དམིགས་མེད་དུ་ཡལ་ནས་སྟོང་པར་བྱེད། སྟོང་པ་དེ་ལ་དམིགས་པའི་བླ་མ་དང་རང་
སེམས་འདྲེས་པའི་ཐུགས་བདེ་བ་ཆེན་པོ་དེ་ཆོས་སྐུ་རེད། དེ་ལ་ཆོས་སྐུའི་ང་རྒྱལ་
བཞག། །དེ་དོན་དམ་པའི་སྐྱབས་རེད། སྤྱིར་བཏང་སྐྱབས་འགྲོ་དེ་ལ་ཕྱིའི་སྐྱབས་འགྲོ་
ནང་གི་སྐྱབས་འགྲོ་གསང་བའི་སྐྱབས་འགྲོ་དེ་འདྲ་ཡོད་རེད།
རྩ་དང་རླུང་དང་ཐིག་ལེ་གསུམ། །
དེ་གསུམ་ནང་གི་སྐྱབས་འགྲོ་ཡིན། །
མི་ལའི་གསུང་གི་ནང་ལ་ཡོད་རེད། དེ་ཚོ་ཚང་མ་རྒྱས་པ་བྱེད་ན་ང་རང་ཚོའི་ཆོས་
ནང་ཡང་བཤད་པ་ཡོད་རེད། དེ་ལ་དོན་དམ་པའི་བླ་མའི་རྣལ་འབྱོར་ཡང་ཟེར་བ་རེད།
ད་དེ འི ་ ངང་ནས་རང་གི ་ལུས་དང་སྡིག ་སྒྲིབ ་སྣང་བའི ་ འདུས་བྱས་དང་བཅས་པ་མི ་
དམིགས་པའི་སྟོང་པ་ཉིད་དུ་གྱུར་སྙམ་དུ་སྟོང་པ་བསྒོམ་པའི་བདེ་སྟོང་གི་ཡེ་ཤེས་ཆོས་
ཀྱི་སྐུ། དེ་ལ་དམིགས་པའི་བདེ་བ་དེ་ལོངས་སྐུ། བདེ་སྟོང་དབྱེར་མི་ཕྱེད་པ་བསྒོམ་བདེ་
58
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

སྟོང་དེའི་ངང་ནས་སྐད་ཅིག་ཀྲོང་བསྐྱེད་བྱེད་དུས་རང་ལུས་སྦྱངས་ཚར་བ་རེད། བདེ་
སྟོང་གི་གཟུང་རྣམ་འོད་དམར་པོ་ཁྲུ་གང་ཙམ་མམ་མི་ཚད་ཙམ་གཅིག་བདེ་བ་ཆེན་པོའ ་ི
རང་བཞིན་འོད་དམར་པོ་ལོངས་སྤྱོད་རྫོགས་པའི་སྐུ་དེ་ང་ཡིན་བསམ་པ་དེ་ལོངས་སྐུའི་
ལམ་འཁྱེར་རེད།
དེ ་ ནས་འོ ད་དམར་པོ་དེ་མཐུག་རུ་མཐུག་རུ་ཕྱི ན ་ཏེ ་ རགས་པ་ཆགས་ནས་
དེ་ལ་ཞལ་དང་ཕྱག་བཅས་ལམ་གྱིས་གྲུབ་ཡོང་དུས་རྣལ་འབྱོར་མ་ཞལ་གཅིག་ཕྱག་
གཉིས་རྒྱན་ཆ་ལུགས་དང་ལྡན་པ་དང་པོ་ཉིད་ནས་བཞུགས་གདན་དེ་གསལ་བཏབ་
ན་ཆོག་གི་ཡོད་རེད། རང་ཉིད་སྐད་ཅིག་གི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་གྱུར་ཟེར་
ཡག་དེ་རགས་པའི་སྤྲུལ་སྐུ་ཡིན་བསམ་པ་བྱེད། ད་སྐུ་གསུམ་ལམ་འཁྱེར་ཚང་སོང་
བ་རེད། རགས་པའི་སྤྲུལ་སྐུ་ཟེར་ཡག་དེ་སེམས་ཅན་ཐ་མལ་པ་ཚོས་ཀྱང་མཇལ་ཐུབ་
ཡག་གཅིག་ཡིན་བསམ་དགོས་རེད། ལོངས་སྐུ་དེ་བྱང་སེམས་འཕགས་པ་ཡན་ཆད་
མ་གཏོགས་མཇལ་ཐུབ་ཀྱི་ཡོད་མ་རེད། ཆོས་སྐུ་དེ་སངས་རྒྱས་ནང་ཕན་ཚུན་མ་
གཏོགས་མཇལ་ཐུབ་པ་མ་རེད། ཆོས་ལོངས་སྤྲུལ་གསུམ་གྱི་ཁྱད་པར་དེ་ཤེས་དགོས་
རེད། ད་སྐད་ཅིག་ཀྲོང་བསྐྱེད་འགྲིག་སོང་བ་རེད། ད་ཡང་བདེ་སྟོང་བསྒོམ་པའི་སྐབས་
སུ་བདེ་བ་ལོངས་སྐུ་སྟོང་པ་ཆོས་སྐུ་བདེ་སྟོང་ཡེ་ཤེས་ཀྱི་སྣང་ཡུལ་དེ་སྤྲུལ་སྐུ་བྱེད་ནས་
དོན་དམ་སེམས་བསྐྱེད་ཚང་བ་ཡིན་གསུངས་པ་རེད།
འོད་ཟེར་དཀར་པོ་དེ་སྤྱི་བོ་ལ་བཀོད་དགོས་ཡག་དེ་སྐུ་གསུང་ཐུགས་གསུམ་
གྱི་ནང་ནས་དགེ་འདུན་སྐུ་རེད་ཆོས་གསུང་རེད། སངས་རྒྱས་དེ་ཐུགས་རེད། སྐུའི་
གཙོ་བོ་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་རེད། རྣམ་སྣང་གི་ས་བོན་དེ་ཨོཾ་རེད། ཨོཾ་བཀོད་
སའི་གནས་དེ་སྤྱི་བོ་རེད། ཨོཾ་སྤྱི་བོར་བཀོད་དགོས་པའི་རྒྱུ་མཚན་དེ་ད་རེས་བཤད་
དགོས་མ་རེད་རྒྱུད་ནང་ལ་གནས་གསུམ་ཡི་གེ་བཀོད་པའི་ལོ་རྒྱུས་ཚང་མ་གསལ་
59
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པོ་ཡོད་རེད། རྣམ་སྣང་སྐུ་རྡོ་རྗེ་མདོག་དཀར་པོ་ཡིན་པའི་རྐྱེན་གྱིས་དགེ་འདུན་དཀོན་
མཆོག་འོད་ཟེར་དཀར་པོའ ་ི རྣམ་པར་ཞུ་དགོས་ཡག་དེ་རེད། དེ་བཞིན་དུ་གསུང་རྡོ་
རྗེ་འོད་དཔག་མེད་སྐུ་མདོག་དམར་པོ་རེད་འོད་དཔག་མེད་ཀྱི་ས་བོན་ཨཱཿབཀོད་སའི་
གནས་དེ་མགྲིན་པ་ཡིན་ཙང་མགྲིན་པར་ཨཱཿ དམར་པོ་ཟེར་ཡག་དེ་རེད།
ཆོ ས ་དཀོ ན ་མཆོ ག ་འོ ད ་ཟེ ར ་དམར་པོ འ ་ི རྣམ་པར་ཞུ་དགོ ས ་ཡག་དེ ་ རེ ད །
ཐུགས་རྡོ་རྗེ་མི་བསྐྱོད་པ་རེད་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ཡིན་ཙང་མི་བསྐྱོད་པའི་
ས་བོན་ཧཱུཾ་སྔོན་པོ་སྙིང་ཁར་བཀོད་པ་དང་སངས་རྒྱས་དཀོན་མཆོག་འོད་ཟེར་སྔོན་པོའ ་ི
རྣམ་པར་ཞུ་དགོས་ཡག་སོགས་རྒྱུ་མཚན་དེས་རེད། ས་སྐྱའི་ལུགས་ལ་བདག་བསྐྱེད་
ཏིང་ངེ་འཛིན་གྱི་ཆེ་བ་མདུན་བསྐྱེད་མཆོད་པའི་ཆེ་བ་ཡིན་ཙང་བདག་བསྐྱེད་ལ་མཆོད་
པ་ཕུལ་མི་དགོས། ཏིང་ངེ་འཛིན་ཁོ་རང་བསྒོམ་སྡད་རྒྱུ་རེད། མདུན་བསྐྱེད་ཀྱི་སྐབས་སུ་
མདུན་དུ་ལྷ་གསལ་བཏབ་སྟེ་མཆོད་པ་རྒྱ་ཆེན་པོ་ཕུལ་ནས་ཚོགས་བསགས་དགོས་པ་
ས་སྐྱ་གསང་སྔགས་པའི་ལུགས་སྲོལ་ལ་དེ་འདྲ་རེད། ང་རང་ཚོས་བདག་བསྐྱེད་ལའང་
མཆོད་པ་ཕུལ་དགོས་རེད་མདུན་བསྐྱེད་ལའང་མཆོད་པ་ཕུལ་དགོས་རེད། ལྷག་པར་
གཙོ་བོ་བདག་བསྐྱེད་ལ་མཆོད་པ་ཕུལ་དགོས་པའི་རྒྱུ་མཚན་དེ་སངས་རྒྱས་ཀྱི་སའི་
འབྲས་བུ་ཡོངས་དག་བཞི་ཐོབ་དགོས་པ་ཡིན་ཙང་དེ་དང་རྣམ་པ་མཐུན་པ་ད་ལྟ་ལམ་
དུས་ནས་བསྒོམ་དགོས་པ་རེད།
ཡོངས་དག་བཞི་ནི་ཞིང་ཡོངས་སུ་དག་པ་འོག་མིན་སྟུག་པར་བཀོད་པ། སྐུ་
ཡོངས་སུ་དག་པ་མཚན་དཔེས་སྤྲས་པའི་སྐུ། ལོངས་སྤྱོད་ཡོངས་སུ་དག་པ་ཟག་མེད་
ཀྱི་ལོངས་སྤྱོད་ཁོ་ན། མཛད་པ་ཡོངས་སུ་དག་པ་འབད་པ་མེད་པ་དང་ལྷུན་གྱིས་གྲུབ་
པ་གཉིས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་མཛད་པ། དེ་ཚོ་འཐོབ་དགོས་པ་ཡིན་ཙང་རྒྱུ་
ལ་ད་ལྟ་ནས་བསླབ་དགོས། དེ་ཡིན་ཙང་རང་ལྷར་བསྐྱེད་ནས་བསྒོམ་པ་དེ་སྐུ་ཡོངས་སུ་
60
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དག་པའི་རྒྱུ་རེད། རང་སྡད་ས་གཞལ་ཡས་ཁང་བསྒོམ་ཡག་དེ་ཞིང་ཡོངས་སུ་དག་པའི་
རྒྱུ་རེད། འབྲས་བུ་དང་རྣམ་པ་མཐུན་པ་ད་ལྟ་ནས་བསྒོམ་གྱི་ཡོད་རེད། མཆོད་པ་བྱིན་
གྱིས་བརླབས་ནས། ཟག་མེད་ཀྱི་མཆོད་པ་བྱིན་གྱིས་བརླབས། གཤམ་ཡག་གཏིང་
ནང་འབྲུ་འདྲ་པོ་གཅིག་ལས་མེད་ནའང་སྟོང་སྦྱངས་བྱེད་ནས་བསྐྱེད་ཡོང་དུས་ཨ་ལས་
ཐོད་པའི་ནང་དུ་མཆོད་པ་རྒྱ་ཆེན་པོ་བར་སྣང་ས་གཞི་གང་བ་བྱེད་དེ་མཆོད་ལྷ་སྤྲུལ་
ནས་ཕུལ་ཡོང་དུས་ཟག་མེད་ཀྱི་མཆོད་པ་ཕུལ། དེ་ལ་བརྟེན་ནས་དབང་པོ་དྲུག་ལ་ཟག་
མེད་ཀྱི་བདེ་བ་སྐྱེད་པའི་དམིགས་པ་བྱེད་ཡག་དེ་མ་འོངས་པ་ན་ཟག་མེད་ཀྱི་མཆོད་
པ་ལ་ལོངས་སྤྱོད་ཡག་གི་རྒྱུ་རེད། ད་ལྟ་གོང་ནས་འབྲས་བུ་དང་རྣམ་པ་མཐུན་པ་ཡིད་
ལ་བྱེད་ནས་བསྒོམ་བཞག་པ་རེད། མཛད་པ་ཡོངས་སུ་དག་པ་ཟེར་ཡག་དེ་སྔགས་
བགྲངས་དགོས་རེད།
དཀྱིལ་འཁོར་རྒྱས་ཆོག་དེ་ཡང་རེད་དེ་མེད་ནའང་བཟླས་པ་རེད་བཟླས་པའི་
སྒང་ལ་སྤྲོ ་ བསྡུ་བྱས་ཏེ ་ སེ མ ས་ཅན་གྱི ་ དོ ན ་བྱེ ད ་སངས་རྒྱས་ཀྱི ་ བྱི ན ་རླབས་ཚུར་
བསྡུས་པ་དེ་སངས་རྒྱས་ཀྱི་མཛད་པ་རང་རེད། དེ་མཛད་པ་དང་མཐུན་པ་བསྒོམ་པ་
རེད། ཕར་ཕྱིན་ཐེག་པའི་སྐབས་སུ་སངས་རྒྱས་སྒྲུབ་ཡག་གི་རྒྱུ་བསོད་ནམས་དང་ཡེ་
ཤེས་ཀྱི་ཚོགས་གཉིས་བསགས་པ། ལོངས་སྤྱོད་སྒྲུབ་ཡག་ལ་སྦྱིན་སོགས་ཕ་རོལ་ཏུ་
ཕྱིན་པ་དྲུག་གི་ཉམས་ལེན་བྱེད། སངས་རྒྱས་ཀྱི་ཞིང་སྒྲུབ་ཡག་ལ་ཞིང་དག་སྦྱོར་བའི་
སྐབས་སུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་དམིགས་པ་རེད།
དེ་འདྲ་མ་གཏོགས་འབྲས་བུ་དང་རྣམ་པ་མཐུན་པ་ད་ལྟ་རང་ལམ་དུ་བསྒོམ་ཡག་
ཡོད་མ་རེད། དེ་ཡིན་ཙང་སངས་རྒྱས་ཀྱི་སའི་འབྲས་བུ་ཡོངས་དག་བཞི་དང་རྣམ་པ་
མཐུན་པ་ད་ལྟ་རང་ལམ་དུ་བསྒོམ་དུ་ཡོད་མེད་དེ་མདོ་སྔགས་ཐེག་པ་གཉིས་ཀྱི་ཁྱད་
པར་ལྟེ་བ་དེ་དེ་རེད། ལོངས་སྤྱོད་དང་རྣམ་པ་མཐུན་པ་བསྒོམ་དགོས་ཙང་མཆོད་པ་
61
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཕུལ་དགོས། དེས་ན་མཆོད་པ་བྱིན་གྱིས་རླབས་དགོས་ཙང་མཆོད་པ་ལ་གཏོར་ཡག་
གི་ནང་མཆོད་བྱིན་གྱིས་བརླབས་ནས་ཐ་མལ་སྣང་ཞེན་སྦྱངས་ཏེ་དག་པ་ཡེ་ཤེས་ཀྱི་ངོ་
བོ་བསྐྱེད་པ་ལ་རང་ལ་ཐ་མལ་ཀྱི་སྣང་ཞེན་མེད་པ་གཅིག་དགོས་རེད། དེ་ཡིན་ཙང་རང་
ཉིད་སྐད་ཅིག་ཀྲོང་བསྐྱེད་བྱེད་ཡག་དེ་རེད། ད་སྐྱབས་ཡུལ་མར་ཐིམ་པའི་རྐྱེན་གྱིས་
རེད་ད་ལྟ་སྐྱབས་ཡུལ་སྐབས་རེད། ཡང་ཁ་ཤས་སར་བླ་བརྒྱུད་བཏོན་ཡོད་རེད། དེ་
དུས་ཀྱང་བརྒྱུད་པའི་བླ་མ་ཐིམ་པའི་རྐྱེན་གྱིས་རེད། ཐིམ་པའི་སྐབས་སུ་[ᨪ᪠᫥་᫘᫞་
᫞᪱་ᪧ་᪠ᩃ᩶་ᨵᩏ་᫗ᨑ᪄་᩶᪏᩶་] འོད་དམར་པོའ ་ི རྣམ་པ་རང་ལ་ཐིམ་པས་རང་གི་ལུས་
ཤ་རུས་གདོས་བཅས་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྟོང་ཡལ་དུ་སོང་ནས་སྣང་བ་
སྟོང་སང༌། མྱོང་ཡུལ་བདེ་བ། ངེས་ངོར་རང་བཞིན་མེད་པའི་སྟོང་པ་ཉིད་གསུམ་ཚོགས་
པ་དེ་ཆོས་སྐུ་དངོས་ཡིན་བསམ་པ་བྱེད་ན་འཆི་བ་ཆོས་སྐུའི་ལམ་འཁྱེར་རེད།
སྟོང་པའི་ངང་ལས་སྣ་ཚོགས་པདྨ་ཕྱོགས་བཞིའི་འདབ་མ་དམར། མེ་རླུང་
གཉིས་སེར། བདེན་བྲལ་ལྗང༌། དབང་ལྡན་ནག། ལྟེ་བ་ལྗང༌། གེ་སར་སེར་བའི་དབུས་
སུ་ཉི་མའི་དཀྱིལ་འཁོར་ལྷ་ཆེ་ཆུང་ལ་དཔག་པའི་འདོམ་གང་གི་ཚད་དེ་ཡང་གོར་གོར་
བསམ་བློ་བཏང༌། ཉི་མའི་དཀྱིལ་འཁོར་དེའི་སྒང་ལ་བདེ་སྟོང་ཡེ་ཤེས་ཀྱི་གཟུང་རྣམ་
འོད་དམར་པོ་ཁྲུ་གང་ཡན་མན་གྱི་ཚད་ཙམ་ཡར་ཙོག་ཙོག་གཅིག་བསམ་བློ་བཏང༌།
དེ་ང་ཡིན་བསམ་སྟེ་རང་གི་ལུས་འདྲ་པོ་དེ་བྱེད། དེ་ལོངས་སྤྱོད་རྫོགས་པའི་སྐུ་དངོས་
ཡིན་སྙམ་དུ་ལོངས་སྐུའི་ང་རྒྱལ་བཞག་དུས་བར་དོ་ལོངས་སྐུའི་ལམ་འཁྱེར་ཚང་ཡོང་
བ་རེད།
དེ་འདྲའི་འོད་དེ་ཆེ་རུ་ཆེ་རུ་མཐུག་རུ་མཐུག་རུ་འགྲོ་ནས་མཐར་ལྷ་སྐུར་གྱུར་
ཏེ་ཞལ་ཕྱག་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་རགས་པ་སེམས་ཅན་སོ་སོ་སྐྱེ་བོ་
ཚོས་མཇལ་ཐུབ་ཚོད་གཅིག་ཏུ་གྱུར་ཡོང་དུས་སྤྲུལ་སྐུ་མངོན་དུ་གྱུར་སོང་བསམ། རྡོ་
62
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རྗེ་རྣལ་འབྱོར་མ་སྤྲུལ་པའི་སྐུ་དེ་ང་ཡིན་བསམ་པ་ན་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་དེ་
ཚང༌། རྣལ་འབྱོར་མ་བསྒོམ་སྟངས་ཤེས་ཀྱི་རེད་ཨང་། བདག་བསྐྱེད་ཚར་དུས་ཀྱི་རྣལ་
འབྱོར་མ་དང་ད་ལྟ་སྐད་ཅིག་དཀྲོང་བསྐྱེད་ཀྱི་རྣལ་འབྱོར་མ་གཉིས་ལྷ་གཅིག་ལས་མེད་
ཙང་ཕྱག་མཚན་རྒྱན་ཆ་རུས་རྒྱན་ཞབས་མནན་ཚང་མ་གཅིག་པ་རེད་ད་དེ་འགྲིག་པ་
བྱེད།
ནང་མཆོད་བྱིན་བརླབᨎ

༈ ད་ནང་མཆོད་བྱིན་གྱིས་བརླབས་པ་ལ། བསང་བ། སྦྱངས་བ། བསྐྱེད་པ། བྱིན་


གྱིས་བརླབས་པ་དང་བཞི། བསང་བ་ནི་ཨོཾ་ཁཎྜ་རོ་ཧི་བརྗོད་དུས་ནང་མཆོད་ཁོ་རང་ལ་
བསང་ཡག་ཡོད་མ་རེད་ཏིང་ངེ་འཛིན་གྱིས་བསང་བ་ཁོ་རང་གིས་འགྲིག་པ་བྱེད། རང་
རྣལ་འབྱོར་མར་གསལ་བའི་ཐུགས་ཀའི་ས་བོན་བཾ་ཡིག་གི་ནཱ་དའི་རྩེ་མོ་ནས་ལྷ་མོ་
ཁཎྜ་རོ་ཧི་མ་ཞལ་བཞི་ཕྱག་བཞི་གཡས་གྲི་གུ་དང་ཌཱ་མ་རུ་གཡོན་ཐོད་པ་དང་ཁ་ཊྭཱཾ་ག་
འཛིན་པ། དེ་འདྲ་གཅིག་ནས་བརྒྱ་སྟོང་མང་པོ་ག་ཚོད་སྤྲུལ་ནའང་ཆོག་གི་རེད། གཅིག་
གིས་ཀྱང་ནང་མཆོད་བསྒྲུབ་གཞི་ལ་གནས་པའི་བགེགས་ཐམས་ཅད་བྱ་ཁྲ་གཅིག་གིས་
བྱིའུ་མང་པོ་དེད་འགྲོ་བ་ནང་བཞིན་རྒྱ་མཚོའི་ཕ་རོལ་ཏུ་བསྐྲད། བཅུ་སྤྲུལ་པ་ཡིན་ན་
ཕྱོགས་མཚམས་རེ་རེ་ལ་ལྷ་མོ་རེ་རེས་ཕྱོགས་བཅུ་ལ་བསྐྲད་པའི་མོས་པ་བྱེད། དེ་ལ་
མང་བ་སྤྲུལ་ན་ཕྱོགས་མཚམས་ཐམས་ཅད་དུ་བསྐྲད་པ་མོས་པ་བྱེད། བསྐྲད་ཚར་ནས་
ལྷ་མོ་རྣམས་ཐུགས་ཀར་ཚུར་བསྡུ་དགོས་པ་རེད།
འཇུག་ན་རྡོ་རྗེ་སྤྲོ་བར་བྱ། །
རྫོགས་ན་རྡོ་རྗེ་བསྡུ་བར་བྱ། །
གསུངས་ཡོད་རེད། བསྡུ་དགོས་ཡག་དེ་རྫོགས་རིམ་སྐབས་སུ་རླུང་ཚང་མ་སྙིང་གའི་
63
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རྩ་དབུ་མའི་ནང་དུ་བསྡུ་ཡག་གི་སྨིན་བྱེད་རེད། ད་བསང་བ་དེས་འགྲིག་པ་བྱེད།
༈ སྦྱངས་བ་ནི་ཐ་མལ་པའི་སྣང་ཞེན་སྦྱངས་པ་རེད། དེ་ཡང་སྭ་བྷཱ་ཝའི་སྔགས་
བརྗོད་དུས་སྦྱང་ཡག་ཐ་མལ་རང་འགའ་བར་སྣང་བ་དང་བདེན་གྲུབ་སྣང་བའི་འཛིན་པ་
གཉིས་སྦྱངས་དགོས་པ་རེད། ང་རང་ཚོར་གང་སྣང་ནའང་བདེན་པར་གྲུབ་པ་སྣང་བ་
དང་ཐ་མལ་རང་འགའ་བར་སྣང་བ་མ་གཏོགས་ཐ་སྙད་ཀྱིས་ཕར་བཏགས་པ་ཙམ་དང་
དག་པ་རབ་འབྱམས་འབའ་ཞིག་སྣང་ཐུབ་ཀྱི་ཡོད་མ་རེད། སྭ་བྷཱ་ཝ་རང་བཞིན་ཤུདྷྭ་
དག་པ་སརྦ་དྷརྨ་ཆོས་ཐམས་ཅད་སྭ་བྷཱ་ཝ་ཤུདྷོ་ཉཧཾ་རང་བཞིན་གྱི་རྣམ་པར་དག་པའི་
བདག་ཉིད་དེ་ངའོ།།
༈ བསྐྱེད་པ་ལ། སྣོད་བསྐྱེད་པ་དང་བཅུད་བསྐྱེད་པ་གཉིས། དངཔོ་ནི། སྟོང་པའི་
ངང་དེ་ལས་ཡཾ་གཅིག་བྱེད་དེ་ཡོངས་སུ་གྱུར་ནས་རླུང་དཀྱིལ་སྔོན་པོ་གཞུའི་དབྱིབས་
ཅན་བཅད་ཁ་མདུན་ལ་བསྟན་ཏེ་ཟུར་གཉིས་ལ་བ་དན་རེ་རེས་མཚན་པ། དེའི་སྟེང་དུ་
རཾ་ཡིག་དམར་པོ་གཅིག་བྱེད་དེ་ཡོངས་སུ་གྱུར་ནས་མེ་དཀྱིལ་གྲུ་གསུམ་ཟུར་གཅིག་
མདུན་དུ་བསྟན་པ་དེ འི ་ སྟེ ང ་དུ་ཨོཾ ་ དཀར་ཨ་དམར་ཧཱུཾ ་ སྔོ ་ གསུམ་བྱས་ནས་སྔོ ན ་པོ ་
མདུན་ཟུར་དུ་ཚུར་ཡོད་པ་བྱེད། དེ་རྣམས་ཡོངས་སུ་གྱུར་པ་ལས་མི་མགོ་རློན་པ་ལྟག་
སྤྲོད་བྱེད་པའི་སྒྱེད་བུ་གསུམ་དེ་ཡང་མིག་སྔོ་ཧྲིག་ཧྲིག་སོ་སྐྱ་ཧྲིག་ཧྲིག་བྱེད་པ་བསམ་
དགོས་པ་རེད། དེའི་སྟེང་དུ་ཨ་ཡིག་གཅིག་བྱེད་དེ་ཡོངས་སུ་གྱུར་པ་ལས་ཐོད་པ་དུམ་
བུ་གཅིག་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ་གཅིག་བྱེད། དེའི་བར་དུ་
སྣོད་བསྐྱེད་པ་བྱེད།
༈ བཅུད་བསྐྱེད་པ་ནི་དེའི་ནང་གི་ཤར་དུ་ཨོཾ་དཀར་པོ་བྱང་དུ་ཁཾ་ལྗང་གུ་ནུབ་ཏུ་
ཨཾ་དམར་པོ་ལྷོར་ཏྲཾ་སེར་པོ་དཀྱིལ་དེར་ཧཱུཾ་སྔོན་པོ་དེ་རྣམས་ལས་བདུད་རྩི་ལྔ་བསྐྱེད།
ད་རེས་མ་རྒྱུད་ཡིན་ཙང་བདུད་རྩི་གཙོ་བོ་བྱེད་དེ་ཕྱོགས་རྣམས་སུ་གཡོན་སྐོར་དུ་
64
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བཀོད། བདུད་རྩི་ལྔ་ནི་ཤར་དུ་ཨོཾ་འོད་དུ་ཞུ་བ་ལས་དྲི་ཆེན་ཏེ་མིའི་བཙོག་པ་སེར་པོ།
བྱང་དུ་ཁཾ་ལས་ཤ་ཆེན་ཏེ་ཀླད་པ་དཀར་པོ་ཤ་ཆེན་དེ་ལ་གསུམ་ཡོད་པའི་ནང་ཀླད་པ་
དེ་ཡག་ག་རེད། ནུབ་ཏུ་ཨཾ་དམར་པོ་ལས་བྱང་སེམས་དཀར་པོ། ལྷོར་ཏྲཾ་སེར་པོ་ལས་
རཀྟ་སྟེ་ཁྲག་དམར་པོ། དབུས་སུ་ཧཱུཾ་སྔོན་པོ་ལས་དྲི་ཆུ་སྟེ་གཅིན་པའམ་ཆབ་བསང་དེ་
དག་གི་སྦྱོང་བྱེད་ཡི་གེ་རྣམས་བདུད་རྩིའི་ནང་དུ་ཕྱེད་ནུབ་ཙམ་དུ་གནས་ཤིང་དེ་ཡང་
དྲི་ཆུ་སྦྱོང་བྱེད་ཧཱུཾ་ཡིག་ཁ་ཚུར་ཕྱོགས་པ་མ་གཏོགས་གཞན་བཞི་ཁ་དབུས་སུ་ཕྱོགས་
པ། ཤ་ལྔ་པོ་དེ་མཚམས་རྣམས་སུ་གཡས་སྐོར་བྱེད་རྒྱུ་རེད། ཤར་ལྷོར་ལཾ་དཀར་པོ་
ལས་བ་གླང་གི་ཤ་ནག་པོ་སྦྱོང་བྱེད་ལཾ་དཀར་ཁ་ནང་ལྟ། ལྷོ་ནུབ་ཏུ་མཾ་སྔོན་པོ་ལས་ཁྱིའི་
ཤ་དམར་པོ་སྦྱོང་བྱེད་མཾ་སྔོན་ཁ་ནང་ལྟ། ནུབ་བྱང་དུ་པཾ་དམར་པོ་ལས་གླང་པོ་ཆེའི་ཤ་
དཀར་པོ་སྦྱོང་བྱེད་པཾ་དམར་ཁ་ནང་ལྟ། བྱང་ཤར་དུ་ཏཾ་ལྗང་ཁུ་ལས་རྟའི་ཤ་ལྗང་ཁུ་སྦྱོང་
བྱེད་ཏཾ་ལྗང་ཁུ་ཁ་ནང་ལྟ། དབུས་སུ་དྲི་ཆུ་མར་ཁུ་འཁྱིལ་བ་ལྟ་བུའི་སྟེང་དུ་བཾ་དམར་པོ་
ལས་མིའི་ཤ་དམར་པོ་སྦྱོང་བྱེད་བཾ་དམར་ཁ་ནུབ་ཕྱོགས། དེ་ཡང་དབུས་ཀྱི་མི་ཤ་དེ་
མགོ་ཚུར་བསྟན་པའི་ལུགས་གཅིག་དང་ཁ་ཕར་སློག་དྲི་ཆུ་སྦྱོང་བྱེད་དམ་མཚོན་བྱེད་
ཧཱུཾ་ཡིག་ཁ་ཚུར་བསྟན་དེ་དང་མི་ཤ་མཚོན་བྱེད་བཾ་ཡིག་ཁ་ཕར་སློག་ཁོ་གཉིས་ཁ་སྤྲོད་
བཞག་པའི་ལུགས་གཉིས་ག་རེ་བྱེད་ནའང་འགྲིག་པ་རེད། བཅུད་བསྐྱེད་པ་དེ་རེད།
༈ ད་བྱིན་གྱིས་བརླབ་པ་རེད། རང་གི་ཐུགས་ཀ་ནས་འོད་ཟེར་གྱིས་སྐུལ་ནའང་
འགྲིག་པ་རེད་གང་ལྟར་བ་དན་གཡོ་བས་ལྷག་པ་རྒྱབ་ཙང་རླུང་གི་དཀྱིལ་འཁོར་ལས་
རླུང་ལྡང་སྟེ་རླུང་དེས་མེ་སྤར་ནས་ཐོད་པ་གདུངས། ཐོད་པའི་ནང་གི་རྫས་རྣམས་ཞུ་ཞིང་
ཧྲོམ་ཧྲོམ་བྱས་ཁོལ། མཚོན་བྱེད་ཡི་གེ་དང་བཅས་པ་ཞུ་དེ་དག་གི་སྟེང་གི་བར་སྣང་
ལ་ཧཱུཾ་ཡིག་དཀར་པོ་མགོ་ཐུར་བསྟན་ཡོངས་སུ་གྱུར་པ་ལས་ཁ་ཊྭཱཾ་ག་དཀར་པོ་མགོ་
ཐུར་བསྟན་གཅིག་ཏུ་གྱུར། དེ་ལ་རྫས་ཁོལ་བའི་རླངས་པ་ཕོག་པས་ཞུ་སྟེ་རྫས་ཀྱི་ནང་
65
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དུ་མར་ལྷུང་གཡོན་སྐོར་ལན་གསུམ་གྱིས་རྫས་རྣམས་ཞུ་བའི་ཁ་དོག་གི་སྐྱོན་ᩊᩏ᫥་
ཏེ་དངུལ་ཆུའི་མདོག་ཅན་དུ་གྱུར། ཡང་དེའི་སྟེང་གི་བར་སྣང་ལ་དབྱངས་གསལ་གྱི་
ཕྲེང་བ་དཀར་དམར་མཐིང་གསུམ། གསུམ་བརྩེགས་སུ་གནས་པ་ཟེར་ཡག་དེ་ཡིན་རྒྱུ་
དབྱངས་གསལ་གྱི་ཕྲེང་བ་གཅིག་ལ་ཁ་དོག་སྣ་ཚོགས་ཡིན་པ་རེད་བདེ་མཆོག་ནང་
བཞིན་རེད་རེད་དེ་སྒོམ་སླ་བའི་ཆེད་བྱས་ནས་དང་པོ་དཀར་པོ་དེའི་སྒང་ལ་དམར་པོ་
དེའི་སྒང་ལ་སྔོན་པོ་བྱེད་ཐོག་མ་ནས་དབྱངས་གསལ་ཕྲེང་བ་གསུམ་པོ་དེ་མགོ་མཇུག་
ལོག་ནས་བསམ་བློ་བཏང་བྱེད། ཕྲེང་རེ་རེ་བཞིན་ཡར་དཀྱིལ་ནས་འདྲེས་ཡོང་སྟེ་ཨོཾ་
དཀར་པོ་ཨཱཿདམར་པོ་ཧཱུཾ་སྔོན་པོ་གསུམ་མགོ་ཐུར་བསྟན་བྱེད་ནས་བཞག། དེ་དག་
ལས་འོད་ཟེར་འཕྲོས་ཕྱོགས་བཅུ་ན་བཞུགས་པའི་དཔའ་བོ་དང་དཔའ་མོ་རྣལ་འབྱོར་
མ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་ཡི་གེ་གསུམ་ལ་ཐིམ།
དཔའ་བོ་དཔའ་མོ་ཟེར་དུས་སངས་རྒྱས་ཡབ་ཡུམ་ལ་ཟེར་བ་རེད། ཡི་གེ་གསུམ་པོ་དེ་
ལ་བཤད་སྟངས་གཉིས་ཡོད་རེད། དང་པོ་ནས་ཡར་སླངས་ནས་ཡོད་པ་མར་ཟག་ཡོང་
དུས་སྟེང་འོག་གོ་ལྡོག་ནས་ཟག་པ་གཅིག་དང་དང་པོ་ནས་མགོ་ཞུགས་ལོག་ནས་ཡོད་
པ་ཟག་པ་གཉིས་ལས་དང་པོ་ནས་མགོ་ཞུགས་ལོག་ནས་ཟག་པ་དེ་ཕལ་ཆེར་འཆད་
རྒྱུན་དེ་ཡིན་པ་ཡོད།
གང་ལྟར་ཡི་གེ་གསུམ་པོ་དེ་མར་ཟག་ཡོང་བའི་རྐྱེན་གྱིས་ན་བ་མེད་པ་སྨན་
གྱི་བདུད་རྩི། འཆི་བ་མེད་པའི་ཚེའི་བདུད་རྩི། ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་
ངོ་བོར་གྱུར་སོང་བསམ་པ་བྱེད། ན་བ་མེད་པ་སྨན་གྱི་བདུད་རྩི་ནི་ནད་པའི་ཁར་སོང་
བ་ཙམ་གྱིས་ནད་དྲག་འགྲོ་བ། འཆི་བ་མེད་པ་ཚེའི་བདུད་རྩི་ནི་ཤི་ཚར་བའི་ཁར་སོང་
ནའང་ཡར་སོས་འགྲོ་བ། ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩི་ནི་སུའི་ཁར་འགྲོ་ནའང་
ཟག་མེད་ཀྱི་བདེ་བ་སྐྱེས་ཐུབ་པ་དེ་འདྲ་ལ་ཟེར་བ་རེད། ནང་མཆོད་བྱིན་བརླབ་འདི་ལ་
66
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གོ་བ་ཡག་པོ་ཆགས་དགོས་པ་གལ་ཆེན་པོ་རེད་བྱིན་བརླབ་བྱ་ས་ཕལ་ཆེར་ལ་འདི་
སླེབས་ཡོང་གི་རེད།


མཆོད་པ་བྱིན་བརླབ།

༈ དེ་ནས་ཆུ་གཉིས་ཉེར་སྤྱོད་བཅས་མཆོད་པ་བྱིན་བརླབ་རེད་དེ་ལ་ཡང་བསངས་བ་
སྦྱངས་བ་བསྐྱེད་པ་བྱིན་གྱིས་བརླབ་པ་བཞི་བྱེད། དང་པོ་ཨོཾ་ཁཎྜ་རོ་ཧི་བརྗོད་དུས་
དངོས་སུ་བཤམས་པའི་མཆོད་པ་ལ་ནང་མཆོད་གཏོར་དགོས་པ་རེད་ད་ནང་མཆོད་
བྱིན་རླབས་ཚར་ཙང་ནུས་པ་ཡོད་རེད་ཐུགས་ཀ་ནས་ལྷ་མོ་སྤྲུལ་སྟངས་ནང་མཆོད་
སྐབས་དང་གཅིག་པ་རེད། བྱུང་ན་བགེགས་དེ་ཚོ་ངོ་ཤེས་དགོས་རེད། མཆོད་ཡོན་
ལ་ཆུ་ལྟར་གཡོ་བའི་གདོན་དང༌། འཇིག་རྟེན་དགའ་བྱེད་ཀྱི་གདོན་སོགས་དེ་འདྲའི་
ཡོད་ཙང་དང་པོ་མཆོད་པ་བཤམ་དུས་ནས་འབྲུ་གསུམ་གྱིས་བྱིན་བརླབ་བྱེད་ན་ཡག་
པོ་རེད། བསངས་སྦྱངས་གཉིས་ནང་མཆོད་སྐབས་དང་གཅིག་པ་བྱས་སྣོད་བསྐྱེད་པ་
ན་ཀཾ་ལས་ཐོད་པ་བསྐྱེད་ཡག་དེ་ཀ་པ་ལའི་མིང་ཡིག་དང་པོ་ཀ་རེད་ཀ་ལ་ཀླད་གོར་
བྱིན་པས་ཀཾ་རེད་དབྱངས་དང་གསལ་བྱེད་ཡི་གེ་གཅིག་ཏུ་སྦྱར་བས་ཐབས་ཤེས་ཟུང་
འབྲེལ་བྱེད། མིང་ཡིག་དང་པོ་ཀཾ་ལས་སྣོད་བསྐྱེད་ཡོང་དུས་ཆོས་ཐམས་ཅད་མིང་རྐྱང་
བཏགས་ཡོད་ཙམ་བསྟན་ནས་སྟོང་ཉིད་གཙོ་བོ་བྱེད་པ་རེད། ཨ་ལས་ཐོད་པ་བསྐྱེད་
ཡོང་དུས་ཨ་ཐོད་པའི་ས་བོན་རེད་དེ་ཡིན་ཙང་བདེ་སྟོང་གི་ས་བོན་བྱེད་ནས་བདེ་བ་
གཙོ་བོ་བྱེད་ཡོང་པ་རེད། ཕ་རྒྱུད་སྐབས་སུ་བདེ་བ་གཙོ་བོ་མ་རྒྱུད་སྐབས་སུ་སྟོང་ཉིད་
གཙོ་བོ་བྱེད་པ་རེད། མཆོད་པ་བྱིན་བརླབ་ཚུན་ཆད་ནས་དེ་འདྲ་བྱེད་དགོས་ཡག་དེ་ཕ་
67
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རྒྱུད་ནས་སྒྱུ་ལུས་རྩལ་དུ་བཏོན། མ་རྒྱུད་ནས་འོད་གསལ་རྩལ་ཏུ་བཏོན་དགོས་པ་རེད།
བཅུད་བསྐྱེད་པ་ན་ཧཱུཾ་ལས་བསྐྱེད་པ་རེད། ཧཱུཾ་མི་བསྐྱོད་པའི་ས་བོན་དང་བདེ་སྟོང་གི་ས་
བོན་ཡང་རེད། ཧཱུཾ་དེ་སྔོན་པོ་བདེ་སྟོང་གི་རང་བཞིན་ཡིན་པ་བསམ་དགོས་པ་རེད། དེ་
འོད་དུ་ཞུ་བ་ལས་མཆོད་རྫས་སོ་སོའ ་ི རྣམ་པར་གྱུར། མཆོད་པ་བྱིན་གྱིས་རླབས་ཟེར་
ཡག་མཆོད་རྫས་བྱིན་གྱིས་བརླབས་པ་རེད། མཆོད་པ་དང་མཆོད་རྫས་གཉིས་ཁག་
ཁག་རེད་མཆོད་རྫས་ཕུལ་ནས་མཆོད་ཡུལ་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་སྐྱེས་
པ་དེ་མཆོད་པ་རེད། མཆོད་རྫས་རྣམས་རང་བཞིན་གྱི་ཁྱད་པར། རྣམ་པའི་ཁྱད་པར།
བྱེད་ལས་ཀྱི་ཁྱད་པར། བྱས་ནས་ཁྱད་པར་གསུམ་ལྡན་རེད།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མཎྜལ།

 ༈ མཆོད་པ་བྱིན་བརླབ་ཚར་ནས་མཎྜལ་ཕུལ། བདག་འཇུག་གི་སྐབས་སུ་མཆོད་
གཡོག་གིས་མཎྜལ་སློབ་དཔོན་རྩར་བཀྱགས་ནས་འཁྱེར་ཡོང་དུས་སློབ་དཔོན་གྱིས་
དེའི་སྒང་ལ་འབྲུ་ཕར་བླུགས་པ་མ་གཏོགས་ཚུར་ལེན་པ་མ་རེད། ལྷའི་རྣལ་འབྱོར་
ལ་གནས་ཆོ ག ་པའི ་ གནང་བ་ཞུས་པ་རེ ད ་མ་གཏོ ག ས་སློ བ ་དཔོ ན ་ལ་ཕུལ་བ་མ་
རེད། (བསྒོམས་པའི་བླ་མས་ཞལ་མ་གྲགས་ཙང་)སློབ་དཔོན་གྱིས་བཤགས་པ་དང་
བསྡམས་པ་སྔོན་དུ་འགྲོ་བའི་སྒོ་ནས་ལྷའི་རྣལ་འབྱོར་ལ་གནས་པར་ཞུ་ཞེས་བརྗོད་པ་
རེད། ལྷ་བསྒོམ་ནས་ཡག་པོ་བྱེད་ན་བླ་མ་ལ་ཞུ་དགོས་ཡག་དེ་ག་རེ་རེད་ཟེར་ན། ཞུ་
དགོས་རེད་བླ་མ་ལ་བྱ་བ་བཟང་ངན་ཚང་མ་ཞུ་དགོས་རེད། གནས་ཀྱི་བླ་མ་བསྟེན་
ལུགས་ཡོད་རེད། ཉིན་མ་གཅིག་ལ་དུས་གསུམ་ཞུ་དགོས་པ་འདུལ་བ་ནང་ལ་བྱ་བ་
རུང་བ་ཤེས་པ་དེའང་ཞུ་དགོས་མི་རུང་བ་ངེས་པ་དེ་ཞུ་མི་ཆོག་ཟེར།
68
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

མི་རུང་ངེས་པའི་བྱ་བ་མི་ཞུ་སྟེ། །
ཞུས་ན་དགག་བྱ་ཡོད་པར་མཚོ་ཊིཀ་གསུངས།།
ཞེས་དང༌། བྱ་རུང་བ་ཤེས་བཞིན་དུ་དེ་བླ་མ་ལ་ཞུས་ནས་བྱ་ཤོག་གསུངས་པ་དེ་བྱེད་
ན་སོ་སོའ ་ི དགེ་སྦྱོར་སོགས་བྱ་བ་གང་ཡིན་པ་དེ་བྱེད་པའི་ཕན་ཡོན་གཅིག་དང༌། བླ་
མའི་བཀའ་བསྒྲུབས་པའི་བསོད་ནམས་གཅིག་སྟེ་གཉིས་ཡོང་རྒྱུ་ཡོད་རེད། བྱ་བ་གལ་
ཆེ་ཤོས་དེ་ཚོ་ཞུ་དགོས་རེད་གསང་སྔགས་ཀྱི་སྐབས་སུ་བདགབསྐྱེད་བསྒོམ་པ་མདུན་
བསྐྱེད་བསྒྲུབ་པ་མཚམས་བསྙེན་བསྒྲུབ་བྱེད་པ་དེ་ཚོ་གལ་ཆེ་ཤོས་ཡིན་ཙང་དེ་ཚོ་བླ་
མ་ལ་ཞུ་དགོས་པ་རེད།

རྡོར་སེམས་སྒོམ་བཟླས།

༈ རྡོ་རྗེ་སེམས་དཔའི་བསྒོམས་བཟླས་ཡིན་པ་རེད། སྤྱིར་བཏང་རྡོར་སེམས་བསྒོམས་
བཟླས་ཐུན་མཚམས་ཀྱི་རྣལ་འབྱོར་རེད།
སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །
པད་དཀར་ཟླ་བའི་དབུས་གནས་པའི། །
རྡོ་རྗེ་དྲིལ་བུ་བརྒྱན་སྤྲས་པ། །
ཉི་ཤུ་རྩ་ནི་རེ་རེ་བཟླས། །
ལྟུང་སོགས་བྱིན་གྱིས་རླབས་འགྱུར་ཞིང༌། །
འཕེལ་བ་ཡང་ནི་མི་འགྱུར་རོ། །
ཐུན་མཚམས་སུ་ནི་སྤྱད་པར་བྱ། །
གསུངས་ཡོད་རེད། རྡོ་རྗེ་སེམས་དཔའི་ཐུགས་ཀའི་སྔགས་ཕྲེང་ལས་བདུད་རྩི་བབས་
69
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཡོང་དུས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་པའི་དམིགས་པ་བྱེད་ན་སྟོབས་
ཆེ་བ་ཡོད་རེད། དེ་ལ་རང་ལྷའི་རྣལ་འབྱོར་ལ་གནས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་
སེམས་ཅན་ཐམས་ཅད་བཞག་ནས་ཡ་གི་ནས་འོད་ཟེར་རེ་རེ་སྣེ་ལ་རྡོར་སེམས་རེ་རེ་
སེམས་ཅན་རེ་རེའི་སྟེང་དུ་བབས་ནས་བདུད་རྩི་འབེབས་སྦྱངས་བྱེད་སྟངས་གཅིག
(ཡོད་རེད་དེ་ཧ་ཅང་གི་བློ་ལ་འཆར་ཁག་པོ་རེད།)
ཡང་རང་གི་མཐའ་སྐོར་དུ་སེམས་ཅན་བཞག་ནས་རྡོར་སེམས་བསྒོམས་བཟླས་
བྱེད་ཡག་གཅིག །ད་སྟབས་བདེ་བ་བྱེད་ཀྱི་ཡིན་ན་རང་གི་སྙིང་གར་ཟླ་བའི་སྟེང་དུ་
ཧཱུཾ་དཀར་པོ་གཅིག་དེ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཚུར་
བསྡུས་ཏེ་ཧཱུཾ་ཡིག་ལ་ཐིམ་པས་ཧཱུཾ་ཡིག་ནག་མོག་མོག་བྱེད་བསྡད་ཡོད་པ་བྱེད། དེ་
ནས་བསྒོམ་བཟླས་བྱེད་དུས་ཡ་གི་རྡོ་རྗེ་འཆང་གི་ཐུགས་ཀ་ནས་བདུད་རྩི་དང་འོད་
ཟེར་མཉམ་དུ་ཧཱུཾ་ཡིག་སྒང་ལ་བབས་ཡོང་དུས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་
སྡིག་སྒྲིབ་ཐམས་ཅད་གཏན་མེད་དུ་བཏང་ནས་སྦྱངས་སོང་བསམ་ནས་ཡས་འདེད་
བྱེད་མས་འདེད་བྱེད་ཕུང་འདེད་བྱེད་ག་རེ་བྱེད་ཀྱི་ཡིན་ནའང་བྱས་ནས་ཧཱུཾ་ཡིག་དཀར་
པོ་ཤེལ་ལྟར་དྭངས་ཤིང་དྲི་མ་མེད་པར་གྱུར་ཏེ་སྡིག་སྒྲིབ་ཉམས་ཆགས་ཐམས་ཅད་
བྱང་ཞིང་དག་པའི་དམིགས་པ་བྱེད་ན་སྟབས་བདེ་ཤོས་དེ་རེད། སྦྱང་བྱ་སྡིག་པ་དེ་ལ་
ང་རང་ཚོ་གྲྭ་པ་ཚོ་ཡིན་ན་སྡོམ་པ་གསུམ་དང་འགལ་བའི་ཉེས་པ་དེ་ཚོ་སྦྱངས་དགོས་
ཡག་ཞེ་དྲག་གལ་ཆེན་པོ་རེད། རང་རྒྱུད་ལ་སྡིག་ལྟུང་ཡོད་ན་ཡོན་ཏན་གོང་མ་སྐྱེས་
ཀྱི་མ་རེད། དཔེར་ན། སྔོན་མ་དགེ་སློང་ཚོ་དགྲ་བཅོམ་ཐོབ་པ་ལ་ཉེས་པས་མ་གོས་
པ་གཅིག་དགོས་པ་ཡིན་ཙང་ལྷམ་ཕུད་ཕྱག་འཚལ་ཏེ་ཕྱིར་བཅོས་དགོས་ཡོང༌། ཕྱིར་
བཅོས་བྱེད་པ་ལ་མིང་རིགས་བརྗོད་པའི་ཕྱིར་བཅོས་བྱེད་པ་ཡིན་དུས་གཤག་ཡུལ་དེ་
ལ་མིང་རིགས་མཐུན་པས་མ་གོས་པ་དགོས་རེད་བཤགས་ཡུལ་ལ་མིང་རིགས་མཐུན་
70
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པས་གོས་ཡོད་ན་ལྟུང་བ་དག་གི་མ་རེད། མ་དག་པ་ཡིན་ཙང་ལྟུང་བ་བྱིན་གྱིས་བརླབ་
དགོས་ཡག་དེ་རེད། ལས་བྱེད་དུས་འབྲས་བུ་རྒྱུད་ལ་སྐྱེས་པ་ལ་མིང་རིགས་མཐུན་
པས་གོས་དང་མ་གོས་ཟེར་ནའང་ཉེས་པ་དག་པ་གཅིག་དགོས་ཀྱི་ཡོད་པ་མིན་འགྲོ།
དཔེར་ན། འཕགས་པ་འཆར་ཀ་ལྟེ་བ་སངས་རྒྱས་ཀྱི་སྤྲུལ་པ་རེད་དེ་འཆར་ཀ་དགེ་སློང་

[མཚམས་᫕᩶ᨑ᫙་᫞ᨕ་ᩃ᫥་ᨵ᫡᪱་᩹་᫕᪞ᨕ᫥་᪠᫡᩶་᫡ᨕᨵ་ᨻᩏ᫥་ 292 གསལᨎ]

བསྐྱར་བཤད།

གོང་གི་ཤོག་གྲངས་(59)ནས་བསྐྱར་བཤད། སངས་རྒྱས་ཀྱི་བཏང་སྙོམས་གཅིག་
དང་གསུམ་རེད། ད་ལྟ་འདི་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་རེད།
ང་རང་ཚོ་འཁོར་བ་ནང་འཁོར་བསྡད་ཡག་འདི་རང་ཕྱོགས་ལ་ཆགས་གཞན་ཕྱོགས་ལ་
སྡང་བ་བྱེད། དེའི་དབང་གིས་ལས་བསགས་ནས་འཁོར་སྡད་པ་རེད། དེ་འདྲ་ཡིན་ཙང་
སེམས་ཅན་སུ་དང་སུ་ཡིན་ནའང་ཉེ་རིང་ཆགས་སྡང་དེ་མེད་རོགས་བྱེད་ན་(འཁོར་
བའི་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ནས་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་ལ་འགོད་
པར་བྱ་) ཞེས་པ་དང༌། (བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་
བྱས་ལ་) ཞེས་པས་བྱང་ཆུབ་དོན་གཉེར་ཀྱི་འདུན་པ་དང༌། སེམས་ཅན་ཐམས་ཅད་
འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཞེས་པས་གཞན་དོན་དོན་གཉེར་གྱི་
འདུན་པ་རེད།

གཞན་གྱི་དོན་དུ་བྱང་ཆུབ་དོན་དུ་གཉེར་བ་དེ་ཐེག་ཆེན་སེམས་བསྐྱེད་རེད་
71
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

(ཡང་སེམས་ཅན་ཐམས་ཅད་) ཅེས་པས་ཉེ་རིང་མེད་པའི་བཏང་སྙོམས་ཚད་མེད་
དང༌། (འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཞེས་པས་སྙིང་རྗེ་ཚད་མེད་
དང༌། (རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་ལ་འགོད་པར་བྱ།) ཞེས་པས་བྱམས་པ་ཚད་
མེད་དངོས་སུ་བསྟན་ནས་དགའ་བ་ཚད་མེད་ཤུགས་ལ་བསྟན་ཏེ། བདེ་བ་དང་ལྡན་
འདོད་བྱམས་པ་དང་བདེ་བ་དང་མི་འབྲལ་བར་འདོད་པ་དགའ་བ་ཡིན་པས་སོ། (དེ་ཡི་
ཕྱིར་ཏུ་རྡོ་རྗེ་རྣལ་འབྱོར་མའི་ལམ་གྱི་རིམ་པ་ཉམས་སུ་བླང་བར་བགྱིའོ།།) ཞེས་པས་
རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པར་དམ་བཅའ་བ་ཡིན་ཙང་འཇུག་སེམས་ཀྱང་ཚང་ཡོང་
བ་རེད། དེ་ཡིན་ཙང་བདག་གིས་རྫོགས་པའི་སངས་རྒྱས་ཞེས་པ་ནས་བླང་བར་བགྱིའོ།
།ཞེས་སོགས་ཚིག་ཉུང་ཉུང་དེ་ལ་སྨོན་འཇུག་གི་སེམས་གཉིས་དང་བྱམས་སོགས་
ཚད་མེད་བཞི་ཚང་མ་ཚང་ཡོང་བ་རེད།
སངས་རྒྱས་ཀྱི་བདེ་བ་དེ་མི་འགྱུར་བའི་བདེ་བ་རེད་སེམས་ཅན་ཐམས་ཅད་
བདེ་བ་དེ་དང་ལྡན་ན་རང་ཉིད་ཡང་ཚིམ་པ་ཡིན་ཙང་དགའ་བ་ཚད་མེད། བཏང་སྙོམས་
ཚད་མེད་ཀྱི་ཕྱོགས་གཅིག་ལ་བཏང་སྙོམས་ཆེན་པོའ ་ི ཚད་མེད་ཀྱང་དེ་ལ་ཚང་ཡོད་པ་
རེད། འཇིགས་བྱེད་ཀྱི་སྐབས་སུ་(གཟུང་འཛིན་ཀྱི་རྣམ་རྟོག་གིས་མི་བསྐྱོད་པའི་བཏང་
སྙོམས་ལ་གནས་པར་བྱའོ།།) ཞེས་པ་དེ་བཏང་སྙོམས་ཆེན་པོ་རེད། (སེམས་ཅན་
ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག) ཅེས་སྤྱིར་བཏང་གི་ཞལ་
འདོན་ནང་བཞིན་འདོན་ནའང་ཆོག་པ་རེད། དེའི་འོག་སྐྱབས་གསོལ་བརྗོད་རྒྱུ་རེད།
སྐྱབས་གསོལ་དེ་(བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་
ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ།)
ཞེས་པ་ན་ལག་གཉིས་ཐལ་མོ་སྦྱར་གོང་དུ་སྐྱབས་འགྲོ་སྐབས་སྙིང་ཐག་པ་ནས་སྡུག་
སྐད་བརྒྱབས་ནས་སྡུག་བསྔལ་ལས་སྐྱབས་རོ ག ས་ཞུས་པ་ཡི ན ་ཙང་སངས་རྒྱས་
72
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཚོས་རང་ལ་སྐྱབས་འགྲོའ ་ི སྐབས་བརྩེ་བ་ཆེན་པོས་རང་ལ་མར་གཟིགས་ཡོད་པའི་
སྒང་ལ་ཡང་ཡར་སྡུག་སྐད་བརྒྱབས་ནས་སྐྱབས་རོགས་ཞུས་བཞག་དུས་ཤིན་ཏུ་ནས་
ཀྱང་མི་བཟོད་པ་འདྲ་པོ་ཐུགས་རྒྱུད་བསྐུལ་ནས་ད་ལྟ་རང་སྐྱབས་ཡག་གི་དགོངས་པ་
བཞེས་ཏེ་སྐྱབས་ཡུལ་སངས་རྒྱས་རྣམས་ཀྱི་སྐུ་ལས་འོད་ཟེར་སྔོན་པོ། ཆོས་ཀྱི་སྐུ་
ལས་འོད་ཟེར་དམར་པོ། དགེ་འདུན་རྣམས་ཀྱི་སྐུ་ལས་འོད་ཟེར་དཀར་པོ་མར་འཕྲོས་
ནས་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་མར་ཞུགས་ཏེ་དཀོན་མཆོག་གསུམ་ལ་
བརྟེན་པའི་སྡིག་པ་དང༌། འཁོར་བ་ཐོགས་མེད་ནས་བསགས་པའི་ལས་ངན་སྡིག་སྒྲིབ་
ཐམས་ཅད་མར་དེད་ནས་སའི་འོག་ཏུ་ཐིམ། སེམས་ཅན་རྣམས་ལས་ངན་སྡིག་སྒྲིབ་དང་
བྲལ་སོང་བསམ་པ་བྱེད། ཡང་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས་བྱུང་
སྟེ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཇུག་སོང་བསམ་པའི་མོས་པ་བྱེད། ད་དུང་རྒྱས་
པ་བྱེད་ཀྱི་ཡིན་ན་སྐྱབས་ཡུལ་སོ་སོའ ་ི དགག་སྒྲུབ་ཀྱི་བསླབ་བྱ་རྣམས་དང་འགལ་བའི་
ཉེས་པ་རྣམས་སྐྱབས་ཡུལ་སོ་སོ་ལ་བརྟེན་ནས་སྦྱངས་པའི་མོས་པ་བྱེད། དེ་འདྲའི་
སྐྱབས་འགྲོ་དེ་ལ་རྒྱས་པ་བྱེད་ན་བྱེད་རྒྱུ་ཡོད་རེད། མཐའ་མ་ཡིན་ནའང་གང་དྲག་དྲག་
འདྲ་པོ་བྱེད། དམིགས་པ་དེ་ལ་སྡིག་སྒྲིབ་སྦྱངས་བ་བྱིན་རླབས་འཇུག་པ་དཀོན་མཆོག་
གིས་རྗེས་སུ་བཟུངས་ཏེ་སྐྱབས་འོག་ཏུ་ཆུད་སོང་བསམ་པ་བྱེད།
སྤྱོད་འཇུག་ལས། (བདག་ནི་ཁྱེད་ཀྱི་ཡོངས་སུ་བཟུང་བས་ན། །
སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱིད། །
སྔོན་གྱི་སྡིག་ལས་ཀྱང་དག་འདའ་བགྱིད་ཅིང༌། །
སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ།།) ཞེས་སོགས་ཀྱི་
དོན་ནང་བཞིན་སྦྱངས་འཇུག་ཆུད་གསུམ་གྱི་དམིགས་པ་བྱས་ཚར་སོང་ན་སྐྱབས་
གསོལ་བརྗོད། དེ་ནས་སངས་རྒྱས་དཀོན་མཆོག་འོད་སྔོན་པོའ ་ི རྣམ་པར་གྱུར་ནས་
73
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རང་གི་སྙིང་གར་ཐིམ། ཆོས་དཀོན་མཆོག་འོད་དམར་པོའ ་ི རྣམ་པར་གྱུར་ནས་རང་གི་


མགྲིན་པར་ཐིམ། དགེ་འདུན་དཀོན་མཆོག་འོད་དཀར་པོའ ་ི རྣམ་པར་གྱུར་ནས་རང་གི་
སྤྱི་བོར་ཐིམ། བདུད་རྩི་བབས་ཡོང་དུས་འོད་ཟེར་སྣ་ལྔའི་རྣམ་པར་བབས་ནས་རང་ལ་
མར་ཞུགས་ཡོང་དུས་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་ཞུགས་པ་རེད།
ཡང་སྡིག་སྒྲིབ་སྦྱང་དུས་ཡས་འདེད་མས་འདེད་ཕུང་འདེད་གསུམ་གྱི་དམིགས་པ་ཡང་
བྱེད་རྒྱུ་ཡོད་རེད།
སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་ཉི་མ་ཤར་བ་ལྟ་བུའི་འོད་ཟེར་འཕྲོས་ནས་
བདུད་རྩི་འོད་ཟེར་དང་བཅས་པ་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས་སྡིག་
སྒྲིབ་ཐམས་ཅད་བྱང་ཞིང་དག་སྐད་ཅིག་དེ་ཉིད་ལ་ལུས་གནས་གྱུར་ནས་ཟག་མེད་
ལོངས་སྐུ་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། ངག་དེ་གནས་གྱུར་ནས་རྡོ་རྗེ་རྣལ་འབྱོར་
མའི་གསུང་དུ་གྱུར། སེམས་དེ་གནས་གྱུར་ནས་རྟོག་མེད་ཆོས་སྐུ་སངས་རྒྱས་ཀྱི་
ཐུགས་སུ་གྱུར་ཏེ་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་འུར་ཆེམ་ཆེམ་བྱེད་དཔེར་ན་བྱ་
མང་པོ་ཡོད་ས་ལ་མེ་མདའ་རྒྱབ་ན་འུར་ཆེམ་ཆེམ་ཕུར་ཡོང་དེ་ལྟ་བུ་བྱས་ཏེ་གཤེགས་
སོང་བསམ་པ་བྱེད། སེམས་ཅན་གཤེགས་ལུགས་དེ་རེད།
སྐྱབས་ཡུལ་རྣམས་འོ ད ་ཟེ ར ་དཀར་དམར་མཐི ང ་གསུམ་དུ་ཞུ་ནས་རང་གི ་
གནས་གསུམ་དུ་ཐིམ། ཡང་ན་སྨིན་མཚམས་སུ་ཐིམ། སྨིན་མཚམས་དེ་བྱིན་བརླབ་
འཇུག་པའི་སྒོ་རེད། འདོན་ཆ་ནས། (མདུན་གྱི་སྐྱབས་ཡུལ་རྣམས་འོད་ཟེར་དཀར་
དམར་མཐིང་གསུམ་གྱི་རྣམ་པར་ཞུ་ནས་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་
རླབས་ཐོབ་པར་གྱུར།) ཞེས་སྐྱབས་ཡུལ་བསྡུ་ལུགས་དེ་རེད།

74
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བསྐྱར་བཤད། སྐད་ཅིག་དཀྲོང་བསྐྱེད།

༈ དེ་ནས་སྐད་ཅིག་དཀྲོང་བསྐྱེད་ནི། (རང་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་
མར་གྱུར་)ཞེས་པ་དེ་རེད། དེ་ལ་སྐུ་གསུམ་ལམ་འཁྱེར་ཚང་བ་རྒྱས་པ་བྱེད་ན་ཡག་པོ་
ཡོད་རེད། བླ་མ་འོད་དུ་ཞུ་ནས་རང་གི་སྤྱི་བོ་ནས་མར་བརྒྱུད་དེ་བླ་མའི་བྱིན་རླབས་
སེམས་ལ་ཞུགས་པའི་རྐྱེན་གྱིས་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག།
རང་སེམསདང་བླ་མའི་ཐུགས་གཉིས་ངོ་བོ་དབྱེར་མེད་དུ་གྱུར་ནས་བདེ་ལྷམ་ལྷམ་བྱས་
སོང་བསམ། བླ་མ་ཡི་དམ་རང་སེམས་གསུམ་ངོ་བོ་དབྱེར་མེད་དུ་གྱུར། ལུས་ཤ་རུས་
གདོས་བཅས་ཀྱི་ཕུང་པོ་དེ་དག་ནས་དམིགས་པ་མེད་པ་གཏན་མེད་དུ་གྱུར་ཏེ་སྟོང་
པར་གྱུར། སྟོང་པ་དེ་ལ་དམིགས་པའི་བདེ་བ་ཆེན་པོ་དེ་བླ་མ་དང་རང་སེམས་འདྲེས་
པའི་བདེ་བ་ཆེན་པོ་དེ་བྱེད། དེ་ལྟ་བུའི་བདེ་སྟོང་དབྱེར་མེད་པའི་ངང་ནས་སྟོང་ཉིད་སྒོམ་
ན་དེ་ལ་དོན་དམ་པའི་སྐྱབས་འགྲོ་བྱེད་པ་རེད། སྤྱིར་སྟངས་སྐྱབས་འགྲོ་དེ་ལ་ཕྱི་ནང་
གསང་བ་དེ་ཁོ་ན་ཉིད་ཀྱི་སྐྱབས་འགྲོ་དེ་འདྲ་ཡོད་རེད།
(རྩ་དང་རླུང་དང་ཐིག་ལེ་གསུམ། །
དེ་གསུམ་ནང་གི་སྐྱབས་འགྲོ་ཡིན།།) ཟེར་ཡག་འདྲ་པོ་དེ་འདྲའི་
མིད་ལའི་གསུངས་ནང་ཡོང༌། དེ་ང་རང་ཚོ་ལའང་ཡོད་རེད། སྟོང་པ་དེ་ཆོས་ཀྱི་སྐུ་བདེ་
བ་དེ་ལོངས་སྐུ་དེ་འདྲ་བདེ་སྟོང་གི་ངང་ནས་གཟུང་རྣམ་འོད་དམར་པོ་ཁྲུ་གང་ཙམ་ཆུ་
ལས་ཉ་ལྡང་བའི་ཚུལ་དུ་གྲུབ་པའི་འོད་དམར་པོ་དེ་ང་ཡིན་བསམ་པ་བྱེད་པ་ལོངས་
སྐུའི་ལམ་འཁྱེར་རེད། དེ་འདྲའི་འོད་དམར་པོ་དེ་མཐུག་རུ་མཐུག་རུ་ཕྱིན་ཏེ་རགས་པ་
རྡོ་རྗེ་རྣལ་འབྱོར་མ་ཞལ་གཅིག་ཕྱག་གཉིས་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་གཅིག་
ཏུ་གྱུར་པ་དེ་སྤྲུལ་སྐུ་རེད། བཞུགས་གདན་དེ་དང་པོ་ནས་བསམ་བློ་གཏང་ན་འགྲིག་གི་
75
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཡོད་རེད། དེ་འདྲའི་རགས་པའི་སྤྲུལ་སྐུ་དེ་ང་ཡིན་བསམ་པ་བྱེད་དུས་སྐུ་གསུམ་ལམ་
འཁྱེར་ཚང་སོང་བ་རེད། རགས་པའི་སྤྲུལ་སྐུ་ཟེར་ཡག་དེ་སེམས་ཅན་ཐ་མལ་པ་ཚོས་
ཀྱང་མཇལ་ཐུབ་ཡག་གཅིག་ཡིན་པ་རེད། ལོངས་སྐུ་ཟེར་ཡག་དེ་བྱང་སེམས་འཕགས་
པ་ཡན་ཆད་མ་གཏོགས་མཇལ་ཐུབ་པ་མ་རེད།
ཆོས་སྐུ་དེ་སངས་རྒྱས་ནང་ཕན་ཚུན་ཁོ་ནས་མ་གཏོགས་མཇལ་ཐུབ་པ་མ་
རེད། དེ་འདྲའི་ཆོས་ལོངས་སྤྲུལ་གསུམ་གྱི་ཁྱད་པར་དེ་ཤེས་དགོས་པ་རེད། ད་སྐད་
ཅིག་ཀྲོང་བསྐྱེད་འགྲིག་པ་རེད། བདེ་སྟོང་བསྒོམ་དུས་སྟོང་པ་ཆོས་སྐུ་བདེ་བ་ལོངས་
སྐུ་གཟུང་རྣམ་སྤྲུལ་སྐུ་བྱས་ནས་དོན་དམ་སེམས་བསྐྱེད་ཚང་བ་ཡིན་ཟེར་བ་རེད། འོད་
ཟེར་དཀར་པོ་དེ་སྤྱི་བོར་བཀོད་དགོས་ཡག་དེ་གང་ཡིན་ནམ་དགེ་འདུན་དཀོན་མཆོག་
དེ་གྲལ་འགོ་སླེབས་སྡད་རེད། འོད་ཟེར་དམར་པོ་དེ་མགྲིན་པར་འོད་ཟེར་སྔོན་པོ་དེ་
སྙིང་གར་བྱེད་དུས་སངས་རྒྱས་དཀོན་མཆོག་གྲལ་ཞུགས་སླེབས་འགྲོ་བ་མ་རེད་དམ་
བསམ་གྱི་རེད་དེ། དེ་ནི་སྐུ་དགེ་འདུན་གསུང་དམ་ཆོས་ཐུགས་སངས་རྒྱས་ཡིན་ཙང་
སྐུའི་གཙོ་བོ་རྣམ་པར་སྣང་མཛད་ཀྱི་ས་བོན་ཨོཾ་དེ་བཀོད་སའི་གནས་སྤྱི་བོ་རེད། ཡིན་
ནའང་དེ་ད་རེས་བཤད་མི་དགོས་པ་རེད། རྒྱུད་ཀྱི་ནང་ནས་གནས་གསུམ་ཡི་གེ་བཀོད་
ཚུལ་གསལ་པོ་ཡོད་རེད། རྣམ་སྣང་སྐུ་རྡོ་རྗེའི་སྐུ་མདོག་དཀར་པོ་ཡིན་ཙང་དགེ་འདུན་
དཀོན་མཆོག་འོད་ཟེར་དཀར་པོའ ་ི རྣམ་པར་ཞུ་དགོས་ཡག་དེ་དེ་རེད། དེ་བཞིན་དུ་
ཆོས་དེ་གསུང་རེད། གསུང་རྡོ་རྗེ་འོད་དཔག་མེད་ཀྱི་ས་བོན་ཨཱཿ་དེ་བཀོད་སའི་གནས་
མགྲིན་པ་དང༌། འོད་དཔག་མེད་སྐུ་མདོག་དམར་པོ་ཡིན་ཙང་ཆོས་དཀོན་མཆོག་འོད་
དམར་པོའ ་ི རྣམ་པར་ཞུ་བ་རེད། སངས་རྒྱས་དེ་ཐུགས་རེད། ཐུགས་རྡོ་རྗེ་མི་བསྐྱོད་
པའི་ས་བོན་ཧཱུཾ་དེ་བཀོད་སའི་གནས་སྙིང་ག་དང༌། ཐུགས་རྡོ་རྗེ་མི་བསྐྱོད་པ་སྐུ་མདོག་
སྔོན་པོ་ཡིན་ཙང་སངས་རྒྱས་དཀོན་མཆོག་འོད་ཟེར་སྔོ་པོའ ་ི རྣམ་པར་ཞུ་བ་འདུག་སེ་
76
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རེད།
ས་སྐྱའི་ལུགས་ལ་བདག་བསྐྱེད་ཏིང་ངེ་འཛིན་གྱི་ཆེ་བ། མདུན་བསྐྱེད་མཆོད་
པའི་ཆེ་བ་ཡིན་གསུངས་ཏེ་བདག་བསྐྱེད་ལ་མཆོད་པ་ཕུལ་བ་མ་རེད། མཆོད་པ་ཕུལ་
མི་དགོས་ཙང་མཆོད་པ་བྱིན་རླབས་དགོས་མ་རེད། མདུན་བསྐྱེད་སྐབས་མདུན་དུ་ལྷ་
གསལ་བ་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་ནས་ཚོགས་བསགས་དགོས་གསུངས་ཀྱི་ཡོད་
རེད། ང་རང་ཚོས་བདག་མདུན་གཉིས་ཀ་ལ་མཆོད་པ་ཕུལ་པ་རེད། ལྷག་པར་བདག་
བསྐྱེད་ལ་མཆོད་པ་ཕུལ་དགོས་ཡག་དེ་སངས་རྒྱས་ཀྱི་སའི་འབྲས་བུ་ཡོངས་དག་བཞི་
དང་རྣམ་པ་མཐུན་པ་ད་ལྟ་ནས་སྒོམ་བྱེད་ནས་འབྲས་བུ་ཡོངས་དག་བཞི་འཐོབ་དགོས་
པ་རེད། ཡོངས་དག་བཞི་ནི་ཞིང་ཡོངས་སུ་དག་པ་འོག་མིན་སྟུག་པོ་བཀོད་པ་སྔགས་
ཀྱི་སྐབས་སུ་གཞལ་ཡས་ཁང༌། སྐུ་ཡོངས་སུ་དག་པ་མཚན་དཔེས་སྤྲས་པའི་སྐུ།
ལོངས་སྤྱོད་ཡོངས་སུ་དག་པ་ཟག་མེད་ཀྱི་ལོངས་སྤྱོད་མ་གཏོགས་ང་ཚོ་ནང་བཞིན་
ཁམས་ཟས་རགས་པ་མ་རེད། ཡག་ཉེས་གང་ལྟར་སེ་པན་ཕུལ་ནའང་ཁ་ཚིག་ཤེས་པ་
མ་རེད།
(འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང༌།།)
ཞེས་པ་རེད། མཛད་པ་ཡོངས་སུ་དག་པ་ནི་འབད་པ་མེད་པ་དང་ལྷུན་གྱིས་གྲུབ་པ་
གཉིས་རེད། རང་ལྷར་བསྒོམ་པ་དེ་སྐུ་ཡོངས་སུ་དག་པའི་རྒྱུ་རེད། གཞལ་ཡས་ཁང་
བསྒོམ་པ་དེ་ཞིང་ཡོངས་སུ་དག་པའི་རྒྱུ་རེད། མཆོད་རྫས་ཟག་མེད་བདུད་རྩིར་བྱིན་
གྱིས་བརླབས་ནས་དེ་ལ་ལོངས་སྤྱོད་པ་དེ་ལོངས་སྤྱོད་ཡོངས་སུ་དག་པའི་རྒྱུ་རེད།
སྔགས་བཟླས་པ་དང་བཟླས་པའི་སྐབས་དང་དཀྱིལ་འཁོར་རྒྱས་ཆོག་སྐབས་
འདྲ་པོ་སྤྲོ་བ་དང་བསྡུ་བའི་མཛད་པ་སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་
དེ་སངས་རྒྱས་ཀྱི་མཛད་པ་དང་མཐུན་པ་ཡིན་ཙང་དེའི་རྒྱུ་རེད། ཕར་ཕྱིན་ཐེག་པའི་
77
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

སྐབས་སུ་བསོད་ནམས་ཀྱི་ཚོགས་གསོག་པ་དང་ལོངས་སྤྱོད་འགྲུབ་ཡག་ལ་ཕ་རོལ་ཏུ་
ཕྱིན་པ་དྲུག་གི་ཉམས་ལེན་སོགས་ཚོགས་བསགས་སྒྲིབ་སྦྱངས་བྱེད་དགོས་པ་རེད།
ཞིང་དག་སྦྱོར་བའི་སྐབས་སུ་སངས་རྒྱས་ཀྱི་ཞིང་སྦྱངས་ཡག་གི་དམིགས་པ་
དེ་འདྲ་མ་གཏོགས། འབྲས་བུ་ཡོངས་དག་བཞི་དང་རྣམ་པ་མཐུན་པ་ད་ལྟ་རང་ལམ་
དུ་བསྒོམ་པ་ཡོད་མ་རེད། ཐེག་པ་གཉིས་ཀྱི་རང་ལམ་གྱི་ཁྱད་པར་དེ་རེད། འབྲས་བུ་
ཡོངས་དག་བཞི་དང་རྣམ་པ་མཐུན་པ་བསྒོམ་དགོས་པ་ཡིན་ཙང་མཆོད་པ་བྱིན་གྱིས་
བརླབས་ནས་ཕུལ་དགོས། མཆོད་པ་བྱིན་བརླབས་ཀྱི་དོན་དུ་ནང་མཆོད་བྱིན་གྱིས་
བརླབས་དགོས། ནང་མཆོད་ཀྱི་རྫས་ལ་ཐ་མལ་གྱི་སྣང་ཞེན་བསལ་ཏེ་ཟག་མེད་ཀྱི་
ལོངས་སྤྱོད་དུ་བྱིན་གྱིས་བརླབས་པ་ལ་རང་ལ་ཐ་མལ་གྱི་སྣང་ཞེན་བསལ་དགོས་པ་
ཡིན་ཙང་དང་པོ་ནས་སྐད་ཅིག་དཀྲོང་བསྐྱེད་བྱེད་དགོས་པ་རེད།
ཡང་སྐབས་འགའ་ཞིག་ལ་སྐྱབས་ཡུལ་གྱི་ཚབ་ཏུ་བླ་བརྒྱུད་བསྡུ་རིམ་གྱིས་རྩ་
བའི་བླ་མ་འོད་དམར་པོའ ་ི རྣམ་པར་རང་ལ་ཐིམ་པས་རང་ལུས་ཤ་ཁྲག་གདོས་བཅས་ཀྱི་
ཕུང་པོ་སྟོང་ཡལ་དུ་སོང་ནས་སྣང་ངོར་སྟོང་སངས། མྱོང་ངོར་བདེ་བ་ཆེན་པོ། ངེས་ངོར་
རང་བཞིན་གྱིས་མ་གྲུབ་པ་དེ་གསུམ་ཚོགས་པའི་ཡེ་ཤེས་དེ་འབྲས་བུ་ཆོས་སྐུ་དངོས་
ཡིན་སྙམ་པའི་ང་རྒྱལ་བཟུང་བ་དེ་འཆི་བ་ཆོས་སྐུའི་ལམ་འཁྱེར་རེད། དེའི་ངང་དུ་རང་
གི་གོ་སར་སྣ་ཚོགས་པདྨ་དེའི་དབུས་སུ་ཉི་མའི་དཀྱིལ་འཁོར་ལྷ་ཆེ་ཆུང་ལ་དཔག་པའི་
འདོམ་གང་གི་ཚད་ཙམ། དེ་ཡི་སྒང་ལ་འོད་དམར་པོ་ཁྲུ་གང་ཙམ་པ་ཡར་ཙོག་ཙོག་བྱེད་
སྡད་པ་གཅིག་ལ་འབྲས་བུ་ལོངས་སྐུ་དངོས་ཡིན་སྙམ་པའི་ལོངས་སྐུའི་ང་རྒྱལ་བཟུང་
བ་བར་དོའ ་ི ལོངས་སྐུའི་ལམ་འཁྱེར་རེད། འོད་དེ་ཆེ་རུ་ཆེ་རུ་ཕྱིན་ཏེ་མཐར་ལྷ་སྐུར་
གྱུར་ནས་ཞལ་དང་ཕྱག་རྒྱན་དང་བཅས་པ་གྲུབ་ཡོང་དུས་འབྲས་བུ་སྤྲུལ་སྐུ་རྡོ་རྗེ་རྣལ་
འབྱོར་མ་དངོས་དེ་ང་ཡིན་སྙམ་པའི་ང་རྒྱལ་བཟུང་བ་དེ་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་
78
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རེད། བདག་བསྐྱེད་ཀྱི་ལྷ་དང་ད་ལྟ་སྐད་ཅིག་དཀྲོང་བསྐྱེད་གཅིག་པ་རེད་ལྷ་གཅིག་ལས་
མེད་ཙང༌།

བསྐྱར་བཤད། ནང་མཆོད་བྱིན་གྱིས་བརླབས།

༈ ནང་མཆོད་བྱིན་གྱིས་བརླབས་པ་ལ་བསང་བ། སྦྱངས་བ། བསྐྱེད་པ། བྱིན་གྱིས་


བརླབས་པ་དང་བཞི་རེད། དང་པོ་བསང་ཡོང་དུས་ཨོཾ་ཁཎྜ་རོ་ཧི་ནས་ཕཊ་ཅེས་པ་ན་
ནང་མཆོད་གཏོར་ཡག་ཡོད་མ་རེད། ཏིང་ངེ་འཛིན་གྱིས་བསང་བ་ཁོ་རང་གིས་འགྲིག་
པ་རེད། རང་གི་ཐུགས་ཀའི་བཾ་ཡིག་ལས་འོད་ཟེར་སྣ་ལྔ་འཕྲོ་བའི་ནཱ་དའི་རྩེ་མོ་དེ་ནས་
ལྷ་མོ་ཁཎྜ་རོ་ཧཻ་མ་ཞལ་བཞི་ཕྱག་བཞི་གཡས་གྲི་གུག་དང་ཌཱ་མ་རུ་གཡོན་ཐོད་པ་དང་
ཁ་ཊྭཾ་ག་འཛིན་པ་དེ་གཅིག་དང༌། མང་པོ་ག་རེ་སྤྲོས་ནའང་ཆོག་པ་རེད། གཅིག་སྤྲུལ་ན་
ནང་མཆོད་ཀྱི་བསྒྲུབ་གཞི་ལ་གནས་པའི་གེགས་རྣམས་བྱ་ཁྲ་གཅིག་གིས་བྱིའུ་མང་པོ་
དེད་འགྲོ་བ་ནང་བཞིན་བྱས་ནས་ཚང་མ་རྒྱ་མཚོའི་ཕ་རོལ་ཏུ་སྤྲད། བཅུ་སྤྲུལ་པ་ཡིན་ན་
ཕྱོགས་བཅུ་ལ་ཕར་སྤྲད་སོང་བསམ། དེ་ལས་མང་བ་སྤྲུལ་པ་ཡིན་ན་ཕྱོགས་མཚམས་
ཐམས་ཅད་དུ་ཕར་སྤྲད་པའི་མོས་པ་བྱེད་རྒྱུ་རེད། སྤྲད་ཚར་ནས་སྤྲུལ་པ་རྣམས་ཚུར་
བསྡུ་དགོས་པ་རེད།
(བརྗོད་ནས་རྡོ་རྗེ་སྤྲུལ་པར་བྱ། །
རྫོགས་ནས་རྡོ་རྗེ་བསྡུ་བར་བྱ།།) གསུངས་ཡོད་རེད། ཚུར་བསྡུ་
དགོས་ཡག་དེ་རྫོགས་རིམ་སྐབས་རླུང་དབུ་མར་འདུ་ཡག་གི་སྨིན་བྱེད་རེད། ཞར་དང་
ཞོར་ལ་རྫོགས་རིམ་སྨིན་བྱེད་ཀྱི་ཐབས་བྱེད་ཀྱི་ཡོད་ཙང་བསྐྱེད་རིམ་ཡག་པོ་བསྒོམས་
ན་རྫོགས་རིམ་མགྱོགས་པོ་སྐྱེ་ཡོང་བ་རེད། བསྐྱེད་རིམ་བསྒོམ་པ་རྫོགས་རིམ་ཀྱི་
79
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཐབས་ཡིན་པ་མ་ཤེས་པར་ད་ག་སེ་ལྷ་བསྒོམ་སྡད་ན་ཕན་ད་ཕན་འགྲོ་སྟེ་ཞེ་དྲག་གཅིག་
ཡོད་མ་རེད། བསང་ཡག་དེ་གེགས་བསང་བ་རེད།
༈ སྦྱངས་ཡག་ཐ་མལ་སྣང་ཞེན་གཉིས་པོ་དེ་སྦྱངས་བ་རེད། ཐ་མལ་པ་རང་
འགའ་དང་བདེན་པར་གྲུབ་པའི་སྣང་ཞེན་གཉིས་རེད། ང་རང་ཚོའི་སེམས་དེས་ག་རེ་
མཐོང་ན་བདེན་པར་གྲུབ་པ་མཐོང་གི་ཡོད་རེད། སྭ་བྷཱ་ཝ་རང་བཞིན་ཤུདྡྷ་དག་པ་སརྦ་
དྷརྨ་ཆོས་ཐམས་ཅད་སྭ་བྷཱ་ཝ་ཤུདྡྷོ་ཧཾ་རང་བཞིན་གྱིས་དག་པའི་བདག་ཉིད་དེ་ཧཾ་ང་
ཡིན་ཙང་ངའོ་བྱེད་པ་རེད། རང་བཞིན་གྱིས་མ་གྲུབ་པ་ཡིན་བསམ་སྟོང་ཉིད་བསྒོམ།
སྟོང་པ་ཉིད་དུ་གྱུར་ཞེས་པ་ན་ᩊᩏ་གཞི་སྟེང་དུ་སྣང་ཞེན་གཉིས་པོ་དེ་ᩊᩏ᫥།
༈ ད་བསྐྱེད་པ་ཡིན་ཙང་སྟོང་པའི་ངང་ལས་ཡཾ་ལས་རླུང་ཞེས་པ་ནས་ཨ་ལས་
ཐོད་པ་ཡངས་ཞིང་རྒྱ་ཆེ་བའི་ནང་དུ་ཞེས་པའི་བར་གྱིས་སྣོད་བསྐྱེད་པ་རེད། དཔེར་ན་
ཁ་ལག་བཟོ་དུས་སྔོན་ལ་སྣོད་གྲ་སྒྲིག་དགོས་པ་བཞིན་རེད། འོག་འོག་དེར་ཡཾ་སྔོ་པོ་
ལས་རླུང་གི་དཀྱིལ་འཁོར་སྔོ་པོ་གཞུའི་དབྱིབས་ཅན་ཟླ་གམ་བཅད་ཁ་མདུན་ན་ཚུར་
བསྟན་པ་གཡས་གཡོན་གཉིས་སུ་བ་དན་རེ་རེས་མཚན་པ། དེ་འདྲའི་རླུང་གིས་བ་དན་
གཡོ་ཡོང་དུས་དེའི་སྟེང་གི་མེ་དཀྱིལ་དེ་ལས་མེ་སྦར་ཡོང་བ་རེད། དེའི་སྟེང་དུ་རཾ་ལས་
མེའི་དཀྱིལ་འཁོར་ཟུར་གསུམ་པ་ཟུར་གཅིག་མདུན་དུ་ཚུར་བསྟན་པ། དེའི་སྟེང་དུ་ཨོཾ་
ཨཱཿ ཧཱུཾ་ལས་བྱུང་བའི་མི་མགོ་རློན་པའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཞེས་པ་ན་ཨོཾ་གཡས་
སུ་འཁེལ་བ་བྱེད། མི་མགོ་རློན་པ་གསུམ་མདོག་དཀར་དམར་མཐིང་གསུམ་བྱེད་པ་
རེད། ཨཱཿགཡོན་དུ་ཧཱུཾ་མཐིང་ག་མདུན་དུ་འཁེལ་བ་བྱས་མི་མགོ་དེ་ཚོ་ཡང་མིག་ཧྲིག་
ཧྲིག་སོ་སྐྱ་སི་སི་བྱེད་པ་ཐབ་རྡོ་ལྟ་བུ་རེད། དེ་དག་གི་སྟེང་དུ་ཨ་ལས་བྱུང་བའི་ཐོད་པ་
དུམ་བུ་གཅིག་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ག་ཚོད་ཆེན་པོ་བསམ་ཐུབ་
ན་ཡག་ག་ཡོད་རེད། སྟོང་གསུམ་གྱི་ཁྱོན་དང་མཉམ་པ་འདྲ་པོ་དེ་འདྲ་བསམ་བློ་བཏང་
80
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གི་ཡོད་རེད་དེ་ནི་སྣོད་རེད།
ད་དེའི་ནང་དུ་བཅུད་བསྐྱེད་པ་ནི། ཨོཾ་ཁཾ་ཨཾ་ཏྲཾ་ཧཱུཾ་ཡི་གེ་ལྔ་པོ་དེ་ཤར་དུ་ཨོཾ་དཀར་
པོ། བྱང་དུ་ཁཾ་ལྗང་ཁུ། ནུབ་ཏུ་ཨཾ་དམར་པོ། ལྷོར་ཏྲཾ་སེར་པོ། དབུས་སུ་ཧཱུཾ་མཐིང་ག་ཁ་
མདུན་དུ་བསྟན་པ་ཕྱོགས་བཞིའི་ཡི་གེ་རྣམས་ཁ་དཀྱིལ་ཏུ་ཕྱོགས་པ། ཡི་གེ་དེ་རྣམས་
ལས་བདུད་རྩི་ལྔ་བསྐྱེད། ད་རེས་བདུད་རྩི་གཙོ་བོ་བྱེད་དེ་ཕྱོགས་རྣམས་སུ་བསྐྱེད་པ་
དེ་མ་རྒྱུད་ཡིན་ཙང་རེད། ཤར་ཏུ་ཨོཾ་དཀར་པོ་འོད་དུ་ཞུ་ནས་དྲི་ཆེན་མིའི་བཙོག་པ་
མདོག་སེར་པོ། བྱང་དུ་ཁཾ་ལྗང་གུ་འོད་དུ་ཞུ་བ་ལས་ཤ་ཆེན་ཏེ་མིའི་ཀླད་པ་ལྗང་གུ །ཤ་
ཆེན་ལ་རབ་འབྲིང་ཐ་གསུམ་ཡོད་རེད་ཀླད་པ་དེ་ཡགཤོས་རེད། ནུབ་ཏུ་ཨཾ་དམར་པོ་
འོད་དུ་ཞུ་བ་ལས་བྱང་སེམས་དཀར་པོ་སྟེ་ཐིག་ལེ་དཀར་པོ་རེད། ལྷོར་ཏྲཾ་སེར་པོ་འོད་
དུ་ཞུ་བ་ལས་རཀྟ་དམར་པོ་སྟེ་ཁྲག་རེད། དབུས་སུ་ཧཱུཾ་སྔོ་པོ་འོད་དུ་ཞུ་བ་ལས་དྲི་ཆུ་སྟེ་
མིའི་གཅིན་པ་མར་ཁུ་ལྟ་བུར་འཁྱིལ་བ། དེ་ཚོ་མར་བླུག་བཞག་དུས་ཡར་གང་སྟེ་ཕན་
ཚུན་གཅིག་གཅིག་ལ་ཐུག་ཀྱང་མ་འདྲེས་པར་གནས། མཚོན་བྱེད་ཡི་གེ་རྣམས་ཕྱེད་
ཙམ་རྫས་ཀྱི་ནང་དུ་མར་ནུབ་ནས་ཡོད་པ་བྱེད། མཚམས་རྣམས་སུ་གཡས་བསྐོར་
བྱས་ཏེ་ལཾ་མཾ་པཾ་ཏཾ་བཾ་རྣམས་ལས་ཤ་ལྔ་བསྐྱེད་པ་ནི། ཤར་ལྷོར་ལཾ་དཀར་པོ་འོད་དུ་ཞུ་
བ་ལས་བ་གླང་གི་ཤ་ནག་པོ་གཞོགས་གཡས་པ་ཕབ་སྟེ་ལཾ་དཀར་ཁ་ནང་ལྟས་མཚོན་
པ། བ་གླང་གི་ཤ་ཆ་ཤས་ཚང་སྡད་པ་ཞིག་བསམ་རྒྱུ་རེད། ལྷོ་ནུབ་ཏུ་མཾ་སྔོ་པོ་འོད་དུ་
ཞུ་བ་ལས་ཁྱིའི་ཤ་དམར་པོ་མགོ་རཀྟ་ནང་ཕྱོགས་ཤིང་མཇུག་མ་བྱང་སེམས་དཀར་
པོར་བསྟན་པ་མཾ་སྔོན་ཁ་ནང་དུ་ཕྱོགས་པས་མཚན་པ། ནུབ་བྱང་དུ་པཾ་དམར་པོ་འོད་དུ་
ཞུ་བ་ལས་གླང་པོ་ཆེའི་ཤ་དཀར་པོ་པཾ་དམར་ཁ་དབུས་སུ་ཕྱོགས་པས་མཚན་པ། བྱང་
ཤར་ཏུ་ཏཾ་ལྗང་ཁུ་འོད་དུ་ཞུ་བ་ལས་རྟའི་ཤ་ལྗང་ཁུ་ཏཾ་ལྗང་ཁུ་ནང་དུ་ཕྱོགས་པས་མཚན་
པ། དབུས་སུ་དྲི་ཆུ་མར་ཁུ་འཁྱིལ་བ་ལྟ་བུའི་ནང་དུ་བཾ་དམར་པོ་འོད་དུ་ཞུ་བ་ལས་མིའི་
81
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཤ་དམར་པོ་བཾ་དམར་ཁ་ནང་དུ་ཕྱོགས་པས་མཚན་པ། མིའི་ཤ་དེ་མགོ་ཚུར་བསྟན་ནས་
ཡོད་པའི་ལུགས་སྲོལ་གཅིག་དང༌། ཁ་ཕར་སློག་སྟེ་དྲི་ཆེན་སྦྱོང་བྱེད་ཡི་གེ་ཨོཾ་དཀར་པོ་
དང་མིའི་ཤ་སྦྱོང་བྱེད་ཡི་གེ་བཾ་དམར་པོ་གཉིས་ཁ་སྤྲོད་བྱས་ནས་ཡོད་པ་དེ་གཉིས་གང་
བྱས་ནའང་འགྲིག་པ་རེད། དེ་དག་ནི་བཅུད་རེད་དཔེར་ན་སྣོད་སྤྱད་ནང་ཁ་ལག་བཟོ་བ་
འདྲ་པོ་རᨓ᩶ᨎ
༈ ད་བྱིན་གྱིས་བརླབ་པ་ནི་རླུང་གཡོས་ཏེ་མེ་སྦར་བར་བྱེད་པ་ནི་རང་གི་ཐུགས་
ཀ་ནས་འོད་ཟེར་འཕྲོས་བ་དན་ལ་ཕོག་པས་བ་དན་གཉིས་པོ་དེ་གཡོ། དེ་གཡོས་ཙང་
ལྷག་པ་རྒྱབ་སྟེ་རླུང་དཀྱིལ་ནས་རླུང་སྡངས་ནས་མེ་སྦར་ཙང་ཐོད་པའི་ནང་གི་རྫས་ཚང་
མ་ཞུ་ནས་ཧྲུམ་ཧྲུམ་ཁོལ། དེ་དག་གི་སྟེང་དུ་ཧཱུཾ་ལས་སྐྱེས་པའི་ཁ་ཊྭཱཾ་ག་དཀར་པོ་ཞེས་
པ་འདི་ལ་སྦྱངས་རྟོགས་སྦར་གསུམ་གསང་བ་འདུས་པ་ནང་བཞིན་ཡོད་མ་རེད། དངུལ་
ཆུའི་ཉི་མ་འཆར་ཀའི་མདོག་ལྟར་དམར་སེར་དུ་གྱུར་བྱེད་པ་རེད། ཡར་ཁོལ་ཡོང་དུས་
མར་འདྲེས་ནས་ཁ་དོག་དམར་སེར་དུ་གྱུར་པ་དེ་ཁ་དོག་གི་སྐྱོན་སྦྱངས་པ་རེད། དེའི་
སྒང་ལ་ཁ་ཊྭཱཾ ་ ག་མགོ ་མཇུག་ལོག ་ཤག་པ་བར་སྣང་ལ་ཡོ ད ་པ་དེ ་ ངོ ་ བོ ་ བྱང་སེ མ ས་
དཀར་པོ་རློན་གྱི་རང་བཞིན་ཡིན་པ་དེ་འོག་ནས་རྫས་རྣམས་ཞུ་ཞིང་ཁོལ་བའི་རླངས་
པ་ཕོག་པའི་རྐྱེན་གྱིས་མར་ཟག་ཡོང་དུས་བདུད་རྩིའི་ནང་དུ་སྐོར་བ་གསུམ་རྒྱབ་ནས་
ཞུ་འགྲོ་བ་རེད། དེའི་རྐྱེན་གྱིས་བདུད་རྩིའི་ཁ་དོག་དཀར་པོ་དྲི་ཕུན་སུམ་ཚོགས་པ་ཞིག་
ཏུ་གྱུར། དེའི་སྟེང་དུ་དབྱངས་གསལ་ཀྱི་ཕྲེང་བ་གསུམ་བརྩེགས་སུ་གནས་པ་ཡོངས་སུ་
གྱུར་པ་ཟེར་དུས་བདེ་མཆོག་ནང་བཞིན་རེད། དབྱངས་དཀར་པོའ ་ི ཕྲེང་བ། དེའི་སྟེང་དུ་
གསལ་བྱེད་དམར་པོའ ་ི ཕྲེང་བ། དེའི་སྟེང་དུ་རྟེན་སྙིང་སྔོན་པོའ ་ི ཕྲེང་བ་གསུམ་བརྩེགས་
ནས་ཡོད་པ་དེ་དང་པོ་ནས་མགོ་མཇུག་ལོག་ནས་ཡོད་པར་བསམ། ཕྲེང་རེ་རེ་བཞིན་
གཅིག་ཏུ་འདྲེས་ཡོང་ནས་ཨོཾ་དཀར་པོ་ཨཱཿདམར་པོ་ཧཱུཾ་སྔོན་པོ་གསུམ་དུ་གྱུར། དེ་ཡང་
82
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

མགོ་མཇུག་ལོག་ནས་ཡོད་པ། དེ་དག་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་
རྒྱས་དང་བྱང་སེམས་དཔའ་བོ་དང་དཔའ་མོ་སྟེ་སངས་རྒྱས་ཡབ་ཡུམ་དེ་རྣམས་ཀྱི་
ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་ཡི་གེ་གསུམ་ལ་ཐིམ། ཡི་གེ་གསུམ་པོ་
ལ་གསུང་སྟངས་གཉིས་ཡོད་རེད།
ཡར་སླང་ནས་ཡོད་པ་ལ་མར་ཟག་ཡོང་དུས་མགོ་མཇུག་ལོག་ནས་ཟག་ཟེར་བ་
གཅིག་དང༌། དང་པོ་ཉིད་ནས་མགོ་མཇུག་ལོག་ནས་ཡོད་པ་གཉིས་ལས་དུས་རྒྱུན་ཁྲིད་
ལས་ཕྱི་མ་འདི་གསུང་ཡོང༌། གང་ལྟར་ཡང་ཡི་གེ་གསུམ་པོ་དེ་མར་ཟག་ཡོང་བའི་རྐྱེན་
གྱིས་ན་བ་མེད་པ་སྨན་གྱི་བདུད་རྩི། འཆི་བ་མེད་པ་ཚེའི་བདུད་རྩི། ཟག་པ་མེད་པ་ཡེ་
ཤེས་ཀྱི་བདུད་རྩིར་གྱུར་སོང་བསམ་པ་བྱས་སུ་ཡི་ཁ་ནང་འགྲོ་སོང་ན་ན་ཚ་དྲག་ཡོང་
བ། འཆི་ཁ་མའི་ཁ་ནང་འགྲོ་སོང་ནའང་མི་འཆི་བར་སོས་ཡོང་བ། སུའི་ཁ་ནང་སོང་ན་
ཟག་མེད་ཀྱི་བདེ་བ་སྐྱེ་ཐུབ་པ་འདྲ་པོ་ཟེར་ཀྱི་ཡོད་རེད། བྱིན་བརླབ་འདི་ཡག་པོ་ཤེས་
དགོས་རེད། ཚོགས་ཕུལ་ནའང་བྱིན་བརླབ་འདི་རེད། མཆོད་པ་ཕུལ་ནའང་བྱིན་བརླབ་
འདི་རེད། རང་གིས་ཟས་ལ་ལོངས་སྤྱོད་ནའང་བྱིན་བརླབ་འདི་རེད། འདི་གལ་ཆེ་ཤོས་
གཅིག་རེདᨎ

བསྐྱར་བཤད། མཆོད་པའི་བྱིན་བརླབ།

༈ ད་དེ་ནས་མཆོད་པ་བྱིན་བརླབ་རེད། ཨོཾ་ཁཎྜ་རོ་ཧི་ཞེས་བརྗོད་དེ་ནང་མཆོད་གཏོར་
ནས་གསང༌། ད་ནང་མཆོད་བསྒྲུབས་ཚར་བ་ཡིན་ཙང་ནུས་པ་ཡོད། རེད་གོང་དུ་བཤད་
པ་ནང་བཞིན་བཾ་ཡིག་གི་ན་ད་ནས་ལྷ་མོ་དུམ་སྐྱེས་མ་མང་ཉུང་ག་ཚོད་སྤྲོས་ནའང་
མཆོད་རྫས་ལ་གནས་པའི་གེགས་དེ་ཚོ་ཕར་སྤྲད། གེགས་དེ་ཚོ་ངོ་ཤེས་པ་བྱེད་འཇིག་
83
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རྟེན་དགའ་བྱེད་ཀྱི་གདོན། ཟས་སུ་བདུག་བ་ཟ་བའི་གདོན། ཟས་སུ་དྲི་ཟ་བའི་གོད།


ཟས་སུ་ཆུ་ཟ་བའི་གདོན་འདིས་ཆུ་བརླཾས་སོང་ན་ང་ཚོའི་སེམས་དེ་ཆུ་ནང་བཞིན་གཡོ་
བསྡད་དེ་འདྲའི་གནོད་པ་ཡོང་རྒྱུ་ཡོད་རེད། དེ་བཞིན་དུ་མཆོད་པ་དེ་དཀོན་མཆོག་ལ་
མ་ཕུལ་གོང་ཁོ་ཚོས་ཟ་བ་ཡིན་ན་ཟ་བ་ཙམ་དུ་མ་ཟད་སྒྲུབ་པ་པོ་ལ་ཚུར་གནོད་པ་ཡོང་
གི་ཡོད་རེད། ཐོག་མ་མཆོད་པ་ཡར་གཤམ་དུས་ནས་འབྲུ་གསུམ་བརྗོད་ནས་བྱིན་
གྱིས་བརླབས། ད་ལྟ་ཡང་བྱིན་བརླབས་ཡག་པོ་རྒྱབ་དགོས་པ་རེད། གསང་སྦྱངས་
གོང་བཞིན་གཅིག་པ་བྱེད། བསྐྱེད་པ་ལ་སྣོད་བསྐྱེད་པ་དང་བཅུད་བསྐྱེད་པ་གཉིས།
སྟོང་པའི་ངང་ལས་ཀཾ་ལས་ཐོད་པ་བསྐྱེད། ཀཾ་བརྗོད་དུས་ཨུ་དང་འདྲེས་པ་ཡིན་ཙང་
དབྱངས་གསལ་འདྲེས་པས་ཐབས་ཤེས་བཟུང་འབྲེལ་མཚོན་པ་དང༌། ཀ་དེ་ཀ་པཱ་ལའི་
མིང་ཡིག་དང་པོ་ཡིན་ཙང་ཀའི་སྒང་ལ་ཀླད་གོར་སྦྱར་ནས་དབྱངས་དང་གསལ་བྱེད་
ཡི་གེ་གཅིག་ཏུ་འདྲེས་ཡོང་དུས་ཐབས་ཤེས་ཟུང་འབྲེལ་རེད། ཀཾ་ལས་སྣོད་བསྐྱེད་ཡོང་
དུས་ཆོས་ཐམས་ཅད་མིང་ཙམ་བཏགས་ཙམ་ཡིན་པ་ཀ་པཱ་ལའི་མིང་ཡིག་དང་པོ་ཡིན་
བྱེད་པ་རེད། མིང་ཀྱང་བཏགས་ཡོད་ཡིན་པ་བཤད་དུས་སྟོང་ཉིད་གཙོ་བོ་བཤད་པ་
རེད། ཨཱཿལས་ཐོད་པ་བསྐྱེད་དུས་ཨ་ཐོད་པའི་ས་བོན་རེད་བདེ་སྟོང་གཉིས་ཀྱི་ནང་ནས་
བདེ་བ་བཤད་པ་རེད། ཕ་རྒྱུད་སྐབས་སུ་བདེ་བ་གཙོ་བོ་བྱས་མ་རྒྱུད་སྐབས་སུ་སྟོང་པ་
གཙོ་བོ་བྱེད་པ་རེད་དེ་མ་གཏོགས་གཞན་གཅིག་པ་རེད། མཆོད་པ་བསྐྱེད་པ་ཡན་ཆད་
ནས་ཁྱད་པར་ཡོང་ཡག་དེ་ཕ་རྒྱུད་སྐབས་སུ་སྒྱུ་ལུས་རྩལ་དུ་བཏོན། མ་རྒྱུད་སྐབས་
སུ་འོད་གསལ་རྩལ་དུ་བཏོན་པ་ཡིན་ཙང་སོ་སོའ ་ི བསྒྲུབ་ཐབས་སྐབས་གང་བྱེད་པ་དེ་
དེ་དང་དེའི་ཐབས་སུ་འགྲོ་ཐུབ་པ་དགོས་པ་རེད། སྣོད་ཀྱི་ནང་དུ་ཧཱུཾ་ལས་བཅུད་བསྐྱེད་
ཡག་དེ་ཧཱུཾ་མི་བསྐྱོད་པའི་ས་བོན་ཡིན་ཙང་ཧཱུཾ་བདེ་སྟོང་གི་ས་བོན་ཡང་རེད། ངོ་བོའ ་ི
ཁྱད་པར། རྣམ་པའི་ཁྱད་པར། བྱེད་ལས་ཀྱི་ཁྱད་པར་གསུམ་རེད།
84
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བསྐྱར་བཤད། མཎྜལ།

༈ མཎྜལ་མཆོད་གཡོག་གིས་ཡར་བླ་མའི་སར་ཁྱེར་ཡོང་དུས་བླ་མས་དེའི་སྒང་ལ་ཐོར་
འབྲུ་ཕར་བླུགས་པ་མ་གཏོགས་ཚུར་ལེན་པ་མ་རེད། དེ་བླ་མ་ལ་ཕུལ་བ་མ་རེད། འདོན་
པ་བཏོན་ཚང་མས་མཎྜལ་ཕུལ་ཡག་དེ་བདག་བསྐྱེད་ཀྱི་ལྷ་བསྒོམ་ཡག་གནང་བ་ཞུ་
རེད། བདག་འཇུགསྐབས་སུ་ལྷ་ཡི་རྣལ་འབྱོར་ལ་གནས་པར་ཞུ་བའི་ཡོན་དུ་ཞེས་ཚང་
མས་ལྷ་ཡི་རྣལ་འབྱོར་གནས་ཆོག་པ་གཅིག་ཞུ་བ་རེད། འོ་ན་ལྷ་བསྒོམ་ནས་ཡག་པོ་
བྱེད་ཀྱི་ཡོད་ན་བླ་མ་ལ་ཞུ་དགོས་ཡག་ག་རེ་བྱེད་པ་རེད་ཟེར་ན། ཞུ་དགོས་ཏེ་བླ་མ་ལ་
བྱ་བ་ཡག་ངན་ཚང་མ་ཞུ་དགོས་པ་རེད། འདུལ་བ་ནང་ལ་གནས་ཀྱི་བླ་མ་བསྟེན་སྟངས་
ལ་ཉིན་རེར་དུས་གསུམ་དུ་བྱ་བ་ཡག་ངན་ཚང་མ་ཞུ་དགོས་གསུངས་ཡོད་རེད། ཡིན་
ནའི་དེ་སྔགས་མ་རེད། ཞུས་ནས་བྱེད་པ་ཡིན་ན་དགེ་བ་བསྒྲུབས་པའི་ཕན་ཡོན་དང་
བླ་མའི་བཀའ་བསྒྲུབས་པའི་ཕན་ཡོན་ཡོང་གི་རེད། ད་ལྟ་འདི་དོན་དང་བྱ་བ་གལ་ཆེན་
པོ་ཞིག་ཞུ་ཡི་ཡོད་རེད། གསང་སྔགས་ཀྱི་སྐབས་སུ་བདགབསྐྱེད་བསྒོམ་པ། མདུན་
བསྐྱེད་བསྒྲུབ་པ། མཚམས་བསྙེན་བསྒྲུབ་བྱེད་པ་དེ་ཚོ་གལ་ཆེ་ཤོས་རེད། མཚམས་
བསྡད་པ་ཡིན་ནའང་སྔོན་དུ་བླ་མར་སྙན་སེང་ལ་མ་སོང་ན་ཞུ་དགོས་རེད། བླ་མར་མ་
ཞུས་པ་བྱེད་བླ་མ་ཕེབས་ནས་བཀའ་བཀྱོན་གནང་ཡོང་བསམ་ནས་མཚམས་ཐོ་རྒྱབ་
པ་སོགས་བྱེད་ན། བླ་མར་མཚམས་ཐོ་རྒྱབ་པ་རེད་དེ་འདྲ་བྱེད་མི་རུང་བ་རེད། བླ་མར་
མཚམས་ཐོ་རྒྱབ་ན་དངོས་གྲུབ་ལ་མཚམས་ཐོ་རྒྱབ་པ་རེད། དེ་འདྲ་རང་བྱེད་མཁན་
ཡོད་ཀྱི་མ་རེད། མཎྜལ་ཚོམ་བུ་བདུན་མའམ་སོ་བདུན་གང་ཕུལ་ནའང་གཅིག་ཕུལ་
བྱེད་གནང་བ་ཞུ་འདུག་སེ་རེད།
85
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དེ་ནས་བསྒོམས་པའི་རྩ་བའི་བླ་མས་ཞལ་སང་གི་མེད་ཙང་སློབ་དཔོན་གྱིས་
ཚབ་བྱས་ནས་བཤགས་པ་དང་བསྡམས་པ་སྔོན་དུ་འགྲོ་བའི་སྒོ་ནས་ལྷ་ཡི་རྣལ་འབྱོར་
ལ་གནས་པར་ཞུ། ཞེས་གསུང་རྒྱུ་རེད། དེ་ནི་བཤགས་བསྡོམ་སྔོན་དུ་འགྲོ་བའི་སྒོ་ནས་
ལྷའི་རྣལ་འབྱོར་བསྒོམ་ཤོག་བྱེད་པ་རེད། ཕྱིར་བཅོས་བྱེད་དགོས་པ་དེ་ངེས་པར་དུ་
རེད། ང་རང་ཚོ་བཤགས་སྦྱངས་གལ་ཆེ་བ་རེད། དུག་གསུམ་དང་བཅས་པས་རྟོགས་
པ་སྐྱེ་བ་ལ་སྒྲིབ་པ་རེད།
(ལྷག་པར་ལས་སྒྲིབ་སྦྱོང་བ་གནད་ཆེ་བས། །
རྒྱུན་དུ་སྟོབས་བཞི་ཚང་བར་བསྟེན་པ་གཅེས།།)
གསུངས་ཡག་དེ་གང་ལ་ཡིན་ནའང་ལས་སྒྲིབ་སྦྱོང་དགོས་རེད། ལས་སྒྲིབ་མ་ᩊᩏ᫥་
ན་སྐྱེ་བ་ཕྱི་མ་རྣམ་སྨིན་གྱི་ཡོན་ཏན་བརྒྱད་ཐོབ་ཀྱི་ཡོད་མ་རེད། ཚེ་འདི་ལ་ཕོ་བཟོས་
ནས་ལམ་སྣ་ཟིན་རོགས་བྱེད་ན་ཨང་གི་དང་པོ་རེད། བྱང་ཆུབ་ཀྱི་སེམས་བཅོས་མ་
ཚུན་ཆད་སྐྱེས་ན་ལམ་སྣ་ཟིན་པ་རེད། ལམ་སྣ་ཟིན་ཀྱང་བརྟན་པོ་ཡོད་མ་རེད། ཡང་
མར་དམྱལ་བ་ནང་སོང་ན་ཚར་བ་རེད། ཡིན་ཙང་ལམ་སྣ་ཟིན་སྐྱེ་བ་ཕྱི་མ་མི་ཡི་ལུས་
རྟེན་རྣམ་སྨིན་ཡོན་ཏན་བརྒྱད་དང་ལྡན་པ་གཅིག་ལེན་དགོས་པ་རེད། དེ་ལ་རྣམ་སྨིན་
གྱི་ཡོན་ཏན་དེ་དག་ངོ་ཤེས་དགོས་པ་རེད། ཡོན་ཏན་རེ་རེ་ལ་ཕན་ཡོན་རེ་རེ་ཡོད་རེད།
དེ་བྱུང་ན་ཆོས་དེ་མི་ཡོང་ཐབས་མེད་འདྲ་གཅིག་ཡོད་རེད། དེ་འདྲའི་ཡིན་ཙང་ཡོན་ཏན་
བརྒྱད་པོ་དེ་ཡི་རྒྱུ་ལ་བསླབ་དགོས་པ་རེད། [དེ་ཡང་རྗེ་ཙོང་ཁ་པ་ཆེན་པོ་ལམ་རིམ་
ཉམས་མགུར་མ་ལསᨎ]
(ལམ་མཆོག་བསྒྲུབ་ལ་མཚན་ཉིད་ཚང་བའི་རྟེན། །
མ་རྙེད་བར་དུ་ས་ཆོད་མི་འོང་བས། །
དེ་ཡི་མ་ཚང་མེད་པའི་རྒྱུ་ལ་བསླབ།།) ཅེས་ལམ་མཆོག་བསྒྲུབ་པ་ལ་
86
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

མཚན་ཉིད་ཚང་བའི་རྟེན་མ་རྙེད་ཀྱི་བར་དུ་ག་ཚོད་བསྒོམ་རྒྱབ་ཁག་བྱེད་ནའང་ས་ཆོད་
ཡོང་གི་མ་རེད་གསུངས་པ་རེདᨎ
[᫗ᩏ་᩶ᨓ་ᩡᨑ᩶་᫞᫥ᨎ] (ᩆᨕ་གསུམ་སྡིག་ལྟུང་དྲི་མས་སྦགས་པ་འདི། །
ལྷག་པར་ལས་སྒྲིབ་སྦྱོང་བ་གནད་ཆེ་བས། །
རྒྱུན་དུ་སྟོབས་བཞི་ཚང་བར་བསྟེན་པ་གཅེས།།)
ཞེས་ང་རང་ཚོའི་སྒོ་གསུམ་སྟེ་ལུས་ངག་ཡིད་གསུམ་ལ་སྡིག་པ་དང་ལྟུང་བ་ཡིས་གོས་
ནས་ཞག་རྩིས་འཚོས་བསྡད་པའི་བཟོ་འདྲ་པོ་རེད་བསྡད་ཡོད་རེད། དེ་ཡིན་ཙང་སྡིག་
ལྟུང་སྦྱོང་བ་གལ་ཆེན་པོ་མཐོང་ནས་ཉི་མ་རེ་རེ་བཞིན་སྟོབས་བཞི་བཤགས་སྡོམ་རེ་མ་
མཐའ་ནས་མ་ཆད་པ་བྱེད་དགོས་གསུངས་པ་རེདᨎ [᩶ᨓ᫕ᨑ་᪱ᩝᨵ་ᩩᨎ]
(རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །
ཐར་འདོད་ཁྱོད་ཀྱང་དེ་བཞིན་བསྐྱང་འཚལ་ལོ།།) གསུངས་པ་རེད།
དེ་ཚོ་ཐུགས་ལ་བཞག་རྡོར་སེམས་བསྒོམ་བཟླས་དགོས་པ་ཨ་ཡིན་མ་ཡིན་དོན་དུ་
སྟོབས་བཞི་ཚང་བའི་བཤགས་སྡོམ་བསྟེན་དགོས་པ་རེད། རྡོར་སེམས་བསྒོམ་བཟླས་
དེ་འགྲིག་པ་བྱེད་ཤེས་མི་ཤེས་ཞེ་དྲག་ཡོད་མ་རེད་གནད་འགག་དེ་འདྲ་གཅིག་རང་
རེད།ᨎ །།

བླ་མའི་རྣལ་འབྱོར།

༈ བླ་མའི་རྣལ་འབྱོར་དེ་ལ་(མདུན་གྱི་ནམ་མཁར་དག་གསལ་གཉིས་སུ་མེད་པའི་ཡེ་
ཤེས་ཀྱི་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞིᨎ) ཞེས་པ་ནི་རང་གི་
མདུན་གྱི་ནམ་མཁའི་དབྱིངས་སུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་བྱེད། དེ་ཡིན་དུས་
87
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རང་སྡོད་སའི་ས་ཆ་ཁོ་རང་བཻ་ཌཱུརྱ་ཡི་ས་གཞི་སོགས་དག་ཞིང་གི་བཀོད་པ་ཆ་ཚང་
བསམ་བློ་བཏང་མ་ཐུབ་ནའང་འགྲིག་གི་ཡོད་རེད། ད་ག་རེ་ཡིན་ནའང་རང་གི་མདུན་
དུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་མཛེས་པ་སོགས་དུས་རྒྱུན་ནང་
བཞིན་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བ་ཡག་པོ་གཅིག་བསམ་བློ་བཏང༌། ད་
གཞལ་ཡས་ཁང་གི་ནང་ལོགས་དེ་ལ་བླ་མ་ཚོ་བཞུགས་ས་དབུས་སུ་སེངྒེ་ཆེན་པོ་
བརྒྱད་ཀྱིས་བཏེ ག་པའི་རིན་པོ་ཆེའི་ཁྲི་མཐོ་པོ་སྣ་ཚོགས་པདྨ་ཟླ་བ་ཉི་མའི་དཀྱིལ་
འཁོར་གཅིག་བྱེད། དེ་ཡི་མཐའ་རིང་མཐའ་ལ་བརྒྱུད་པའི་བླ་མ་ཚོ་བཞུགས་ས་སེང་ཁྲི་
དེ་ས་དམའ་བ་བྱེད་ནས་སྔ་མ་ཡིན་ན་མདུན་ནས་དགུ་གཡས་གཡོན་རྒྱབ་གསུམ་ལ་
བརྒྱད་རེ་བྱས་ཏེ་སོ་གསུམ་རེད། དེང་སང་དེས་འགྲིག་གི་ཡོད་མ་རེད། བླ་བརྒྱུད་མང་
རུ་ཕྱིན་པ་རེད། ང་ཡིན་ན་སོ་བདུན་ཙམ་ཡོད་རེད། རང་གི་རྩ་བའི་བླ་མ་དེ་དབུས་ཀྱི་ཁྲི་
མཐོ་བ་དེ་ལ་བཞག། ᨎངའི་རྩ་བའི་བླ་མ་སྐྱབས་རྗེ་རྡོ་རྗེ་འཆང་དེའི་སྒང་ལ་གསལ་བཏབ་
ཀྱི་རེད། གསལ་བཏབ་ལུགས་དེ་ལ་བླ་མ་ཕྱི་ནང་གསང་གསུམ་གྱི་རྣམ་གཞག་གཅིག་
ཡོད་རེད། གསུང་ཡག་གཅིག་ལ་སངས་རྒྱས་རྡོ་རྗེ་འཆང་དུ་གསལ་དགོས་ཟེར་བ་དང་
དཔའ་བོ་རྡོ་རྗེ་ཆོས་སུ་གསལ་དགོས་ཟེར་མཁན་འདྲ་པོ། ཐུའུ་ཀྭན་གསུང་གཅིག་གི་
ནང་ལ་ཕྱིའི་བླ་མ་ནང་གི་བླ་མ་གསང་བའི་བླ་མ་གསུམ་གྱི་ནང་ནས་གསང་བ་ནི་རྣལ་
འབྱོར་མ་དང་ཐབས་ཤེས་སུ་སོང་བའི། །གསུང་ཡག་གཅིག་ཡོད་རེད། རེད་དེ་ལག་
ལེན་ཁྲིད་རྒྱུན་ལ་རྩ་བ་ནས་མི་འདུག་ཕལ་ཆེ་བའི་ནང་དཔའ་བོ་རྡོ་རྗེ་ཆོས་དེ་གསུང་རྡོ་
རྗེ་ཡིན་ཙང་གཙོ་བོ་དཔའ་བོ་རྡོ་རྗེ་ཆོས་བྱེད་པ་ཡོང་གི་ཡོད་རེད། ཡིན་ནའང་ང་ཚོས་
འདོན་ཆ་ཁོ་རང་ལ་ཆ་གཞག་ནས་རང་གི་རྩ་བའི་བླ་མ་སངས་རྒྱས་རྡོ་རྗེ་ཆོས་ཀྱི་རྣམ་
པ་ཅན་བྱེད་ན་རྒྱལ་བ་རྡོ་རྗེ་འཆང་སྐུ་མདོག་དམར་པོ་འདྲ་གཅིག་རེད། བླ་མ་ཚང་མ་
རུས་པའི་བརྒྱན་དྲུག་ཡོད་རེད། བརྒྱུད་པའི་བླ་མ་ཚོའི་བཞུགས་ཁྲི་རྣམས་གྲུ་བཞི་
88
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དང་སྒོར་མོ་ག་འདྲའི་སེ་ཡོད་པ་བྱེད་ན་ཁྱད་པར་ཡོད་མ་རེད། རྩ་བའི་བླ་མའི་མདུན་
དེ་ལ་ཕལ་ཆེར་རྡོ་རྗེ་རྣལ་འབྱོར་མ་ཞལ་ནང་དུ་ཕྱོགས་ནས་བཞག་དགོས་པ་མིན་འགྲོ།
ཐབས་ཤེས་སུ་སོང་ཟེར་ཡག་དེ་ཞལ་སྦྱོར་མིན་པ་ཞལ་སྤྲོད་ལ་གོ་རྒྱུ་མིན་འགྲོ། (དེ་ཡི་
མདུན་ནས་བརྩམས་ཏེ་གཡོན་སྐོར་དུ་སངས་རྒྱས་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་
གྱི་བརྒྱུད་པའི་བླ་མ་ཐམས་ཅད་དཔའ་བོ་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅནᨎ) ཞེས་བྱུང་བ་ཡིན་
ཙང་མདུན་གྱི་གྲལ་འགོ་དེ་ལ་རྒྱུད་སྟོན་པ་པོ་རྒྱལ་བ་རྡོ་རྗེ་འཆང༌། དེ་ཡི་འོག་ལ་རྗེ་
བཙུན་རྡོ་རྗེ་རྣལ་འབྱོར་མ་བཞེངས་བསྡད་པ། དེའི་འོག་ཏུ་རྒྱུད་གསུང་བ་པོ་ནཱ་རོ་ཏ་པ།
དེའི་འོག་ཏུ་ཕམ་མཐིང་པ་གཅེན་འཇིགས་མེད་གྲགས་པ་དང་ཅུང་ངག་དབང་གྲགས་པ་
གཉིས། དེའི་འོག་ཏུ་བོད་ཀྱི་ལོ་ཙཱ་བ་ཀློ་སྐྱ་ཤེས་རབ་བརྩེགས་པ། དེའི་འོག་མལ་ལོ་བློ་
གྲོས་གྲགས་པ། དེའི་འོག་ས་ཆེན་ཀུན་དགའ་སྙིང་པོ། དེའི་འོག་རྗེ་བཙུན་བསོད་ནམས་
རྩེ་མོ། དེའི་འོག་རྗེ་བཙུན་གྲགས་པ་རྒྱལ་མཚན། དེའི་འོག་ས་སྐྱ་པཎྜི་ཏ་ཀུན་དགའ་
རྒྱལ་མཚན། དེའི་འོག་འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན། [ᨮᨕᩏ་ᨵᨑ་᫞ᨕ་
ᩃ᫥་ᨵ᫡᪱་᩹་᫕᪞ᨕ᫥་᪠᫡᩶་᫡ᨕᨵ་ᨻᩏ᫥་ 303 ᨵ᫥᫞ᨎ] དེའི་འོག་ཞང་སྟོན་དཀོན་མཆོག་དཔལ། དེའི་འོག་ན་

བཟའ་བྲག་ཕུག་པ། དེའི་སློབ་མ་ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཁོང་


རྗེ་རིན་པོ་ཆེའི་བླ་མ་རེད། དེའི་འོག་ཡར་ཀླུངས་པ་སེངྒེ་རྒྱལ་མཚན། དེའི་འོག་འཇམ་
དབྱངས་ནམ་མཁའ་རྒྱལ་མཚན། དེའི་འོག་བདགཆེན་ཆོས་རྗེ་བློ་གྲོས་རྒྱལ་ཚན། འདི་
ཡན་ས་སྐྱ་ཁོ་ན། དེའི་འོག་རྡོ་རིང་ཀུན་བཟང་ཆོས་ཀྱི་ཉི་མ། ཚར་ཆེན་རྡོ་རྗེ་འཆང་བློ་
གསལ་རྒྱ་མཚོ་ཁོང་ཡང་ས་སྐྱ་བ། དེའི་འོག་འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག་
རྒྱ་གར་ལ་ཕེབས་ནས་བ་རི་ལོ་ཙཱ་བའི་ཞབས་ལ་གཏུགས། དེའི་འོག་པཎ་ཆེན་བསླབ་
གསུམ་རྒྱལ་མཚན། དེའི་འོག་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། དེའི་འོག་བཀའ་
འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། འདིའི་༧རྒྱལ་བ་ལྔ་པའི་བླ་མ། དེའི་འོག་
89
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཞུ་ལུ་བ་རིན་ཆེན་བསོད་ནམས་མཆོག་གྲུབ། ཞྭ་ལུ་མགོན་པའི་བླ་མ་ས་སྐྱ་བ། དེ་འོག་


མཁྱེན་རབ་བསྟན་པའི་དབང་ཕྱུག་ལྷུན་གྲུབ་མཚན་རིན་པོ་ཆེ་གཅིག་ཡོད་རེད་ས་སྐྱ་བ།
ᩍ་᫕ᨮᨖ᫙་᪠ᫍᨑ་᪍ᨎ

དེའི་འོག་རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ་རྒྱ་མཚོ། དེའི་འོག་གནས་
གསར་པ་ཀུན་དགའ་འཇིགས་མེད་འབྱུང་གནས། དེའི་འོག་ཁ་རག་པ་བློ་གསལ་ཕུན་
ཚོགས། དེའི་འོག་རྗེ་བཙུན་བསྟན་འཛིན་འཕྲིན་ལས། དེའི་འོག་བཀའ་འགྱུར་བ་ཆེན་མོ་
དགའ་ལྡན་བསྟན་འཛིན། དེའི་འོགདགའ་ལྡན་དར་རྒྱས། དེའི་འོག་དངུལ་ཆུ་དྷརྨ་བྷ་དྲ།
དེའི་འོག་དངུལ་ཆུ་བློ་བཟང་ཆོས་འཕེལ། དེའི་འོག་དངུལ་ཆུ་འཇིགས་མེད་དབང་པོ།
དེ་ནས་བླ་མ་བདེ་ཆེན་སྙིང་པོ་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ། དེ་ནས་རྡོ་རྗེ་
འཆང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ། རྩ་བའི་བླ་མ་གསལ་བཏབ་དུས་ཡ་གེའི་
དཀྱིལ་དེར་ཁྲི་མཐོ་ཤོས་དེ་ཡི་སྒང་ལ་གསལ་དགོས་པ་རེད། དེ་ཐམས་ཅད་ཀྱི་སྤྱི་བོར་
ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པ། ཐུགས་
ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་དཔའ་བོ་དང་
རྣལ་འབྱོར་མ་བསྟན་སྲུང་དམ་ཅན་རྒྱ་མཚོ་དང་བཅས་པ་སྐྱབས་ཡུལ་མ་ཚང་བ་མེད་
པ་ཆ་ཚང་མང་པོ་ནམ་མཁའི་ཁམས་གང་བ་སྤྱན་དྲངས་བླ་མ་རེ་རེའི་ཐོག་ལ་སྐྱབས་
ཡུལ་ཆ་ཚང་རེ་རེ་མར་ཐིམ་སྟེ་བླ་མ་ཚང་མ་རེ་རེ་ནས་སྐྱབས་གསུམ་ཀུན་འདུས་ཀྱི་
བདག་ཉིད་ཤ་སྟག་དུ་གྱུར་སོང་བསམ་པ་བྱེད། བླ་མ་གསལ་བཏབ་ལུགས་དེ་རེད། ད་
དེ་ལ་ཡར་ཕྱག་འཚལ་མཆོད་པ་འབུལ། ཀུ་ས་ལི་ཚོགས་བསགས། མཎྜལ་ཕུལ་ཏེ། བླ་
བརྒྱུད་གསོལ་འདེབས་བཏོན། དེ་ནས་དབང་བཞི་བྱིན་བརླབས་ཞལ་ཤེས་ཐུན་མོང་མ་
ཡིན་པ། ལྟེ་བ་བླ་མ་བསྐྱེད་པའི་ཞལ་ཤེས། བླ་མ་སྟིམ་པའི་ཞལ་ཤེས། བསམ་མི་ཁྱབ་ཀྱི་
ཞལ་ཤེས། ཟེར་བ་འདྲ་པོ་དེ་འདྲ་ཡོད་རེད། (གཉིས་བྲལ་འཆད་དུས་ཞལ་ཤེས་གསུམᨎ)
90
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གཉིས་བྲལ་འཆད་དུས་ཞལ་ཤེས་བཞི། །ཟེར་ནའང་འགྲིག་པ་རེད་ད་རེས་དེ་བཞག། ᨎ
ད་སྐྱར་བཤད་དེ་ནང་མཆོད་དང་མཆོད་པ་བྱིན་བརླབ་ཁོ་ཚོ་ལ་མི་དགོས་པ་
བྱེད། བླ་མ་བསྐྱེད་པའི་ཞལ་ཤེས་དེ་ལ་ཞེ་དྲག་བཤད་ཡག་ཡོད་མ་རེད། མདུན་གྱི་ནམ་
མཁར་དག་ཞིང་མཚན་ཉིད་ཚང་བའི་དབུས་སུ་སེངྒེ་བརྒྱད་ཀྱིས་བཏེག་པའི་རིན་པོ་
ཆེའི་ཁྲི་སྣ་ཚོགས་པད་ཟླ་ཉི་མའི་གདན་གྱི་སྟེང་དུ་དབུས་སུ་ཁྲི་མཐོ་བ་གཅིག་གི་སྒང་
ལ་དྲིན་ཅན་རྩ་བའི་བླ་མ་སངས་རྒྱས་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན། དེའི་མཐར་སེང་ཁྲི་སོ་
དྲུག་གམ་སོ་བདུན་གྱི་སྒང་ལ་རྒྱལ་བ་རྡོ་རྗེ་འཆང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། ནཱ་རོ་
ཏ་པ་སོགས་རང་གི་རྩ་བའི་བླ་མའི་བར་ཞལ་ནང་གཟིགས་དཔའ་བོ་རྡོ་རྗེ་ཆོས་ཀྱི་རྣམ་
པར་གསལ་བཏབ། གནས་གསུམ་ཡི་གེ་བཀོད་སྤྱན་དྲངས་སྐྱབས་གནས་ཀུན་འདུས་
ཀྱི་ངོ་བོ་ཐག་བཅད་པ་དེ་རེད། སྨོན་ལམ་ནང་དུ་བྱེད་ན་དལ་འབྱོར་གྲུ་ཆེན་མི་རྟག་དྲན་
པ་ཡི། །བ་དན་དཀར་པོ་ཞེས་སོགས་ཀྱིས་དལ་འབྱོར་ནས་ཚད་མེད་རྣལ་འབྱོར་བར་
དུ་བསྟན་པ་བྱས་བླ་མའི་རྣལ་འབྱོར་འདི་རྗེ་བཙུན་བླ་མའི་ཐུགས་རྗེས་སྐྱོང་བར་ཤོག།
ᨎཅེས་པ་འདིས་བསྟན་པ་རེད་ད་ཚར་སོང་འགྲིག་པ་བྱེད།

ᩡᨑ᪄་ᨵ᫦᪱་᪍ᨎ

བསྐྱར་བཤད་བླ་མའི་རྣལ་འབྱོར་དེ་ལ་བླ་མ་བསྐྱེད་པའི་ཞལ་ཤེས། དབང་བཞི་
བྱིན་བརླབས་ཀྱི་ཞལ་ཤེས། བླ་མ་སྟིམས་པའི་ཞལ་ཤེས་བྱས་དེ་འདྲ་ཡོད་རེད་ཞལ་
ཤེས་ཟེར་ནའང་ཁ་ཐུག་མར་ཞུས་བཞག་ན་འགྲིག་གི་འདུག །བླ་མ་བསྐྱེད་པའི་ཞལ་
ཤེས་དེ་ལ་མདུན་དུ་སེངྒེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་ཁྲིའི་སྟེང་དུ་རང་གི་རྩ་བའི་
བླ་མ་དེ་ཉིད་སངས་རྒྱས་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན་དེ་ཡང་སྐུ་མདོག་དམར་པོ་བྱེད་པ་
དེ་གསུང་རྡོ་རྗེའི་རྣམ་པ་ཅན་ཕྱོགས་གཅིག་ནས་སངས་རྒྱས་དངོས་ཡིན་སྙམ་པའི་འདུ་
91
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཤེས་ཡོད་ན་རྣམ་པ་སངས་རྒྱས་སུ་བསྒོམ་མ་བསྒོམ་ཁྱད་པར་ཡོད་མ་རེད།
ག་དུས་ཡིན་ནའང་བླ་མའི་མཚན་གཞན་གྱིས་བརྗོད་པའམ་རང་གིས་བརྗོད་པ་
ཐོས་པ་ཙམ་གྱིས་རང་གི་རྩ་བའི་བླ་མ་ངང་གིས་དྲན་ཐུབ་པ་འདུག་ན་བླ་མ་ཡིན་གཅིག་
མིན་གཅིག་སངས་རྒྱས་སུ་བསྒོམ་དགོས་པ་མ་རེད། སངས་རྒྱས་ལ་སྐུའི་རྣམ་པ་འདྲ་
མི་འདྲ་ཐ་དད་པ་མཐའ་ཡས་པ་ཡོད་རེད། ལས་དང་པོ་བ་ལ་བླ་མ་སངས་རྒྱས་དངོས་
ཡིན་སྙམས་པའི་བཅོས་མིན་གྱི་དད་པ་ཡོད་ན་བཅོས་མིན་གྱི་བྱིན་བརླབ་ཡོང་གི་རེད།
དེ་མེད་ན་ལས་དང་པོ་བ་ལ་དེ་ལྟ་བུ་ཡོང་བ་ཁག་པོ་ཡིན་ཙང་ངོ་བོ་རྩ་བའི་བླ་མ་བྱེད་
རྣམ་པ་སངས་རྒྱས་སུ་བསྒོམས། ངོ་བོ་བླ་མ་སྒོམས་པས་བྱིན་རླབས་མྱུར་བ། རྣམ་པ་
སངས་རྒྱས་བསྒོམས་པས་བྱིན་རླབས་ཆེ་བ་བྱས་དེ་ཡིན་གསུངས་པ་རེད། སངས་
རྒྱས་རྡོ་རྗེ་ཆོས་གསུང་རྡོ་རྗེ་ཡིན་ཙང་སངས་རྒྱས་གཞན་གྱི་རྣམ་པ་བསྒོམས་པ་ལས་
དེའི་རྣམ་པ་བསྒོམས་པ་དེ་ལ་རྟེན་འབྲེལ་གྱི་གནད་ཡོད་པ་རེད། བླ་མའི་བྱིན་བརླབ་
འཇུག་ཡོང་དུས་ཐོག་མར་གསུང་གི་བྱིན་བརླབ་འཇུག་དགོས་པ་རེད།
རྩ་བའི ་ བླ་མ་དེ ་ གཞོ ན ་ནུ་ལང་ཚོ ་ བཅུ་དྲུག་ལོ ན ་པའི ་ ན་ཚོ ད ་སྐུ་ཤ་རྒྱས་པ་
མཛེས་པ་དེ་འདྲ་གསལ་དགོས་པ་ནི་སློབ་མའི་རྒྱུད་ལ་ལུང་རྟོགས་ཀྱི་ཡོན་ཏན་རྒྱས་
པར་བྱེད་པས་ན་རྒྱས་པའི་ལས་དང་མཐུན་པ་རེད། དེའི་མདུན་ནས་བརྩམས་ཏེ་གཡོན་
སྐོར་དུ་སེང་ཁྲི་ཐོག་ནས་སངས་རྒྱས་རྡོ་རྗེ་འཆང་སྐུ་མདོག་དམར་པོ་དཔའ་བོ་རྡོ་རྗེ་
ཆོས་ཀྱི་རྣམ་པ་ཅན། དེའི་འོག་ཏུ་རྡོ་རྗེ་རྣལ་འབྱོར་མ་ཁོ་རང་གི་རྣམ་པ་ཅན། དེའི་འོག་
ཏུ་ནཱ་རོ་ཏ་པ་དཔའ་བོ་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན། སྐབས་འདིར་རྗེ་རིན་པོ་ཆེ་བླ་བརྒྱུད་
ནང་མ་བཞུགས་པ་རེད། རྣལ་འབྱོར་མའི་ཉམས་ལེན་མེད་པ་གསུང་གི་ཡོད་མ་རེད། ང་
རང་ཚོའི་སྔོན་མ་བླ་མ་ཚོས་གསུངས་ཡག་ལ་རྣལ་འབྱོར་མ་དེ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་
པ་ཆེན་པོའ ་ི ཐུགས་ལ་གབ་པའི་ཆོས་ཡིན་གསུངས་པ་རེད། གབ་པའི་ཆོས་ཟེར་ཡག་
92
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དེ་གོ་མ་བདེ་བ་འདྲ་པོ་ཡོང་གི་ཡོད་པ་འདྲ་སྟེ་གབ་པའི་ཆོས་ཟེར་དུས་གསང་བའི་ཆོས་
ཟེར་བ་རེད། ཡིན་ཡང་ཕྲན་བུའི་གསང་བ་ཤོར་བ་འདྲ་པོ་བྱས་ནས་མཇལ་པའི་སྐབས་
མི་མོའ ་ི རྣམ་པ་ཅན་དུ་མཇལ་བ་ཡིན་གསུང་གི་ཡོད་རེད། གསང་སྒྲོགས་ཤོར་བའི་ཉེས་
པ་ཡིན་གསུངས་ཀྱི་ཡོད་རེད་ལྷའི་རྣམ་པ་ཅན་དུ་མ་མཇལ་པ་རེད་ཟེར་བ་རེད།
དེ་ནས་མར་རྩ་བའི་བླ་མའི་བར་གྲལ་ཞུགས་སུ་ཡིན་ན་དེའི་བར་ཁ་སང་ཞུས་པ་
ནང་བཞིན་བྱས་ནས་གསལ་བཏབ། བླ་མ་དེ་དག་ཐམས་ཅད་ཀྱི་སྤྱི་བོར་སྐུ་རྡོ་རྗེ་རྣམ་
སྣང་གི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེ་འོད་དཔགམེད་ཀྱི་ངོ་བོ་ཨཱཿདམར་
པོ། ཐུགས་ཀར་ཐུགས་རྡོ་རྗེ་མི་བསྐྱོད་པའི་ངོ་བོ་ཧཱུཾ་སྔོན་པོ། རྣམ་སྣང་འོད་དཔག་མེད་
མི་བསྐྱོད་པ་གསུམ་པོ་དེ་བླ་མ་དེ་ཚོ་ལས་ངོ་བོ་ཐ་དད་པ་གཞན་ཞིག་བྱིན་རླབས་ཞུ་
ཆེད་དུ་ཚུར་མཚོན་ཡོང་བ་མ་རེད། བླ་མ་རེ་རེ་བཞིན་དུ་རྡོ་རྗེ་གསུམ་གྱི་རང་བཞིན་
རེད། སངས་རྒྱས་ཚར་ནས་གཟུགས་ཕུང་རྣམ་པར་དག་པ་རྣམ་སྣང་ཡིན་ཙང་སྐུ་རྡོ་རྗེ་
རྣམ་སྣང་བྱེད་དགོས་ཡག་དེ་རེད། དེ་བཞིན་དུ་གསུང་རྡོ་རྗེ་འོད་དཔག་མེད། ཐུགས་
རྡོ་རྗེ་མི་བསྐྱོད་པ། དེ་བཞིན་དུ་ཕུང་པོ་ལྔ་རྣམ་པར་དག་ཡོང་དུས་ཡོན་ཏན་རིན་ཆེན་
འབྱུང་ལྡན། འཕྲིན་ལས་དོན་ཡོད་གྲུབ་པ་བྱེད་ནས་དེ་འདྲ་ཡིན་ཙང་སྐུ་གསུང་ཐུགས་
གསུམ་དུ་འདུས་ཡོང་བ་རེད།
ཕུང་པོ ་ རྣམ་པར་དག་པའི ་ རི ག ས་ལྔ་པོ ་ དེ ་ རི ག ས་གསུམ་དུ་བསྡུ་ཡོ ང ་དུས་
རིན་འབྱུང་དང་དོན་གྲུབ་རྣམ་སྣང་སྐུའི་ནང་དུ་བསྡུས་ཏེ་གསང་གསུམ་མི་ཟད་བརྒྱན་
གྱི་འཁོར་ལོ་ཟེར་བ་དེ་མཚོན་བྱེད་དུ་གནས་གསུམ་ཡི་གེ་གསུམ་བཀོད་ཡག་དེ་རེད།
ཐུགས་ཀའི ་ ཧཱུཾ ་ ལས་འོ ད ་ཟེ ར ་དམར་པོ ་ ལྕགས་ཀྱུ་ལྟ་བུས་ཕྱོ ག ས་བཅུའི ་ ཞི ང ་རབ་
འབྱམས་ན་བཞུགས་པའི་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་འཇིག་རྟེན་
ལས་འདས་པའི་ཆོས་སྲུང་ཐམས་ཅད་སྤྱན་དྲངས་ནས་བླ་མ་རེ་རེའི་སྟེང་དུ་དེ་རྣམས་
93
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཆ་ཚང་རེ་རེ་ཛཿཧཱུཾ་བཾ་ཧོཿབྱས་མར་བསྟིམས་ནས་བླ་མ་རེ་རེའང་སྐྱབས་གནས་ཀུན་
འདུས་ཀྱི་བདག་ཉིད་དུ་གྱུར་སོང་བསམ་པ་དེས་བླ་མ་བསྐྱེད་པ་རེད། ད་དེ་ལ་ཚེ་འདི་
ལ་སྐུ་གསུམ་གོ་འཕང་མངོན་དུ་བྱེད་ཡག་གི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་
བསགས། ཚོགས་རེ་རེའི་སྐབས་སུའང་ཚོགས་གཉིས་ཟུང་འབྲེལ་བྱེད་པ་གསང་
སྔགས་ཀྱི་ཁྱད་ཆོས་རེད། བསོད་ནམས་ཀྱི་ཚོགས་བསགས་པའི་སྐབས་སུ་ཡན་ལག་
བདུན་པ་དང་ཕལ་ཆེར་འདྲ་བ་རེད། ཐོག་མར་ཕྱག་འཚལ་བ་ནི།
(གང་གིས་དྲིན་གྱིས་བདེ་ཆེན་ནི།)
ཞེས་པའི་བདེ་ཆེན་དེ་སངས་རྒྱས་ཀྱི་གོ་འཕང་དང་མཆོག་ཐུན་མོང་གི་དངོས་གྲུབ་
ཚང་མ་བླ་མའི་བཀའ་དྲིན་ལ་བརྟེན་ནས་ཐོབ་དགོས་རེད། མཆོག་གི་དངོས་གྲུབ་སངས་
རྒྱས་ཀྱི་གོ་འཕང་དེ་རང་རེད། ཐུན་མོང་གི་དངོས་གྲུབ་གྲུབ་པ་ཆེན་པོ་བརྒྱད་ཐོབ་པ་
ལ་བསྐྱེད་རིམ་མཐར་ཕྱིན་དགོས་པ་རེད། ཐུན་མོང་གི་དངོས་གྲུབ་ཕྲན་ཚེག་འགྲུབ་པ་
ལའང་ལས་རུང་གི་བསྙེན་པ་རྒྱས་པ་སྔགས་འབུམ་བཞི་སོང་དགོས་པ་ཡིན་ཙང་ཚང་
མ་བླ་མ་ལ་རག་ལས་པས་ན་འདིའི་སྐབས་སུ་བླ་མ་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་
བོར་ལྟས་ནས་ཕྱག་འཚལ་བ་རེད། དེ་ནས་མཆོད་པ་རེད། རང་གི་ཐུགས་ཀ་ནས་སྤྲོས་
པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ཞེས་པ་ན་ག་དུས་ཡིན་ནའང་ནམ་
མཁའི་ཁམས་གང་བ་སྤྲོས་ནས་ཕུལ་བ་མ་གཏོགས་དངོས་སུ་བཤམས་པ་དེ་ཙམ་གྱིས་
ཕན་གྱི་མ་རེད། དེ་ཡང་གཏོར་མ་གཏོང་མཁན་ཚོའི་ལུགས་སྲོལ་བྱེད་ན་ཀླུ་གཏོར་ཁ་
ཤས་ནང་ཡོང༌། གཏོར་མའི་སྣོད་དེ་མདུན་གྱི་གཞལ་ཡས་ཁང་གི་ནང་དུ་རིན་པོ་ཆེའི་
སྣོད་གཞལ་ཡས་ཁང་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་དང་མཉམ་
པ། དེའི་ནང་གཏོར་མ་བདུད་རྩི། མཆོད་མཁན་གྱི་ལྷ་མཆོད་སའི་ཡུལ་ཚང་མ་དེ་ནང་
འདུས་པ་རེད། མེ་ཏོག་མ་དཀར་མོས་ཡར་མཚོན་ཏེ་མཆོད་ཡོན་མ་དང་ཞབས་བསིལ་
94
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

མ་གཉིས་ཀྱང་དཀར་མོ་བྱེད། བདུག་སྤོས་མ་དུད་ཀ། ᨎམར་མེ་མ་དམར་སེར། དྲི་ཆབ་


མ་ལྗང་ཁུ། ཞལ་ཟས་མ་སྣ་ཚོགས་མདོག་ཅན་གྱིས་མར་མཚོན་ཏེ་རོལ་མོ་མ་སྣ་ཚོགས་
མདོག་ཅན་གསུངས་ཡག་གཅིག་དང་ཡང་རོལ་མོ་མ་སྔོན་པོ་གསུང་ཡག་གཅིག་ཡོད་
རེད། སྣ་ཚོགས་མདོག་ཅན་ཀུན་རིག་གི་བྱང་ཕྱོགས་ཀྱི་ལྷ་དེ་རེད། ཉེར་སྤྱོད་ལྔ་ཕུལ་
ནས། བཛྲ་ཨཱ་དརྴེ་མེ་ལོང་རེད། དེ་དམར་པོ་རེད། བཛྲ་བི་ནི་སྒྲ་རེད། བཛྲ་གནྡྷེ་དྲི་རེད།
བཛྲ་ར་སེ་རོ་བྱེད། བཛྲ་སྤརྴེ་རེག་བྱ་བྱེད། བཛྲ་དྷརྨེ་ཆོས་འབྱུང་ཟུར་གསུམ་བསྟན་པ་
མ་གཏོགས་ཕྱག་ཏུ་ཕུལ་ཡག་མ་རེད།
དེ་ཡང་ཕྱི་དཀར་ནང་དམར་ཡིན་ཟེར་བ་འདྲ་པོ་མཐིང་ནག་ཡིན་ཟེར་བ་འདྲ་པོ་
དེ་འདྲ་ཡོད་རེད། ཨརྒྷཾ་ནི་མཆོད་པའི་མིང་བྱེད་པྲ་སྟེ་ནི་སོ་སོ། ཙྪ་ནི་བཞེས། སྭཱཧཱ་གཞི་
ཚུགས་བྱེད་པ་རེད། འདོད་ཡོན་ལྔ་ཆོས་འབྱུང་དྲུག་པོ་དེ་ལ་རིག་མ་དྲུག་བྱེད་པ་རེད།
ཕྱི་མཆོད་ཚར་ནས་ནང་མཆོད་འབུལ། ཕྱི་མཆོད་ནང་མཆོད་ཀྱི་ཁྱད་པར་བསྒྲུབ་གཞི་
ནང་གི་གཟུགས་ཤེས་པས་ཟིན་པ་ལས་བྱུང་བ་དང༌། ཕྱིའི་གཟུགས་ཤེས་པས་མ་ཟིན་
པའི་ཆ་ནས་བཤད་པ་རེད། ནང་མཆོད་རོ་རྡོ་རྗེ་མ་སྐུ་མདོག་དམར་མོ་སྤྲོས་ནས་ཕུལ།
མཆོད་ལྷ་དེ་ཚོ་གཟུགས་མཛེས་པ། ལང་འཚོ་དར་ལ་བབ་པ། དྲི་ཞིམ་པ། སྒྲ་སྙན་པ།
ནང་གི་ཡོན་ཏན་ལྔ་དང་ལྡན་པ་བྱེད། དེ་ནས་ཡིད་འོང་ལང་འཚོ་ཞེས་པ་གསང་མཆོད་
དེ་ཡང་ཞིང་ཁམས་ཡུལ་ཉེར་བཞིན་ན་སྐྱེས་པའི་མཁའ་འགྲོ་མ་དེ་བྱས། ཞིང་སྐྱེས་ཀྱི་
མཁའ་འགྲོ་དེ་ལ་རབ་འབྲིང་ཐ་གསུམ་ཡོད་རེད། སྔགས་སྐྱེས་ནི་བསྐྱེད་རིམ་ཡན་ཆད་
ཐོབ་བསྡད་པའི་ཐ་མལ་པ་ཡིན་ནའང་འགྲིག་པ་རེད། ལྷན་སྐྱེས་དེ་རྫོགས་རིམ་ཟུང་
འཇུག་གི་རྟོགས་པ་ཐོབ་པའི་ཕྱག་རྒྱ་མ་དེ་རེད། ཕྱག་རྒྱ་མ་དེ་ཚོ་རང་
(ཡིད་འོང་ལང་ཚོའི་དཔལ་འཛིན་དྲུག་ཅུ་བཞི།)
ཞེས་སོགས་ཀྱི་ཚིག་དོན་དང་མཐུན་པ་དེ་དབུས་ཀྱི་བླ་མ་རྡོ་རྗེ་འཆང་ལ་ཕུལ་ཏེ་ཡབ་
95
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཡུམ་སྙོ མ ་འཇུག་འཛག་པས་དགའ་བཞི ་ དྲངས་པའི ་ ལྷན་སྐྱེ ས ་ཀྱི ་ དགའ་བ་མགྲོ ན ་


ཐམས་ཅད་ཀྱི་རྒྱུད་ལ་སྐྱེས་པའི་མོས་པ་བྱེད་དགོས་པ་ཡིན་པ་འདྲ། དེ་ནས་
(སྒྲིབ་བྲལ་ལྷན་སྐྱེས་བདེ་བའི་ཡེ་ཤེས་ཆེ། །
ཆོས་ཀུན་རང་བཞིན་སྤྲོས་དང་བྲལ་བའི་དབྱིངས། །
དབྱེར་མེད་ལྷུན་གྲུབ་)
ཞེས་པ་ལྟར་བདེ་བས་སྟོང་པ་ངེས་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སྐྱེས་པའི་མོས་
པ་བྱེད་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་རེད། མཆོད་པ་བཞིའི་ནང་ནས་མཆོག་དེ་གསང་
བའི་མཆོད་པ་རེད། དེ་ནས་བདུན་རྣམ་དག་ཡན་ལག་བདུན་པ་རེད། གསང་སྔགས་
སྐབས་སུ་ཆོ ས ་འཁོ ར ་སྐོ ར ་བར་སྐུལ་བ་དང་མྱ་ངན་ལས་མི ་ འདའ་བར་གསོ ལ ་བ་
འདེབས་པ་གཉིས་ཡོད་མ་རེད། གང་ཡིན་ཟེར་ན་ཚོགས་ཞིང་ལོངས་སྤྱོད་རྫོགས་པའི་
སྐུ་ཡིན་ཙང་ལོངས་སྐུས་ཆོས་མ་གསུངས་པ་དང་མྱ་ངན་ལས་འདའ་བའི་དུས་ཡོད་མ་
རེད། ཡན་ལག་བདུན་གྱི་ནང་ནས་ལྔ་མ་གཏོགས་ཡོད་མ་རེད། ལྔའི་ཐོག་ལ་སྐྱབས་
སེམས་གཉིས་བསྣན་ནས་བདུན་རྣམ་དག་གི་སྒོ་ནས་ཚོགས་བསགས། དེ་ནས་ཀུ་ས་
ལི་ཚོགས་གསོག་རེད། ཀུ་ས་ལི་ཟེར་ཡག་དེ་དགེ་བ་ཅན་ཟེར་བ་རེད། གྲུབ་ཐོབ་ལ་བི་
སུ་ཀོ་ཟེར་བ་རེད། མཁས་པ་ལ་པཎྜི་ཏ་ཟེར་བ་རེད། རང་སེམས་མཁའ་སྤྱོད་དབང་མོ་
མཐེབ་སོར་ཙམ་དེ་ལྟེ་བར་བསྐྱེད་ན་ཡག་ག་ཡོད་རེད། ལྟེ་བའི་གཏུམ་མོ་དམར་ཆ་དེ་
ནང་གི་སྒྲུབ་གཞི་ཡིན་ཙང༌། རང་སེམས་མཁའ་སྤྱོད་དབང་མོ་དེ་ཡག་པོ་གཅིག་བསམ་
བློ་བཏང༌། རང་ད་ལྟ་མཁའ་སྤྱོད་མ་བྱེད་ནས་བསྡད་ཡོད་རེད། མདུན་ནས་གཞལ་ཡས་
ཁང་གྲུ་བཞི་སྒོ་བཞིའི་ནང་དུ་བླ་མ་ཚོ་བཞུགས་ཁྲིའི་སྒང་ལ་བཞུགས་ཡོད་པ་བྱེད། རང་
ཁ་ཡར་སློགས་ནས་མཁའ་སྤྱོད་མ་བྱས་ཐུགས་ཀ་ནས་མཆོད་ལྷ་སྤྲོས། མཆོད་པ་ཕྱི་
ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་བཅས་ཕུལ་ཚར་རེད། རང་མཁའ་སྤྱོད་མར་
96
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གསལ་བའི་ལྟེ་བའི་ཁ་ཐུག་ལ་བཾ་ཆུང་ཆུང་གཅིག་གསལ་བཏབ་ཀྱི་ཡོད་པ་ཉིན་རེར་དེ་
བཏབ་ཡག་དེ་ལྟེ་བའི་གཏུམ་མོའ ་ི དམར་ཆ་དེ་ནང་གི་བསྒྲུབ་གཞི་ཡིན་ཙང་དེ་མཁའ་
སྤྱོད་མ་ལ་གསལ་དགོས་པ་རེད།
རང་སེམས་མཁའ་སྤྱོད་དབང་མོ་དེ་སྙིང་ག་ལ་གསལ་བཏབ་ནའང་འཐུས་པ་
རེད། ལྟེ་བ་ལ་གསལ་བཏབ་ཀྱི་ཡིན་ན་ཏོག་ཙམ་ཁྱད་པར་ཡོད་རེད། ད་ལྟེ་བར་རང་
སེམས་མཁའ་སྤྱོད་དབང་མོ་ཆུང་ཆུང་གཅིག་གསལ་བཏབ་ནས་(རང་གིས་ཕར་ལྟད་
མོ་བལྟ་བསྡདᨎ) ཁོ་དམར་ཁྱིལ་ལེ་[རྩ་དབུ་མ་མར་སྣེ་ལྟེ་᫕ᨕག་མཚམས་ནས་ཡར་སྣེ་
ཚངས་བུག་ཐད་ཁ་ཕྱེ་᪠᫕ᨑ་ནང་ནས་སྐར་མད᫕་᫕᪙ངས་པ་བཞིན་ཐོན་ཏེ་རྩ་བ᫕ᨑ་བླ་
མ་སངས་རྒྱས་རྡོ་རྗེ་ཆོས་དྲུང་དུ་དགྱེས་ཞལ་མཇལ་མཛོམས་ཀྱིས་མཇུག་ཏུ་ཕྱིར་
བལྟས་པ་ན་རང་ལུས་རྙིང་པ་སྡོང་རྒ᪄་᫕ᨹᨓལ་བ་ལྟར་མཐོང་སྟེ། གྲངས་ཡ᫥་᫿ས་པོ་
᫕᩶ᨕ᫙་᫚ᩏ་ᨎ རང་ལ་ཕན་མེད་མ་ཟད་གནོད་རྐྱེན་དུ་ཟད་པས་ད་རེས་རིན་ཆེན་ལུས་
᫕᩶ᨑ་མཆོད་སྦྱིན་དངོས་པོ་རུ་བསྒྱུར་ནས་རང་གཞན་དོན་གཉིས་᫕ᨼ᪠་ཕྱིར་བསོད་
ནམས་བསགས་ཐབས་ལ་᫕᪠᩶་སྙམ་དུ། བྱ་རྒོད་ཤ་ལ་ལྡིང་བ་ལྟར་གཡོན་སྐོར་ལན་
གསུམ་གྱི་རྗེས་སུ་ཕྱག་གཡས་གྲི་གུག་རྣོན་པོས་ཕུང་པོ་རྙིང་᪍᫕ᨑ་ཐོད་པ་བཀོག་སྟེ་
ཕྱེ་ནས་རང་ཉིད་རྗེ་བཙུན་མ᫕ᨑ་མདུན་དུ། རླུང་དཀྱིལ་ཟླ་གམ་གྱི་སྟེང་དུ་མེ་དཀྱིལ་གྲུ་
གསུམ་᫕᪠ར་བ᫕ᨑ་ནང་མི་མགོ᫕ᨑ་སྒྱེད་བུ་གསུམ་ཐོལ་ᨹᨑས་བསྐྱེད། རི་རབ་ལྟར་མཐོ་
བ᫕ᨑ་སྟེང༌། ཕུང་པོ་རྙིང་᪍᫕ᨑ་ཐོད་པ་དུམ་བུ་གཅིག་པ་ཕྱི་དཀར་ནང་དམར་བ་ཡངས་པ།
རྒྱ་ཁྱོན་སྟོང་གསུམ་ཙམ་དཔྲལ་བ་᫕᪢ལ་ཡུལ་དུ་བཀོད་དེᨎ] ལག་པ་གཉིས་དང་རྐང་
པ་གཉིས་གཏུབ་ལུས་གཞུངས་བཤགས་བཏང་སྟེ་དུམ་བུ་གཉིས་གཉིས་སམ་གསུམ་
གསུམ་བཏང་སྟེ་ཐོད་པའི་ནང་དུ་བླུགས་ནས་ཤའི་རི་ལྟ་བུ་ཁྲག་གི་རྒྱ་མཚོ་འདྲ་པོ་རུས་
པ་གྲམ་ཁྲོད་ལྟར་བྱེད་ནས་ཁོལ་བས་རླངས་པ་སྔོ་ཕྱུར་ཕྱུར་བྱས་ཡོད་པ་དེའི་མདུན་དུ་
97
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བསྡད།
(གཏུབས་ཏེ་སྤུངས་ལ་སྤྱན་ཆེར་གཟིགས་པ་ཡིས།།)
སྤྱན་ཆེར་གཟིགས་པ་ཟེར་ཡག་དེ་སྤྱན་དམིགས་མཛད་པའི་དོན་རེད་མ་གཏོགས།
སྤྱན་ཆེན་པོ་བྱེད་ནས་བལྟ་དགོས་མ་རེད། དམིགས་པ་བྱེད་དུས་རང་བྱུང་གི་རླུང་
གཡོ ས ་མེ ་ སྦར་ཐོ ད ་པའི ་ ནང་གི ་ རང་གི ་ ཕུང་པོ ་ རྙི ང ་པ་དེ ་ མར་ཞུ་ནས་མར་ཁུ་ནང་
བཞིན་ཡར་ཁོལ་ཧྲོམ་ཧྲོམ་བྱེད་ནས་ཁོལ་ཡོང་དུས་དེའི་སྟེང་དུ་ཨོཾ་ཨཱཿཧཱུཾ་ཡི་གེ་གསུམ་
ལས་འོད་ཟེར་འཕྲོས། སྦྱངས་རྟོགས་སྦར་གསུམ་བྱེད། དེ་བཞིན་གཤེགས་པ་རྣམས་
ཀྱི་བདུད་རྩི་ཚང་མ་བཀུགས་ནས་ཁ་དོག་དྲི་རོའ ་ི ནུས་པའི་སྐྱོན་རྣམས་སྦྱངས་ནས་ངོ་
བོར་བདུད་རྩིར་རྟོགས་ཟད་པ་མེད་པ་མང་པོ་སྦར་ནས་བདུད་རྩི་དཀར་པོ་དངུལ་ཆུའི་
མདོག་ལྟ་བུར་ཞིག་ཏུ་གྱུར་སོང་བསམ་པ་བྱས། ན་བ་མེད་པ་སྨན་གྱི་བདུད་རྩི། འཆི་བ་
མེད་པ་ཚེའི་བདུད་རྩི། ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩི་གསུམ་དུ་གྱུར་སོང་བསམ་
ནས་ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿལན་གསུམ་གྱིས་བྱིན་གྱིས་བརླབས། ད་རེས་མགྲོན་ཚན་བཞི་
གསལ་བཏབ་རྒྱུ་རེད། དཀོན་མཆོག་སྲི་ཞུའི་མགྲོན། མགོན་པོ་ཡོན་ཏན་གྱི་མགྲོན།
རིགས་དྲུག་སྙིང་རྗེའི་མགྲོན། གདོན་བགེགས་ལན་ཆགས་ཀྱི་མགྲོན་བྱས་བཞི་རེད། བླ་
བརྒྱུད་གསལ་བཏབ་པའི་མདུན་དེར་བླ་མ་སོ་བདུན་མ་གཏོགས་པའི་ཐུབ་དབང་གཙོ་
བོ་བྱེད་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རང་རྒྱལ་ཉན་ཐོས་སོགས་དཀོན་
མཆོགསྲི་ཞུའི་མགྲོན་རེད། གཡས་ངོས་སུ་རྗེ་བཙུན་འཇམ་དཔལ་དབྱངས་གཙོ་བོ་
བྱེད་པའི་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་བཅས་མགོན་
པོ་ཡོན་ཏན་གྱི་མགྲོན། མགོན་པོ་ཞེས་པ་མགོན་སྐྱབས་མཛད་མཁན་ཡོན་ཏན་གྱི་ཞིང་
ཡིན་པས་ཡོན་ཏན་བྱེད་པ་རེད། གཡོན་ངོས་སུ་འཕགས་པ་སྤྱན་རས་གཟིགས་གཙོ་བོ་
བྱེད་པའི་རིགས་དྲུག་གི་སེམས་ཅན་སྙིང་རྗེའི་ཡུལ་དུ་གྱུར་པ་ཐམས་ཅད་དེར་འདུས་
98
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པ་རིགས་དྲུག་སྙིང་རྗེའི་མགྲོན། རྒྱབ་ངོས་སུ་ཕྱག་ན་རྡོ་རྗེ་གཙོ་བོ་བྱེད་པའི་གདོན་
བགེགས་ལན་ཆགས་ཀྱི་མགྲོན་བྱེད། འདུག་སེ་གསལ་ཚར་སོང་ན་བླ་མ་དང་དཀོན་
མཆོག་རིན་པོ་ཆེས། ངའི་ལུས་ཚོགས་སུ་བཞེས་རོགས་གནᩏ་ᨎ བདག་གི་ཉེས་ལྟུང་
སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་ནས་ཚོགས་གཉིས་ཡོངས་སུ་རྫོགས་པ་བྱིན་གྱིས་
བརླབ་ཏུ་གསོལ། བསམ་སྟེ་གསོལ་བ་བཏབ། དེ་ནས་ཨོཾ་ཨཱཿཧཱུཾ་བརྗོད་ནས་ཕུལ་བ་
རེད། སྔོན་མའི་དཔེ་ཆའི་ནང་དུ་སྐུ་བཞི་བདག་ཉིད་རྩ་བའི་བླ་མ་ལ། །དམ་རྫས་བདུད་
རྩི་འབུལ་ལོ་མཉེས་གྱུར་ཅིག །བརྗོད་ནས་འབྲུ་གསུམ་ཚར་བདུན་གྱིས་ཕུལ་བ་མ་
གཏོགས། སྐུ་བཞི་བདག་ཉིད་ཅེས་སོགས་ཚར་བདུན་བརྗོད་དགོས་པ་གསལ་ཁ་ཡོད་
མ་རེད། བླ་མའི་ཁྲིད་རྒྱུན་ལའང་མེད། ཚིགས་བཅད་དང་བཅས་ཏེ་བདུན་ཕུལ་ནའང་
ལྷོད་ལྷོད་ཡོང་གི་རེད་མ་འགྲིག་པ་ཡོད་མ་རེད། སྤྱན་རས་གཟིགས་དང་ཕྱག་ན་རྡོ་རྗེ་
གཉིས་ལ་རིགས་དྲུག་སྙིང་རྗེའི་མགྲོན་དང་གདོན་བགེགས་ལན་ཆགས་ཀྱི་མགྲོན་ཁོ་
ཚོའི་མཉམ་དུ་ཕུལ་རྒྱུ་ཡོད་མ་རེད། རིགས་གསུམ་མགོན་པོ་ལ་དཀོན་མཆོག་སྲི་ཞུའི་
མགྲོན་དུ་འབུལ་དགོས། འོ་ན་གདོན་བགེགས་ལན་ཆགས་མགྲོན་ཟེར་ན། ང་ཚོར་
ལན་ཆགས་ག་རེ་ཡོད་རེད་ཅེ་ན། ཡོད་རེད་ང་ཚོར་སྐྱེ་བ་ཕྱི་མ་ངན་སོང་དུ་འགྲོ་ན། ཤ་
གཏུབས་མཁན། ཁྲག་གཙགས་མཁན། ཚང་མས་བསྒུགས་བསྡད་ཡོད་རེད། དེ་བཞིན་
མི་ལུས་ལེན་ནའང་གསོད་མཁན། རྡུང་མཁན། རྐུ་མཁན། ཕྲོགས་མཁན། མཐའ་དང་མུ་
མེད་པ་ལས་བསགས་བཞག་པ་ད་ལྟ་བསྡད་ཡོད་རེད། བསད་པས་ཚེ་ཐུང་བ། བརྐུས་
པས་དབུལ་བ། བརྡུངས་པས་ནད་མང་བ་མདོར་ན་མི་དགེ་བའི་འབྲས་བུ་གང་ཡོད་པ་
དེ་ལན་ཆགས་འདྲ་པོ་ཆགས་ཡོད་རེད། དགྲ་དང་འདྲེ་ལུས་དངོས་སུ་བསྟན་ནས་གནོད་
པ་བྱེད་མཁན་དེ་དགྲ་དང༌། ལུས་མེད་པ་བྱས་ནས་གནོད་པ་བྱེད་མཁན་དེ་འདྲེ་རེད།
གདོན་དང་བགེགས་ཟེར་ན་འདྲེ་ཡིན་པ་གང་ཞིག་ལ་ཚུར་གནོད་པ་བྱེད་པ་ན་ཕར་ཕན་
99
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པ་བསྒྲུབ། གཏོར་མ་འདྲ་ཁོ་ལ་མཁོ་བའི་དངོས་པོ་སྦྱིན་པ་ན། ཚུར་ཕན་ཐུབ་ན་རབ་


ཕན་མ་ཐུབ་ནའང་ཚུར་གནོད་པ་མི་བྱེད་མཁན་དེ་གདོན་རེད། ཕར་ཕན་པ་ག་ཚོད་བྱེད་
ནའང་ཚུར་གནོད་པ་ཤ་སྟག་སྐྱེལ་བསྡད་མཁན་དེ་བགེགས་རེད། བགེགས་ཡིན་ན་
སེམས་ཅན་ཡིན་མི་དགོས་བྱེད་པ་རེད། ཆར་མ་འབབས་པ་དང་སེར་བ་འབབས་པ་དེ་
རྣམས་སྟོན་ཐོག་གི་བགེགས་རེད། ཚད་མ་རྣམ་འགྲེལ་ལས།
གེགས་བྱེད་པ་དག་སྲིད་ཕྱིར་རོ།།
གསུངས་ཡོད་རེད། གདོན་རིགས་སུམ་བརྒྱ་དྲུག་ཅུ་བགེགས་རིགས་སྟོང་ཕྲག་
བརྒྱད་ཅུ་ཟེར་བ་དེ་ཚོ་ཧ་གོ་ཡི་མི་འདུག །༧རྒྱལ་བ་ལྔ་པའི་གསུང་ལྷ་འདྲེ་རྣམ་གཞག་
གཅིག་ཡོད་རེད་གཅིག་བྱས་ན་དེའི་ནང་གསལ་པོ་ཡོད་འགྲོ། དཀོན་མཆོག་སྲི་ཞུའི་
མགྲོན་ལ་ཕུལ་བའི་ཚེ་གུས་ཞབས་ཆེན་པོས་རྒྱལ་པོ་ལ་དཔྱ་ཁྲལ་འབུལ་བའི་ཚུལ་
གྱིས་དང༌། མགོན་པོ་ཡོན་ཏན་གྱི་མགྲོན་ལ་གྲོགས་པོ་ལ་སྟོན་མོ་གཏོང་ཚུལ་གྱིས་
དང༌། གདོན་བགེགས་ལན་ཆགས་ཀྱི་མགྲོན་ལ་བུན་བདག་ལ་བུ་ལོན་སྤྲད་པའི་ཚུལ་
གྱིས་ཁོང་ཚོས་ཧམ་པ་ཆེན་པོས་ལེན་འགྲོ་བ་འདྲ་པོ་དམིགས་པ་བྱེད། རིགས་དྲུག་
སྙི ང ་རྗེ འི ་ མགྲོ ན ་ལ་སློ ང ་མོ ་ བ་ལ་སྦྱི ན ་པ་བཏང་བའི ་ ཚུལ་གྱི ས ་གང་དགོ ས ་དགོ ས ་
འདོད་པ་འཚེངས་སོང་བསམ་པ་བྱེད། ལུས་ལ་གཏོར་ལུས་ལ་བདུད་རྩི་ཕོག་པ་ཙམ་
གྱིས་སྡིག་སྒྲིབ་སྦྱངས་ཏེ་ལུས་ཀྱི་གནས་ངན་ལེན་དང་བྲལ་ནས་ལུས་ཟག་མེད་ལོངས་
སྐུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་སེམས་སྒྲིབ་པ་དག་ནས་རྟོག་མེད་ཆོས་
སྐུར་གྱུར་ནས་རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་ཐོབ་སྟེ་མཁའ་སྤྱོད་ཀྱི་ཞིང་ཁམས་སུ་
གཤེགས་སོང་སྙམ་པའི་དམིགས་པ་བྱེད། གདོན་བགེགས་ལན་ཆགས་ཀྱི་མགྲོན་ཡང་
དེ་བཞིན་དམིགས་པ་བྱེད་རྒྱུ་རེད། ཡར་མགྲོན་གཉིས་རང་ལ་ཚུར་བསྟིམས། ད་གཏོང་
སྒོ་བཏང་ཚར་པ་རེད་ཚོགས་རྒྱ་ཆེན་པོ་བསགས་ཚར་པ་རེད།
100
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

(ཕུལ་བས་མགྲོན་ཀུན་ཟག་མེད་བདེ་བས་ཚིམས། །
སེམས་ཅན་རྣམས་ཀྱང་སྒྲིབ་བྲལ་ཆོས་སྐུ་ཐོབ། །
མཆོད་པའི་འཁོར་གསུམ་སྨྲ་བསམ་བརྗོད་འདས་ཀྱི། །
བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་གྱུར།།) ཞེས་མཆོད་བྱ་མཆོད་བྱེད་
མཆོད་ཡུལ་གསུམ་ཆར་རང་བཞིན་གྱིས་མ་གྲུབ་པ་རྨི་ལམ་སྒྱུ་མ་ལྟ་བུ་བསམ་བརྗོད་
ཀྱི་ཡུལ་ལས་འདས་པ་དོན་དམ་པའི་ངོ་བོ་སྟོང་ཉིད་ཀྱི་ལྟ་བས་རྒྱས་བཏབ་ནས་མཆོད་
པ་ལ་སྟོང་ཉིད་ཀྱིས་ལྟ་བས་རྒྱས་འདེབས་དོན་དམ་པའི་མཆོད་པ་འདུག་སེ་རེད། དེའི་
འོག་ལ་མཎྜལ་རེད་རྒྱུན་དུ་ཉམས་ལེན་བྱེད་བསྡད་མཁན་ཡིན་ན་མཎྜལ་རྒྱས་པ་ཕུལ་
ན་དེ་ཕུལ། བསྡུས་པ་ཕུལ་ན་བདེ་སྟོང་ལྷན་ཅིག་མཆོད་པ་ཕུལ། མཎྜལ་བསགས་
མཁན་ཡིན་ན་དེའི་ཁ་ཐུག་ཚོམ་བུ་བདུན་མ་ཕུལ་ནས་བསགས། དགའ་ལྡན་ལྷ་བརྒྱ་
མའི་ནང་དུའང་བསགས། བླ་མ་མཆོད་པའི་ནང་དུའང་བསགས། འབུལ་ཡུལ་ལ་ཁྱད་
པར་ཡོད་མ་རེད་དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ཐུགས་རྒྱུད་གཅིག་པ་རེད། ཁང་
མིག་མང་པོའ ་ི ནང་དུ་སྐུ་འདྲ་མང་པོ་བསྒྲིགས་ཡོད་ན་སྐུ་འདྲ་རེ་རེའི་མདུན་འགྱེད་རྒྱབ་
མཁན་འདྲ་པོ་བྱེད་དགོས་པ་མ་རེད། བྱེད་དགོས་པ་ཡིན་ན་ཏིང་ཆེ་ཆུང་དང་མང་ཉུང་
ཤོར་ནས་གྲ་མ་འགྲིག་པ་ཡོང་གི་རེད་དེ་དཔེ་ཆའི་ནང་དུ་ཞེ་དྲག་ཡོང༌། དེ་འདྲ་ཡོད་ན་
མཆོད་པ་དེ་ཁག་གཅིག་ནང་ཕུལ་གཞན་དག་ཚོ་གད་ཕྱིས་གཙང་མ་བྱེད་ནས་བཞག་
སངས་རྒྱས་ཐམས་ཅད་ཐུགས་རྒྱུད་གཅིག་པས་སྐུ་འདྲ་གཅིག་ལ་ཕུལ་ན་ཀུན་ལ་ཕུལ་
པའི་གོ་ཆོད་གསུངས་པ་རེད། མཎྜལ་ག་ཚོད་ཆུང་ནའང་ཕོར་པ་ལས་མ་ཆུང་བ་དགོས་
པ་རེད། མཎྜལ་ཕར་གསུམ་ཕྱིས་པ་དེ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། ཚུར་
གསུམ་ཕྱིས་པ་དེ་མདུན་ན་བཞུགས་པའི་ཚོགས་ཞིང་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་
བྱིན་རླབས་འཇུག་པའི་དམིགས་པ་བྱེད། ཚོམ་བུ་ཉེར་ལྔ་ནི། རི་རབ་གླིང་བཞི་གླིང་
101
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཕྲན་སོགས་བཅུ་གསུམ། རྒྱལ་སྲིད་སྣ་བདུན། གཏེར་གྱི་བུམ་པ། ཉི་ཟླ་གཉིས་བྱེད་ ༢༣


དེའི་སྒང་ལ་གདུགས་དང་རྒྱལ་མཚན་ ᨂᨅ པ་འདི། རྗེའི་དགོངས་པ་འོལ་ཁར་མཎྜལ་
བསགས་པའི་སྐབས་ཀྱི་མཎྜལ་ཚོམ་བུ་རེད། དེའི་སྒང་ལ་སྒེག་སོགས་ལྷ་མོ་བརྒྱད།
རིན་པོ་ཆེའི་རི་བོ་སོགས་གླིང་བཞིའི་ཁྱད་ནོར་བཞི་རྒྱབ་ན་སོ་བདུན་རེད།
[ᨨ᪠᫥་᫕᩶ᨑ᫙་᫕᫇᪱་᪢་ᨾᨑᩏ་᩶ᩏ་᫄᪱ᨕ་᪱་᩼ᨕ᫥་᫥ᨕᨵ᫥་᨜ᨑ་᫞ᨕ་ᩃ᫥་ᨵ᫡᪱་᩹་᫕᪞ᨕ᫥་᪠᫡᩶་᫡ᨕᨵ་ᨻᩏ᫥་ ᨵ᫥᫞ᨎ]

ད་མཎྜལ་ཕུལ་བའི་སྐབས་རབ་བྱུང་ན་བྱེ་བ་ཕྲག་བརྒྱ་གླིང་བཞི་ལྷུན་པོ་བསམ་
བློ་བཏང༌། མཎྜལ་ཐོག་ལ་རི་རབ་གླིང་བཞི་གླིང་ཕྲན་ཉི་མ་ཟླ་བ་གསེར་རི་འདོད་ལྷ་
རིགས་དྲུག་དང་བཅས་པ་བྱེ་བ་ཕྲག་བརྒྱ་ཡོད་པ་གཅིག་བསམ་བློ་བཏང༌། དེ་སྟོང་
གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་གཅིག་རེད། དེ་རྣམས་སོ་སོས་ཕུལ་བའི་
མཎྜལ་དེའི་སྒང་ལ་བསམ་བློ་བཏང་དགོས་རེད་མ་གཏོགས་མཎྜལ་དེ་ཡར་ཕུལ། བྱེ་བ་
ཕྲག་བརྒྱ་གླིང་བཞི་དེ་ཕ་གི་ཁོ་རང་ཡོད་ས་དེ་ན་བསམ་བློ་བཏང་ནས་ཕུལ་གྱིན་བསྡད་
ན་མ་འགྲིག་པ་རེད། འོ་ན་བྱེ་བ་ཕྲག་བརྒྱའི་གླིང་བཞི་ལྷུན་པོ་མཎྜལ་ཐོག་ལ་ག་འདྲས་
སེ་ཆུད་སྙམ་ན།
(འཇུག་པ་ལས། རྡུལ་གཅིག་ཡུལ་ལ་མཁའ་གཏུགས་འཇིག་རྟེན་དང༌། །
འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད། །
རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར།།)
ཞེས་གསུངས་པ་ནང་བཞིན་བསམ་བློ་བཏང་དགོས་རེད། ས་དང་པོ་ནས་ཡར་བྱས་
ནས་བྱང་ཆུབ་སེམས་དཔའི་མཐུ་དེ་ཚོ་གསུངས་པ་རེད། ས་བརྒྱད་པ་ལ་སླེབས་སོང་
ན་
(བ་སྤུའི་ཁུང་བུར་བྱང་ཆུབ་སེམས་རྣམས་དང༌། །
དེ་བཞིན་ལྷ་དང་ལྷ་མིན་མི་དག་ཀྱང༌། །
102
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

སྐད་ཅིག་སྐད་ཅིག་ལ་ནི་སྟོན་པར་ནུས།།)
ཟེར་བ་དེ་འདྲ་བ་སྤུའི་བུ་ག་རེ་རེའི་ནང་དུ་ཞིང་ཁམས་རེ་རེ། ཞིང་ཁམས་དེ་ནང་
སངས་རྒྱས། སངས་རྒྱས་དེ་ཡི་འཁོར་བྱང་ཆུབ་སེམས་དཔའ་དེ་ནང་ཡོད་པའི་ལྷ་མི་
ལྷ་མ་ཡིན་དེ་ནང་ཡོད་པའི་གླིང་བཞི་གླིང་ཕྲན་ག་རེ་ཡིན་ནའང་དེ་ཀས་ཆུང་རུ་མི་འགྲོ
།བ་སྤུའི་བུ་ག་ཆེ་རུ་མི་འགྲོ་བ་བྱེད་ནས་གསལ་པོ་སྟོན་གྱི་ཡོད་རེད།
(རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །
སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །
དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །
ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས།།)
རྡུལ་གཅིག་གི་སྟེང་ན་སྟོང་གསུམ་གྱི་སྟོང་ཆེན་པོའ ་ི འཇིག་རྟེན་གྱི་ཁམས་ཀྱི་རྡུལ་
གྱི་གྲངས་དང་མཉམ་པའི་ཞིང་ཁམས་དང༌། ཞིང་ཁམས་དེ་ན་ཡོད་པའི་སངས་རྒྱས།
སངས་རྒྱས་དང་འཁོར་བྱང་ཆུབ་སེམས་དཔའ་ཚང་མ་ཆུད་ཀྱི་ཡོད་རེད། དེ་འདྲ་བསམ་
བློ་བཏང་ནས་ཕྱག་འཚལ་གྱི་ཡིན་ན་ཕན་ཡོན་ཡོད་རེད། དེ་འདྲ་བསམ་བློ་བཏང༌། བློ་
ལ་ཤར་ཐུབ་ཀྱི་མ་རེད་དེ་དེ་འདྲ་ཡོད་རེད་བསམ་སྟེ་སྐལ་བ་བཟང་པོ་དེ་འདྲའི་ག་དུས་
མཇལ་ཡོང་བསམ་ནས་ཕྱག་མཆོད་བསྔོ་སྨོན་སོགས་བྱེད་ན་ཡག་པོ་ཡོང་གི་རེད།
(དེ་ནས། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི། །
གཟུང་རྣམ་ཕུང་ཁམས་སྐྱེ་མཆེད་ལས་བྱུང་བའི། །
རི་གླིང་རིན་ཆེན་གཏེར་བུམ་ཉི་ཟླར་བཅས། །
སྐྱབས་མགོན་ཐུགས་རྗེ་གཏེར་ལ་དབུལ་བར་བགྱི་)
ཞེས་སོགས་ཀྱིས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཎྜལ་ཏེ། བདེ་བའི་ཆ་ནས་གསང་
བའི་མཎྜལ། སྟོང་པའི་ཆ་ནས་དེ་ཁོ་ན་ཉིད་ཀྱི་མཎྜལ། ཕུང་ཁམས་སྐྱེ་མཆེད་ཀྱི་ཆ་ནས་
103
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ནང་གི་མཎྜལ། རི་གླིང་རིན་ཆེན་ཆ་ནས་ཕྱིའི་མཎྜལ་བྱས་འདུག་སེ་རེད།
(དེ་ནས། བདག་གི་ཆགས་སྡང་རྨོངས་གསུམ་སྐྱེ་བའི་᫘ལ།།)
ཞེས་སོགས་ཀྱིས་དགྲ་གཉེན་བར་མ་གསུམ་ག་དཀོན་མཆོག་ལ་འབུལ་ཚར་བས་དེ་
ཐམས་ཅད་དཀོན་མཆོག་གི་རེད། ཆགས་པ་དང་སྡང་བ་སོགས་བྱ་མི་རུང་སྙམ་དུ་
བསམ་བློ་དེ་འདྲ་བཏང་གི་ཡིན་ན་དུག་གསུམ་གྲོལ་ཡག་ལ་ཁྱད་ཡོད་པ་ཡིན་པ་རེད།
དེ་ཚར་ནས་
(རྒྱལ་བ་རྒྱ་མཚོའི་རིགས་བདག་རྡོ་རྗེ་ཆོས།།)
ཞེས་སོགས་བླ་བརྒྱུད་གསོལ་འདེབས་བཏོན་དེ་ཤེས་ཀྱི་རེད་པ། མདུན་ནས་བླ་བརྒྱུད་
རྣམས་ཞལ་ནང་གཟིགས་ཀྱི་དང་པོ་དེ་རེད། རྒྱལ་བའི་ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མ།
།རྣལ་འབྱོར་མ་དེ་ཡར་བཞེངས་བསྡད་པ། [ᪧ་᪱་᫥ᨕ་᫥ᨕ᫕ᨑ་᫄᪱᪄་ᨵᨕᩏ་᩹་᪸ᨕ᫥་᫐ᨑ᪄་᪍᫥་
ᨨ᪠᫥་᫕᩶ᨑ᫙་᪱་᪥ᨑ᫥ᨎ] དེ་ནས་རྩ་བའི་བླ་མའི་བར་དུ་གསོལ་འདེབས་བྱས་རྩ་བའི་བླ་
མར་གསོལ་འདེབས་དེ་དབུས་ཀྱི་རྩ་བའི་བླ་མ་སངས་རྒྱས་རྡོ་རྗེ་འཆང་དེ་ལ་དམིགས་
ནས་བྱེད་རྒྱུ་རེད། བླ་བརྒྱུད་གཞན་དང་མི་འདྲ་བ་སྐབས་འདིར་གཙོ་བོ་ལ་བཞག་པ་དེ་
བྱིན་བརླབས་ཀྱི་ཁྱད་ཆོས་གཅིག་རེད།
(གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ་)
ཞེས་བདུད་རྩི་འབེབས་སྦྱངས་དང་འབྲེལ་བླ་མའི་བྱིན་བརླབས་སེམས་ལ་ཞུགས་སོང་
སྙམ་པའི་མོས་པ་བྱེད། ད་དབང་བཞི་བྱིན་བརླབས་ཀྱི་ཞལ་ཤེས་ལ་སྐྱབས་གནས་ཀུན་
འདུས་བླ་མ་ལ། །ཞེས་སོགས་ཚར་གསུམ་འདོན་དགོས་པ་རེད། ཚར་དང་པོ་སྟོན་པའི་
ཚེ་རྩ་བའི་བླ་མ་དང་ཆ་ནས་འདོན་ཏེ་རྩ་བའི་བླ་མས་ངའི་སློབ་མ་འདི་རྣམས་ལ་དབང་
བསྐུར་ཆོག་པ་ཅིག་ཅེས་གནང་བ་ཞུས་པའི་ཚོད་འདྲ་པོ་བྱེད། གཉིས་པའི་ཚེ་ན་བརྒྱུད་
པའི་བླ་མ་ཚོས་གཅིག་གིས་གཅིག་ལ་མར་གཟིགས་ནས་གྲོས་བྱེད་པའི་ཚོད་འདྲ་པོ་
104
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བྱེད། གསུམ་པའི་ཚེ་ན་བརྒྱུད་པའི་བླ་མ་ཚང་མས་རྩ་བའི་བླ་མར་ཡར་གཟིགས་ནས་
ཁྱེད་རང་གི་གང་གསུངས་པ་དེ་དག་ཡིན་བྱེད་པ་རེད་གསུངས་པ་རེད་དེ་ང་ཚོའི་ཁྲིད་
རྒྱུན་ལ་དེ་འདྲ་མེད། ང་ཚོའི་ཁྲིད་རྒྱུན་ལ་རྩ་བའི་བླ་མས་གསུངས་དགོས་ཀྱི་མེད་ལན་
དང་པོའ ་ི ཚེ་རྩ་བའི་བླ་མས་སྤྱན་གྱིས་མར་འཁོར་ཡུག་ཏུ་གཟིགས་ནས་གནང་བ་ཞུས་
པའི་ཚོད་བྱེད། གཉིས་པའི་ཚེ་སྔར་དང་གཅིག་པ་བྱེད། གསུམ་པའི་ཚེ་ཚང་མས་རྩ་
བའི་བླ་མ་ལ་གཟིགས་ཏེ་ཁྱེད་རང་བསྐུར་རོགས་ཞེས་དབང་ཆ་ཕུལ་བའི་ཚོད་འདྲ་པོ་
བྱེད། བླ་མའི་དཔྲལ་བའི་ཨོཾ་ལས་སྐུའི་བྱིན་རླབས་ཀྱི་ངོ་བོ་བདུད་རྩི་འོད་ཟེར་དཀར་པོ་
འཕྲོས། བདུད་རྩིས་གཟུགས་སྐུ་འགྲུབ། འོད་ཟེར་གྱིས་ཆོས་སྐུ་འགྲུབ། རང་གི་དཔྲལ་
བར་ཐིམ། མགྲིན་པ་ཡན་ཆད་བདུད་རྩི་འོད་ཟེར་དཀར་པོས་གང༌། ལུས་ཀྱི་སྡིག་སྒྲིབ་
དག་བུམ་པའི་དབང་ཐོབ། བླ་མའི་སྐུའི་བྱིན་རླབས་ལུས་ལ་ཞུགས། ལུས་ཀྱི་སྡིག་
སྒྲིབ་ཐུན་མོང་བ་སྲོག་གཅོད་སོགས་དང་ཐུན་མོང་མ་ཡིན་པ་ཐ་མལ་སྣང་ཞེན་གྱི་དྲི་མ་
དག དེ་བཞིན་དུ་བླ་མའི་མགྲིན་པའི་ཨཱཿལས་བདུད་རྩི་འོད་ཟེར་དམར་པོ་འཕྲོས། སྙིང་
ག་ཡན་ཆད་གང༌། ངག་གི་སྡིག་སྒྲིབ་ཐུན་མོང་བ་རྫུན་སོགས་དང་ཐུན་མོང་མ་ཡིན་པ་
རླུང་ངག་ཐ་དད་དུ་ཞེན་པའི་དྲི་མ་སོགས་དག །གསང་བའི་དབང་ཐོབ་བླ་མའི་གསུང་
གི་བྱིན་རླབས་ངག་ལ་ཞུགས། བླ་མའི་ཐུགས་ཀའི་ཧཱུཾ་ལས་བདུད་རྩི་འོད་ཟེར་སྔོན་པོ་
འཕྲོས། རང་གི་སྙིང་གར་ཐིམ། ལྟེ་བ་ཡན་ཆད་གང༌། ཡིད་ཀྱི་སྡིག་སྒྲིབ་ཐུན་མོང་བ་
བརྣབ་སེམས་སོགས་དང་ཐུན་མོང་མ་ཡིན་པ་གང་སྣང་བདེ་སྟོང་གི་རྣམ་རོལ་དུ་ཤར་
བ་ལ་སྒྲིབ་པའི་དྲི་མ་སོགས་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བླ་མའི་ཐུགས་
ཀྱི་བྱིན་རླབས་ཡིད་ལ་ཞུགས། བླ་མའི་གནས་གསུམ་ལས་བདུད་རྩི་འོད་ཟེར་དཀར་
དམར་མཐིང་གསུམ་འཕྲོས། རང་གི་ལུས་ངག་ཡིད་གསུམ་ལ་ཐིམ། ལུས་ཐམས་ཅད་
གང༌། ལུས་ངག་ཡིད་གསུམ་གྱིི་སྡིག་སྒྲིབ་ཐམས་ཅད་དག །དབང་བཞི་པ་ཚིག་དབང་
105
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཐོབ། བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རང་གི་ལུས་ངག་ཡིད་གསུམ་ལ་ཞུགས།
ཟུང་འཇུགའགྲུབ་པའི་མོས་པ་བྱེད། ད་ཞལ་ཤེས་གཉིས་པ་བླ་མ་སྟིམས་པའི་ཞལ་ཤེས་
ནི། ཞལ་ཤེས་ཟེར་ཡག་དེ་སློབ་བཤད་ལ་ཟེར་བ་རེད། གསང་འདུས་ཊིཀྐའི་ནང་ལ་
(ཚོགས་ལ་བཤད་པ་ཡིན་པར་འདོད།།
སློབ་མ་ལ་ནི་བཤད་པར་འདོད།།) དེ་འདྲ་ཡོང༌། སློབ་བཤད་དེ་
རིན་པོ་ཆེ་ལྟ་བུའི་གདུལ་བྱ་ལ་བཤད་པ་དང༌། ཚོགས་བཤད་དེ་གདུལ་བྱ་གཞན་དག་
ལ་བཤད་པ་ལ་ཟེར་བ་རེད། ད་ང་རང་ཚོས་ཁ་སྐད་བྱེད་ན་ཚོགས་བཤད་དེ་ཐུན་མོང་
དུ་བཤད་ཡག། ᨎསློབ་བཤད་དེ་བཀག་རྒྱ་མ་དེ་འདྲ་ཟེར་བ་རེད་དེ། ད་བཀག་རྒྱུ་ཡོད་
མ་རེད། ད་རིང་སང་ཉིན་ཉམས་ལེན་བྱེད་མཁན་དཀོན་བསྡད་པ་རེད་མ་གཏོགས་མེད་
པའི་ཐོག་ལ་བཀག་བཞག་ན་ཨེ་ནི་དེ་ག་རེད། བླ་མ་སྟིམས་པའི་ཞལ་ཤེས་(དེ་ལ་གཉིས་
བྲལ་འཆད་དུས་ཞལ་ཤེས་གསུམ།།) གཉིས་བྲལ་རྩ་དབུ་མའི་མིང་རེད། སྐབས་འདིར་
རྫོགས་རིམ་ལ་གོ་དགོས་པ་རེད། རྩ་དབུ་མ་ལ་གཉིས་བྲལ་ཟེར་དགོས་ཡག་དེ་གཟུང་
འཛིན་གྱི་རླུང་རྒྱུ་བ་དང་བྲལ་བ་རེད། གཟུང་འཛིན་གྱི་རླུང་གཉིས་པོ་དེ་རོ་རྐྱང་གཉིས་
ནང་རྒྱུ་དགོས་པ་རེད།
(ཟླ་ཉི་རྒྱུ་བ་སྒྲ་གཅན་ལམ་བཀག་པས། །
ཡས་བབས་མས་བརྟེན་དགའ་བཞི་སྐྱེ་བར་ཤོག)
རྩ་དབུ་མ་ལ་སྒྲ་གཅན་གྱི་རྩ་ཟེར་བ་རེད། རོ་མ་ལ་ཉི་མའི་རྩ། རྐྱང་མ་ལ་ཟླ་བའི་རྩ་ཟེར་
བ་རེད། དེ་ག་ནང་བཞིན་རོ་རྐྱང་གཉིས་ལ་གཟུང་འཛིན་གྱི་རྩ། དབུ་མ་ལ་གཉིས་བྲལ་
གྱི་རྩ་ཟེར་བ་རེད། གཉིས་བྲལ་འཆད་དུས་རྩ་དབུ་མ་འཆད། རྩ་དབུ་མ་ཟེར་ཡག་དེ།
ᨨ᪠᫥་᫕᩶ᨑ᫙་རྣལ་འབྱོར་མའི་རྫོགས་རིམ་གྱི་མིང་རེད། བསྐྱེད་རིམ་འཕགས་མོ་བཅུ་
གཅིག་གི་ཉམས་ལེན་རྫོགས་རིམ་རྩ་དབུ་མའི་ཉམས་ལེན་ཟེར་ནས་འདུག་སེ་ཡོད་པ།
106
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རྣལ་འབྱོར་མ་སྤྱིའི་འཆད་དུས་ཞལ་ཤེས་རེའི་སྒོ་ནས་གསུང་ཡོང་བྱེད་པ་རེད། དེའི་གོ་
བ་བྱེད་ན་དེ་རེད། ཡང་རྗེས་མ་དེ་ཡང་རེད་མི་འདུག །ཕལ་ཆེ་བ་ང་ཚོ་དཀའ་སར་མི་
ཐོགས་ལས་སླ་སར་ཐོགས་རྒྱབ་དགེ་བཤེས་གཅིག་གིས་གཅིག་ཟེར་བྱུང་བྱས་སློབ་
མ་ཚོས་སྐད་ཆ་འཁྱེར་དགོས་ཡག་དེ་མ་འཁྱེར། མི་འཁྱེར་དགོས་ཡག་དེ་སྐད་ཆ་ས་
བཤད་ས་གཏམ་ཤ་སྟག་བྱེད། ཕོ་རོག་ཤ་འཁྱེར་ལུང་པའི་ཕུ། སྤྲང་པོའ ་ི གཏམ་བཤད་
ལུང་པའི་འདའ་ཟེར་བ་ལྟར་བྱས་བསྡད་འདུག། ᨎབླ་མ་གཅིག་གིས་གཅིག་ཟེར་གྱི་འདུག་
ཟེར་ནས་འཁྱེར་ཡོང་གི་འདུག །ཐུབ་བསྟན་ཡེ་ཤེས་གཤགས་འགྲོ་མཁན་དེས་
(དེ་ལྟར་ཕྱོགས་དང་ཟླ་བའི་རྣལ་འབྱོར་གྱིས།།)
ཟེར་ཡག་དེ་ལ་བཤད་པ་ཚོད་ཚོད་བྱས་ཏེ་གཅིག་རྒྱབ་པ་ཡིན་པ་རེད། དོན་དག་མེད་
ངེས་གཅིག །དེ་སྐད་ཆ་འཁྱེར་ཡོང་བ་རེད། གཅིག་ཤེས་ན་ཚང་མ་ཤེས་དགོས་པ་མ་
རེད་ཤེས་པ་དེ་བཤད་ནས་དེ་ལ་བེད་སྤྱོད་གཏོང་གི་ཡོད་རེད། བླ་མ་ཚོས། བླ་མ་གཅིག་
གིས་ཚང་མ་ཤེས་དགོས་མ་རེད། སེམས་ཅན་གཡག་འདྲ་གཅིག་ཡིན་ན་དེ་ལ་ཁལ་
འགེལ་ཆོག་པ་རེད། རྩིད་པ་ལེན་ཆོག་པ་རེད། ཡིན་ནའང་འོ་མ་བབ་རྒྱུ་ཨ་འདུག་བལྟ་
རྒྱུ་ཡོད་མ་རེད། བ་ཕྱུགས་རག་སོང་ན་འོ་མ་ལེན་དགོས་རེད་ཡང་ཞོན་ཡག་ཨ་འདུག་
བལྟ་རྒྱུ་ཡོད་མ་རེད། རྟ་རག་སོང་ན་ཞོན་དགོས་རེད། དེ་འདྲ་མ་བྱེད་པ་བྱས་གཅིག་
རག་སོང་ན་ཚང་མ་བྱེད་རྒྱུ་ཨ་འདུག་བལྟ་རྒྱུ་ཡོད་མ་རེད། བླ་མ་གཅིག་རག་སོང་ན་
མདོ་ཤེས་ཀྱི་ཨ་འདུག། སྔགས་ཤེས་ཀྱི་ཨ་འདུག། སུམ་རྟགས་ཤེས་ཀྱི་ཨ་འདུག་བལྟ།
ཕར་ཕྱིན་ཤེས་ཀྱི་ཨ་འདུག་བལྟ། དབུ་མ་ཤེས་ཀྱི་ཨ་འདུག་བལྟ་དེ་འདྲ་བྱེད་རྒྱུ་ཡོད་མ་
རེད། ཐམས་ཅད་མཁྱེན་པ་དེང་སང་དཀོན་པོ་རེད། དེ་ལྟར་
(ཕྱོགས་དང་ཟླ་བའི་རྣལ་འབྱོར་གྱིས།།)
ཟེར་ཡག་ཕྱོགས་དང་ཟླ་བ་དེ་མངོན་བརྗོད་ཀྱི་གྲངས་ཀ་རེད། ཕྱོགས་ནི་བཅུ་རེད། ཟླ་
107
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བ་ནི་གཅིག་རེད། ཕྱོགས་དང་གཅིག་བསྡོམས་ན་བཅུ་གཅིག་ཡིན་ཙང་རྣལ་འབྱོར་བཅུ་
གཅིག་རེད། བསྐྱེད་རིམ་ཕག་མོའ ་ི རྣལ་འབྱོར་བཅུ་གཅིག་ལ་བསྟེན་ནས་མཁའ་སྤྱོད་
ཀྱི་གོ་འཕང་འགྲུབ་པར་ཤོག །བྱེད་པ་རེད། ད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་
ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་རླབས་ཏུ་
གསོལ། བྱས་དལ་པོ་བྱས་བྲེལ་ལ་མ་བྱེད། ད་བྲེལ་ལ་ཡོད་དུས་ཁག་ཡོད་ཀྱི་མ་རེད་
མ་ཆད་ཙམ་བྱེད། དེ་མིན་ལྷོད་ལྷོད་བྱེད་བླ་མའི་ཡོན་ཏན་བསམ་བློ་བཏང༌།

ᩍ་᫕ᨮᨕ᫙་ᩓ་᪍ᨎ

བླ་མ་གཅིག་ལ་སྐྱབས་གསུམ་ཀུན་འདུས་འདི་འདྲའི་འདྲ་པོ་གཅིག་ལ་གསོལ་
འདེབས་ཆོ་ག་བྱེད་རྒྱུ་ཡོད་པ་དེ་སྟབས་ཡག་སོང་སྐལ་བ་བཟང་སོང༌། བསམ་པ་
འདྲ་བྱེད་ནས་བླ་མ་ལ་བློ་ལིང་འགེལ་དུ་གསོལ་བ་བཏབ་ནས་དད་པ་བསྒོམ། འདོན་
མཚམས་བཞག། བླ་མ་ཁྱེད་རང་གིས་མཁྱེན་བསམ། དམིགས་པ་གཏད་ས་དེ་ཡ་གི་
རྩ་བའི་བླ་མའི་ཐུགས་ཀར་དམིགས་པ་རྩེ་གཅིག་ཏུ་བཏད་དེ་རང་ཡར་བླ་མའི་ཐུགས་
ཀར་ཐིམ་གྲབས་བྱེད་པ་ལྟ་བུ། བླ་མ་རང་ལ་མར་ཐིམ་གྲབས་བྱེད་པ་ལྟ་བུ་དགོས་པ་
རེད། དེ་ནས་བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་མཐའ་སྐོར་གྱི་བརྒྱུད་པའི་བླ་མ་
རྣམས་ལ་ཕོག་བརྒྱུད་པའི་བླ་མ་རྣམས་རྩ་བའི་བླ་མ་ལ་ཡར་ཐིམ། སེང་ཁྲི་ཚང་མ་རྩ་
བའི་བླ་མའི་སེང་ཁྲི་ལ་ཡར་ཐིམ། རྩ་བའི་བླ་མའི་སེང་ཁྲི་ཡང་རྩ་བའི་བླ་མ་ལ་ཡར་ཐིམ།
རྩ་བའི་བླ་མ་རང་ལ་ཐུགས་ཤིན་ཏུ་དགྱེས་ཏེ་སྟོད་སྨད་ནས་རིམ་གྱིས་འོད་དམར་པོའ ་ི
རྣམ་པར་ཞུ། དེ་ཡང་ཇེ་ཆུང་ཇེ་ཆུང་དུ་ཕྱིན་ཏེ་ཐུགས་ཀའི་ཐད་དེར་འོད་དམར་པོ་སྒོང་
ངའི་ཚད་ཙམ་དུ་གྱུར། དེ་ཡང་དམར་ལ་དྭངས་གསལ་གསུམ་མཐར་ཐུག་པ་མཐོང་བ་
ཙམ་གྱིས་བདེ་བ་སྐྱེས་ཐུབ་པ་ཞིག་ཏུ་གྱུར་སོང་བསམ་པ་བྱེད། ད་དུང་དད་པ་ཤུགས་
108
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཆེར་བསྒོམས་པས་འོད་དམར་པོ་དེ་རང་གི་སྤྱི་བོ་ནས་མར་ཞུགས་ཏེ་སྙིང་གའི་ཐད་
དེར་བཾ་ཡིག་དམར་པོའ ་ི ངོ་བོར་གྱུར་པས་རང་སེམས་མྱོང་ངོར་བདེ་བ། སྣང་ངོར་སྟོང་
སང༌། ངེས་ཡུལ་རང་བཞིན་མེད་པ་དེ་འདྲའི་རང་སེམས་དང་བླ་མའི་ཐུགས་དབྱེར་
མེད་གཅིག་ཏུ་གྱུར་སོང་བསམ་པ་བྱེད། དེ་ལྟ་བུའི་སེམས་དེ་དོན་དམ་པའི་བླ་མའི་རྣལ་
འབྱོར་རེད།

བདག་ལྷར་བསྐྱེད་པ།

༈ དེ་ནས་དྲུག་པ་བདག་ལྷར་བསྐྱེད་པའི་རྣལ་འབྱོར་དེ་ནི། བཾ་ཡིག་དེ་ཇེ་ཆེར་ཕྱིན་ཏེ་
རང་གི་ལུས་ཕན་ཆད་ནས་གནས་ཁང་གི་རྭ་བ་ཁང་ཁྱིམ་སོགས་མདོར་ན་སྣོད་བཅུད་
སོགས་ཆོས་ཐམས་ཅད་བདེ་སྟོང་གི་ངོ་བོ་འོད་དམར་པོར་གྱུར་སོང་བསམ་པ་བྱེད།
དཔལ་ས་སྐྱ་བའི་ལུགས་བྱེད་ན་འོད་དམར་པོ་མཐར་ཡལ་ནས་སྟོང་པར་གྱུར་སོང་
བསམ་པ་བྱེད་རྒྱུ་རེད། དགེ་ལུགས་བྱེད་ན་ཡལ་སོང་མ་བསམ་པར་རྗེས་གཞི་གི་
བསྡུ་རིམ་བྱེད་པ་རེད། དེ་ནི་རྫོགས་རིམ་གྱི་སྐབས་ལས་རླུང་ཐམས་ཅད་སྙིང་གའི་མི་
གཤགས་པའི་ཐིག་ལེ་ལ་བསྡུ་དགོས་པ་ཡིན་ཙང་དེའི་སྨིན་བྱེད་ཀྱི་ཆེད་དུ་རེད། འཆི་
བ་ཆོས་སྐུའི་ལམ་འཁྱེར་བསྒོམས་ལུགས་ནི་འོད་དམར་པོ་དེ་མཐའ་ནས་རིམ་གྱིས་
བསྡུས་ཏེ་ཤིན་ཏུ་ཕྲ་བའི་བཾ་ཡིག་དེ་ཉིད་དུ་གྱུར་པ་ན་ས་ཆུ་ལ་ཐིམ་པའི་ཕྱི་རྟགས་ནང་
རྟགས་སོགས་ཤར་སོང་བསམ། བཾ་གི་འཁོགས་པ་མགོ་བོ་ལ་ཐིམ་པ་ན་ཆུ་མེ་ལ་ཐིམ་
པའི་ཕྱི་ནང་རྟགས་ཤར་སོང་བསམ། མགོ་བོ་ཟླ་ཚེས་ལ་ཐིམ་པ་ན་མེ་རླུང་ལ་ཐིམ་པའི་
ཕྱི་ནང་གི་རྟགས་རྣམས་ཤར་སོང་བསམ། ཟླ་ཚེས་ཐིག་ལེ་ལ་ཐིམ་པ་ན་རླུང་རྣམ་ཤེས་
ལ་ཐིམ་པའི་ཕྱི་ནང་གི་རྟགས་རྣམས་ཤར་སོང་བསམ་པ་བྱེད། ཐིག་ལེ་ནཱ་དའི་འཁྱོག་
109
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དང་པོ་ལ་ཐིམ་པ་ན་ནང་རྟགས་སྣང་བ་དཀར་ལམ་པ་ཤར་སོང་བསམ། འཁྱོག་དང་
པོ་འཁྱོག་གཉིས་པ་ལ་ཐིམ་པ་ན་མཆེད་པ་དམར་ལམ་པ་ཤར་སོང་བསམ། འཁྱོག་
གཉིས་པ་གསུམ་པ་ལ་ཐིམ་པ་ན་ཉེར་ཐོབ་ནག་ལམ་པ་ཤར་སོང་བསམ་པ་བྱེད། ཉེར་
ཐོབ་ནཱ་དའི་འཁྱོག་གསུམ་པའང་ཇེ་ཕྲར་སོང་ནས་སྟོང་ཡལ་དུ་སོང་བ་ན་ཐམས་ཅད་
སྟོང་པ་འོད་གསལ་དེ་གཞི་དུས་དང་མི་འདྲ་བ་སྣང་ངོར་སྟོང་སང་ངེས་ངོར་རང་བཞིན་
མེད་པའི་སྟོང་ཉིད་མྱོང་ངོར་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་དེ་ལ་རང་གི་ཐོབ་བྱ་རྡོ་རྗེ་རྣལ་
འབྱོར་མའི་ཐུགས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཆོས་སྐུ་དངོས་ཡིན་སྙམ་པའི་
ང་རྒྱལ་འཇོག་པ་དེ་ལ་འཆི་བ་ཆོས་སྐུའི་ལམ་འཁྱེར་བྱེད་པ་རེད། དེ་ལྟ་བུའི་མྱོང་ཡུལ་
བདེ་བ་སྣང་ཡུལ་སྟོང་སང་ངེས་ངོར་རང་བཞིན་མེད་པ་དེ་ལྟ་བུའི་ཁྱད་པར་གསུམ་ལྡན་
སྒོམས་པ་དེ་དོན་དམ་པའི་བླ་མའི་རྣལ་འབྱོར་རེད། མྱོང་ངོར་བདེ་བ་དེ་བླ་མ་ལོངས་
སྤྱོད་རྫོགས་པའི་སྐུ། སྣང་ངོར་སྟོང་སང་དེ་བླ་མ་སྤྲུལ་པའི་སྐུ། ངེས་ངོར་རང་བཞིན་མེད་
པ་དེ་བླ་མ་ཆོས་ཀྱི་སྐུ། དེ་འདྲའི་སེམས་འོད་གསལ་དེ་སྒྲིབ་པ་དག་པའི་ཆ་དེ་བླ་མ་ངོ་
བོ་ཉིད་ཀྱི་སྐུ་བྱས་ནས་བླ་མའི་སྐུ་བཞི་རང་གི་སེམས་ལ་ཚང་ལུགས་དེ་རེད།
ད་དེ་ནས་བར་དོ་ལོངས་སྐུའི་ལམ་འཁྱེར་ཡིན་པ་རེད། བར་དོ་ཞེས་པ་འཆི་སྲིད་
དང་སྐྱེ་སྲིད་ཀྱི་བར་དེ་ལ་བར་དོ་ཟེར་བ་རེད། སྐྱེ་བ་ལེན་ས་དེ་ལ་ཁམས་གསུམ་དུ་ངེས་
པ་རེད་འདོད་གཟུགས་གཉིས་སུ་སྐྱེ་བ་ལ་རྣམ་ཤེས་ལུས་ཀྱི་ཕྱི་ལོགས་དོན་དགོས་
པ་རེད། གཟུགས་མེད་དུ་སྐྱེ་ན་འཆི་སྲིད་འགག་ས་དེ་ག་རང་ནས་གཟུགས་མེད་དུ་
སྐྱེས་སོང་བ་རེད། དེ་གཉིས་ལ་བར་ཡོད་མ་རེད། འགྲོ་བ་རིགས་དྲུག་གི་བར་དོ་དྲུག་
ཡོད་རེད། རྣམ་ཤེས་རྐང་མཐིལ་ནས་འཕོ་ན་ཡི་དྭགས། །མཚན་མའི་ལམ་ནས་འཕོ་ན་
དམྱལ་བ་དེ་ལྟ་བུའི་རྣམ་ཤེས་འཕོ་བའི་གནས་བརྒྱད་ཡོད་རེད། བསམ་པ་སྐྱོ་པོ་ཡོད་
རེད། ལུས་ལ་གྲིབ་ནག་ཡོད་མ་རེད། དེ་ནི་ཉི་ཟླའི་སྣང་བ་མེད་ཙང་རེད། དེ་མེད་དགོས་
110
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཡག་དེ་རླུང་གི་ལུས་རེད། ཁམས་དཀར་དམར་མེད་ཙང་རེད། འགྲོ་བའི་རྗེས་མེད་པ་


རེད། ནང་དུ་ཡོང་ན་ནང་མི་ཚོས་མ་མཐོང་བས་ཁ་མ་གྲག་ཙང་ཞེ་དྲག་སེམས་སྐྱོ་པོ་
ཡོང་གི་ཡོད་རེད། ཁོ་རང་གི་རོ་མཐོང་དུས་སྐྲག་གི་ཡོད་རེད། དེ་ནི་ལས་ཀྱི་འབྲེལ་བ་
ཆད་ཙང་དེའི་རྐྱེན་གྱིས་རེད། བར་དོ་ལ་འགྲོ་བསྐྱོད་ཀྱི་ཁྱད་པར། ཁ་དོག་གི་ཁྱད་པར།
ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱི་རྟེན་འབྱུང་བ་བཞི་ཡོད་རེད། འབྱུང་བ་ཆུ་ལ་ལོངས་
སྤྱོད་པ་ཟད་འགྲོ་དུས་ཆུ་རླུང་ཐིམ་འགྲོ་བ་རེད། བར་དོ་ལ་དེ་མེད་དུས་རླུང་རྫོགས་འགྲོ་
བ་རེད། རླུང་གི་རྒྱུ་བ་ལོག་ནས་ངེས་པ་མེད་པ་རེད། རླུང་གི་རྒྱུ་བ་ཡར་མར་ལོག་འགྲོ་
དུས་ས་རླུང་ལོག་དུས་རི་ཉིལ་བ་འདྲ་པོ་འབྱུང་བཞི་ལོགས་པའི་འཇིགས་སྐྲག་བཞི་
ཡོང་གི་ཡོད་རེད།
(འཇིགས་པའི་སྒྲ་བཞི་ཡ་ངའི་གཡང་ས་གསུམ།།)
བྱེད་པ་རེད། བར་དོའ ་ི འཁྲུལ་སྣང་དེ་རྨི་ལམ་བཞིན་ཡིན་པ་བར་དོའ ་ི རླུང་གི་ལུས་ལ་
འཁྲུལ་སྣང་(མི)འབྱུང་བ་དེ་རྒྱུན་དུ་བསམ་བློ་ཡག་པོ་བཏང༌། བར་དོའ ་ི རྩལ་སྦྱངས།
སྒྱུ་ལུས་ཉམས་ལེན་ལ་རྨི་ལམ་སྦྱང་ཡག་དེ་འདྲ་ཡོད་རེད། བར་དོའ ་ི ཚེ་ཚད་ཉིན་བདུན་
རེད་རླུང་ལུས་ཡིན་ཙང་དེ་ལྷག་འཚོ་ཐུབ་པ་མ་རེད། བར་དོ་བ་དེ་སྐྱེ་གནས་སུ་འཇུག་
འགྲོ་དུས་སྐྱེ་གནས་བཞི་ཡོད་རེད། དམྱལ་བར་སྐྱེ་ན་ང་དམྱལ་བར་སྐྱེ་སོང་བསམ་སྟེ་
དེར་སྐྱེ་དགོས་ཡག་གི་སྐྱེ་བ་སྔ་མར་ལས་ག་འདྲས་བསགས་ཡོད་མེད་ཤེས་པའི་སྐྱེས་
སྟོབས་ཀྱི་མངོན་ཤེས་རེ་རེ་ཡོད་རེད།
(དམྱལ་བ་པ་ལ་དང་པོ་ཤེས། །
མི་ལ་སྐྱེ་ན་ཐོག་མ་མེད།།) ཅེས་པ་རེད། དུད་འགྲོ་ལ་སྐྱེ་གནས་
བཞི། ཡི་དག་ལའང་བཞི། དམྱལ་བ་རྫུས་སྐྱེ་ཁོ་ན། ལྷའང་རྫུས་སྐྱེ་ཁོ་ན། མི་སྒོང་སྐྱེ་
གནས་བརྟན་བྲག་དང་ཉེ་བྲག་ལྟ་བུ། དྲོད་སྐྱེ་ཤཱཀྱའི་གདུང་བརྒྱུད་ཉི་མའི་གཉེན་བུ་རམ་
111
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཤིང་ལས་སྐྱེས་པ་རེད། དེ་ལྟ་བུའི་སྐྱེ་ཤི་བར་དོ་གསུམ་ཡག་པོ་ཤེས་དགོས་པ་གལ་
ཆེན་ཡིན་པ་ནི་ཕར་ཕྱིན་ཐེག་པ་བྱེད་ན་འཁོར་བར་སྐྱེ་ཤི་བར་དོ་གསུམ་གྱི་སྒོ་ནས་
འཁོར་བའི་སྡུག་བསྔལ་མྱོང་ལུགས་མ་ཤེས་ན། ངེས་འབྱུང་སྐྱེ་ཐབས་ཡོད་པ་མ་རེད།
སྔགས་ལུགས་བྱེད་ན་སྦྱང་གཞི་སྐྱེ་ཤི་བར་དོ་གསུམ་ངོ་ཤེས་དགོས་པ་རེད། བར་དོ་
ལོངས་སྐུའི་ལམ་འཁྱེར་བྱ་དུས་གོང་དུ་བཤད་པའི་འོད་གསལ་ཆོས་སྐུའི་ངང་དུ་གནས་
ན་གཞན་དོན་མི་འགྲུབ་པས་ད་རགས་པ་གཟུགས་སྐུ་ལ་ལྡང་བསམ་པའི་འཕེན་པ་
བཏང་ནས་རང་སེམས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གཟུང་རྣམ་དེ་བཾ་ཡིག་
གི་གཟུགས་དམར་པོ་གཅིག་ཏུ་གྱུར་ཏེ་ནམ་མཁར་གནས་པ་དེ་ལ་ལོངས་སྐུའི་ང་རྒྱལ་
གཞག་རྒྱུ་རེད། བཾ་ཡིག་དེ་ལོངས་སྐུ་དང་བར་དོ་གཉིས་དང་གཟུགས་འདྲ་བ་མ་རེད།
ཡིན་ནའང་དེ་གཉིས་ཀྱི་ལུས་ངག་ཡིད་གསུམ་ཀྱི་མཚོན་དོན་ཡོད་རེད། དེ་ཤེས་པ་ལ་
སྒྲའི་འགྲོ་སྟངས་ཕྲན་བུ་ཤེས་དགོས་པ་རེད། [᫄᪱᪱᫥་᫕᩶ᨑ᫙་བཾ་᫗ᨑᨵ་ᩍᨕᨵ་ᨨᨕ᫙་᪱ᩏ་᪽᪱་᫕᪥ᨑ་᪱་ᩴ᪠་᪍ས་ཤེས་᪍᫙་
᫕᩶ᨕ᩶་᪄་ᩍ་᫕ᨮᨕ᫙་ᩓ་᪍᫕ᨑ་᪱ᩲ᫙་ᩡ᪄་᪄་᫕ᩴ᫥་ᩃᨎ] ཐིག་ལེས་ལོངས་སྐུ་དང་བར་དོའ ་ི ལུས་མཚོན། སྲོག་ཨ་

ཞུགས་པ་ཡིན་པས་ཨས་ལོངས་སྐུའི་གསུང་དང་བར་དོའ ་ི ངག་མཚོན། ཁ་དོག་དམར་


པོས་ལོངས་སྐུའི་ཐུགས་བདེ་བ་ཆེན་པོས་བཅིངས་པ་དང་བར་དོའ ་ི ཡིད་ཆགས་པས་
བཅིངས་པ་མཚོན་པ་རེད། དེ་ཡིན་ཙང་ཆོས་མཐུན་སྦྱར་ཆོག་པ་རེད།
ᩍ་᫕ᨮᨕ᫙་᩽ᨵ་᪍ᨎ [᫄᪱᪱᫥་᫦་ᨵ᫦ᩏ་᪠᫡᩶་ᨵ᫡᪱་᩹་᫕᪞ᨕ᫥་᪠᫡᩶་ ᨵ᫥᫞ᨎ]

དེ་ནས་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་བྱ་དུས་ལོངས་སྐུའི་ངང་དུ་བསྡད་ན་གཞན་
དོན་རྒྱ་ཆེན་པོ་མི་འགྲུབ་པས་ད་རགས་པའི་གཟུགས་སྐུ་ལ་ལྡང་བསམ་པའི་འཕེན་པ་
བཏང༌། བཾ་ཡིག་གི་འོག་ཏུ་མ་གི་ནས་ཨེ་ཨེ་ལས་ཆོས་འབྱུང་དམར་པོ་གྲུ་གསུམ་ཉིས་
བརྩེགས་ཀྱི་ནང་དུ་ཟླ་བ་དཀར་ལ་དམར་བའི་མདངས་ཅན་གྱི་སྟེང་དུ་ཨོཾ་གསུམ་མེའི་
སྔགས་ཕྲེང་གཡོན་སྐོར་དུ་འཁོད་པ་རང་ནམ་མཁའི་བཾ་ཡིག་གིས་མཐོང་བ་ན། དེའི་
112
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དབུས་སུ་སྐྱེ་བ་ལེན་པའི་འཕེན་པ་དང་ལྡན་པས་ཟླ་བའི་དབུས་སུ་ཞུགས། ཟླ་བའི་
དཀར་ཆ་དེ་མེ་ལོང་ཡེ་ཤེས་ལས་བྱང་ཆུབ་པ་དང༌། ཟླ་བའི་ཁ་དོག དམར་ཆ་དེ་མཉམ་
ཉིད་ཡེ་ཤེས་ལས་བྱང་ཆུབ་པ་དང༌། བཾ་ཡིག་སྔགས་ཕྲེང་གི་དབུས་སུ་ཞུགས་པ་དེ་སོར་
རྟོགས་ཡེ་ཤེས་ལས་བྱང་ཆུབ་པ་དང༌། བཾ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་
འཕྲོས་ནས་ཚུར་བསྡུ་བ་དེ་བྱ་གྲུབ་ཡེ་ཤེས་ལས་བྱང་ཆུབ་པ་དང༌། དེ་རྣམས་ཡོངས་སུ་
གྱུར་པ་ལས་རྟེན་བརྟེན་པའི་སྐུ་ཡོངས་སུ་རྫོགས་པ་དེ་ཆོས་དབྱིངས་ཡེ་ཤེས་ལས་བྱང་
ཆུབ་པ་སྟེ་མངོན་བྱང་ལྔ་བསྐྱེད་འདུག་སེ་རེད། མངོན་བྱང་ལྔ་པོ་དེས་གཞི་དུས་ཀྱི་མི་
མངལ་སྐྱེས་ཀྱི་གནས་སྐབས་ལྔ་པོ་དེ་མཚོན་པ་རེད། ཞབས་འོག་འཇིགས་བྱེད་དང་
དུས་མཚན་གཉིས་ཀྱིས་དབང་ཕྱུག་ཡབ་ཡུམ་དང་ཆགས་སྡང་གཉིས་མཚོན། ཞབས་
གཡས་པ་ཐབས་དང་གཡོན་པ་ཤེས་རབ། སངས་རྒྱས་ཐབས་སྙིང་རྗེས་བཅིང་ནས་
འཁོར་བར་བཞུགས་པས་ཞབས་གཡས་པ་བརྐྱངས་པ་དང༌། བདག་མེད་རྟོགས་པའི་
ཤེས་རབ་ཀྱིས་འཁོར་བའི་རྩ་བ་གཅོད་པས་ཞབས་གཡོན་པ་སྐུམ་པ་དང༌། ཀ་པཱ་ལ་
ནང་ཁྲག་དང་རྒྱུ་མ་ཡོད་རེད།
(ཀ་པཱ་ལ་ནི་ཨིན་ཌས་བཀང༌།)
ཞེས་པ་ཨིན་ཌ་རྒྱུ་མ་ལ་ཟེར་བ་རེད། ཁྲག་གིས་བདེ་བ་ཆེན་པོ་མཚོན་པ་རེད། ཕྱག་
གཡས་པས་གྲི་གུག་ཐུར་དུ་བརྐྱངས་པས་ཤེས་རབ་ཀྱིས་འཁོར་བའི་རྩ་བ་གཅོད་པ་
མཚོན། སྣ་ཚོགས་པདྨ་ཉི་མ་སོགས་ཀྱི་མཚོན་དོན་བསྟོད་པའི་ནང་ནས་གསལ་པོ་
ཡོད་རེད། རྡོ་རྗེ་ས་གཞི་དང་རྭ་བ་ཟླུམ་པོ་རེད། རྡོ་རྗེ་རྭ་བ་ལ་ཕྱོགས་རེར་རྡོ་རྗེ་དྲུག་ཅུ་
རེ་བཞི་ཡོད་རེད། དཀྱིལ་དེར་སྣ་ཚོགས་རྡོ་རྗེ་རེ་རེ་ཡོད་རེད། འཇིགས་བྱེད་སོགས་ལ་
རྡོ་རྗེ་ས་གཞི་དེ་ཆེན་པོ་བྱས་རྭ་བ་དེ་ཡོང་འཚམ་ཞིག་ནས་དེ་ལས་ཆུང་བ་བྱས་ཏེ་དེའི་
ཕྱི་རོལ་ནས་དུར་ཁྲོད་བརྒྱད་ཀྱིས་བསྐོར་ནས་ཡོད་པ་རེད། སྐབས་འདིར་རྭ་བ་དང་ས་
113
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གཞི་རྒྱ་མཉམ་པ་རེད།
(རྡོ་རྗེ་རྭ་བའི་ནང་དུ་སྟེ། །
དུར་ཁྲོད་བརྒྱད་ཀྱིས་བསྐོར་བའོ།།)
འབྲེལ་ཚིག་ཡོད་མེད་ཀྱིས་ཤོད་སྟངས་གཉིས་ཡོད་རེད། བདེ་མཆོག་དང་འཇིགས་
བྱེད་སོགས་ལའང་དུར་ཁྲོད་རྭ་བའི་ནང་དུ་ཡོང་མི་ཆོག་པ་མ་རེད། རྣལ་འབྱོར་མ་ཁོ་
ནའི་ཁྱད་ཆོས་མ་རེད། དུར་ཁྲོད་བརྒྱད་ཀྱི་དཀྱིལ་དེར་ཤིང་བརྒྱད། ཤིང་རེ་རེའི་རྩ་བར་
ཕྱོགས་སྐྱོང་རེ། ཕྱོགས་སྐྱོང་ཚོ་ཕལ་ཆེར་ཕྱག་བཞི་བྱེད་དགོས་ཀྱི་ཡོད་འགྲོ་བསམ་
གྱི་འདུག་ཤར་དུ་ཕྱོགས་སྐྱོང་བརྒྱ་བྱིན་གླང་ཆེན་ལ་ཆིབས་པ་བྱེད། [᪠ᩂ་᪣ᨑ᪄་ᨹᨑ་᩾ᨕ་ᩞᨓ་᫥ᨕᨵ᫥་
᨜ᨑ་ᨵᩧ᪱་᪠ᩃ᩶་᫕᪞ᨕ᫥་᪠᫡᩶་᫡ᨕᨵ་ᨻᩏ᫥་ ᨃᨂᨆ ᨵ᫥᫞ᨎ] ཤིང་རེ་རེའི་རྩེ་ལ་ཞིང་སྐྱོང་རེ་སྟེང་གི་ཞིང་སྐྱོང་

རྣམས་འོག་གི་ཕྱོགས་སྐྱོང་དེ་དང་དེའི་གཞོན་པའི་མགོ་ཅན་ལུས་ཕྱེད་ཤིང་གི་ལོ་མའི་
སྟེང་ནས་ཐོན་བསྡད་པ་ཤ་སྟག་རེད། ཞིང་སྐྱོང་དེ་བྱས་ཙང་ཧ་ཅང་གི་རྫུ་འཕྲུལ་ཆེན་པོ་
ལག་པ་ལ་གཏོར་མ་དམར་གཏོར་རེ་ཐོད་པའི་ནང་དུ་ཡོད་པ་འཛིན་བསྡད་ཡོད་རེད། ལྷོ་
ཕྱོགས་ཕྱོགས་སྐྱོང་གཤིན་རྗེ་རེད། མ་ཧེ་ལ་ཞོན་པ་སྟེང་གི་ཞིང་སྐྱོང་མ་ཧེ་མགོ་ཅན།
གླང་ལ་ཞོན་པ་ཟེར་ཡོད་རེད་གླང་དང་མ་ཧེ་གཉིས་ཡག་ཉེས་ཅང་ཨེ་ཡོད་མི་ཤེས།
[སྟེང་གི་ཕྱོགས་སྐྱོང་ཉི་མ་དང་ཟླ་བ་གཉིས་ཉི་མ་རྟ་བདུན་གྱིས་དྲངས་པ᫕ᨑ་ཤིང་རྟ᫕ᨑ་
གདན་ལ་᫕ᨮᨕ᩶ᨎ ཟླ་བ་ཀུ་མུ་ཌྡ᫕ᨑ་གདན་ལ་᫕ᨮᨕ᩶་དེ་ལག་ན་ཀུ་མུ་ཌྡ་བསྣམས་པ། ལྷ᫕ᨑ་
ཉེ་དབང་ཁྱབ་᫕ᩝᨵ་དང་གསུམ་པོ་དེ་སྟེང་གི་ཕྱོགས་སྐྱོང་གསུམ། ལྷ་མ་ཡིན་དབང་པོ་
ཐག་བཟང་རི་དང་ས᫕ᨑ་ལྷ་མོ་བསྟན་མ་གཉིས་᫕ᨕᨵ་གི་ཕྱོགས་སྐྱོང་ནུབ་ཀྱི་ཕྱོགས་སྐྱོང་
ཡོད་ས་དེར་བཞག །བྱང་གི་གནོད་སྦྱིན་གྱི་ཟུར་ལ་ཚོགས་བདག་བཞག་དགོས་པ་
ཡོད། དུར་ཁྲོད་བརྒྱད་ཀྱི་ནང་དུ་ཆུ་བརྒྱད། དེ་ལ་གནས་པ᫕ᨑ་ཀླུ་བརྒྱད།]

114
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

[སྒྲ་᫕ᨮᨖ᫙་བཤུས་དུས་རྒྱབ་མདུན་བར་གོང་གསལ་སྟེང་གི་ཞེས་པ་ནས་ཀླུ་བརྒྱད་
ཅེས་པའི་བར་ཆད་པ་᫕᩼ᨎ]
[མཚམས་སུ་སློབ་དཔོན་གྱི་ལོ་རྒྱུས་གཤམ་དུ་᫕᪞ᨕས་བཤད་ཤོག་གྲངས་ ᨃᨃᨂ གསལᨎ] བྱང་གི་ཕྱོགས་སྐྱོང་དེ་

གནོད་སྦྱིན་རྣམ་ཐོས་སྲས་རེད། ཤར་ལྷོའ ་ི ཕྱོགས་སྐྱོང་མེ་ལྷ་རེད། མེ་ལྷ་དེ་ལ་མེ་ལྷ་


མི་འདྲ་བ་བཅུ་གཉིས་ཡོད་པའི་ནང་ནས་མེ་ལྷ་ར་ལ་ཆིབས་བསྡད་པ། སྟེང་གི་ཞིང་སྐྱོང་
ཡང་རའི་མགོ་ཅན། ལྷོ་ནུབ་ཕྱོགས་སྐྱོང་སྲིན་པོ་རོ་ལངས་ལ་ཆིབས་བསྡད་པ་སྟེང་གི་
ཞིང་སྐྱོང་ཡང་རོ་ལངས་མགོ་ཅན། ནུབ་བྱང་ཕྱོགས་སྐྱོང་རླུང་ལྷ་ཤ་བ་ལ་ཆིབས་སྡད་
པ་སྟེང་གི་ཞིང་སྐྱོང་ཡང་ཤ་བའི་མགོ་ཅན། བྱང་ཤར་ཕྱོགས་སྐྱོང་དབང་ཕྱུག་གླང་ལ་
ཆིབས་བསྡད་པ་སྟེང་གི་ཞིང་སྐྱོང་ཡང་གླང་གི་མགོ་ཅན། ཕྱོགས་བཞི་མཚམས་བཞིའི་
ཕྱོགས་སྐྱོང་བཅས་བཅུ་འདུག་སེ་རེད། སྟེང་གི་ཕྱོགས་སྐྱོང་ཚང་མ་ཤར་དུ་བཀོད་རྒྱུ་
རེད་མ་གཏོགས་ནམ་མཁར་བཀོད་ཤེས་ཀྱི་མ་རེད། བརྒྱ་བྱིན་གྱི་གཡས་སུ་ཉེ་དབང་
བཀོད། ཉེ་དབང་སུམ་ཅུ་རྩ་གཉིས་ཀྱི་ནང་ནས་ཉེ་དབང་ནག་པོ་ནམ་མཁའ་ལྡིང་ལ་ཞོན་
པ་ཁྱབ་འཇུག་དངོས་དེ་རེད། དེ་ལྷའི་ཉེ་དབང་ཁྱབ་འཇུག་རེད་མེ་ལྷ་ཁྱབ་འཇུག་མ་
རེད། མེ་ལྷ་ཁྱབ་འཇུག་ར་ཧུ་ལ་ཟེར་ཡག་དེ་ལྷ་མ་ཡིན་གྱི་དབང་པོ་སྒྲ་ཅན་ལ་ཟེར་བ་
རེད། དེང་སང་མི་ཚོས་རྔ་རྡུང་ནས་མཆོད་བསྡད་ཡག་དེ་རེད། [᫄᪱᪱᫥་᫦་ᨱ᪠་᫕ᩝᨵ་ᨵᨑ་᫞ᨕ་ᩃ᫥་
ᨵ᫡᪱་᩹་᫕᪞ᨕ᫥་᪠᫡᩶་᫡ᨕᨵ་ᨻᩏ᫥་ᨃᨃᨀ ᨵ᫥᫞ᨎ] དུར་ཁྲོད་ནང་དུ་ཤིང་གིས་རྩ་དབུ་མ་མཚོན་རྩ་བ་དང་རྩེ་

མོ་གཉིས་ཀྱིས་ཐུར་སེལ་དང་སྲོག་འཛིན་མཚོན། ཆུ་བརྒྱད་ཆུའི་ནང་དུ་ཀླུ་བརྒྱད་སྟེང་
གི་ནམ་མཁའ་ལ་སྤྲིན་བརྒྱད་བཅས་གསུམ། ཟུར་བརྒྱད་ལ་རི་བརྒྱད། རིའི་དཀྱིལ་ལ་
མཆོད་རྟེན། རིའི་རྩ་ལ་མེ་འབར་བསྡད་པ་བྱས་དགུ་རེད། དེའི་ཟུར་དེ་བར་གཅིག་ལ་
རྣལ་འབྱོར་པ་ཉམས་ལེན་བྱེད་བསྡད་མཁན་གྲུབ་ཐོབ་རེ་བཅས་བཅུ་རེད། དུར་ཁྲོད་རེ་
རེའི་ནང་དུ་རོ་སྤྱོད་ལམ་རྣམ་བཞི་ལ་གནས་པ་རེ་བྱེད། རོ་འགག་སྟེ་ཤིང་ལ་᩶པྱངས་
115
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པ་སྟེ་ལངས་པ། གསལ་ཤིང་ལ་ཀྱོན་པ་སྟེ་འདུག་པ་ས་ལ་འགྱེལ་པ་སྟེ། ཉལ་བ་རོ་མགོ་


མེད་པ་འགྲོ་བསྡད་པ། གཞན་ཡང་རོ་འཐོར་བ་དང་མ་འཐོར་བ་དང༌། པགས་པ་བཤུས་
བཞག་པ། ཀེང་རུས་དང༌། རོ་ཟ་བའི་གཅན་གཟན་དང་བྱ་རྒོད་དང་བྱ་རོག་དང་འོལ་པ་
ཕོ་མོ་དང་སྦྲུལ་བ་གླང་གི་མགོ་ཅན་ལ་སོགས་པ། གནོད་སྦྱིན་དང་ཤ་ཟ་ལ་སོགས་པ་
འཇིགས་སུ་རུང་བ་དེ་འདྲ་ཡོད་བསྡད་པ། དེ་ཚོའི་མཚོན་དོན་ཤེས་དགོས་རེད། དེ་ཚོ་
ཚང་མ་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པ་ཤ་སྟག་རེད། རོས་བདག་མེད་མཚོན་ལུགས།
ཀླུས་ཕ་རོལ་ཏུ་ཕྱིན་པ་མཚོན་ལུགས། ཆུས་བྱང་ཆུབ་ཀྱི་སེམས་མཚོན་ལུགས། གྲུབ་
པ་ཐོབ་པ་རྣམས་ཀྱིས་ལམ་ཉམས་སུ་ལེན་པའི་རྣལ་འབྱོར་པ་མཚོན་ལུགས། རྒོད་ཅིང་
དུར་ཁྲོད་དུ་འཇུག་པ་རྣམས་ཀྱིས་ཤིན་ཏུ་ངོ་མཚར་བར་བྱེད་པ། འགའ་ཞིག་བསྒྲུབས་
པ་རྒྱབ་ཚར་ནས་ཕར་ལོག་འགྲོ་བ་འདྲ་པོ། འགའ་ཞིག་བསྒྲུབ་པ་བྱས་ཚུར་ཡོང་བ་འདྲ་
པོ་དེ་འདྲའི་རྣམ་པ་སྣ་ཚོགས་གཅིག་འཁྲུལ་སྣང་ལ་ཡོད་བསྡད་པའི་དུར་ཁྲོད་བརྒྱད་
ཀྱིས་བསྐོར་བ་བྱེད། ད་དེའི་ནང་དུ་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་གདེངས་
ཀ་ཆེ་བ་གྱེན་དུ་ཕྱོགས་ཤིང༌། རྩེ་མོ་ཕྲ་བ་ཐུར་དུ་ཟུག་པ། མདུན་རྒྱབ་གཉིས་སྤངས་
པའི་ཟུར་བཞི་ལ་དགའ་འཁྱིལ་བཞི། དགའ་འཁྱིལ་རེ་ལ་འཁྱིལ་ཆུང་བཞི་རེ་ཡོད་རེད།
འཁྱིལ་ཆུང་བཞིས་དགའ་བ་བཞི་མཚོན་པ་རེད། འཁྱིལ་ཆུང་བཞི་ལ་བཞི་བཞི་བྱེད་པའི་
དགའ་བ་བཅུ་དྲུག་མཚོན་པ་རེད། དེ་གཡས་བསྐོར་གྱི་མཚོན་དོན་འདྲ། མཐའ་ཡས་པ་
གཅིག་ཡོད་རེད་དེ་བཤད་དགོས་ཡག་མི་འདུག ᨎ

116
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

འགྲོ་བ་དག་པའི་རྣལ་འབྱོར།

༈ འགྲོ་བ་དག་པའི་རྣལ་འབྱོར་རེད་དཀྱིལ་འཁོར་གཞན་དག་ཚོ་ལ་དཀྱིལ་འཁོར་རྒྱལ་
ཆོག་བྱ་ཡག་གི་ཚབ་དེ་རེད། (རང་གི་སྙིང་གར་ཞེས་པ་ནས་སྐུར་གྱུར།) ཞེས་པའི་བར་
ཚིག་དོན་བཞིན་བསམ་རྒྱུ་རེད། གསང་བ་འདུས་པ་ཡིན་ན་དཀྱིལ་འཁོར་གྱི་ལྷ་བསྐྱེད་
པ། སྤྲུལ་པ། སེམས་ཅན་གྱི་དོན་མཛད་པ། སྤྲུལ་པ་གཅིག་ཏུ་བསྡུས་པ། ཡེ་ཤེས་པ་དང་
དབྱེར་མེད་འདྲེས་པ། རིགས་བདག་ཡབ་ཡུམ་བྱང་སེམས་ཀྱིས་དབང་བསྐུར་བ། སླར་
འདུས་ཏེ་རང་གནས་སུ་འཁོད་པ་དང་བདུན་ཡོད་རེད། འཇིགས་བྱེད་ཀྱི་སྐབས་སུ་ཡེ་
ཤེས་པ་དང་དབྱེར་མེད་གཅིག་ཏུ་འདྲེས་པ་དང༌། དབང་བསྐུར་བ་གཉིས་ཡོད་མ་རེད།
གང་ཡིན་ཟེར་ན་ཡེ་ཤེས་པ་གཤམ་དུ་བསྡེབ་ལ་སྤྱན་དྲངས་པ་རེད། དབང་བསྐུར་རྒྱས་
བཏབ་ཚང་མ་ཆ་ལ་བྱེད་པ་རེད། རང་རྡོ་རྗེ་རྣལ་འབྱོར་མར་གསལ་བ་ལ་ང་རྒྱལ་བཟུང་
གསལ་སྣང་ཡག་པོ་བསྐྱེད། རང་གི་ཐུགས་གར་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་
ཀྱི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བཾ་ཡིག་སྔགས་ཕྲེང་ཁ་དོག་དམར་པོས་
བསྐོར་བ་བྱེད། དེ་ལས་འོད་ཟེར་ཉི་མ་ཤར་བ་ལྟར་འཕྲོས་ཏེ། བ་སྤུའི་བུ་ག་ནས་ཕར་
སོང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའ་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་
ཅད་ལ་ཕོག་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། སེམས་ཀྱི་སྡིག་སྒྲིབ་དང་
འབྲས་བུ་སྡུགབསྔལ་ལུས་ཀྱི་གནས་ངན་ལེན་སྦྱངས་ནས་སེམས་རྟོག་མེད་ཆོས་སྐུ་
ལུས་ཟག་མེད་ལོངས་སྐུར་གྱུར་ཏེ་དེ་འདྲའི་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་སོང་བསམ་
པ་བྱེད། འགྲོ་བ་རྣམས་སྡིག་སྒྲིབ་སྦྱངས་ཏེ་རྣམ་པར་དག་པ་ལ་བཀོད་པ་རེད། བསམ་
བློ་ཡག་པོ་བཏང་ན་ཕན་ཡོན་ཆེན་པོ་རེད། མ་འོངས་པར་འགྲོ་དོན་རྒྱ་ཆེན་པོ་ཡོང་ཡག་
དང་སངས་རྒྱས་དུས་སུ་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་རྒྱུའི་རྒྱུ་ད་ལྟ་ནས་
117
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གསོག་གི་ཡོད་རེད།
[᫄᪱᪱᫥་᫦་ཤཱཀྱ་ཐུབ་པའི་ལོ་རྒྱུས་གཤམ་དུ་འཕྲོས་བཤད་ཤོག་གྲངས ༣༣༥ གསལ།]

ད་སྤྲོས་བཤད་མང་པོ་མི་བྱེད་ཡང་དུས་ཚོད་མ་འདང་པ་བྱས་ཆོས་ཟེར་ཡག་དེ་
རིན་པོ་ཆེའི་གཏེར་དང་འདྲ་བ་ཡིན་བྱེད་པ་རེད། གཏེར་མང་པོ་དོན་ནའང་ཚིམས་ཀྱི་
རེད་ཉུང་ཉུང་དོན་ནའང་ཚིམས་ཀྱི་རེད། ཀུ་ས་ལི་ཚོགས་གསོག་སྐབས་ཡིན་ན་རྣལ་
འབྱོར་མའི་སྐུར་གྱུར་པ་རྣམས་སངས་རྒྱས་ཀྱི་ཞིང་དུ་གཤེགས་པའི་མོས་པ་བྱེད་པ་
རེད་དེ། ད་རེས་དེ་དགོས་པ་མ་རེད་རང་གནས་སུ་བཞག་རྒྱུ་རེད། དེ་འགྲོ་བ་དག་པའི་
རྣལ་འབྱོར་བསྡུས་པ་དེ་རེད།

དཔའ་བོ་དཔའ་མོས་བྱིན་གྱིས་བརླབས་པའི་རྣལ་འབྱོར།

༈ བརྒྱད་པ་དཔའ་བོ་དཔའ་མོས་བྱིན་གྱིས་བརླབས་པའི་རྣལ་འབྱོར་དེ་ལ་གསུམ།
ལུས་དཀྱིལ་བསྒོམས་པ། ཕོ་ཉ་གསུམ་བསྲེ་བ། གོ་ཆ་བགོ་བའོ། །དང་པོ་ལུས་དཀྱིལ་
དེ་མགོ་རྙོག་ཆེ་ཙམ་རེད་དེ། ཉམས་ལེན་བྱེད་རོགས་བྱེད་ན་མགོ་རྙོག་སངས་འགྲོ་བ་
རེད། ང་རང་ཚོ་དེ་འདྲ་ཡོད་མ་རེད་དེ། བླ་མ་གཞན་པ་ཚོས་གསུང་ཆོག་ཆོག་འདྲ་པོ་
ཡོང་གི་ཡོད་པ་དེ་གོམས་སོང་བ་རེད།
(གོམས་ན་སླ་བར་མི་འགྱུར་བ། །
དངོས་དེ་གང་ནའང་ཡོད་མ་ཡིན།།)
བྱེད་པ་རེད། ནང་བྱན་ཚུད་པ་ཟེར་ཡག་དེ་དེ་རེད། ནང་གི་ཨ་མ་ནང་བཞིན་གཅིག་
དགོས་རེད། ནང་གི་ཨ་མས་ནང་གི་ཅ་ལག་ག་རེ་དགོས་ནའང་ལེན་ནས་ཁྱེར་ཡོང་
ཆོག་ཆོག་ཡོད་རེད། ང་ཚོ་ནང་གི་པཱ་ཕ་འདྲ་པོ་རེད་པ་ཕ་ཕྱི་འགྲོ་བྱེད་བསྡད་ཙང་ནང་
118
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གི་ཅ་ལག་ག་པ་ག་པ་བཞག་ཡོད་མེད་དེ་ཙམ་རྒྱུས་ཡོད་མ་རེད། གསུང་རབས་ལ་ནང་
བྱན་ཚུད་ཟེར་ཡག་དེ་གསུང་རབས་ནས་གང་བཤད་པའི་དོན་རྣམས་ཁ་ཐུག་ཁ་ཐུག་
ཉམས་ལེན་ལ་ཁྱེར་ཤེས་པ་དགོས་པ་རེད། གདམས་ངག་ལ་ནང་བྱན་ཚུད་ཟེར་ཡག་དེ་
གདམས་ངག་ཚང་མ་གཅིག་གི་ཐོག་ལ་སྤུངས་ནས་བསྒོམ་ཐུབ་པ་གཅིག་དགོས་རེད།
བདག་བསྐྱེད་ཀྱི་བསྒྲུབ་གཞི་ཧ་གོ་སྦྱངས་གཞི་སྦྱོང་བྱེད་སྦྱང་བྱ་གསུམ་གྱི་སྒོ་ནས་
སྦྱོངས།

ལུས་དཀྱིལ།

ད་ལུས་དཀྱིལ་བསྒོམ་ན་ཞེ་དྲག་བྱིན་རླབས་ཆེན་པོ་རེད། རྡུལ་མཚོན་གྱི་
དཀྱིལ་འཁོར་བསྒྲུབས་མཆོད་སྐབས་འདྲ་པོ་རང་གི་ལུས་དང་ངོ་བོ་དབྱེར་མེད་བྱས་
ནས་དཀྱིལ་འཁོར་བསྒོམས། ཚོགས་རྒྱ་ཆེན་པོ་བསགས། ཞེ་དྲག་གི་ཕན་པ་ཡོད་རེད་
དེ་ག་ཚོད་བསྒོམས་ནའང་དམིགས་པ་གཙོ་བོ་གནད་གཏད་ས་དེ་རྡུལ་མཚོན་དང་རི་
མོ་བྲིས་བཞག་པ་དང་རས་སོགས་ཡིན་ཙང་ཁོ་ལ་དམིགས་པ་གནད་དུ་བསྣུན་ནས་
བདེ་བ་ཆེན་པོའ ་ི ཡེ་ཤེས་སྐྱེ་ཡག་ཡོད་པ་རེད། ལུས་ཀྱི་དཀྱིལ་འཁོར་ལ་དམིགས་པ་
གནད་དུ་གཏད་ཀྱི་ཡིན་ན་རྩ་རླུང་ལས་སུ་རུང་སྟེ་ལུས་ཀྱི་ལས་རླུང་ཐམས་ཅད་སྙིང་
གའི་རྩའི་ནང་དུ་འདུས་ནས་བདེ་བ་ཆེན་པོའ ་ི ཡེ་ཤེས་སྐྱེས་རྒྱུ་ཡོད་རེད། དེའི་ཁྱད་པར་
རེད། དེ་ཡིན་ཙང་
(དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །
རྡོ་རྗེ་འཆང་གིས་གསུངས་པ་སྟེ། །
འོན་ཀྱང་དཀྱིལ་འཁོར་དེའི་རང་བཞིན། །
119
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཅི་ཡིན་ད་ནི་འདི་ལྟར་བཤད། །
རི་མོར་གནས་པའི་ལས་དང་ནི། །
ཐིག་ལས་ཚོན་དགྱེའི་རིམ་པ་བསྟན།།)
འདི་གཉིས་ཀྱིས་རྡུལ་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་གཉིས་བཤད།
(འགྲོ་བ་འདི་དག་རང་བཞིན་གྱིས། །
གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ།།)
ཞེས་ལུས་དཀྱིལ་བཤད་པ་རེད། (བཅོས་མ་གཉིས་ཀྱི་ངོ་བོ་གང༌། །དེ་ནི་བསྒྲུབ་
བྱའི་དབང་ལས་འདོད། །མཐུན་མིན་གདུལ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་
ཕྱིར་རོ།།) ཕྱི་དཀྱིལ་ལ་དམིགས་པ་བཏད་ནས་བསྒོམས་པས་ཀྱང་དག་པའི་དོན་མཐོང་
ཡག་ཡོད་མ་རེད། ནང་ལུས་ཀྱི་དཀྱིལ་འཁོར་ལ་དམིགས་པ་གནད་དུ་བརྣུན་ནས་
བསྒོམ་ན་དམིགས་པ་གནད་དུ་བསྣུན་སར་རླུང་ཞུགས་པ་ལས་རླུང་དབུ་མར་འདུས་
ཞུགས་གནས་ཐིམ་གསུམ་བྱེད་པའི་སྐབས་སུ་རྟགས་བརྒྱད་ཤར་ལྷན་སྐྱེས་ཀྱི་དགའ་
བ་སྐྱེས་དེས་སྟོང་ཉིད་ངེས་པའི་བདེ་སྟོང་གི་ཡེ་ཤེས་སྐྱེས་ཡོང་རྒྱུ་ཡོད་རེད་བྱེད་པ་
རེད།
(ཡང་དག་དོན་མཐོང་གྲོལ་ཕྱིར་རོ།།)
མཐུན་མིན་བསྒྲུབ་བྱ་དེ་རེད་བྱེད་པ་རེད། ལུས་དཀྱིལ་གྱི་ཕན་ཡོན་དེ་རེད། དེ་ལྟ་བུའི་
ལུས་དཀྱིལ་དེ་ལ་ཡང་ཁྱད་པར་ཕྱེ་ན་གསང་བ་འདུས་པའི་ལུས་དཀྱིལ་དེ་ལུས་ཀྱི་ཆ་
ཤས་ལྷར་བསྐྱེད་པ་རེད། (ལུས་ཀྱི་སྐྲ་མཚམས་ནས་སྤྱི་གཙུགས་ཀྱི་བར་ཨོཾ་དཀར་པོ་
ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་ཞེས་སོགས་)འདུག་སེ་ལུས་ཀྱི་ཆ་ཤས་སོ་
སོར་བགོས་ནས་ལྷར་བསྐྱེད་པ་ཡིན་ཙང་རགས་པ་རེད་སོང་བ་རེད། བདེ་མཆོག་གི་
སྐབས་སུ་(སྐྲ་མཚམས་པཱུ་ལླིར་མ་ལ་ཡར་གནས་པའི་རྩ་ནང་གི་ཁམས་དང་རྩ་གཉིས་
120
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཡོངས་སུ་གྱུར་པ་ལས་ཁཎྜ་ཀ་པཱ་ལ་དང་རབ་གཏུམ་མ།) ཞེས་པས་ལུས་ནང་གི་དགོས་
ཡག་ལྟེ་བ་རྩ་ཁམས་བྱིན་གྱིས་བརླབས་དགོས་པ་ཡིན་དུས་རྩ་ཁམས་དཔའ་བོ་དང་
དཔའ་མོར་བསྐྱེད་པ་རེད། ད་རྣལ་འབྱོར་མའི་སྐབས་སུ་ཚང་མ་སྙིང་གར་བཀོད་པ་རེད།
ཁོ་གཉིས་ཕན་ཡོན་གཅིག་པ་རེད་དེ་སྟབས་བདེ་ལོས་དང་མན་ངག་འདུ་ཆེ་བ་ཡོད་
རེད། ལག་ཏུ་བླངས་བདེ་བ་ཡིན་བྱེད་པ་རེད། བདེ་མཆོག་གི་སྐབས་སུ་སོར་མོ་བཅུ་
དྲུག་ནཱ་ག་རར་གནས་པའི་དཔལ་ཧེ་རུ་ཀ་བཀོད་ཡོང་དུས་མཐེ་བོང་བཞི་དེ་རྣམ་པར་
སྣང་མཛད་བཀོད་དགོས་པ་རེད། སོར་མོ་བཅུ་དྲུག་ཞེས་པ་མཛུབ་མོ་བཅུ་དྲུག་རེད།
མཐེ་བོང་བཞི་མ་གཏོགས་པའི་ལྷག་མ་བཅུ་དྲུག་པོ་དེ་ཧེ་རུ་ཀ་ཡབ་ཡུམ་བཅུ་དྲུག་
བཀོད་རྒྱུ་རེད། ལྷ་གཅིག་པ་རེད། དེ་འདྲ་བཀོད་དགོས་ཡག་དེ་བསྒྲུབ་གཞི་བཅུ་དྲུག་
ཡོད་ཙང་བྱེད་པ་རེད། ཕྲན་བུའི་ཁག་པོ་ཡོད་རེད། རྣལ་འབྱོར་མའི་སྐབས་སུ་གཅིག་
རང་རེད། སྙིང་ཁར་བཀོད་ནས་སྔགས་རེ་རེ་ལ་ལྷ་རེ་རེ་བསྐྱེད། སོར་མོ་བཅུ་དྲུག་གི་
རྩ་དེ་ཚུར་བསྡུས་སྔགས་གཅིག་ལ་བསྟིམས་ཤག་པ་རེད། བྱས་ཙང་མན་ངག་འདུ་ཆེ་
བ་རེད། འདུ་ཆེ་ལུགས་ག་འདྲས་སེ་རེད་ཅེ་ན། དཔེར་ན་ལུག་འཚོ་མཁན་ལུག་རྫི་དེས།
ཞོགས་པ་ལུག་ཚོ་རི་ལ་ཕར་བཀྲམ་ནས་དགོང་དྲོའ ་ི བར་དེར་ལུག་རེ་རེ་བཞིན་དུ་སྤྱང་
ཀིས་ཟ་ཡོད་མེད་སོགས་མིག་བལྟ་བྱེད། དགོང་དྲོར་ལུག་ཚུར་བསྡུས་སར་འགྲོ་དགོས་
དུས་ཁག་པོ་ཡོད་རེད། དེ་བཞིན་ང་ཚོས་དམིགས་པ་དེ་ལུས་ཀྱི་མཐའ་རིང་མཐའ་ལ་
བྱེད། འགའ་ཞིག་གཅིག་པ་ཡིན་པ་ལ་བརྒྱ་དང་ལྔ་བཅུ་ང་བདུན་ཡོད་རེད།
བདེ་མཆོག་སྐབས་སུ། ན་ག་པུར་གནས་པའི་ཧེ་རུ་ཀ་བཅུ་དྲུག་རྣམ་པར་སྣང་
མཛད་བཞི་ཡོད་རེད། ཁག་སོ་སོ་བྱས་ནས། མིག་གཉིས་དེ་ཝཱི་ཟེར་ཡག་དེ་ལྷ་གཅིག་
ཁག་གཉིས་བསྒོམ་དགོས་པ་རེད། དེ་འདྲ་བྱེད་དུས་མང་པོ་རེད་པ་རེད། རྣལ་འབྱོར་
མ་ལ་རེ་རེ་ཡིན་ཙང་ལྷ་སོ་བདུན་རེད། དེ་སྙིང་གར་ཆོས་འབྱུང་གི་ནང་དུ་ཟླ་གདན་གྱི་
121
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དབུས་སུ་བཀོད་པ་རེད། དམིགས་པ་དེ་ལ་བཏད་བཞག་དུས་རྩ་ནང་གི་རླུང་སེམས་
ཚང་མ་དེར་འདུས་ཡོང་བ་རེད། རྩ་ཚང་མ་ཡུལ་ཉེར་བཞིའི་རྩ་ནང༌། ཡུལ་ཉེར་བཞིའི་
རྩ་དེ་ནས་ཡར་ཡར་བྱས་སྙིང་གའི་རྩའི་ནང་དུ་འདུས་ཏེ་མི་ཤིགས་པའི་ཐིག་ལེ་ལ་ཐིམ་
ཡོང་བ་ཡིན་ཙང་ལུག་རྫི་དཀའ་ལས་མེད་མཁན་དང་འདྲ་པོ་དེ་རེད། དེ་ཡིན་ཙང་མན་
ངག་འདུ་བའི་གནད་འགག་གཅིག་དེ་རེད་ཤེས་དགོས་པ་རེད། ཟླ་བའི་དཀྱིལ་འཁོར་གྱི་
སྟེང་དུ་སྔགས་ཡིག་འབྲུ་སོ་གཉིས་མ་གཏོགས་ཡོད་མ་རེད། དེ་གཡོན་བསྐོར་དུ་འཁོད་
པའི་དབུས་སུ་དཀྱིལ་ལ་བཾ་ཡིག་བྱས་སོ་གསུམ་རེད།
ལྷ་སོ་བདུན་བསྐྱེད་ཡོང་དུས་བདེ་མཆོག་དང་གཅིག་པ་རེད། ལྷ་ཡབ་ཡུམ་
དགོས་པ་མ་རེད་གཅིག་གིས་འཐུས་པ་རེད། ལྷ་སོ་བདུན་གྱི་ནང་ནས་སྙིང་པོའ ་ི རྣལ་
འབྱོར་མ་བཞི་དང་གཙོ་མོ་བྱས་ཙང་བཾ་ཡིག་དེ་ལས་བསྐྱེད་པ་རེད། བཾ་ཡིག་དེ་འབྱུང་
བ་བཞིའི་བདག་ཉིད་རེད། དེ་ཡིན་ཡག་དེ་ཁོའ ་ི ནང་ལ་སྙིང་གའི་རྩ་འདབ་བཞི་པོ་དེ་
ས་ཆུ་མེ་རླུང་བཞི་ཚོགས་པ་དང་བཅས་པ་ལས་རྩ་འདབ་བྱས་ནས་སྙིང་གར་དང་པོ་
ཆགས་པའི་རྩ་འདབ་བཞི་དེ་རེད། དེའི་ནང་ལ་འབྱུང་བ་བཞིའི་རླུང་རྒྱུ་བ་རེད། དེ་རེ་
རེ་ནང་ལ་ཚུར་རེ་རེ་སྦྱར་ནས་སུམ་འཁོར་མ། འདོད་མ། འཁྱིལ་མ། གཏུམ་མ་བྱས་
བཞི་རེད། དེ་བཞི་པོ་ཚོར་བ་བཞི་གཟུགས་དྲི་རོ་རེག་བྱ་བཞིའི་རླུང་རྒྱུ་བ་རེད། སྙིང་
གའི་བཾ་གཟུགས་དང་ངོ་བོ་གཅིག་པ་བྱེད་ནས་བཾ་ཡིག་ཆ་བགོས་བཏང་ན་ཁོ་ལ་འབྱུང་
བ་བཞིའི་ས་བོན་ཡོད་རེད། ཡོད་ཡག་དེ་ག་རེ་རེད་ཟེར་ན། རྒྱ་ཡིག་གི་གཟུགས་ལན་
ཚའི་བཾ་ཡིག་དེ་བགོ་གཤག་བཏང་ནས་གཏོར་ན་རའི་གྲོད་འཁོགས་བཟོ་འདྲ་པོ་གཅིག་
ཐོང་གཤོས་བཟོ་འདྲ་པོ་དེ་འདྲ་ཡོད་རེད། ཚུར་བསྒྲིགས་ན་བཾ་ཡིག་རེད་ཡོང་བ་དེ་འདྲ་
རེད་དེ། ཟླ་ཕྱེད་ཐིག་ལེ་ནཱ་ད་དེ་བཞག་རྒྱུ་རེད། བོད་ཡིག་བྱེད་ན་བ་ཡིག་གྲུ་བཞི་དེའི་
མགོ་དེ་གཅིག་བཞག །གཡས་གཡོན་ཕུར་ཤད་འདྲ་པོ་རེ་རེ་ཡོད་པ་དེ་རེ་རེ་བཞག
122
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

།འོག་ཏུ་ར་ཡིག་བཟོ་འདྲ་པོ་དེ་གཅིག་བྱས་དུས་བཞི་ཆགས་པ་རེད། བཞི་པོ་དེ་འབྱུང་
བ་བཞིའི་ས་བོན་འདུས་པ་དེས་རྐྱེན་བྱས་ནས་ཕར་བགོ་བཞག་དུས་བ་ཡིག་ཚང་གི་
མ་རེད་དེ་ཁག་བཞི་ཡོད་རེད། ཁོ་ལ་ཁག་བཞི་པོ་དེ་འབྱུང་བ་བཞིའི་ས་བོན་ཡ་ར་ལ་
ཝ་ཡི་གེ་བཞི་ཕྱོགས་བཞི་ལ་བཀོད་དུས་གཡོན་ནས་རྩིས་ན་མ་གཏོགས་ཡ་དེ་གཡོན་
ལ་ཁེལ་གྱི་ཡོད་མ་རེད། ཡ་རླུང་གི་ས་བོན་རེད། ར་མེའི་ས་བོན་རེད། ལ་སའི་ས་བོན་
རེད། ཝ་ཆུའི་ས་བོན་རེད། དེ་ཡིན་དུས་སྙིང་གའི་རྩ་འདབ་བཞི་ཤར་གྱི་སུམ་སྐོར་མ།
ལྷོ་ཡི་འདོད་མ། ནུབ་ཀྱི་འཁྱིལ་མ། བྱང་གི་གཏུམ་མོ།

སྒྲ་འཁོར་བདུན་པ།

མཁའ་འགྲོ་མ་བཞིའི་ནང་ནས་གཡོན་གྱི་མཁའ་འགྲོ་མ་དེ་ལ་མ་ལྗང་གུ། རྒྱབ་
ཏུ་ཁཎྜ་རོ་ཧཻ་མ་དམར་མོ། གཡས་སུ་གཟུགས་ཅན་མ་སེར་མོ། མདུན་དུ་མཁའ་འགྲོ་
མ་དེ་རྣལ་འབྱོར་མའི་སྐབས་སུ་དཀར་མོ་བྱེད་ན་འགྲིག་གི་རེད། བདེ་མཆོག་གི་སྐབས་
ནག་མོ་བྱེད་དགོས་ཡག་དེ་བདེ་མཆོག་གི་རྩ་ཞལ་སྔོ་ནག་རེད། རྩ་བའི་ཞལ་བཞི་ལ་
བརྟེན་ཡོང་དུས་ཞལ་གྱི་མདངས་ཕྱོགས་པ་རེད། ཁྱད་པར་ཏོག་ཙེ་ཡོད་རེད། ད་དཀྱིལ་
དེར་ཟླ་ཕྱེད་ཐིག་ལེ་ནཱ་ད་བསྡད་ཡོད་རེད། དེ་ལ་གཙོ་མོ་བསྐྱེད་པ་རེད། གཙོ་མོ་ཟླ་
ཕྱེད་ཐིག་ལེ་ནཱ་ད་ལས་བསྐྱེད་པ་གཅིག་དང༌། ཨ་ཐུང་ཟླ་ཕྱེད་ཐིགལེ་ནཱ་ད་ལས་བསྐྱེད་
པ་ལུགས་སྲོལ་གཉིས་ཡོད་རེད། དེ་སོ་སོའ ་ི འདོད་པ་བཞིན་བྱེད་རྒྱུ་རེད། ཨ་ཐུང་ལས་
བསྐྱེད་ལུགས་བཾ་ཡིག་གི་ཕྱོགས་བཞི་ཡ་ར་ལ་ཝ་ཡི་གེ་བཞིར་གྱུར་འགྲོ་དུས་བཾ་ཡིག་
གི་སྲོག་དེ་ལུས་བསྡད་ཡོད་རེད། སྲོག་དེ་ཨ་ཐུང་ངུ་རེད། དེ་ཡང་ཨ་ཐུང་ཤད་ཀྱི་རྣམ་
པ་ཅན་རྩེ་དེ་ཡར་སྟན་དེ་དེའི་སྟེང་དུ་ཟླ་ཕྱེད་ཐིག་ལེ་ནཱ་ད་ཡོད་པ་བྱས་འདུག་སེ་རེད།
ཨ་ཐུང་སྐད་ཆ་མི་དགོས་པ་བྱེད་ནའང་འགྲིག་པ་རེད། ཟླ་ཕྱེད་ཐིག་ལེ་ནཱ་ད་དེ་དཔྱིད་
123
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཐིག་ཟུང་འཇུག་གི་ངོ་བོ་རེད། དཔྱིད་ཟེར་བ་དེ་སྙིང་གའི་བྱང་སེམས་བ་མོ་ལྟ་བུ་འཛག་
པ་ཡུང་དཀར་སྦོམ་པོའ ་ི ཚད་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ་དེ་རེད། ཐིག་ལེ་ནི་ལྟེ་
བའི་དམར་ཆ་དྲོད་སྐྱེ་ཡག་ཁྲག་གི་ཐིག་ལེ་དེ་རེད། ང་རང་ཚོས་ལམ་བསྒོམས་ནས་
དབུ་མའི་ནང་ནས་རླུང་ཞུགས། ཐུར་སེལ་གྱིས་ལྟེ་བའི་མེ་སྦར་མེ་དེ་རིམ་གྱིས་ཡར་
ཡོང་སྟེ་སྙིང་གའི་དཔྱིད་དེ་ཞུ་སྤྱི་བོའ ་ི ཧཾ་ཡིག་ཞུ་ནས་བདེ་བ་སྐྱེས་དགོས་པ་ཡིན་དུས་
འོད་གསལ་བདེ་སྟོང་སྐྱེས་ས་སྙིང་ག་ནས་རེད། མེ་འབར་ས་ལྟེ་བ་ནས་འབར་དགོས་པ་
རེད། བྱས་ཙང་ད་ལྟ་སྒོམ་ས་སྙིང་ཁར་སྒོམ་དགོས་པ་རེད། མ་འོངས་པ་ན་དཔྱིད་ཐིག་
ཟུང་དུ་འཇུག་དགོས་པ་ཡིན་དུས་དཔྱིད་དེ་ལ་རང་འདྲ་གཉིས་པ་གཅིག་བྱེད། ཐིག་ལེ་
དེ་ལའང་རང་འདྲ་གཉིས་པ་གཅིག་བྱས་ཟླ་ཕྱེད་ཐིག་ལེ་ལ་ཐིམ། ལྟེ་བར་ཐིག་ལེ་དམར་
པོ་དེ་ལའང་རང་འདྲ་གཉིས་པ་བྱེད་དེའང་ཟླ་ཕྱེད་ཐིག་ལེ་ལ་ཐིམ། དཔྱིད་ཐིག་གཉིས་
པོ་དེ་ད་ལྟ་ནས་ཟུང་འཇུག་བྱེད། དེ་ནས་ཡར་ཡོང་ཟླ་ཕྱེད་ཐིག་ལེ་ལ་ཐིམ། དཔྱིད་དང་
ཐིག་ལེ་བཾ་ཡིག་ཟླ་ཕྱེད་ཐིགལེ་ནཱ་ད་དང་བཅས་པ་ཡོངས་སུ་གྱུར་པ་ལས་གཙོ་མོ་རྡོ་རྗེ་
རྣལ་འབྱོར་མ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་དེ་འདྲ་གཅིག་ཏུ་གྱུར་སོང་བསམ་པ་
བྱེད། ཆོས་འབྱུང་བྱེད་གཙོ་འཁོར་ལྔ་བསྐྱེད་སྟངས་ཤེས་སོང་ངམ། དཔྱིད་ཟེར་དགོས་
ཡག་སྟེ་དཔྱིད་ཁ་དྲོད་སླེབས་ཡོང་དུས་ཤིང་རྩེ་ཁ་འབུད་ཡོང་གི་རེད། དེ་དུས་མི་དང་
དུད་འགྲོ་ཚང་མ་ལ་དབྱར་ཁ་ཤར་གྲབས་འདུག་བསམ་བྱེད། སྐྱིད་སྣང་ཡོང་གི་རེད།
བྱས་ཙང་དེ་སྣ་འདྲེན་ཡིན་ཙང་དཔྱིད་ཅེས་མིང་བཏགས་པ་རེད།
ལུང་པ་འདི་ལ་ཤིང་རྩེ་ཁ་འབུད་གྲབས་ཡོད་མེད་མི་ཤེས་ལོ་ཁོ་མར་ཁ་ཟུམ་
ནས་སྡོད་ཀྱི་མེད་འགྲོ །དཔྱིད་ཐིག་ཟུང་འཇུག་གི་ངོ་བོ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དེ་
ངའོ། །སྙམ་དུ་ཚང་མ་ལ་རང་ཡིན་བསམ་པ་བྱེད་དགོས་རེད། ཡུལ་ཉེར་བཞི་ན་ཡོད་པ་
དེ་ཁ་སང་བཤད་པ་བཞིན་རེད། དཔའ་བོ་ཉེར་བཞི་དང་དཔའ་མོ་ཉེར་བཞི་པོ་དེ་འཁོར་
124
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ལོ་སྡོམ་པས་བཏུལ་ཡག་གི་འདུལ་བྱ་དཔའ་བོ་དཔའ་མོ་ཉེར་བཞི་པོ་འཁོར་ལོ་སྡོམ་
པས་བཏུལ་ནས་རི་རབ་ཀྱི་རྩེར་དབང་ཕྱུག་ཡབ་ཡུམ་གཉིས་བཏུལ་ཏེ་ཞབས་མནན་ལ་
བཞག །སྐུ་གསུང་ཐུགས་ཀྱི་ལྷ་བརྒྱད་གསུམ་ཉེར་བཞི་པོ་དེ་ཡུལ་ཉེར་བཞི་ན་ཕེབས།
ཡུལ་ཉེར་བཞི་ནང་དབང་ཕྱུག་གི་སྤྲུལ་པ་ཉེར་བཞི་པོ་དེ་ཡབ་ཡུམ་ཆ་རེ་ཕར་བཏུལ།
ཁོ་རང་དེར་བཞུགས་བདག་ཏུ་བཟུང༌། ཡུལ་པཱུ་ལླི་མ་ལ་ཡ་ཟེར་ཡག་དེ་ཡུལ་ཁོ་རང་
གི་མིང་ད་ལྟ་བསྡད་ཡོད་རེད། དེ་ནང་ཁཎྜ་ཀ་པ་ལ་དང་རབ་གཏུམ་མ་ཁཎྜ་ཞེས་པ་
དུམ་སྐྱེས་མ་ལ་དུམ་བུ་བྱེད་པ་རེད། ཀ་པ་ལ་ནི་ཀ་པ་ལ་རང་རེད། ཐོད་པ་དང་དུམ་བུ་
སྒྲིགས་ནས་ཐོད་པའི་དུམ་བུ་བྱེད་པ་རེད། ཁཎྜ་ཀ་པ་ལ་རེད། རབ་གཏུམ་མ་དང་ཁཎྜ་ཀ་
པ་ལ་གཉིས་དབང་ཕྱུག་གིས་སྤྲུལ་པའི་དཔའ་བོ་དཔའ་མོ་གཉིས་ཀྱི་མིང་རེད།
ཡུལ་ཉེར་བཞིའི་ནང་དུ་དབང་ཕྱུག་ཁོ་རང་གིས་སྤྲུལ་པའི་རྫོང་འདྲ་པོ་རེ་རེ་
བཞག་ཡོད་རེད། དེའི་འཁོར་གཡོག་སོགས་བྱས་ཁོ་རང་ཡུལ་དེར་བསྡད། ཡུལ་དེའི་
སེམས་ཅན་ཚོ་ཁོ་རང་གཙོ་བོ་བྱེད་པས་ནག་ཕྱོགས་ལ་བསྒྱུར་ནས་ཆགས་སྡང་རྨོངས་
གསུམ་གྱིས་དབང་དུ་སོང་སྟེ་ཤ་ཆང་བུད་མེད་བཅས་ལ་རོལ་བྱས་ལས་ཀ་དེ་རེད།
སེམས་ཅན་སྣ་ཚོགས་བསད་པའི་ཁྲག་གིས་མཆོད། དབང་ཕྱུག་ཁོ་ཚོའི་དཔོན་པོ་ཡིན་
ཙང་ང་རྩར་ཕེབས་རོགས་ཁོ་རྩར་ཕེབས་རོགས་ཟེར་ཏེ་གདན་འདྲེན་ཞུས་པས་དབང་
ཕྱུག་བྲེལ་ལ་ཚ་ཙང་ཕེབས་ལོང་མེད་པར་རི་རབ་ཀྱི་རྩེར་ཡུམ་ལ་སྙོམས་པར་འཇུག་
སྟེ་བསྡད་ཡུམ་བཞི་ཡོད་རེད། དེ་འདྲ་སེམས་ཅན་རྣམས་ཆགས་བསྡང་རྨོངས་གསུམ་
མི་དགེ་བ་ལ་སྦྱར་ནས་སྡད་པ་རེད། དུས་ལ་བབ་ཡོང་དུས་སངས་རྒྱས་བྱང་སེམས་
རྣམས་ཀྱིས་དགོངས་པ་གཅིག་ཏུ་ཁ་ཤས་གཞལ་ཡས་ཁང་དུ་སྤྲུལ། ཁ་ཤས་གཙོ་བོ་
ཡབ་ཡུམ་ལ་སྤྲུལ། ཁ་ཤས་གོ་ཆའི་དཔའ་བོ་དྲུག་ཏུ་སྤྲུལ། ཁ་ཤས་དཔའ་བོ་ཉེར་བཞི་
དཔའ་མོ་ཉེར་བཞིར་སྤྲུལ་པ་དེ་འདྲ་བྱས་ཏེ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་རྟེན་དང་
125
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བརྟེན་པར་བཅས་པ་ཡོངས་སུ་རྫོགས་པ་སྤྲུལ་ནས་ཕུལ་བ་རེད་ཟེར་ཡོད་རེད་གཞན་
གྱི་སྣང་ངོར་རེད། གང་ལྟར་ཡང་བདེ་མཆོག་གི་དཀྱིལ་འཁོར་རི་རབ་ཀྱི་རྩེ་ལ་བཞུགས།
དབང་ཕྱུག་ཡབ་ཡུམ་བཏུལ་ཚར་དཔའ་བོ་ཉེར་བཞི་དཔའ་མོ་ཉེར་བཞི་དེང་སང་བདེ་
མཆོག་གི་འཁོར་འཁོར་ལོ་ལྔའི་ནང་ནས་སྐུ་གསུང་ཐུགས་གསུམ་གྱི་འཁོར་ལོའ ་ི ལྷ་
ཚོགས་ཉེར་བཞི་དེ་རེད། བཏུལ་ལུགས་དེ་ལ་ཡང་ཐིམ་པ་དང་དབང་བྱེད་པ་དང་དེ་
འདྲའི་མི་འདྲ་བ་ཡོད་རེད། བཏུལ་སྟངས་གཅིག་ལ་འདུལ་བྱེད་སྤྲུལ་ནས་འདུལ་བྱ་
དེ་བཏུལ། དེའི་ཚབ་ཏུ་འདུལ་བྱེད་ཁོ་རང་མར་ཞུགས། ཁཎྜ་ཀ་པ་ལ་ཞེས་འདུལ་བྱའི་
མིང་དེ་འདུལ་བྱེད་ཁོ་རང་ལ་ཡར་བཏགས། རབ་གཏུམ་མའི་མིང་དེ་ཁོ་རང་གི་ཡུམ་ལ་
བཏགས། འདུལ་བྱ་ཁོ་གཉིས་སངས་རྒྱས་ཀྱི་ས་ལ་ཡར་བཀོད། གཏུལ་སྟངས་གཅིག་
ལ་ལོངས་སྤྱོད་པའི་ཚུལ་གྱིས་བཏུལ་ཟེར། དཔའ་བོ་ཉེར་བཞི་པོ་དེར་ཕེབས། འདུལ་བྱ་
དེ་དག་ཕར་གཏུལ་དེ་དག་གི་ཡུམ་སོ་སོའ ་ི ཡུམ་དུ་ཚུར་བཞེས་དེ་དག་གི་ལོངས་སྤྱོད་
ཕྲོགས་ནས་ཚོགས་འཁོར་མཛད། ལུས་ཀྱི་རྒྱན་ཕྲོགས་ཏེ་རང་གི་སྐུ་ལ་རྒྱན་རོ་གདན་
ཕྲོགས་ནས་ཁོ་རང་གི་གདན་དུ་བྱེད་པ་སོགས་དེ་འདྲ་སེ་ལོངས་སྤྱོད་པའི་ཚུལ་གྱིས་
བཏུལ་ལུགས་གཅིག་ཡོད་རེད།
ཐིམ་ཟེར་ཡག་དེ་འདུལ་བྱ་ཉོན་མོངས་དུག་གསུམ་ལས་བསྒྲལ་ནས་སྲོག་ཡིད་
རྣམ་པར་ཤེས་པ་ཁོ་རང་ཡབ་ཡུམ་ལ་ཚུར་ཐིམ། སུས་མཇལ་ནའང་སོ་སོའ ་ི ལྷ་དེ་
བཞུགས་ཤག་བསམ་ཡག་བྱས་ང་ཚོས་བལྟས་ན་བདེ་མཆོག་གི་ལྷ་རེད། སྤྱན་རས་
གཟིགས་ཀྱི་ཚོགས་བདག་བཏུལ་བ་ནང་བཞིན་རེད། དེ་འདྲ་སེ་བཞུགས་པ་རེད། ཡུལ་
ཉེར་བཞིའི་ནང་ལ་དབང་ཕྱུག་ཕེབས་མ་ཁོམ་པ་ཡིན་ཙང་ཁོའ ་ི ཚབ་ཕྱག་མཆོད་ཀྱི་རྟེན་
ལིངྒ་རེ་རེ་སྤྲད་ཡོད་རེད། ཛཱ་ལནྡྷ་རར་ཡི་གནས་དེ་ལ་སྤྱི་གཙུག་ཛཱ་ལནྡྷ་རར་ཟེར་ཡག་
དེ་རྡོ་སྤྱི་གཙུག་འདྲ་པོ་ལིངྒ་རྡོག་རྡོག་གཅིག་སྤྲད་བཞག་ཡོད་རེད། གནས་དེ་རྡ་རམ་ས་
126
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ལའི་ཕར་ཕྱོགས་དེར་ཡོད་རེད། མཚོན་འདྲ་བྱུག་པ་ཡིན་ནམ་སེར་ཚོ་ཚོ་གཅིག་ཡོད་
རེད། ལག་པ་ཐུག་ཆོག་གི་མི་འདུག། །དེའི་ནང་ལ་དངུལ་གྱི་ག་རེ་ཡིན་ནམ་གཅིག་
ཕུལ་བཞག་སྒེའུ་ཁུང་ནང་ནས་མཇལ་རྒྱུ་རེད། གཞན་ཡང་ཡུལ་གཞན་དག་རྣམས་
སུའང་རྣ་བ་འདྲ་པོ་མིག་འདྲ་པོ་དེ་འདྲ་ལུས་ཀྱི་ཆ་ཤས་རེ་རེ་སྤྲད་ཡོད་ཀྱི་རེད། དེང་སང་
མཇལ་ཡག་ཡོང་གི་རེད། དབང་ཕྱུག་འཁོར་བཅས་བཏུལ་ཚར་ནས་ཡུལ་ཉེར་བཞི་
རྣམས་སུ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡོངས་སུ་
རྫོགས་པ་འཁོར་བ་མ་སྟོང་བར་དུ་འདྲ་པོ་དུས་རྟག་ཏུ་བཞུགས་བསྡད་ཡོད་པ་རེད། དེ་
ཡིན་ཙང་གནས་ཀྱི་བདག་པོ་དཔའ་བོ་ཉེར་བཞི་དང་དཔའ་མོ་ཉེར་བཞི་ཡུལ་རེ་རེའི་
ནང་དུ་བཞུགས་ཡོད་ཙང་ང་རང་ཚོ་བདེ་མཆོག་སྒྲུབ་པ་པོ་གཞན་དང་མི་འདྲ་བ་
(ཡུལ་དེ་རྣམས་ཀྱི་བུ་མོ་གང༌། །
དེ་དག་འདུ་བའི་གཟུགས་ཅན་དེ། །
ཡིད་ཀྱི་ཕྱོགས་ཀྱི་དཔྱོད་པ་ཡིས།།)
ཟེ ར ་ཡག་འདྲ་པོ ་ འཛམ་བུ་གླི ང ་གི ་ ནང་དུ་ཡོ ད ་པའི ་ ཡུལ་ཉེ ར ་བཞི འི ་ བུ་མོ ་
རྣམས་ཀྱིས་ཐག་རིང་པོ་ནས་ང་ཚོས་ཚེས་བཅུའི་མཆོད་པ་དང་གཡོན་པའི་ཀུན་སྤྱོད་
སོགས་ལ་བརྩོན་པ་གཟིགས་སོང་ན་འདི་ཚོ་ང་ཚོའི་རིགས་ཀྱི་སྒྲུབས་པ་པོ་རེད་འདུག་
དགོངས་ཏེ་དཔེར་ན་ང་ཚོའི་ཕ་མ་སྤུན་འཆེད་ཚོས་ང་ཚོ་མཐོང་བ་ནང་བཞིན་ཁོ་ཚོ་ཐག་
རིང་པོ་ཡིན་ནའང་ཡིད་ལྟར་མྱུར་བའི་ཤུགས་ཀྱིས་བྱིན་གྱིས་རླབས། དེ་ནས་རྟོགས་
པ་ཡར་ཡར་སླེབས་སོང་ན་ཕྱག་རྒྱ་སྲོག་རྩོལ་གྱི་གྲོགས་མཛད། དེ་ནས་རོགས་མཛད་
དེ་ལམ་ལ་ཡར་ཁྲིད་ཀྱི་རེད། བདེ་མཆོག་ཡབ་ཡུམ་སོ་སོའ ་ི ལུས་དཀྱིལ་སྒོམས་དུས་
ལྷ་ནི་གཅིག་པ་རེད། འདོན་པའི་སྐབས་ཁག་ཁག་རེད་མ་གཏོགས་ཕྱིའི་ཐིག་བླུགས་ས་
གཅིག་པ་རེད། ཨོཾ་གསུམ་མའི་སྔགས་དེ་བགོ་བཤའ་རྒྱབ་ཨོཾ་གསུམ་ལས་དཀྱིལ་དེར་
127
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཨོཾ་དང་པོ་དེ་བཞག། ཨོཾ་ནས་ཡི་གེ་བརྒྱད། ཡང་དེ་ནས་ཡི་གེ་བརྒྱད། དེ་ནས་ཀྱང་


ཡི་གེ་བརྒྱད། བརྒྱད་དེ་སྟོང་པ་བཞག །ཧཱུཾ་གསུམ་ཕཊ་གསུམ་བྱས་རྟགས་གཅིག་དེ་
འཐུས་པ་བྱེད། བརྒྱད་རེ་བརྒྱད་རེ་བགོས་རྒྱུ་རེད། དང་པོ་བརྒྱད་གསུམ་ཉེར་བཞི་པོ་
དེ་ལ་དཔའ་བོ་ཉེར་བཞི་དང་དབྱེར་མེད་པའི་དཔའ་མོ་ཉེར་བཞི་སྒོམས་དགོས་པ་རེད།
ལཱུ་ཡི་པ་ལ་དཔའ་བོ་དཔའ་མོ་ཟུང་འབྲེལ་ཕྱག་བཞི་རེ་རེད། དྲིལ་བུ་ལུས་དཀྱིལ་ལ་
ཞལ་གཅིག་ཕྱག་གཉིས་ཡབ་ཡུམ་ཟུང་འབྲེལ་རེད།
རྣལ་འབྱོར་མའི་སྐབས་སུ་ཡབ་དང་གཉིས་སུ་མེད་པའི་ཡུམ་རྐྱང་ཉེར་བཞི་
སྒོམས་རྒྱུ་རེད། ཡུམ་རེ་རེ་བྱས་ནས་སྐུ་མདོག་ནི་གཅིག་པ་སྒོམས་ཆོག་པ་རེད། ཡུལ་
ཉེར་བཞི་དེ་ལུས་ཀྱི་ཆ་ཤས་ཉེར་བཞི་ལ་དམིགས་པ་བྱེད་དགོས་པ་རེད། དང་པོ་
ཐུགས་ཀྱི་ཡུལ་བརྒྱད་དེ་སྐྲ་མཚམས། སྤྱི་གཙུག །རྣ་བ་གཡས་པ། ལྟག་པ། རྣ་བ་གཡོན་
པ། སྨིན་མཚམས། མིག་གཉིས། ཕྲག་པ་གཉིས་བཅས་བརྒྱད་པོ་དེ་རེད། དེ་རྣམས་ཀྱི་
རྩ་ཐུང་ཐུང་རེ་ཚུར་ཡོང་ནས་ཡི་གེ་རེ་རེ་ལ་ཐིམ། ཕྲག་པ་གཉིས་གཅིག་ལ་བཞག་དེ་
གཉིས་ཀྱི་རྩ་ཡི་གེ་གཅིག་ལ་ཐིམ། ཕྲག་པ་གཉིས་པོ་དེ་ཡུལ་མཱ་ལ་ཝ་དང་ངོ་བོ་གཅིག་
པ་རེད། སྐྲ་མཚམས་དེ་ཡུལ་པཱུ་ལླིར་མ་ལ་ཡ་དང་ངོ་བོ་གཅིག་པ་ཡིན་པ་བྱེད། སྤྱི་
གཙུག་དེ་ཡུལ་ཛཱ་ལནྡྷ་ར་དང་ངོ་བོ་གཅིག་པ་ཡིན་པ་བྱེད། ལྟག་པ་དེ་སྤྱི་གཙུག་གི་
རྒྱབ་ཕྱོགས་མར་ཙམ་དུ་ངོས་འཛིན་པ་མ་གཏོགས་ལྟག་གོང་ཁུག་ཁུག་དེར་བསམ་
བློ་བཏང་རྒྱུ་མ་རེད། དེ་ཡིན་ཙང་ལྟག་པ་དེ་ཡུལ་ཨ་རྦུ་ཏ་དང་ངོ་བོ་གཅིག་པ་ཡིན་པ་
སོགས་གཞན་ལའང་རིགས་བསྒྲེ་ན་རྟོགས་སླ། ཐུགས་ཀྱི་གནས་བརྒྱད་ཀྱི་རྩ་བྱུང་ན་རྩ་
མི་ཕྱེད་མ་ཟེར་བ་འདྲ་པོ། སོ་དང་སེན་མོ་འབབ་པ་ཟེར་བ་འདྲ་པོ་རྩ་རེ་རེའི་བྱེད་ལས་
དང་ཁམས་ཀྱི་མིང་སྨོས་ཤག་འདུག་པ་དེ་ཚོ་ཚང་མ་ཤེས་ན་ཡག་པོ་ཡོད་རེད། གནས་
སྐབས་ཤེས་ཀྱི་མ་རེད། ཤེས་དགོས་འདུག་ན་བདེ་མཆོག་ནང་ལྟ་དགོས་རེད། དེ་ནང་
128
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རྩ་དང་རྩ་ནང་གི་ཁམས་གཉིས་པོ་དེ་ལས་རང་འདྲ་གཉིས་པ་རེ་རེ་འཆད་དེ་ཨོཾ་གསུམ་
མའི་སྔགས་ཡི་གེ་ཉི་ཤུ་རྩ་བཞི་ལ་ཐིམ། ཉེར་བཞིའི་ནང་ནས་ཐུགས་ཀྱི་གནས་བརྒྱད་
ཀྱི་རྩ་ད་ལྟ་དེ་དག་བྱེད། ད་གསུང་གི་གནས་ཀྱི་རྩ་བརྒྱད་པོ་དེ་ལ་མཆན་ཁུང་གཉིས་
གཅིག་ཏུ་རྩིས་དགོས་པ་རེད། ནུ་མ་གཉིས་གཅིག་ཏུ་རྩིས། ལྟེ་བ། སྣ་རྩེ། ཁ། མགྲིན་
པ། སྙིང༌། ལྔ་པོ་དེ་རེ་རེ་རྩིས། ཁའི་ནང་རྩ་དེ་ལྕེའི་རྩ་བའི་སྟེང་འོག་གང་རུང་ལ་བསམ་
རྒྱུ་རེད། སྙིང་ཡང་སྙིང་གའི་ཐད་ཤ་དང་པགས་པའི་མཚམས་དེར་རྩིས་རྒྱུ་རེད། འབྲས་
བུ་གཉིས་ཀྱང་གཅིག་ཏུ་རྩིས། གསུང་གི་གནས་ཀྱི་རྩ་བརྒྱད་པོ་དེ་རེད། ད་སྐུའི་གནས་
ཀྱི་རྩ་དེ་ལ་མཚན་མ། བཤང་ལམ། བྱིན་པ་གཉིས། སོར་མོ་ཉི་ཤུའི་ནང་ནས་མཐེ་བོང་
བཞི་མ་གཏོགས་པ་སོར་མོ་བཅུ་དྲུག་བོལ་གོང་གཉིས་གཅིག་ཏུ་རྩིས། མཐེ་བོང་བཞི།
པུས་མོ་གཉིས། དེ་བརྒྱད་པོ་དེ་སྐུའི་གནས་བརྒྱད་བཅས་དེ་རེད། གནས་དེ་རྣམས་སུ་
རྩ་དང་ཁམས་རང་འདྲ་གཉིས་པ་རེ་རེ་ཡོང་ནས་(ཨོཾ་ནས་བཻ་རོ་ཙ་ནི་ཡེ།) ཞེས་པའི་
བར་གྱི་ཡི་གེ་རེ་རེ་ལ་རེ་རེ་ཐིམ། དེ་རྣམས་ཡོངས་སུ་གྱུར་པ་ལས་ཡིན་རྒྱུ་ཁཎྜ་ཀ་པཱ་
ལ་དང་དབྱེར་མེད་པའི་རབ་གཏུམ་མ་ཡིན་པ། མཧཱ་ཀངྐ་ལ་དང་དབྱེར་མེད་པའི་གཏུམ་
མིག་མ་ཡིན་པ། ཀངྐ་ལ་དང་དབྱེར་མེད་པའི་འོད་ལྡན་མ་ཡིན་པ་སོགས། ཡབ་དང་
ཉིས་སུ་མེད་པའི་ཡུམ་ཡིན་པ་ལ་རྣམ་པ་རྡོ་རྗེ་རྣལ་འབྱོར་མ་ཤ་སྟག་ཅིག་ཁ་ནང་ལྟས་
བྱེད་པ་བསྒོམ་དགོས་པ་རེད།
དེ ་ ནས་ཧཱུཾ ་ ཧཱུཾ ་ ཧཱུཾ ་ ཕཊ་ཕཊ་ཕཊ་སྭཱཧཱ་བརྒྱད་པོ ་ དེ ་ སྒོ ་ མཚམས་མ་བརྒྱད་དེ ་
སྒོ་བཞི་ནི་ཁའི་སྒོ་སྟེ་ལྕེའི་རྩ་བ། ལྟེ་བའི་བུག་པ། རྟགས་ཀྱི་སྒོ། བཤང་ལམ་གྱི་སྒོ།
མཚམས་བཞི་ནི་མཛོད་སྤུའི་བུག་ག །རྣ་བ་གཉིས་ཀྱི་སྒོ། མིག་གཉིས། སྣ་བུག་གཉིས་
བཅས་བརྒྱད་པོ་དེ་ནས་རྩ་ཁམས་རང་འདྲ་གཉིས་པ་རེ་རེ་ཡོང་ནས་ཡི་གེ་བརྒྱད་པོ་
དེ་ལ་ཐིམ་ནས་ཁྭ་གདོང་མ། འུག་གདོང་མ། ཁྱི་གདོང་མ། ཕག་གདོང་མ། གཤིན་རྗེ་
129
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བརྟན་མ། གཤིན་རྗེ་ཕོ་ཉ་མོ། གཤིན་རྗེ་མཆེ་བ་མ། གཤིན་རྗེ་འཇོམས་མ། བཅས་སྒོ་


མཚམས་མ་བརྒྱད་གྱུར། ཁྭ་གདོང་མ་འུག་གདོང་མ་དེ་ཚོ་ཁྭ་དང་འུག་པའི་གདོང་
པ་བསམ་དགོས་པ་མ་རེད། རྣལ་འབྱོར་མའི་རྣམ་པ་རང་བསམ་བློ་བཏང་རྒྱུ་རེད། ད་
དམར་སྒོར་རེར་བྱས་ལྷ་སོ་གཉིས་འགྲིག་སོང་བ་རེད། དེའི་ནང་དུ་སྙིང་པོའ ་ི རྣལ་
འབྱོར་མ་བཞི། དཀྱིལ་དེར་གཙོ་མོ་བྱས་ལྷ་སོ་བདུན་དེ་རེད། དེ་དག་ལ་རང་གི་ལུས་
ཀྱི་ཆ་ཤས་དེ་དང་དེ་དངོས་ཡིན་བསམ་པ་བྱེད། ཕྱིའི་ཡུལ་ཉེར་བཞི་ནང་བཞུགས་པའི་
དཔའ་བོ་དང་དཔའ་མོ་སྒོ་མཚམས་མ་བརྒྱད་དང་བཅས་པ་དངོས་ཡིན་བསམ་པ་བྱེད།
རང་གི་ལུས་ཀྱི་རྩ་ཁམས་གཉིས་པོ་དེ་བསྒྲུབ་གཞི་བྱས་ནས་དེ་ཡོངས་སུ་གྱུར་པ་ལས་
ལྷར་བསྐྱེད་སོང་བསམ་པ་དགོས་རེད། ཁམས་དང་ངོ་བོ་དབྱེར་མེད་པའི་རྩ་དེ་འདྲའི་
རྩ་ཁམས་ངོ་བོ་དབྱེར་མེད་དེ་ཡི་གེ་ལ་ཐིམ་དེ་ཡོངས་སུ་གྱུར་པ་ལས་ལྷར་བསྐྱེད་སོང་
བསམ་པ་བྱེད། དེ་མ་བྱས་ན་ལུས་དཀྱིལ་རེད་ཀྱི་མ་རེད།
དེ་བཞིན་དུ་འཁོར་ལོ་སྡོམ་པའི་ལྷ་དངོས་ཡིན་བསམ་པ་བྱེད། ལུས་དཀྱིལ་དེ་
རེད། རང་གི་སེམས་དང་ལྷ་གཉིས་ངོ་བོ་དབྱེར་མེད་ཡོངས་གྲགས་རེད་དེ་བླ་མ་ལུས་
འགྲོ་གི་ཡོད་རེད། བླ་མ་ཡི་དམ་རང་སེམས་གསུམ་པོ་དེ་ངོ་བོ་དབྱེར་མེད་བྱེད་དགོས་
པ་རེད། ག་པ་འགྲོ་འགྲོ་ལ། ལྷ་ལས་ལོགས་སུ་བླ་མ་མེད་བླ་མ་ལས་ལོགས་སུ་ལྷ་ཡོད་
མ་རེད། འཁྲིད་ཡིག་མཁའ་སྤྱོད་བགྲོད་པའི་ཐེམ་སྐས་ལས། ཨོཾ་གསུམ་གྱི་སརྦ་ལ་རྦ་
ས་བྱེད་བུདྡྷ་དེ་ལ་དྷ་བུད་བྱས་གྱེན་ཀློག་ཡིན་ཟེར་ཡག་ཅིག་ཡོད་རེད། དེས་འཁྲུལ་
གཞི་བྱེད་ནས་གཉིས་ཀློག་བྱེད་ནས་ཀློག་སྟངས་གཅིག་པར་གཡས་འཁོར་བཅས་བྱུང་
ཡོད་རེད། དེ་རེད་བསྡད་ཡོད་མ་རེད། མ་རེད་པའི་རྒྱུ་མཚན་ནི་སྭཱཧཱ་ཞེས་པའི་ཧཱ་དེ་
ཨོཾ་དེའི་འཁྲིས་ལ་སླེབས་པ་དགོས་ཟེར་ནས་ཡོངས་འཛིན་བློ་བཟང་བསྟན་འཛིན་གྱི་
ཡིག་ཆར་གསལ་པོ་བཀོད་ཡོད་རེད། བྱས་ཙང་གཅིག་ཀློག་ཡིན་པ་རེད་གཉིས་ཀློག་
130
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཡིན་ན་ཨོཾ་གྱི་འཁྲིས་ལ་སྭཱ་སླེབས་དགོས་ཀྱི་རེད་མ་གཏོགས་ཧཱ་སླེབས་ཀྱི་མ་རེད། དེ་
ཡིན་ཙང་སྔགས་ཡིག་དེ་བང་སྒྲིགས་ནས་ཀློག་ན་འགྲིག་གི་ཡོད་རེད། སྔགས་ཀྱི་ཡི་
གེ་དེ་ཚོ་ཀློག་སྟངས་དག་པོ་ཨ་ཡོང་ན་ལྟ་ཡིད་ལ་ཤར་ཐུབ་པ་བྱེད། ཡི་གེ་དེ་ཚོ་དམར་
པོ་བྱེད་དེ་ལྷར་བསྐྱེད། ལྷ་དེ་ཚོ་དངོས་ཡིན་བསམ་པ་བྱས་ལུས་དཀྱིལ་སྒོམས་ལུགས་
དེས་འགྲིག་པ་བྱས་ཞེ་དྲག་བཤད་ལོང་ཡོང་གི་མ་རེད། གཞལ་ཡས་ཁང་གི་མཚོན་
དོན་འགྲིག་ས་ཡོད། ཆོས་འབྱུང་ཉིས་བརྩེགས་ཟུར་དྲུག་ལ་ངོས་བཅུ་གཉིས་ཡོད་
རེད། ངོས་བཅུ་གཉིས་ཀྱི་ཕྱི་ལ་ཉི་མ་བཅུ་གཉིས་ཁྱིམ་བཅུ་གཉིས་མཚོན། ནང་ལ་བུད་
མེད་ལོ་བཅུ་གཉིས་ལ་ཟླ་མཚན་ཁྲག་འཛག་པ་མཚོན། གཞན་ལ་སྦྱར་ན་དགའ་བ་བཅུ་
གཉིས་ཕྱི་ནང་གཞན་གསུམ་ཟེར་ཡག་དེ་རེད། ཉི་མ་བཅུ་གཉིས་ཟེར་ཡག་དེ་ཉི་མས་
ཁྱིམ་ལ་ལོངས་སྤྱོད་པ་ཡིན་ཙང་ཁྱིམ་བཅུ་གཉིས་རེད། ཁྱིམ་བཅུ་གཉིས་ག་རེ་རེད་
ཟེར་ན་དེ་དག་ལོ་ཐོ་ནང་ལ་བྲིས་ཡོད་རེད་དེར་ལྟས་ན་ཧ་གོ་གི་རེད།
(རི་དང་ཆུ་སྲིན་བུམ་པ་དགུན།)
དགུན་ཁ་ཁྱིམ་གསུམ། (ཉི་ཁྱིམ་ལུག་ཁྱིམ་གླང་ཁྱིམ་དཔྱིད།།) ཕྱི་དྲོ་ཀརྚ་བུ་མོ་སྲང་
དང་བདེ་ཆེན་སྟོན། ཁྱིམ་བཅུ་གཉིས་ཡོང་ཡག་དེ་རི་རབ་ཀྱི་ཕྱོགས་༡༢ ལ་གཟུགས་
བརྙན་ཡོད་བྱེད་པ་རེད། དེ་དང་བསྟུན་ནས་ཉི་མས་ཕྱོགས་རེ་རེ་ལ་ཟླ་བ་རེ་རེ་སྐོར་ཀྱི་
ཡོད་རེད། ཉི་མ་ཁོ་རང་རང་འགྲོས་རྒྱབ་བཅུག་གི་ཡིན་ན་ལོ་གཅིག་ལ་སྐོར་བ་གཅིག་
འཁོར་གྱི་ཡོད་རེད། རང་འགྲོས་ཚུར་འཁོར་གྱི་ཡོད་རེད་དེ་རླུང་འགྲོས་ཀྱིས་ཕར་
འཁོར་འགྲོ་བ་རེད་རླུང་གི་གོ་ལའི་ཐོག་བསྡད་ཡོད་ཙང་དེ་འདྲ་ཡིན་བྱེད་པ་རེད། ཟླ་བ་
གཅིག་ལ་ལུག་དང་གཡག་བསད་པའི་དུས་ཚོད་སྡིག་པ་ཆེན་པོའ ་ི དུས་ཡིན་ཟེར་ཡང་
ཕྱོགས་གཅིག་ནས་སྡིག་པ་(བར་དེར་ཚིག་འགའ་ཞིག་ཆད་པ་མིན་ནས་སྙམ་) ཤོད་
ལུགས་མི་འདྲ་བ་ཡོད་རེད། བུ་མོ་བཞིན་ཟེར་བ་ནི་བུ་མོ་མདངས་བཟང་བའི་དུས་ཡིན་
131
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བྱེད་པ་རེད། སྲང་ཟེར་བ་ནི་དབྱར་ཁ་དཀར་ཆུ་རྒྱས་ནས་མར་དང་ཐུད་སྲང་ལ་གཞལ་
བའི་དུས་ཡིན་བྱེད་པ་རེད། ཀརྚ་སྦལ་བ་རེད། ཕྱི་ནང་གཞན་གསུམ་བྱས་ནང་ལ་སྦྱར་
ན་ནི་བུད་མེད་ལོ་བཅུ་གཉིས་ལ་ཟླ་མཚན་བབ་ཀྱི་ཡོད་རེད། སྐྱེས་པ་ལོ་བཅུ་དྲུག་
ལ་ཐིག་ལེ་བབ་ཀྱི་ཡོད་རེད། གཞན་ལ་སྦྱར་ན་དགའ་བ་བཞི་པོ་དེ་ལ་ཆེ་འབྲིང་ཆུང་
གསུམ་བྱས་ན་དགའ་བ་བཅུ་གཉིས་མཚོན་པ་སོགས་དེ་འདྲ་ཡིན་པ་རེད། ཕྱག་གཉིས་
བདེན་པ་གཉིས་ཀུན་རྫོབ་བདེན་པ་སྒྱུ་ལུས་དོན་དམ་བདེན་པ་འོད་གསལ་བྱེད་ནས་
སྒྱུ་ལུས་དང་འོད་གསལ་ཟུང་འཇུག་སྒོམས་དགོས་པ་རེད། ཁ་ཊྭཾ་གའི་མཚོན་དོན་རྒྱ་
ཆེན་པོ་རེད། དེ་ཤེས་དགོས་ཡག་ཅིག་རེད། ཡུ་བ་དཀར་པོ་ཟུར་བརྒྱད་མར་གིའི་རྩ་
དེ་ལ་རྡོ་རྗེའི་གདན་པདྨ་ཡོད་རེད། རྡོ་རྗེའི་ར་ལྔ་ཡོད་མ་རེད་ར་གཅིག་དབུས་ར་ས་ལ་
བཙུགས་ཡག་དེ་རེད། དེ་ནས་ཡར་བྱེད་ནས་བུམ་པའི་འོག་དེར་སླེབས་དུས་དེའི་སྒང་
ལ་བུམ་པ་གཅིག་ཡོད་རེད། དེའི་སྒང་ལ་རྡོ་རྗེ་རྒྱ་གྲམ་གཅིག་བྱེད་དེའི་སྒང་ལ་མིའི་
མགོ་གསར་པ་བཅད་གྲུབ་འདྲ་པོ་སྔོན་པོ་གཅིག་བྱས་དེའི་སྒང་ལ་བཅད་ནས་དགའ་
རབ་སོང་ནས་རྙིང་བསྡད་པ་དམར་པོ་གཅིག་བྱས་དེའི་སྒང་ལ་བཅད་ནས་ཡུན་རིང་པོ་
སོང་སྟེ་ཤ་ཞུས་ནས་རུས་རྐྱང་མི་མགོ་དཀར་པོ་གཅིག་བྱས་མི་མགོ་གསུམ་བརྩེགས་
ཡོད་རེད། དེའི་སྒང་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་གཅིག་ཡོད་རེད་ཁ་ཊྭཾ་ག་འགྲོ་སྟངས་དེ་
རེད། རྣལ་འབྱོར་མའི་ཁ་ཊྭཾ་ག་དེ་ལ་རྡོ་རྗེ་རྒྱ་གྲམ་མམ་བུམ་པ་ག་རེ་ཡིན་ནམ་གཅིག་ལ་
ཌཱ་མ་རུ་གཅིག་བཏགས་ཌཱ་མ་རུའི་སྐད་བཅིང་གི་དཀྱིལ་དེར་དྲིལ་བུ་གཅིག་བཏགས།
དྲིལ་ལྕེའི་རྩེ་ལ་འཕན་རྩེ་གསུམ་པ་གཅིག་བཏགས། ཌཱ་མ་རུ་དང་དྲིལ་བུ་དང་འཕན་རྩེ་
གསུམ་པ་འཕྱང་བཞིན་པ་བསྣམས་པ། འདུག་སེ་རེད། འཁོར་ལོ་བདེ་མཆོག་གི་ཁ་ཊྭཾ་
ག་ལ་གསུམ་པོ་དེ་ཚོ་ཡོད་མ་རེད། དར་འཕྱང་གཅིག་བཏགས་རྒྱུ་རེད། ཁ་ཊྭཾ་དེས་སྐུ་
ལ་མཚོན་ན་ནི་ཡབ་འཁོར་ལོ་སྡོམ་པའི་རྟེན་དང་བརྟེན་པའི་སྐུ་ཡོངས་རྫོགས་མཚོན་
132
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པ་རེད། གཞལ་ཡས་ཁང་ལ་བྱེད་ཀྱི་ཡིན་ན་རྡོ་རྗེ་རྩེ་གཅིག་གིས་ཆོས་ཐམས་ཅད་
སྟོང་པ་ཉིད་དུ་རོ་གཅིགབདེ་བ་ཆེན་པོའ ་ི རང་བཞིན་རོ་གཅིག་ཏུ་མཚོན་པ་ཡིན་ཙང་
ཆོས་དབྱིངས་ཡེ་ཤེས། ཟུར་བརྒྱད་ཀྱིས་དུར་ཁྲོད་བརྒྱད་བུམ་པས་གཞལ་ཡས་ཁང་
མཚོན་པ་ཡིན་ཙང་དམ་ཚིག་གི་འཁོར་ལོ་འགྲིག་པ་བྱེད། མི་མགོ་གསུམ་པོ་དེས་སྐུ་
གསུང་ཐུགས་ཀྱི་འཁོར་ལོ་གསུམ། དེའི་སྒང་ལ་རྡོ་རྗེ་དེས་བདེ་ཆེན་འཁོར་ལོ་མཚོན།
མདུན་གྱི་རྭ་བཞིས་སྙིང་པོའ ་ི རྣལ་འབྱོར་མ་བཞི་མཚོན། སྟེང་འོག་གིས་རྭ་དེས་འཁོར་
ལོ་སྡོམ་པ་མཚོན་པ་ཡིན་གྱི་རེད་དེ་འདྲ་ཅིག་རེད། རྣལ་འབྱོར་མ་ལ་ཌཱ་མ་རུ་དང་དྲིལ་
བུ་དང་འཕན་རྩེ་གསུམ་པ་ཡོང་ཡག་དེ་སྔ་མ་གཉིས་ཀྱིས་གསུང་གི་གསང་བ་མཚོན་
ཞིང་ཕྱི་མས་ཐུགས་ཀྱི་གསང་བ་མཚོན་པ་རེད། དབུ་རྒྱན་ནི་རྒྱལ་བ་རིགས་ལྔ་དང་
ཐོད་སྐམ་རེད། ད་དེང་སང་ལྷ་ཚོ་ལ་བཟོ་བ་ནང་བཞིན་གཡས་གཡོན་གཉིས་མར་བབ་
བསྡད་པ་དེ་འདྲ་མ་རེད་སྒོར་སྒོར་སྐོར་བ་ནང་བཞིན་རེད། འཁོར་ལོའ ་ི རྩིབས་རེད་
འཁོར་ལོའ ་ི ལྟེ་བ་དེ་སྟོང་པ་རེད། ལྟེ་བའི་མཐར་རུས་པའི་ཕྲེང་བ་བཏང་། དེ་ནས་མར་
འཁོར་ལོའ ་ི རྩིབས་བརྒྱད་བྱས་རྩིབས་བརྒྱད་ཀྱི་མཐར་མུ་འཁྱུད། མུ་འཁྱུད་ཀྱི་མཐར་
རྩིབས་རེ་དེ་ཐོག་ཐོད་སྐམ་རེ་རེ་རྩིབས་རེ་རེ་ལ་བཀོད། རྒྱབ་ལོག་གི་རྩིབས་གསུམ་
སྟོང་པ་བཞག །ཐོད་སྐམ་མར་ཟག་མི་འགྲོ་ཡག་གི་ཐོད་སྐམ་གྱི་རྣ་བའི་མཚམས་སུ་ཨི་
ཁུང་སྟོད་སྨད་གཉིས་ཨི་ཁུང་དེའི་ནང་དུ་རྡོ་རྗེ་ནག་པོའ ་ི ཕྲེང་བ་རེ་རེ་དེས་ཚུར་བསྡམས་
བྱས་ཕྲེང་བ་དེས་ཐོད་སྐམ་ཚུར་བཅིངས། དབུ་རྒྱན་འཁོར་ལོའ ་ི རྩིབས་དེས་ཐོད་སྐམ་
ཕར་ཕུད་རྒྱག་རྒྱབ་བྱས་ཐོད་སྐམ་ཁ་ཐུག་བསྡད་པ་རེད། ཐོད་སྐམ་གྱི་ཁ་ནས་དྲ་བ་དང་
དྲ་ཕྱེད་བཏགས་པ་རེད། དེ་ཡང་དྲ་བ་གཉིས་གཉིས་དྲ་ཕྱེད་གསུམ་གསུམ་རེད། ཐོད་
སྐམ་དབུས་མའི་ཁ་ནས་དྲ་ཕྱེད་གསུམ་གྱི་དཀྱིལ་མ་ཕྲན་བུ་མར་རིང་བ་བྱས་དེ་ནས་
དྲ་བ་ཉིས་གཤིབས་ཕར་ཚུར་ཐོད་སྐམ་ལྔ་ཡི་ཁ་ནས་ཁའི་བར་ཡོད་པ་མཐར་དྲ་བ་ཉིས་
133
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གཤིབས་སྙན་གཉིས་ཀྱི་ཕྱེད་ག་སླེབས་ཐུབ་པ་བྱེད་ནས་རྒྱབ་ལོགས་རུས་པའི་ངོས་
ཕྱོགས་དེར་ཕར་བཏགས་བཞག་ན་སྙིང་རྗེ་པོ་ཡོད་རེད། རྩེ་ཕྲན་དགོས་རེད། ཐོད་སྐམ་
ལ་རྩེ་ཕྲན་དེ་གྲུ་བཞི་འདྲ་པོ་ལོབ་ལོབ་བྱས་ཁ་མིག་དགོས་པ་མ་རེད། ཙོག་ཙོག་བྱེད་ན་
གཟའ་པ་ཊའི་བརྐོས་རྒྱབ། དེའི་དཀྱིལ་དེར་རྒྱལ་བ་རིགས་ལྔ་དགོས་རེད། རིགས་ལྔའི་
སྐུ་བྱེད་ན་འདྲ་ཨོཾ་ཧཱུཾ་ཏྲཾ་ཧྲི་ཨ་བྱེད་ནའང་འདྲ་འདུག་སེ་རེད། ཐོད་སྐམ་ལྔའི་དབུ་རྒྱན་
བྱེད། སྙན་རྒྱན་དེ་ཡང་རུས་པའི་འཁོར་ལོ་རེད། ཕྱིའི་དབྱིབས་ཕལ་ཆེར་སྒོར་སྒོར་
མིན་འགྲོ། འཁོར་ལོའ ་ི རྩེ་ལ་རྡོ་རྗེ་རྩེ་སུམ་པ་རྡོ་རྗེའི་ལྟེ་བ་འཁོར་ལོའ ་ི སྒོར་སྒོར་དེ་རེད།
དེ་ནས་ཀྱང་དྲ་བ་གསུམ་གཤིབས་དྲ་ཕྱེད་ལྔ་གཤིབས་ཡིན་པ་རེད་དེ་འདྲ་གཅིག་སྙན་
འཇོག་ལ་བཏགས་རྒྱུ་རེད།
དེ་ནས་མར་བཀྲམ་འགྲོ་ས་ཡོད་མ་རེད། མགུལ་རྒྱན་དེ་སྤྱིར་སྟངས་སྐེ་ལ་
དཀྲི ས ་ཡག་ཡི ན ་པ་རེ ད ་དེ ་ འདི ་ དེ ་ འདྲ་རང་ཡི ན ་མི ན ་མི ་ཤེ ས ་ཏེ ་ སྐེ ་ ནས་མར་སྐོ ན ་
བཞག་ཡོད་རེད། སྟོད་ནས་དྲ་བ་གཉིས་གཤིབས་འོག་ནས་དྲ་བ་ཉིས་གཤིབས་དཀྱིལ་
དེར་རྡོ་རྗེ་ལེབ་ལེབ་རྩེ་གསུམ་མཐའ་གཉིས་ལ་གཉིས་བྱེད་པ་ཕྲག་པ་གཉིས་སྒང་ལ་
ཤག། དེའི་བར་ལ་རྡོ་རྗེའི་ཕྲེང་བ་ཨ་དྲ་པ་དྲ་བཏང་མཐའ་རིང་མཐར་དྲ་བ་དྲ་ཕྱེད་བཏང་
འདུག་སེ་རེད། སེ་རལ་ཁ་ཟེར་ཡག་དེ་དྲ་བ་གཉིས་འཁོར་ལོའ ་ི རྩིབས་བརྒྱད་རུས་པ་
གྲུ་བཞི་མཐའ་ལ་གྲུ་བཞི་དཀྱིལ་ལ་འཁོར་ལོ་རྩིབས་བརྒྱད་ཟུར་དེ་ཚོ་ལ་འཁོར་ལོའ ་ི
མཐའི་སུམ་སྒྲོམ་འདྲ་པོ་དེ་ཁེབས་པ་རེད། འོག་དེ་ནས་ཨི་ཁུང་བཏོན་ནས་ངོས་དེ་ནས་
ལེབ་ལེབ་བཏང་སྟག་འོག་གཉིས་ལས་རུས་པའི་དྲ་བ་དྲ་ཕྱེད་བཏང་དེའི་བར་དེར་རུས་
པའི་ཕྲེང་བ་ཨ་དྲ་པ་དྲ་སླ། ཡང་ན་ཕྲེང་བ་བཞི་གཤིབས་བཏང༌། ག་འདྲས་ཡིན་ན་འདྲ་
མི་འདྲ་ཕྲན་བུའི་ཡོད་ཀྱི་རེད། ཕྲག་པ་གཡས་པའི་སྒང་ནས་མཆན་ཁུང་གཡོན་པའི་
འོག་ཕྲག་པ་གཡོན་པའི་སྒང་ནས་མཆན་ཁུང་གཡས་པའི་འོག་བྱས་རྒྱབ་མདུན་དུ་རྒྱ་
134
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གྲམ་བྱེད་ནས་བཏང་བ་རེད། དཀྱིལ་དེ་ནས་དྲ་ཕྱེད་གསུམ་གཤིབས་གཅིག་ལྷག་པ་
ཡོད་རེད། ཕྱག་གདུབ་དཔུང་རྒྱན་ཞབས་གདུབ་དེ་བྱས་གདུ་བུ་རེད། གདུ་བུ་སྙན་རྒྱན་
འོག་ལྤགས་དེ་ཕལ་ཆེར་ཉེ་བའི་ཕྱག་རྒྱ་མིན་འགྲོ་སྙམ། དེ་ཚོའི་མཚོན་དོན་དེ་ཕ་རོལ་
ཏུ་ཕྱིན་པ་ལྔ་མཚོན་པ་རེད། ཐལ་ཆེན་ཡོད་ན་དེས་ཤེས་རབ་ཕར་ཕྱིན་མཚོན་པ་རེད་
དེ། ཡུམ་ལ་ཐལ་ཆེན་ཡོད་མ་རེད། ཐལ་ཆེན་བདེ་མཆོག་ལ་ཡོད་རེད། ཐལ་ཆེན་ཕྲན་
བུའི་འདྲ་བ་མ་རེད་བདེ་མཆོག་གི་ཐལ་ཆེན་དེ་དུར་ཁྲོད་སྒང་མི་རུས་བསྲེགས་པའི་
ཐལ་བ་སྔོ་པོ་དེ་སྐུ་ལ་བྱུགས་པ་རེད། འཇིགས་བྱེད་ཀྱི་ཐལ་ཆེན་ཚོམ་བུ་རེད། མི་རུས་
བསྲེགས་པའི་ཐལ་ལ་སྔོ་པོ་བྱུགས་ཤག་པའི་སྒང་ལ་མི་རུས་མ་བསྲེགས་པའི་རུས་
པ་དཀར་པོའ ་ི ཐལ་ལ་ནང་སོར་མོ་ལྔ་བཙུགས་པའི་སོར་མོ་ལྔའི་རྗེས་བཏབ་བཞག་
པ་རེད། ལྔ་ཚོམ་མཛེས་པོ་ཡོད་རེད། ཐལ་ཆེན་ལུས་ཐམས་ཅད་ལ་བྱུགས་པ་དེས་
བྱང་སེམས་དཀར་པོ་རྒྱས་པ་མཚོན་པ་ཡིན་ཙང་ཡུམ་ལ་དེ་ཡོད་མ་རེད། རྒྱན་ལྔ་པོ་
དེས་ཐབས་ཀྱི་ཕར་ཕྱིན་ལྔ་མཚོན། ཡུམ་ལ་ཐབས་ལྔ་མཚོན་དགོས་ཡག་དེ་ཡུམ་ཁོ་
རང་ཤེས་རབ་རེད་དེ་ཡིན་ཙང་ཤེས་རབ་ལ་ཐབས་ཀྱིས་བརྒྱན་ནས་ཐབས་ཤེས་ཟུང་
འབྲེལ་རེད། ཕྱག་རྒྱ་ལྔ། ཕྱག་རྒྱ་དྲུག །རུས་པའི་རྒྱན་དྲུག །རིན་པོ་ཆེའི་རྒྱན་བརྒྱད་
ཟེར་ཡག་འདྲ་པོ་དེ་ཚོ་ངོ་ཤེས་དགོས་པ་རེད། གཅིག་ཀྱང་ང་ལ་མི་དགོས་གཉིས་ཀྱང་
ང་ལ་མི་དགོས། འོ་ན་ཁྱོད་ལ་དགོས་ཡག་ག་རེ་རེད་ཟེར་ན་ལྟོ་གོས་གཉིས་མ་གཏོགས་
མི་དགོས་ཟེར་ཡག་འདྲ་པོ་དེ་འདྲ་བྱེད་རྒྱུ་ཡོད་མ་རེད། ཚང་མ་ཤེས་དགོས་རེད། ད་
ད་ལྟའི་དབང་བསྐུར་རྒྱས་བཏབས་བྱེད་ཀྱི་ཡིན་ན་ནི་དབུ་རྒྱན་ད་ལྟ་མི་དགོས་པ་བྱེད།
འོག་ཏུ་མ་བྱེད་ན་རྣམ་སྣང་ཧེ་རུ་ཀ་ཡུམ་དང་བཅས་པས་དབུ་བརྒྱན་པ་རང་ཆས་སུ་
བསམ་བློ་བཏང༌། ད་ལུས་དཀྱིལ་འགྲིག་སོང་བ་རེད།

135
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཕོ་ཉ་གསུམ་བསྲེ་བ།

༈ གཉིས་པ་དཔའ་བོ་དཔའ་མོ་བྱིན་གྱིས་རླབས་པ་དེ་ལ་ཏིང་ངེ་འཛིན་གསུམ་གྱི་སྒོ་
ནས་ཕོ་ཉ་གསུམ་བསྲེ་ཟེར་དེ་ཡེ་ཤེས་པ་རེད། ཡེ་ཤེས་པ་སྤྱན་དྲངས་ནས་རང་དམ་
ཚིག་པ་ལ་བསྲེ་བཏང་རྒྱུ་རེད། ཡུལ་སོ་སོ་ཡིན་པའི་གནས་དེ་ཧ་གོ་དགོས་པ་རེད།
དཔའ་བོ་ཉེར་བཞི་པོ་དེ་ལ་ད་དུང་སྐད་ཆ་ཡོད་རེད། དཔེར་ན་འཇམ་དཔལ་མཚན་
བརྗོད་ནང་
(སྟོང་པ་ཆེན་པོ་ཡི་གེ་ལྔ།།)
ཟེར་ཡག་ཅིག་ཡོད་རེད་སྟོང་ཆེན་ཡི་གེ་ལྔའི་དོན་དག་ཨ་ཨེ་ཨུ་རེ་ལེ། ལྔ་པོ་དེ་རེད།
དེ་ཡིན་ཙང་ཨེ་ཡའོ་ཟེར་དུས་ཡ་བྱེད། རེ་རའོ། ལེ་ལའོ། ཨུ་ཝའོ། ཨེ་ཨུ་རེ་ལེ་ལྔ་པོ་
དེ་ཚུར་སྒྱུར་དུས་ཨ་ར་ལ་ཝ་ཡི་གེ་བཞི་རེད། ཨ་དེ་སྒྱུར་ཡག་ཡོད་མ་རེད། དེར་ལྷག་
བསྡད་པ་རེད། དེ་ཡིན་ཙང་སྟོང་ཆེན་ཡི་གེ་ལྔའི་ནང་ནས་ཡ་ར་ལ་ཝ་བཞི་པོ་དེ་འབྱུང་
བ་བཞིའི་ས་བོན་ལ་འགྲོ་བ་རེད། (དཔེ་ཆུང་དེ་རག་ན་ལས་འབྲས་ཀྱི་བཟོ་ལྟ་ཧ་གོ་
ཐུབ་ཡག་འདྲ་ཅིག་ཡོད་རེད་དེ་བསླད་མེད་པ་འདྲ་གཅིག་བྱེད་ན་ཡོད་འགྲོ།) རྩ་དང་
ཁམས་ཟེར་ཡག་དེ་ངེས་པར་ཤེས་དགོས་རེད་བྱུང་ན། སྙིང་གའི་ཟླ་བའི་དཀྱིལ་འཁོར་
གྱི་དབུས་སུ་དཀྱིལ་བཾ་ཡིག་བྱས་མཐར་ཨོཾ་གསུམ་མའི་ཡི་གེ་ཡོད་རེད། བཾ་ཡིག་དེ་
ལ་ཁམས་དཀར་དམར་གཉིས་ཚུར་འདུས་དགོས་རེད། ཁམས་དཀར་པོ་དེ་སྙིང་གའི་
དཔྱིད་དེ་བྱས་ཁམས་དམར་པོ་དེ་ལྟེ་བའི་ཐིག་ལེ་དེ་བྱེད།
དེ་ཡར་ཡོང་ནས་དཔྱིད་ཐིག་ཟུང་འཇུག་བྱེད་དེ་རྩ་འདབ་བཞི་བྱེ་དགོས་དུས་
ཡ་ར་ལ་ཝ་བཞི་རྩ་བའི་སྙིང་གའི་རྩ་འདབ་བརྒྱད་རེད། དང་པོ་རྩ་འདབ་བཞི་དེ་ནས་
གཡས་ངོས་ན་རྩ་རེ་རེ་གྱེས་ཏེ་རྩ་བརྒྱད་རེད། སྙིང་གའི་དང་པོ་ཆགས་པའི་རྩ་བརྒྱད་
136
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དང་སྙིང་གའི་རྩ་འདབ་བརྒྱད་དེ་གཅིག་པ་མ་རེད། དང་པོ་ཆགས་པའི་རྩ་བརྒྱད་ཟེར་
ཡག་དེ་རོ་རྐྱང་དབུ་མ་གསུམ་བདུད་བྲལ་མ་དང༌བཞི། ཕྱོགས་བཞིའི་རྩ་བཞི་བྱེད་ནས་
བརྒྱད་དེ་རེད། དེ་ནས་རྩ་འདབ་བྱེད་ཡག་དེ་ལ་ཤར་གྱི་རྩ་སུམ་སྐོར་མ། ལྷོའ ་ི རྩ་འདོད་
མ། ནུབ་གྱི་རྩ་ཁྱེལ་མ། བྱང་གི་རྩ་གཏུམ་མ་སྟེ་བཞི་བྱེད། འབྱུང་བཞིའི་རྩ་བཞི་པོ་དེ་
བྱས་དེ་མ་གཏོགས་མི་དགོས་པ་བྱེད། རྩ་བའི་རྩ་བཞི་པོ་དེ་ལས་རང་འདྲ་གཉིས་པ་རེ་
རེ་འཆད་ནས་བཾ་ཡིག་ལ་ཐིམ། དེས་རྐྱེན་བྱས་ནས་བཾ་ཡིག་ཆ་བཞི་བྱེ་ནས་ཡ་ར་ལ་ཝ་
ཡི་གེ་བཞི་ལ་གྱུར། དབུས་སུ་ཟླ་ཕྱེད་ཐིག་ལེ་ནཱ་ད་དེ་ལ་དཀར་ཆ་དམར་ཆ་གཉིས་ཡར་
ཐིམ་དེ་བྱེད་བསྒྲུབ་གཞི་དེ་བྱེད། ས་ཆ་བྱས་ན་སྙིང་གའི་རྩ་འཁོར་ལོ་ཡོད་ས་དེ་གནས་
བྱང་ཆུབ་རྒྱ་གར་རྡོ་རྗེ་གདན་ཡིན་བསམ་པ་བྱེད་ཀྱི་ཡོད་རེད། སྤྲུལ་སྐུའི་གནས་བྱང་
ཆུབ། གཞན་དག་ཚོར་པཱུ་ལླིར་མཱ་ལ་ཡ། ཛཱ་ལནྡྷ་ར་སོགས་གནས་སོ་སོ་མོས་པ་བྱེད་
དགོས་སམ་དེ་འདྲ་བྱས་ཡོང་དུས་སྐྲ་མཚམས་པཱུ་ལླིར་མཱ་ལ་ཡ། སྤྱི་གཙུག་ཛཱ་ལནྡྷ་ར།
རྣ་བ་གཡས་པ་ཨཽ་ཌི་ཡ་ན། ལྟག་པ་ཨརྦུ་ཏ། རྣ་བ་གཡོན་པ་གཽ་དཱ་བ་རཱི། སྨིན་མཚམས་
རཱ་མེ་ཤྭ་རི། མིག་གཉིས་དེ་ཝཱི་ཀོ་ཊི། ཕྲག་པ་གཉིས་མཱ་ལ་ཝ་བྱས་བརྒྱད། མཆན་ཁུང་
གཉིས་ཀཱ་མ་རཱུ་པ། ནུ་མ་གཉིས་ཡོ་ཊི། ལྟེ་བ་ཏྲི་ཤ་ཀུ་ནེ། སྣ་རྩེ་ཀོ་ས་ལ། ཁ་ཀ་ལིངྐ།
མགྲིན་པ་ལམ་པཱ་ཀ། ᨎསྙིང་ཀཱཉྩི། འབྲས་བུ་གཉིས་ཧི་མཱ་ལ་ཡ་བྱས་བརྒྱད། མཚན་མ་པྲེ་
ཏ་པུ་རི། བཤང་ལམ་གྲི་ཧ་དེ་བ་ཏ། བརླ་གཉིས་སཽ་རཱཥྚ། བྱིན་པ་གཉིས་སུ་ཝརྞ་དྭཱི་པ།
སོར་མོ་བཅུ་དྲུག་ནཱ་ག་ར། བོལ་གོང་གཉིས་སིནྡྷ། མཐེ་བོང་བཞི་མ་རུ། པུས་མོ་གཉིས་
ཀུ་ལུ་ལྟ་བྱས་བརྒྱད། དེ་རྣམས་གནས་ཉེར་བཞི་པོ་དེ་བྱེད། སྒོ་མཚམས་མ་བརྒྱད་ནི་
ཁ་དང༌། ལྟེ་བ་དང༌། རྟགས་ཀྱི་སྒོ་དང༌། བཤང་ལམ་གྱི་སྒོ་དང་བཞི་པོ་དེ་སྒོ་བཞི་བྱེད།
མཛོད་སྤུའི་བུ་ག །རྣ་བ་གཉིས། མིག་གཉིས། སྣ་བུག་གཉིས་དང་བཞི་པོ་དེ་མཚམས་
མ་བཞི་བྱེད་བརྒྱད་པོ་དེར་རྩ་དང་ཁམས་གཉིས་པོ་དེ་ལས་རང་འདྲ་རེ་རེ་འཆད་ནས་
137
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཡི་གེ་རེ་རེར་ཐིམ་བཅས་འདུག་སེ་བྱེད་ཀྱི་ཡོད་བསམ་པ་དེའང་བྱང་པ་ཡག་པོ་གཅིག་
བྱེད་ལུས་དཀྱིལ་བཀོད་པ་དེ་བཅས། དེ་བསྒོམས་པའི་དགོས་པ་ག་རེ་རེད་ཟེར་ན། དེ་
བསྒོམས་པ་ཡིན་ཙང་ཕྱིའི་ཡུལ་ཉེར་བཞི་ན་བཞུགས་པའི་དཔའ་བོ་དང་དཔའ་མོ་ཚོས་
ཕོ་ཉ་རབ་འབྲིང་མཐའ་གསུམ་གྱི་གྲོགས་མཛད་ཀྱི་ཡོད་རེད། ཕོ་ཉ་རབ་འབྲིང་མཐའ་
གསུམ་གྱིས་འདུ་བ་དང་མཉེས་བཞིན་རྗེས་སུ་བཟུང༌། རྩ་རླུང་ཐིག་ལེ་བྱིན་གྱིས་རླབས་
ནས་ལས་རུང་དུ་བྱིན་གྱིས་རླབས། དེ་ལ་བརྟེན་ནས་རིམ་པས་རིམ་པས་ས་ཆུ་མེ་རླུང་
སོགས་ཚུར་འདུས། གོ་རིམ་དང་མཐུན་པར་རྟགས་བརྒྱད་པོ་ཤར་ནས་ལྷན་ཅིག་སྐྱེས་
པའི་ཡེ་ཤེས་མངོན་དུ་གྱུར་ཡག་གི་གྲོགས་མཛད་ཀྱི་ཡོད་རེད། དེ་འདྲ་རེད་དེ་གནད་
དམ་པ་ཡིན་ཟེར་རེད།
(སྒོ་མཚམས་མ་རྣམས་དབང་པོའ ་ི སྒོར་བསྒོམས་པས། །
ལས་རླུང་དབང་པོའ ་ི སྒོ་ནས་སྡོག་པར་ཤོགᨎ)
བདེ་མཆོག་སྐབས་སུ་གནས་སོ་སོར་བཀོད་པ་རེད། དབང་པོའ ་ི སྒོར་བསྒོམས་པའི་རྩ་
ཁམས་བརྒྱད་པོ་དེ་འདིར་བཀོད་ས་གཅིག་ལ་བཀོད་པ་རེད་ཕན་ཡོན་གཅིག་པ་རེད།
དབང་པོའ ་ི སྒོ་ཡི་རྩ་དེ་ཚོ་བསྒོམས་པའི་རྐྱེན་གྱིས་དབང་པོའ ་ི སྒོ་ནས་རླུང་དེ་ནང་དུ་
ལྡོག་ཡོང་ཙང་དབང་པོའ ་ི སྒོ་བརྒྱད་ཀྱི་རྩ་ཁམས་དེ་ཕྱིའི་ཕོ་ཉ་ནང་གི་ཕོ་ཉ་གསང་བའི་
ཕོ་ཉ་ཡོད་པའི་ནང་གི་ཕོ་ཉ་རྩ་ཁམས་རེད། ནང་གི་ཕོ་ཉ་རབ་འབྲིང་ཐ་གསུམ་གྱི་ཐ་མ་
འདྲ་པོ་དེ་རེད། དབང་པོའ ་ི སྒོ་བརྒྱད་ཀྱི་རྩ་དེ། ད་དེ་ནས་ཡུལ་ཉེར་བཞིའི་རྩ་དང་ཁམས་
ཡོད་ཡག་དེ་(X) མིག་གཡོན་དུ་ཕྱོགས་ཏེ་གཡོན་ནས་གྱེན་དུ་ཕྱོགས་པ་ཡིན་ཟེར་
རྐང་པ་གཉིས་རྡོ་རྗེ་དཀྱིལ་ཀྲུང་ཕར་བཤིགས་ཕྲན་བུའི་ཕར་རྐྱང་རྐང་པ་གཡོན་པའི་
མཐེ་བོང་དེས་གཡས་པའི་མཐེ་བོང་མར་མནན་རྒྱུ་རེད། ཚོགས་དུས་དེ་འདྲ་བྱེད་རྒྱུ་
ཡོད་མ་རེད། དཔའ་བོ་དཔའ་མོ་སྤྱན་མ་དྲངས་པར་དགེ་སྐོས་བྱིན་གྱིས་རླབས་ཡོང༌།
138
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཕཻཾ་སྐད་རྒྱབ་དུས་ཕྱག་རྒྱ་བྱེད་ཡག་ཡོད་ས་བྱེད་མེད་ན་མ་བྱེད། རྒྱུད་སྟོད་པ་ཡིན་ན་
དྲིལ་བུ་དཀྲོལ་ཡག་ཡོད་ན་ཕྱག་རྒྱ་བྱེད་དྲིལ་བུ་དཀྲོལ་ཡག་མེད་ན་བྱེད་ཆོག་པ་མ་
རེད་ལག་པ་ཟླ་གམ་འོག་ལ་བཅུག་ནས་བསྡད་རྒྱུ་རེད། དེ་དགེ་འདུན་གྱི་སྡེ་དེའི་ནང་
ཁྲིམས་རེད་མ་གཏོགས་ཆོས་ཁྲིམས་མ་རེད། ཡང་དྲིལ་བུ་ལག་ནང་ཡོད་ན་ཕྱག་རྒྱ་མ་
བྱས་མི་ཆོག་རེད། ཕཻཾ་བརྗོད་དུས་ཕ་དང་ཨ་དང་མ་གསུམ་གྱི་སྒྲ་ཐོན་དགོས་པ་རེད། ཕཻཾ་
དང་ཕཊ་ཕལ་ཆེར་དོན་དག་གཅིག་པ་རེད་ཕཻཾ་ནི་གཅོད་པའམ་ཁོས་ཤིག་ཞེས་པའི་དོན་
རེད་སྔོན་གྱི་དམ་ཚིག་ལ་དགོངས་ནས་བྱོན་ཤོག་མ་ཡོང་ན་མགོ་བོ་ཁོས་ཤིག་བྱེད་པ་
རེད། མགོ་བོ་གད་པོ་བྱུང་གི་རེད་ཅེས་དམ་ཚིག་དང་འགལ་བའི་ཉེས་པ་བསྒྲགས་ནས་
སྤྱན་འདྲེན་པ་འདི་མ་རྒྱུད་ཀྱི་ལུགས་སྲོལ་རེད།
ཡེ་ཤེས་པ་སྤྱན་དྲངས་ཡོང་དུས་ཡེ་ཤེས་པ་སྟེང་འོག་ཕྱོགས་མཚམས་ཐམས་
ཅད་ནས་ཕྱོགས་བཅུ་ན་བཞུགས་པའི་དཔའ་བོ་དང་དཔའ་མོ་དབང་ཕྱུག་མ་ཡེ་ཤེས་ཀྱི་
འཁོར་ལོ་དང༌། འགྲོ་བ་དག་པའི་རྣལ་འབྱོར་ཀྱི་སྐབས་སུ་འགྲོ་བ་རྣམས་མོས་པ་ཡིད་
བྱེད་ཀྱི་རྣལ་འབྱོར་མར་གྱུར་པ་དང་བཅས་གང་ཇི་ཡོད་རྡོ་རྗེ་རྣལ་འབྱོར་མའི་རྣམ་པ་
ཅན་དུ་དམར་ཆེམ་ཆེམ་མེ་སྟག་འཕྲོས་ཡོང་བ་ནང་བཞིན་བྱས་ནས་སྤྱན་དྲངས། སྟེང་
ནས་བྱོན་པ་རྣམས་ཁ་བ་བུ་ཡུག་ཚུབ་པ་འདྲ་པོ། བར་ནས་བྱོན་པ་རྣམས་དགེ་འདུན་
མང་པོ་ཆོས་བསྐོར་ལ་ཕེབས་པ་ལྟ་བུ། འོག་ནས་བྱོན་པ་རྣམས་ན་བུན་འཁྲིགས་པ་ལྟ་
བུ་གསུངས་ཡོད་རེད། དོན་དུ་ཡང་སྙིང་ཕྱོགས་མཚམས་གང་ས་ནས་སངས་རྒྱས་མེད་
ས་མེད་པ་ཡིན་ཙང་སངས་རྒྱས་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་སྤྱན་དྲངས་
དགོས་པ་ཡིན་ཙང་དེ་འདྲའི་དམིགས་པ་བྱེད། དེ་དག་ཚད་མ་གཅིག་གཅིག་ལ་ཐིམ་སྟེ་
མཐར་རྣལ་འབྱོར་མ་གཅིགཏུ་གྱུར་པ་ཛཿ ཞེས་པ་ན་དེ་རང་གི་སྤྱི་བོ་ལ་བབ། ཧཱུཾ་ཞེས་
པ་ན་རང་ལ་མར་ཐིམ། བཾ་ཞེས་པ་ན་དབྱེར་མེད་དུ་འདྲེས། ཧོཿཞེས་པ་ན་མཉེས་བཞིན་
139
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དུ་བཞུགས་པའི་མོས་པ་བྱེད། འགུག་ཞུགས་བཅིངས་མཉེས་ཞེས་པའི་འགུག་པ་ནི་ཡེ་
ཤེས་པ་དམ་ཚིག་པའི་སྟེང་དུ་འགུག་པ། ཞུགས་ནི་དམ་ཚིག་པར་མར་ཐིམ། བཅིངས་
པ་ནི་དབྱེར་མེད་དུ་འདྲེས། མཉེས་པ་ནི་མི་འདོད་བཞིན་དུ་བཙོན་ཁང་ནང་བཅུག་པ་ལྟ་
བུ་མ་ཡིན་པ་ཐུགས་མཉེས་བཞིན་དུ་བཞུགས་པའོ། །
ཨོཾ་ནི་སྔགས་ཀྱི་འགོ་འདྲེན་སྔགས་ག་པ་ཡིན་ས་ལ་རེད་ཨོཾ་ལ་ཕན་ཡོན་དྲུག་
ཡོད་རེད། ཡོ་ག་ཤུདྡྷཿསརྦ་དྷརྨ་ཡོ་ག་ཤུདྡྷོ་ཧཾ། ཡོ་ག་ནི་རྣལ་འབྱོར་ཤུདྡྷ་ནི་དག་པ་སརྦ་
ནི་ཐམས་ཅད་དྷརྨ་ནི་ཆོས་ཤུདྡྷོ་ཉ་ནི་དག་པའི་བདག་ཉིད་ཧཾ་ནི་ངའོ་བྱེད་པས་ཆོས་
ཐམས་ཅད་རྣམ་པར་དག་པའི་རྣལ་འབྱོར་གྱི་བདག་ཉིད་དེ་ངའོ། བྱེད་པ་རེད། ད་ཕོ་ཉ་
གསུམ་བསྲེ་ཞེས་པའི་ཕོ་ཉ་གསུམ་ག་རེ་བསྲེ་བ་རེད་ཟེར་ན། ཞིང་སྐྱེས་སྔགས་སྐྱེས་
ལྷན་སྐྱེས་ཀྱི་ཕོ་ཉ་གསུམ་བསྲེ་བ་རེད། སྤྱན་དྲངས་ཡོང་ཡག་གི་ཡེ་ཤེས་པ། ལམ་ཐུན་
མོང་བ་ངེས་འབྱུང་བྱང་སེམས་ཀྱང་དག་པའི་ལྟ་བ་གསུམ་གྱིས་རྒྱུད་སྦྱངས། རྒྱུད་
སྦྱངས་ནས་བཅོས་མ་མ་ཡིན་པ་སྐྱེས་མ་ཐུབ་ནའང་ལམ་སྣ་ཟིན་ཙམ་བྱེད། སྔགས་ཀྱི་
རྣལ་འབྱོར་སྔགས་ཉམས་ལེན་བྱེད་པའི་རྣལ་འབྱོར་མ་གཅིག་ཡོད་རེད་དམ་བསྐྱེད་
རིམ་མཐར་ཕྱིན་དགོས་ཀྱི་ཡོད་འགྲོ་སྙམ། སྔགས་སྐྱེས་ཀྱི་རྣལ་འབྱོར་མ་ལ་བསྐྱེད་
རིམ་རྒྱུད་ལ་སྐྱེས་དགོས་པ་རེད། དེ་འདྲ་གཅིག་དགོས་པ་རེད་དེ་ང་རང་ཚོའི་བློ་ལ་
ཡང་བསྐྱེད་རིམ་རྒྱུད་ལ་སྐྱེས་པ་མ་ཟད་སྤྱན་དྲངས་པའི་སྐབས་ལ་འགྲོ་བ་དག་པའི་
རྣལ་འབྱོར་སྐབས་སེམས་ཅན་རྣམས་རྣལ་འབྱོར་མ་ལ་བཀོད་ཡོད་པའི་རྣལ་འབྱོར་མ་
དེ་ཚོ་ཡང་སྤྱན་དྲངས་དགོས་པ་རེད་དེ་ཕོ་ཉ་མཐའ་མ་རེད།
རང་གི་ངོས་ནས་མོས་པ་བྱེད་པ་གཅིག་དང་ཕ་གི་དོན་གནས་གཅིག་སྐད་ཆ་
གཉིས་ཡོད་རེད། ཞིང་སྐྱེས་ཀྱི་རྣལ་འབྱོར་མ་ཟེར་ཡག་དེ་ཕྱིའི་ཡུལ་ཉེར་བཞི་ན་ཡོད་
པའི་རྣལ་འབྱོར་མ་དེ་དང་འཛམ་བུ་གླིང་ན་སྐྱེས་པའི་བུད་མེད་བདེ་སྟོང་གི་རྟོགས་པ་
140
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རྙེད་བསྡད་པ་དེ་ཚོ་ཡིན་གྱི་རེད་ཞིང་ཁམས་ན་སྐྱེས་པའི་མཁའ་འགྲོ་མ་དེ་ཚོ་ཕོ་ཉ་མ་
འབྲིང་བྱེད། ལྷན་སྐྱེས་ཀྱི་ཕོ་ཉ་མ་ཟེར་ཡག་དེ་སངས་རྒྱས་པ་རང་དགོས་ཀྱི་ཨེ་ཡོད་
ཟུང་འཇུག་གི་རྟོགས་པ་རྙེད་བསྡད་པ་དེ་ཚོ་ཚང་མ་སྤྱན་དྲངས་ནས་རང་ལ་བསྟིམ།
ཞིང་སྐྱེས་སྔགས་སྐྱེས་ལྷན་སྐྱེས་ཕོ་ཉ་གསུམ་པོ་དེ་སྤྱན་དྲངས་ནས་གཅིག་ཏུ་བསྲེ་
ནས་རང་ལྷར་གསལ་བ་ལ་ཐིམ་པ་ཡིན་ཙང་ཕོ་ཉ་གསུམ་བསྲེ་བྱེད་པ་རེད། ཡང་བཞག་
སྟངས་གཅིག་ལ་ནི་ཕྱི་ནང་གསང་གསུམ་གྱི་དེ་བྱེད་དུས་དབང་པོའ ་ི སྒོ་བརྒྱད་ཀྱི་རྩ་
ཁམས་དེ་ནང་གི་ཕོ་ཉ་ཐ་མ་བྱེད། ཡུལ་ཉེར་བཞིའི་རྩ་ཁམས་དེ་འབྲིང་བྱེད། སྙིང་གའི་
ཕྱོགས་བཞིའི་རྩ་ཁམས་དང་དེའི་དབུས་དབུ་མའི་རྩ་ཁམས་དང་བཅས་པ་དེ་ནང་གི་ཕོ་
ཉ་རབ་དེ་རེད། ད་ལྟ་ང་རང་ཚོ་བསྐྱེད་རིམ་ཐོབ་ཡོད་མ་རེད་སྒོམས་པའི་སྐབས་ཡིན་
ཙང་ལྷན་སྐྱེས་ཀྱི་བདེ་སྟོང་མོས་པ་ཡིད་བྱེད་ཀྱིས་བསྒོམས་པ་དེ་གསང་བའི་ཕོ་ཉ་ཐ་མ་
བྱེད། དེའི་རྒྱུན་ཕར་སྲིང་ནས་ལམ་དུས་ཀྱི་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་
བདེ་སྟོང་དེ་འབྲིང་བྱེད། དེ་ནས་རྟོགས་པ་གོང་ནས་གོང་དུ་འཕེལ་ཏེ་སྟོང་ཉིད་མངོན་
སུམ་དུ་རྟོགས་པའི་བདེ་སྟོང་གི་ཡེ་ཤེས་དེ་རབ་བྱེད། ཕོ་ཉ་ཟེར་བ་དེ་ཕྱི་ནང་གསང་
གསུམ་ལ་སྦྱར་ནས་བཤད་རྒྱུ་ཡོད་རེད། དེ་སྤྱིར་བཏང་ཞིང་སྐྱེས་སྔགས་སྐྱེས་ལྷན་
སྐྱེས་ཀྱི་ཕོ་ཉ་རང་རེད་དེའི་ནང་ནས་ཀྱང་གཙོ་བོ་དེ་ལྷན་སྐྱེས་རེད།

གོ་ཆ་བགོ་བ།

༈ གསུམ་པ་གོ་ཆ་བགོ་བའི་དགོས་པ་ནི་དཔེར་ན་དཔའ་བོ་གཡུལ་དུ་འཇུག་པ་ན་རང་
སྲུང་ཡག་ལ་གོ་ཁྲབ་འདྲ་པོ་གྱོན། གཞན་བཅོམ་ཡག་ལ་མཚོན་ཆ་འདྲ་འཁྱེར་བྱེད།
དེ་འདྲ་མ་བྱེད་པར་སོང་ན་གང་ཡང་མི་ཡོང་བ་རེད། དེ་འདྲ་ཡིན་ཙང་གོ་ཆ་བཀོད་ས་
141
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དེ་ཕྱི་ཡི་རྣལ་འབྱོར་མ་ལ་བཀོད་པ་མ་གཏོགས་ནང་གི་རྣལ་འབྱོར་མ་ལ་བཀོད་པ་མ་
རེད། གོ་ཆ་བཀོད་པའི་དགོས་པ་དེ་ལ་ཕྱི་ནས་ཚུར་གདོན་དང་བགེགས་ཀྱིས་གནོད་
པ་སྲུང་ཡག་གི་ཆེད་དང༌། ནང་གི་དངོས་གྲུབ་ཕྱིར་མི་འཆོར་བའི་ཆེད་བཅས་ཕྱི་ནང་གི་
མཚམས་གཅོད་མཁན་ཡིན་པ་རེད། གོ་ཆ་དེ་དབང་བསྐུར་རྒྱས་འདེབས་ཀྱི་སྤྱན་འདྲེན་
མ་བྱས་གོང་དུ་བཀོད་པ་གཅིག་དང་སྤྱན་འདྲེན་ཚར་ནས་བཀོད་པའི་ལུགས་སྲོལ་
གཉིས་ཡོད་རེད། སྐབས་འདིར་སྔོན་ལ་སྤྱན་འདྲེན་ཕོ་ཉ་གསུམ་བསྲེ་བ་དེ་རེད། ཡབ་ཀ་
བྱེད་ན་སྔོན་ལ་གོ་ཆ་བཀོད་པ་རེད། གོ་ཆ་དཔའ་བོ་དྲུག་དང་དཔའ་མོ་དྲུག་ཡོད་པ་ནས་
འདིར་དཔའ་མོ་དྲུག་བཀོད་རྒྱུ་རེད།
རང་རྣལ་འབྱོ ར ་མར་གསལ་བའི ་ གནས་རྣམས་སུ་པགས་པའི ་ ནང་ཤའི ་ ཕྱི ་
ལོགས་སྟོང་པ་ཡོད་མ་རེད་དེ་ཤ་པགས་མཚམས་དེར་མེ་ལོང་བཅུག་ཤག་པ་འདྲ་པོ་
ཟླ་བའི་དཀྱིལ་འཁོར་ཆུང་ཆུང་རེ་རེ་བྱས་ཟླ་བའི་ཐོག་ལ་ཡི་གེ་དེ་བྱས་གཟུགས་བརྙན་
ཤར་བ་འདྲ་པོ་བཅས་རྒྱས་པ་བྱེད་ན་གོ་ཆ་ལྷ་རང་བཀོད་ཆོག་གི་རེད་ཡིན་ན་ཡང་འདི་
ལ་ལྷ་བཀོད་པའི་མན་ངག་གསུངས་ཡོད་མ་རེད། རྒྱས་བསྡུས་ཀྱི་དབང་དུ་བྱས་ན་ལྷ་
བཀོད་པ་རྒྱས་པའི་ལུགས་ཡི་གེ་བཀོད་པ་བསྡུས་པའི་ལུགས་དེ་འདྲ་རེད་དེ། ད་འདི་
ལ་བསྡུས་པ་བྱེད་ནས་ཡི་གེ་རང་བཀོད། ཡི་གེ་དེ་ལྷ་དེ་དང་དེའི་ངོ་བོ་ཡིན་པ་བྱེད་བ།
ལྟེ་བ་ལ་ཨོཾ་དང་བཾ་དམར་པོ་རྡོ་རྗེ་ཕག་མོ། སྙིང་གར་ཧཾ་ཡོཾ་སྔོན་པོ་གཤིན་རྗེ་མ། ཁར་ཧྲིཾ་
མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲཱིཾ་ཧྲཱིཾ་སེར་མོ་སྐྱོད་བྱེད་མ། སྤྱི་གཙུགས་ཏུ་ཧཱུཾ་
ཧཱུཾ་ལྗང་གུ་སྐྲག་བྱེད་མ། ཡང་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀའི་ངོ་བོ་རྣམས་
སུ་གྱུར་བྱེད། སྐྱོད་བྱེད་མ་ཟེར་བ་རེད་དེ། སྐྱོང་བྱེད་མ་མིན་འགྲོ་ག་རེ་ཡིན་འགྲོ་ཐག་
ཆོད་པོ་གཅིག་རང་མི་འདུག་ཅེས་བླ་མ་རྡོ་རྗེ་འཆང་གིས་དོགས་གཞི་གསུངས་པ་རེད།
ང་ཡང་ཐག་ཆོད་མེད། ཧཾ་ཡོཾ་སྔོན་པོ་ཟེར་ཡག་དེ་ལ་ཡང་དོགས་པ་གཅིག་ཡོད་རེད།
142
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཡ་མགོ་ལ་ཟླ་ཚེས་ཐིག་ལེ་རྒྱབ་བྱས་ཟླ་ཚེས་དེ་ཆེན་པོ་རྒྱབ་ཤོར་ནས་ཀློག་མཁན་ཚོ་
ཡང་ནཱ་རོ་དང་ནོར་ནས་ཡོཾ་ཟེར་བཞག་པ་མིན་འགྲོ་ཟེར། དེ་ཕལ་ཆེར་ཡཾ་ཡིན་མདོག་
ཁག་པོ་རེད་ཟེར། གཤིན་རྗེའི་མིང་ཡ་མ་རེད། བྱས་ཙང་ཡ་མགོ་ལ་ཐིག་ལེ་རྒྱན་བྱས་
ཡཾ་མིན་འགྲོ་གསུངས་ཡག་གཅིག་ཡོང་ད་དེ་འདྲའི་ཡི་གེ་ལྟ་འགྲོ་ས་གར་ཡོད། ལག་པ་
ཡོད་ཚད་པར་བརྐོས་ཡི་གེ་བྲིས་བྱས་འདི་དག་འདི་མ་དག་ཟེར་ས་ཡོད་མ་རེད། ཕལ་
ཆེར་ཡཾ་སྔོན་པོ་ཞེས་ཡཾ་ཡིན་པ་ལ་ཆ་བཞག་གི་འདུག །ཡན་ལག་ཐམས་ཅད་ལ་ཟེར་
ཡག་ཡན་ལག་དེ་ལ་ཚིགས་ཆེན་བརྒྱད་ལ་བཀོད་རྒྱུ་རེད། ཚིགས་ཆེན་བརྒྱད་ཟེར་
ཡག་དེ་ཕྲག་པ་སྟེ་དཔུང་མགོ་གཉིས་བྱེད། ལག་པའི་མཁྲིག་མ་གཉིས། དཔྱི་མགོ་
གཉིས། རྐང་པའི་བོལ་གོང་གཉིས་བཅས་བརྒྱད་པོ་དེར་ཟླ་བའི་དཀྱིལ་འཁོར་བརྒྱད།
བརྒྱད་པོ་དེ་དག་གི་སྟེང་དུ་ཕཊ་ཕཊ་དུད་ཁ་བརྒྱད་བྱས་དུད་ཁ་ནི་ཁ་དོག་རེད། ཧ་གོ་
ཡི་རེད། མཁྲིག་མ་གཉིས་ཀྱི་ཡི་གེ་དེ་དག་ལས་རང་མདོག་གི་འོད་ཟེར་འཕྲོས་ཏེ་སོར་
མོའ ་ི རྩེ་ཚུན་ཆད་ནས་འོད་ཟེར་གྱིས་གཏུམ། དེ་བཞིན་དུ་དཔུང་མགོ་གཉིས་ཀྱི་ཕཊ་
ལས་འོད་ཟེར་འཕྲོས་ཏེ་དཔྱི་མགོའ ་ི བར་འོད་ཟེར་གཏུམ། དཔྱི་མགོ་གཉིས་ཀྱི་ཕཊ་ལས་
འོད་ཟེར་འཕྲོས་ཏེ་བོལ་གོང་གཉིས་ཀྱི་བར་འོད་ཟེར་གྱིས་གཏུམ། བོལ་གོང་གཉིས་ཀྱི་
ཕཊ་ཕཊ་ལས་འོད་ཟེར་འཕྲོས་ཏེ་སོར་མོའ ་ི རྩེ་ཚུན་ཆད་ནས་འོད་ཟེར་གྱིས་གཏུམ། ད་
ནི་ལྟེ་བའི་ཨོཾ་བཾ་དམར་པོ་ལས་འོད་ཟེར་འཕྲོས་དཔྱི་མགོའ ་ི བར་དུ་འོད་ཟེར་དམར་པོས་
གཏུམ། སྙིང་གར་ཧཾ་ཡོཾ་སྔོན་པོ་ལས་འོད་ཟེར་འཕྲོས་ཏེ་ལྟེ་བའི་བར་འོད་ཟེར་སྔོན་པོས་
གཏུམ། ལྕེའི་རྩ་བར་ཧྲིཾ་མོཾ་དཀར་མོ་ལས་འོད་ཟེར་འཕྲོས་སྙིང་གའི་བར་དུ་འོད་ཟེར་
དཀར་པོས་གཏུམ། དཔྲལ་བར་ཧྲཱིཾ་ཧྲཱིཾ་སེར་པོ་ལས་འོད་ཟེར་འཕྲོས་མགྲིན་པའི་བར་དུ་
འོད་ཟེར་སེར་པོས་གཏུམ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་གུ་ལས་འོད་ཟེར་འཕྲོས་ཏེ་དཔྲལ་
བའི་བར་དུ་འོད་ཟེར་ལྗང་གུས་གཏུམ་དོན་དུ་ཡང་སྙིང་འོད་ཟེར་གྱིས་མ་གཏུམ་པ་སྟོང་
143
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པ་གང་ཡང་མེད་པ་བྱེད་པ་གྲུབ་ཆེན་ལཱ་བ་པའི་མན་ངག་ཡིན་བྱས་ལྕང་སྐྱས་གསར་དུ་
བཟོས་པ་ཡིན་གྱི་མ་རེད་ལཱ་བ་པའི་འགྲེལ་པ་ནང་གསལ་པོ་གསུངས་ཡོད་ཀྱི་རེད། གོ་
ཆ་བཀོད་པ་དེ་བྱེད།
༈ དབང་བསྐུར་རྒྱས་བཏབ་བྱེད་པ་ལ་དབང་ལྷ་སྤྱན་དྲངས་དགོས་པས་ཕཻཾ་ཞེས་
འབར་བའི་ཕྱགརྒྱ་བྱས་དེ་ཡང་རང་གཅིག་པུ་ཡིན་ན་ནི་བྱ་རོག་སྐྲོད་ཐུབ་ཚོད་ཀྱི་ཕཻཾ་
སྐད་ཆེ་ཙམ་རྒྱབ་དགོས། ཡང་ཚོགས་པའི་ནང་དེ་ཙམ་གྱི་ཕཻཾ་སྐད་ཆེན་པོ་རྒྱབ་རྒྱུ་ཡོད་
མ་རེད། རང་གི་ཐུགས་ཀའི་བཾ་ཡིག་ལས་འོད་ཟེར་འཕྲོས་དབང་གི་ལྷ་དཔལ་འཁོར་
ལོ་སྡོམ་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྤྱན་དྲངས། དཀྱིལ་འཁོར་མང་པོ་སྤྱན་
དྲངས་ན་ཡང་འགྲིག་པ་རེད། བདེ་མཆོག་གི་སྐབས་སུ་དཀྱིལ་འཁོར་འཁོར་དང་བཅས་
པ་ཟེར་ཡོད་རེད། འཁོར་བྱེད་ན་ནི་དཀྱིལ་འཁོར་དེ་ལ་གཙོ་འཁོར་ཡོད་རེད། དཀྱིལ་
འཁོར་མི་བསྐྱོད་རྡོ་རྗེ་འཁོར་ལོའ ་ི རིགས་རྡོ་རྗེའི་རིགས་ཟེར་ཡག་གི་རིགས་དྲུག་གི་
དཀྱིལ་འཁོར་དེ་འདྲ་ཡོད་ཙང་རིགས་ཀྱི་གཙོ་འཁོར་ཡོད་པ་ཡིན་པ་རེད། ད་ག་རེ་ཡིན་
ན་ཡང་དཀྱིལ་འཁོར་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་མངོན་
པར་དབང་བསྐུར་དུ་གསོལ། ཞེས་གསོལ་བཏབ་པས་སྒོ་མཚམས་མ་བརྒྱད་ཀྱིས་
བགེགས་བསྐྲད། དབང་ཞུ་བ་དང་གཅིག་པ་རེད། ཤིས་བརྗོད་བྱེད་ཡག་དེ་འདི་རེད་
(ཧེ་རུ་ཀ་དཔལ་འབར་བའི་སྐུ་མངའ་བ། །
ཧ་ཧའི་གད་བརྒྱང་སྲིད་གསུམ་གཡོ་བར་བྱེད། །
ཧཱུཾ་ཧཱུཾ་ཕཊ་ཕཊ་བདུད་ཀྱི་ཀླད་འགེམས་པ། །
བདེ་མཆོག་འཁོར་ལོའ ་ི བཀྲ་ཤིས་དེང་འདིར་སྩོལ། །
ཨེ་ཝཾ་མཉམ་པར་སྦྱོར་བ་སྔགས་ཀྱི་སྐུ། །
ཨཱ་ལི་ཀཱ་ལི་གཉིས་མེད་རོལ་པའི་གསུང༌། །
144
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཨཾ་གི་ངོ་བོར་སོན་པའི་ཐུགས་མངའ་བ། །
རྡོ་རྗེ་ཕག་མོའ ་ི བཀྲ་ཤིས་དེང་འདིར་སྩོལ།།)
ཞེས་སོགས་དབང་ལྷ་རྣམས་ཀྱིས་བརྗོད་པའི་མོས་པ་བྱེད། རྡོ་རྗེའི་གླུ་ལེན་
ཟེར་ཡག་དེ་སྟོང་ཉིད་བརྗོད་བྱ་སྟོན་པའི་གླུ་ལ་རྡོ་རྗེའི་གླུ་ཟེར་བ་རེད། རྡོ་རྗེ་སྟོང་ཉིད་ལ་
གོ་དགོས་ཡག་དེ་སྟོང་པ་ཉིད་རྟོགས་སོང་ན་བདག་འཛིན་མ་རིག་པ་དང་རྩ་ཉོན་ཉེ་ཉོན་
སོགས་མི་མཐུན་ཕྱོགས་ཀྱིས་ཚུར་བརྫི་བ་ཡོད་མ་རེད། ང་རང་ཚོས་དགེ་རྩ་རྫོགས་
བྱང་དུ་བསྔོས་ན་
(བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད།།)
ཟེར་ཡག་དེ་དགེ་རྩ་དེ་བྱང་ཆུབ་ཏུ་བསྔོས་ནས་ཁོང་ཁྲོས་མ་བཅོམ་པ་ཡིན་ན་ནི། ཁོའ ་ི
འབྲས་བུ་དེ་སྐྱེས་བ་ནས་སྐྱེ་བ་ག་དུས་ལོངས་སྤྱོད་ནའང་རྫོགས་རྒྱུ་མེད་པ་བུ་ལོན་
བཏང་ནས་སྐྱེད་ཁ་ཟས་བསྡད་པ་འདྲ་པོ། ཤིང་ཐོག་བཙུགས་ནས་ཤིང་སྡོང་ཁོ་རང་
གསོ་བསྡད་ན་ལོ་མ་མེ་ཏོག་འབྲས་བུ་ལོ་ལྟར་ཡོང་ནས་ཟད་ཡག་མེད་པ་འདྲ་པོ་དེ་འདྲ་
ཡིན་ཟེར་བ་མ་གཏོགས་ཁོང་ཁྲོས་མི་ཟད་པ་མིན་གསུངས་པ་རེད། དེ་མིན་ལུགས་དེ་
ག་རེ་རེད་ཟེར་ན་འོ་ན་
(སྦྱིན་པས་ལོངས་སྤྱོད་དག་ནི་འགྲོ་ངན་ནའང༌། །
སྐྱེ་བོ་ཚུལ་ཁྲིམས་རྐང་པ་ཉམས་ལས་བྱུང༌། །
སྐྱེད་བཅས་དངོས་འདུ་ཡོངས་སུ་ཟད་པས་ན། །
ཕྱིན་ཆད་དེ་ལ་ལོངས་སྤྱོད་འབྱུང་མི་འགྱུར།།) གསུངས་སྟངས་ལ་ལྟས་
ན་ངན་འགྲོའ ་ི རྟེན་ལ་སྦྱིན་འབྲས་སྨིན་ན་སྐྱེད་དང་བཅས་པ་ཟས་ནས་ཟད་འགྲོ་བ་རེད།
བདེ་འགྲོའ ་ི རྟེན་ལ་སྨིན་ན་ཟད་ཀྱི་མ་རེད་གསུངས་པ་དེ་ག་རེ་རེད། དེ་ལ་ཁོང་ཁྲོས་ཟད་
མི་ཟད་སྐད་ཆ་མི་འདུག་ཟེར་ན། དེ་དེ་འདྲ་མ་རེད། ངན་འགྲོའ ་ི རྟེན་ལ་སྨིན་ན་ནི་ཁ་གསོ་
145
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རྒྱབ་མཁན་མེད་པ་རེད། དགེ་བ་བསགས་མ་ཤེས་ཟ་རྒྱུ་ཁོ་རང་མ་གཏོགས་མི་ཤེས་
ཙང་ཟད་འགྲོ་བ་རེད། བདེ་འགྲོའ ་ི རྟེན་ལ་ནི་འབྲས་བུ་མྱོང་བཞིན་དུ་དགེ་བ་བྱེད་རྒྱུ་
ཡོད་པ་ཡིན་ཙང་མི་ཟད་པ་རེད་མ་གཏོགས་ཁོང་ཁྲོས་མི་ཟད་པ་མིན་ཟེར། ཁོང་ཁྲོས་
མི་ཟད་ཟེར་ཡག་དེ་སྟོང་ཉིད་རྟོགས་པའི་ལྟ་བས་ཟིན་པའི་དགེ་རྩ་དེ་བསྔོ་བ་བྱེད་ན་ཁོང་
ཁྲོས་མི་འཇོམས་པ་རེད། གང་ཡིན་ཟེར་ན་སྟོང་ཉིད་རྟོགས་པའི་བློ་དེ་ཁོང་ཁྲོའ ་ི གཉེན་
པོ་ཡིན་ཙང་ཁོང་ཁྲོས་ཁོ་ལ་ཚུར་གནོད་ཐུབ་པ་མ་རེད། ཉོན་མོངས་པ་དང་ཤེས་བྱའི་
སྒྲིབ་པ་མཐའ་དག་སྤོང་མཁན་དེ་སྟོང་ཉིད་རྟོགས་པའི་ཡེ་ཤེས་རེད། དེ་ཡིན་ཙང་སྟོང་
ཉིད་དེ་ལ་རྡོ་རྗེ་ཟེར་དགོས་ཡག་དེ་རེད། རྡོ་རྗེ་གླུ་ལེན་བྱེད་པ་རེད། རྡོ་རྗེ་ཟེར་དགོས་
ཡག་གི་རྒྱུ་མཚན་དེ་ལ་རྡོ་རྗེ་ཕ་ལམ་ཟེར་ཡག་དེ་ཚུར་གང་གིས་ཀྱང་གནོད་མི་ཐུབ་
པ་ཕར་དངོས་པོ་ཚང་མ་བཅོམ་ཐུབ་མཁན་ཡིན་ཙང་རྡོ་རྗེ་བྱེད་པ་རེད། རྡོ་རྗེའི་དོན་དེ་
ལ་རྡོ་རྗེ་བདུན་ཆོས་བདུན་བཤད་འདུག་པ་ནི། བསྲེགས་པ་དང་བཅད་པ་ལ་སོགས་པ་
གང་གིས་བཅོམ་རྒྱུ་མེད་མཁན། གཞོམ་བཤིགས་བྱེད་མི་ནུས་པ།
(བསྲེག་ཏུ་མེད་ཅིང་བཅད་དུ་མེད། །
གཞིལ་དུ་མེད་ཅིང་གཞོམ་མེད་ཕྱིར། །
སྟོང་ཉིད་རྡོ་རྗེ་བརྗོད་པར་བྱེད།།)
རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་ཀྱི་མཐའ་ལས། བདེན་པ་གསལ་བ་ཐོགས་པ་མེད་པ་མ་
འཕམ་པ་ཐམས་ཅད་དུ་ཐོགས་པ་མེད་པ་དེ་འདྲ་བདུན་གསུངས་ཡོད་རེད། སྟོང་པ་ཉིད་
ཀྱི་དོན་རེད། དེ་ཡིན་ཙང་སྟོང་པ་ཉིད་ཀྱི་ལྟ་བས་ཟིན་པའི་དགེ་རྩ་དེས་བསྔོ་བ་བྱེད་ན་
ཁོང་ཁྲོས་འཇོམས་ཀྱི་མེད་པ་ཡིན་པ་རེད། རྡོ་རྗེའི་གླུ་ལེན་ཟེར་ཡག་དེ་ཡང་དེ་རང་རེད།
སྟོང་ཉིད་བརྗོད་བྱ་བྱེད་པའི་གླུ་དེ་ལ་རྡོ་རྗེའི་གླུ་བྱེད་པ་རེད། ད་འདིར་དཔའ་མོ་རྣམས་
ཀྱིས་རྡོ་རྗེའི་གླུ་ལེན་ཞེས་པ་ནི་སྟོང་ཉིད་བརྗོད་བྱ་བྱེད་པའི་གླུ་བཏང་བ་རེད་དཔའ་མོ་
146
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རྣམས་ཀྱིས། སྙིང་པོའ ་ི རྣལ་འབྱོར་མ་བཞི་གཙོ་བོ་ཡུམ་དང་བཅས་པས་དབང་བསྐུར་


བའི་མོས་པ་བྱེད། བདེ་མཆོག་དབང་ཞུས་དུས་དང་གཅིག་པ་རེད། གཟུགས་རྡོ་རྗེ་མ་
ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱེད། ཇི་ལྟར་བལྟམས་པ་ཞེས་སོགས་ཀྱི་སྐབས་
རང་གི་སྤྱི་བོ་ནས་དབང་བསྐུར་སོང་བསམ་པའི་མོས་པ་བྱེད། དེ་དུས་བུམ་པའི་ཆུ་སྤྱི་
བོ་ནས་མར་བབ་ནས་ལུས་ཀྱི་ནང་ཐམས་ཅད་གང་དྲི་མ་ཐམས་ཅད་དག་ཆུའི་ལྷག་མ་
སྤྱི་གཙུག་ཏུ་གནས་པ་ལས་རྣམ་སྣང་ཧེ་རུ་ཀ་ཡུམ་དང་བཅས་པས་དབུ་བརྒྱན་པར་
བྱས་སོང་བསམ་པའི་མོས་པ་བྱེད། (སྤྱི་གཙུག་རུས་པའི་འཁོར་ལོའ ་ི དཀྱིལ་དེར་སྟོང་
པ་དེ་ལ་ནོར་བུ་དམར་པོ་ཆ་དགུ་པ་གཅིག་བཙུགས་དེའི་སྒང་ལ་རྡོ་རྗེ་གཅིག་བཙུགས་
དགོས་པ་རེད།།) རྣམ་སྣང་ཧེ་རུ་ཀ་དེ་སྐུ་མདོག་དཀར་པོ་རེད།
རྣམ་སྣང་ཧེ་རུ་ཀ་བྱེད་དགོས་ཡག་དེ་རྣམ་སྣང་གི་རིགས་མ་རེད་དེ། ཡུམ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཙང་ཤེས་རབ་ལ་ཐབས་ཀྱིས་བརྒྱན་པ་ཡིན་དུས་
ཐབས་ཀྱི་གཙོ་བོ་གཟུགས་ཕུང་རྣམ་པར་དག་པ་རྣམ་སྣང་རེད། ཆོས་སྐུའི་ངོ་བོ་དེ་ལ་
ཐབས་གཟུགས་ཕུང་རྣམ་དག་རྣམ་སྣང་གིས་རྒྱས་བཏབ་པ་ཡིན་གསུངས་པ་རེད། དེ་
ཡིན་ཙང་རྣམ་སྣང་ཧེ་རུ་ཀ་ཡུམ་དང་བཅས་པས་དབུ་བརྒྱན་དབང་བསྐུར་རྒྱས་གདབ་
མི་བྱེད་ན་ཡ་གི ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ ཞེས་པའི་མཚམས་
དེར་རྣམ་སྣང་ཧེ་རུ་ཀ་ཡུམ་དང་བཅས་པས་དབུ་བརྒྱན་པར་གྱུར་ཞེས་རིགས་བདག་
གསལ་བཏབ་བཞག་དགོས་རེད། དེ་རིགས་བདག་རང་ཆས་བྱེད་པ་རེད། ད་རེས་
འདིར་རིགས་བདག་གིས་བརྒྱན་པ་རེད། དེ་གཉིས་ལ་ཁྱད་པར་ཡོད་མ་རེད། རྒྱལ་པོ་
ལ་བུ་གཅིག་ལས་མེད་ན་བུ་དེ་སྐྱེས་པའི་ཉི་མ་ནས་རྒྱལ་པོར་ངེས་པ་རེད། ལྷ་བསྐྱེད་
དུས་ནས་རིགས་ངེས་སོང་ཙང་རིགས་བདག་གིས་དབུ་བརྒྱན་པ་རེད། ཡང་རྒྱལ་པོ་
མེད་མཁན་ཡིན་ན་བསྐོ་བཞག་མ་བྱེད་བར་དུ་རྒྱལ་པོ་མ་ངེས་པ་རེད། དེ་དང་མཚུངས་
147
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པར་དབང་བསྐུར་རྒྱས་གདབ་ཚར་ནས་དབུ་བརྒྱན་དུས་གཞི་ནས་རྒྱལ་པོར་ངེས་པ་
འདྲ་པོ་རེད། ད་དཔེ་དེ་གཉིས་རེད། རྣམ་སྣང་ཧེ་རུ་ཀ་འཁོར་ལོ་དང་དྲིལ་བུ་འཛིན་པ་
རུས་པའི་རྒྱན་དྲུག་གསོལ་བ། ཡར་བཞེངས་པ་བྱེད་ན་མར་བཞུགས་པ་བྱེད་ན་ཁྱད་
པར་མེད་དེ་འདྲ་གཅིག་གིས་དབུ་བརྒྱན་པ་བྱེད། དེ་དབང་བསྐུར་རྒྱས་བཏབ་བྱེད།
ཕྱི་མཆོད་དང་ནང་མཆོད།

ད་མཆོད་པ་འབུལ་ཡག་ཡིན་ཙང་རང་གི་ཐུགས་ཀ་ནས་མཆོད་ལྷ་ཕར་སྤྲོས་
བྱིན་གྱིས་བརླབས་བཞག་པའི་བདག་བསྐྱེད་ཀྱི་མཆོད་པ་རྣམས་ཐོགས་ནས་རང་ལྷར་
གསལ་བ་ལ་ཚུར་འབུལ་ཚར་ནས་ཕར་སྤྲོས་ས་དེ་ལུས་དཀྱིལ་གྱི་གཙོ་མོའ ་ི ཐུགས་
ཀའི་བཾ་ཡིག་གི་ནཱ་དའི་རྩེ་མོ་ནས་སྤྲོས་དགོས་པ་ཡིན་ཙང་ཕར་སྤྲོས་ས་དེར་མཆོད་ལྷ་
རྣམས་ཚུར་བསྡུ། ཉེར་སྤྱོད་རོལ་མོ་དང་བཅས་པ་ཕུལ་ནས་ཀྱང་རོ་རྡོ་རྗེ་མ་ཕར་སྤྲོས།
ནང་མཆོད་འབུལ་ལྗགས་རྡོ་རྗེ་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བདེ་སྟོང་གི་ཡེ་
ཤེས་བསྐྱེད་པའི་མོས་པ་བྱས་མཆོད་ལྷ་ཚུར་བསྡུ།

གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པ།

ད་ཕྱི་མཆོད་ནང་མཆོད་གཉིས་ཀ་ཕུལ་ཚར་ནས་གསང་མཆོད་འབུལ། དེ་ལ་
རྟགས་བསྒྱུར་བ་དང་མ་བསྒྱུར་བ་གཉིས་རེད། བསྒྱུར་བ་ཡིན་ན་
(རང་ཉིད་རྣལ་འབྱོར་མ་གསལ་བའི། །
ནུ་མ་སྤངས་པ་བོ་ལར་འགྱུར། །
ཀཀྐོ་ལ་དབུས་ཀྱང་དག་གནས། །
148
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

འགྲམ་གཉིས་དྲིལ་བུ་དག་ཏུ་འགྱུར། །
ཟེ་འབྲུ་བོ་ལ་ཉིད་དུ་འགྱུར། །
དགའ་ཆེན་ཧེ་རུ་ཀ་ཡི་གཟུགས། །
གསང་ཡུམ་རྡོ་རྗེ་རྣལ་འབྱོར་མ། །
མཁའ་འགྲོ་ཀུན་འདུས་བདག་ཉིད་གྱུར།།) ཞེས་བརྗོད། ང་རང་
ཚོས་རྟགས་བསྒྱུར་གྱི་ཡིན་ན་བདེ་སྟོང་སྐྱེས་བདེ་བ་ཡོད་རེད། སྒྲུབས་པ་པོ་ཕོ་ཡིན་
ན་ནི་ང་རང་ཚོའི་བདེ་སྟོང་དེ་སྐྱེས་པ་ལ་བརྟེན་ནས་མི་སྐྱེ་བ་བུད་མེད་ལ་བརྟེན་ནས་
སྐྱེས་དགོས་པ་ཡིན་ཙང་རང་རྣལ་འབྱོར་མ་མ་བྱེད་པ་བྱས་རྟགས་ཚུར་བསྒྱུར་སྐྱེས་པ་
བྱེད། རྟགས་བསྒྱུར་ལུགས་དེ་ནུ་མ་གཉིས་མེད་པ་བྱས་འབྲས་བུ་ཚུར་སྐྱེས་ཕོའ ་ི ལུས་
སུ་གྱུར། གསང་ཡུམ་རྡོ་རྗེ་རྣལ་འབྱོར་མ་བྱེད། ཡབ་ཡུམ་གཉིས་ཀྱི་གསང་གནས་བྱིན་
གྱིས་བརླབས། ཨོཾ་ཤྲཱི་མ་ཧཱ་སུ་ཁ་ཞེས་སོགས་སྔགས་དེ་བརྗོད་བཞིན་དུ་སྙོམས་པར་
ཞུགས། དེ་ལ་བརྟེན་ནས་བདེ་བ་སྐྱེས་དགའ་བཞི་རིམ་གྱིས་དྲངས་པའི་ལྷན་སྐྱེས་ཀྱི་
བདེ་བ་སྐྱེས་པའི་མོས་པ་བྱས་བདེ་བ་དེས་སྟོང་པ་ངེས་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་
ཤེས་སྐྱེས་པའི་མོས་པ་བྱེད། ང་ཚོ་བྲེལ་བ་ཆེ་དྲགས་ནས་དམིགས་པ་བྱ་ལོང་མེད་ལྟོ་
ཟ་ལོང་མེད་དེ་འདྲ་རེད་མ་གཏོགས་མཆོད་པ་བཞིའི་སྐབས་སུ་གསང་མཆོད་འདི་ལ་ཧ་
ཅང་དལ་པོ་བྱེད་ནས་བསམ་བློ་གཟབ་གཟབ་བཏང་སྟེ་ཡབ་ཡུམ་ཕན་ཚུན་སྙོམས་པར་
འཇུག་པའི་སྐབས་སུའང་ཡུམ་གྱིས་སྒྱུ་རྩལ་དེ་ཚོ་ཡིད་ལ་བྱས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་
མ་བྱུང་ནའང་རྩ་བའི་སྒྱུ་རྩལ་བརྒྱད་ལ་སོགས་པ་བསམ་བློ་བཏང༌། སྐེད་པ་འཁོར་ལོ་
ལྟར་བསྐོར་བ་དང༌། སྐེད་པ་སྤྱོད་པ་དང༌། སེན་མོ་འདེབས་པ་དང༌། སོ་འདེབས་པ་དང༌།
ཡར་འཁྱུད་པ་དང༌། སིག་ཀྱི་སྒྲ་འབྱིན་པ། སྟེང་ན་འདུག་པ་ལ་སོགས་པ་དེ་འདྲ་བསམ་
བློ་བཏང་ནས་ཆགས་པ་འདྲེན་ནས་མཐར་སྙོམས་པར་ཞུགས། དགའ་བཞི་རིམ་གྱིས་
149
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དྲངས་ཏེ་བདེ་བ་ཆེན་པོའ ་ི ཡེ་ཤེས་སྐྱེས་པའི་སྒང་ལ་སྟོང་ཉིད་ཡུལ་དུ་བྱེད་པའི་བདེ་
སྟོང་གི་ཡེ་ཤེས་དེ་ལམ་གྱི་སྲོག་འདྲ་པོ་ཡིན་ཙང་གཙོ་བོ་བདེ་སྟོང་གི་ཡེ་ཤེས་སྐྱེས་
པའི་ཐབས་ཤ་སྟག་བྱེད་དགོས་པ་རེད། སྒྲུབ་པ་པོ་བུད་མེད་ཡིན་ན་བུད་མེད་ཀྱི་རྟགས་
བསྒྱུར་སྐྱེས་པ་བྱེད་ན་བདེ་བ་སྐྱེ་བ་ཁག་པོ་ཡོད་རེད།
རྟགས་མ་བསྒྱུར་པ་བྱས་རང་ཉིད་རྡོ་རྗེ་རྣལ་འབྱོར་མ་དང་ཁ་ཊྭཱཾ་ག་འཁོར་ལོ་
སྡོམ་པར་གྱུར་པ་སྙོམས་པར་ཞུགས་ཞེས་ཁ་ཊྭཱཾ་ག་འཁོར་ལོ་སྡོམ་པར་ཕར་བསྒྱུར། དེ་
དང་སྙོམས་པར་ཞུགས་བདེ་བ་སྐྱེས་པའི་དམིགས་པ་བྱེད་བདེ་བ། དེས་སྟོང་ཉིད་ངེས་
པའི་དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱས་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ། འདུག་
སེ་རེད། དབང་བདེ་སྟོང་ཟེར་དུས་དབང་གསུམ་པ་གསང་དབང་དང་འབྲེལ་བའི་བདེ་བ་
ཡབ་གསང་དབང་དང་འབྲེལ་བ་སྟོང་པ་ཟེར་བྱས་ནས་གསང་བའི་མཆོད་པ་དང༌། དེ་ཁོ་
ན་ཉིད་ཀྱི་མཆོད་པ་གཉིས་བསྟན་ཡོང་གི་ཡོད་རེད།

བསྟོད་པ།

ད་བསྟོད་པ་འགོ་ལ་སླེབས་པ་རེད་སྤྱིར་སྟངས་བསྟོད་པ་དེ་ལ་རྐང་བརྒྱད་བསྟོད་
པ་དེ་ཧ་ཅང་གི་ཕན་ཡོན་ཆེན་པོ་ཡིན་དུས་ད་རེས་ཡུམ་གྱི་བསྟོད་པ་ཡིན་ཙང་ཡུམ་གྱི་
རྐང་བརྒྱད་བཏོན། ཡང་དུས་རྒྱུན་དུ་ང་རྣལ་འབྱོར་མ་གཙོ་བོ་བསྟེན་མཁན་ཡིན་བྱས་
ཡབ་ཀྱི་རྐང་བརྒྱད་མ་འདོན་པ་བྱེད་རྒྱུ་ཡོད་མ་རེད། རྐང་བརྒྱད་བཏོན་མཁན་དེ་ལ་
རྐང་བརྒྱད་འདོན་པའི་རིང་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་གཟིགས་
ནས་བཞུགས་ཡོང་ཟེར་ནས་རྐང་བརྒྱད་ཀྱི་ཕན་ཡོན་ནང་ལས་གསུངས་ཡོད་རེད། བླ་
མ་མཇལ་དུས་ཕྱག་འཚལ་སྐབས་རྐང་བརྒྱད་འདོ ན ་ན་ཕྱོ ག ས་བཅུའི ་ སངས་རྒྱས་
150
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཐམས་ཅད་བླ་མའི་སྐུ་ལ་ཞུགས་ནས་བྱིན་གྱིས་བརླབ་ཡོང་ཟེར། སྐུ་གསུང་ཐུགས་རྟེན་
མཇལ་དུས་ཀྱང་རྐང་བརྒྱད་འདོན། བསྐོར་བ་བྱེད་དུས་ཀྱང་རྐང་བརྒྱད་འདོན་དགོས།
བྱིན་བརླབ་འཇུག་སྟངས་གཞན་དུ་མ་འདྲ་བ་ཡོད་གསུངས་པ་རེད། རྒྱ་སྐད་ཡག་པོ་
མ་འགྲིག་ན་བོད་སྐད་ཁོ་རང་ཐོག་ནས་ཨོཾ་བཅོམ་ལྡན་དཔའ་བོ་(X) ཧ་གོ་གི་རེད། ཨོཾ་
བསྐལ་པ་ཆེན་པོའ ་ི མེ་(X) འཇིགས་བྱེད་ཀྱི་སྒོ་ནས་བསྟོད། རལ་པའི་ཅོད་པཎ་(X)
རལ་པ་བྱེད་ཅོད་པན་བྱེད། ཇི་ལྟ་བ་བཞིན་ང་ཚོས་གོ་ཡི་མ་རེད། ཟབ་མོ་རེད་རྒྱུད་ཀྱི་
ཚིག། སྟོང་ཕྲག་ཕྱག་ནི་འབར་བའི་ཟེར་ཡག་དེ་ལ་བདེ་མཆོག་ལ་ཕྱག་སྟོང་ཕྲག་མེད་པ་
ཡིན་ཙང་ཕྱག་ནི་སྟོང་ཕྲག་འབར་བའི་འོད་ཟེར་ཅན་ཞེས་ཕྱག་ལས་འོད་ཟེར་སྟོང་ཕྲག་
འབར་བའི་གོ་བ་ལེན་བྱས་དངུལ་ཆུས་བསྒྱུར་ཡོད་རེད། ཡིན་ནའང་བསྒྱུར་མི་དགོས་
གསུང་གི་ཡོད་རེད། ཞལ་གཅིག་ཕྱག་གཉིས་ནས་ཞལ་འབུམ་ཕྱགའབུམ་བར་དུ་ཡོད་
རེད། ཕྱག་སྟོང་ལོས་ཡོད་གསུང་གི་ཡོད་རེད། འཁོར་ལོ་སྡོམ་པའི་རྩ་རྒྱུད་ནང་ལ་ཡོད་
རེད། དགྲ་སྟ་ཞགས་གདེངས་མདུང་དང་ཁ་ཊྭཱཾ་ག་འཛིན་(X) ཕྱག་མཚན་གྱི་སྒོ་ནས་
བསྟོད། སྟག་གི་པགས་པའི་ན་བཟའ་འཛིན་པ་ཅན་ན་བཟའ་རེད། སྐུ་ཆེན་དུད་ཁ་(X)
སྐུ་མདོག་གི་སྒོ་ནས་བསྟོད།
ཨོཾ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་(X)ཕག་མོ་རང་གི་མཚན་གྱི་སྒོ་ནས་
བསྟོད། འཕགས་མ་རིག་མའི་(X)་ཡབ་བཅོམ་ལྡན་དཔའ་བོའ ་ི དབང་ཕྱུག་ཡིན་པ་དང་
ཡུམ་རིག་མའི་དབང་ཕྱུག་ཡིན་པ་བསྟོད་ལུགས་གཅིག་པ་རེད། འབྱུང་པོའ ་ི འཇིགས་
པ་ཐམས་ཅད་རྡོ་རྗེ་ཆེན་པོས་འཇོམས་(X) འབྱུང་པོའ ་ི འཇིགས་པ་ཚང་མ་འཇོམས་
མཁན་ཡིན་པའི་སྒོ་ནས་དང༌། དེ་ནས་ད་གོ་བ་བདེ་པོ་ཡོད་རེད། འདི་ནང་སྔགས་སྐད་
ཡོད་རེད་དེ་ཡིན་ཙང་སྔགས་ཁོ་རང་གི་སྒོ་ནས་བསྟོད་དགོས་རེད། བདེ་མཆོག་ཡབ་
ཡུམ་གྱི་ཁྱད་ཆོས་རེད་ལ། ཚོགས་པའི་སྐབས་སུ་ཌཱ་མ་རུ་དང་དྲིལ་བུ་དཀྲོལ་ནས་
151
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

འདོན་ཡག་དེ་དཀྲོལ་ན་ཡག་ག་ཡོད་རེད། སྔགས་མཆོད་དང་སྔགས་བསྟོད་གཉིས་
ཀ་རེད། སྔགས་མཆོད་དེ་བདེ་མཆོག་གི་ཁྱད་ཆོས་གཅིག་རེད། བདེ་མཆོག་ཡབ་ལ་
ཡིན་ན་རྩ་སྔགས་སོགས་ཆ་ཚང་མར་བཏོན་ནས་རྐང་བརྒྱད་བཏོན་པ་རེད། ཨོཾ་ན་མོ་བྷ་
ག་ཝ་ཏི་བཛྲ་ཝཱ་ར་ཧི་བཾ་ཧཱུཾ་ཧཱུཾ་ཕཊ། ན་མོ་ཨཱ་རྱ་ཨ་པ་ར་ཛི་ཏ་ཏྲཻ་ལོ་ཀྱ་མཱ་ཏི་བིདྱེ་ཤྭ་རི་
(X)། ན་མཿསརྦ་བྷུ་ཏ་བྷ་ཡཱ་བ་ཧེ་(X) འདི་ལ་མ་མ་གཏོགས་ན་རོ་ཡོད་མ་རེད། སྔགས་
དྲུག་པ་ཡིན་པ་ཡོད་དེ་ལ་ཡང་ན་མ་གཏོགས་མའི་སྒང་ལ་ན་རོ་ཡོད་མ་རེད་ས་དེ་མ་
ལ་བསྒྲིལ་ནས་ན་མས་ཟེར་དགོས་རེད། ད་དུང་གཅིག་ཡོང་བ་ཡོད་དེ་གཏན་གཏན་
ཞུས་ཐུབ་པ་མི་འདུག། རྗེས་མ་ཁྱེད་རང་ཚོས་མ་བརྗེད་པ་བྱས་གཟིགས་ཀྱི་ཡིན་ན་
བདེ་མཆོག་དྲིལ་བུ་ལྷ་ལྔའི་བདག་མདུན་བུམ་གསུམ་ནང་གི་བདག་བསྐྱེད་ནང་ལ་རྐང་
བརྒྱད་བསྟོད་པའི་ནང་ལ་གཟིགས་ན་དེར་གསུང་བཞག་ཡོད་རེད། སྔགས་འདོན་སྟངས་
སྔགས་ཀྱི་རྗེས་འཇུག་དྲངས་སྟངས་དེ་ཚོ་ཐོབ་མ་ཐོབ་སྤུས་དག་པོ་གསུངས་ཡོད་རེད།
སྔགས་དག་པོ་བྱུང་ན་ཕན་ཡོན་ཆེ་བ་ཡོད་པ་རེད། གལ་ཏེ་མ་དག་ནའང་དད་པ་ཆེན་པོ་
ཡོད་ན་ཕན་ཡོན་ཡག་པོ་ཡོད་རེད།
(རྒྱ་མིན་བོད་མིན་སྔགས་འདྲེན་གངས་ཅན་པ། །
ངལ་བ་འབྲས་བུ་མེད་པ་མ་གྱུར་རམ།།)
པང་ལོ་ཙཱ་བ་ཆེན་པོའ ་ི གསུངས་རེད། སྔར་རྒྱ་གར་ཨ་ཙ་ར་གཅིག་ཡོང་པའི་སྐབས་དེ་
དུས་ལོ་ཙཱ་བ་རིན་ཆེན་བཟང་པོ་བགྲེས་པོ་དབུ་དཀར་པོ་བྱས་ཚོགས་ལ་ཕེབས་ནས་
རྣམ་འཇོམས་སྔགས་གསུང་གི་ཡོད་རེད། ན་མོ་རད་ན་ཞེས་སོགས་སྔགས་རིང་པོ་དེའི་
ནང་སྐེད་པ་བཏུབ་ནས་སྔགས་རྒྱས་བསྡུས་གསུམ་ཡོད་རེད། ཨ་ཙ་ར་གཅིག་ཚོགས་
ལ་བཞུགས་ནས་གྲས་འགོ་མགོ་དཀར་ར་དེས་རྣམ་འཇོམས་འདོན་གྱི་འདུག་གཞན་
དག་ཚོས་ག་རེ་འདོན་གྱི་ཡོད་ངས་ཧ་གོ་མ་སོང་བྱེད་པ་རེད། གཞན་དག་ཚོས་རྒྱ་སྐད་
152
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

མ་ཤེས་ཙང་དག་པོ་མ་བྱུང་པ་རེད། དད་པ་ཡོད་ན་དག་པོ་མ་བྱུང་ན་ཡང་དངོས་གྲུབ་
ཐོབ་པ་རེད། དཔེར་ན་སྒོ་འགྲམ་ནས་རྩམ་པ་སློང་མཁན་ཤོད་མཁས་པ་གཅིག་དང་
ལྐུགས་པ་ལག་སྟབས་བྱེད་ནས་སློང་མཁན་གཉིས་རྩམ་པ་ཐོབ་ལུགས་གཅིག་པ་རེད།
དངོས་གྲུབ་དེ་ཡང་ཐུན་མོང་གི་དངོས་གྲུབ་ཙམ་རེད། བླ་མས་སྔགས་བསླབས་པའི་ལོ་
རྒྱུས་ཡོད་རེད། ངས་སྔགས་བགྲང་འདོད་ཀྱི་འདུག་སྔགས་སླབས་རོགས་གནང་ཟེར།
འགྲིག་གི་རེད་ཟེར་ཁ་དང་སྣ་གཉིས་རག་ཤ་འདྲ། །ཞེས་བསླབས་ཁོའ ་ི ཁ་དང་སྣ་གཉིས་
ཀ་འབར་ཚག་རག་ཤའི་ཕྲེང་བ་འདྲ་པོ་ཡོད་པ་ཡིན་པ་རེད། ཁོས་དེ་སྔགས་ཡིན་པ་རེད་
བསམ་བྱས་དེ་ཤ་སྟག་བགྲངས་པ་རེད། དེ་ནས་ཁོས་མི་ལ་ཕུ་བཏབ་དུས་ནུས་པ་ཆེན་
པོ་ཆགས་པ་རེད། ཁོས་དད་པ་ཡག་པོ་བྱེད་ཀྱི་ཡོད་པ་ཡིན་པ་རེད། མིག་གི་ནང་དུ་
དཀར་ཐིག་ཡོང་བ་དེ་ཚོ་ཁོས་ཕུ་བཏབ་ནས་མེད་པ་བཟོ་ཐུབ་ཀྱི་ཡོད་རེད། ཉིན་གཅིག་
བླ་མའི་མིད་པ་ནང་འབུ་རུ་དོན་དེ་གཏོར་མ་ཐུབ་པ་བྱས་གསུང་འགག། མིད་པ་ནང་ལ་
གཟེར་ཟུར་བྱེད་བཅས་རྒྱབ་སྟེ་ཞབས་ཞུ་བ་ཚོས་ལུང་པ་ནང་སྔགས་ནུས་པ་ཆེན་པོ་
གཅིག་ཡོད་པ་ཐོས་ནས་དེ་བཙལ་འགྲོ་བྱས་འཁྲིད་ཡོང་པ་རེད། ཁོས་བླ་མ་ལ་སྔགས་
རྒྱབ་གྲབས་བྱེད་དུས་ཁ་དང་སྣ་གཉིས་རག་ཤ་འདྲ་ཞེས་གཏོན་པ་ཡིན་པ་རེད། བླ་མས་
གད་མོ་དགད་ཤོར་ཙང་འབུར་བརྡོལ་སོང་བ་རེད།
ཡང་གཅིག་གིས་ང་ལ་གདམས་ངག་གནང་རོགས་གནང་ཟེར། བླ་མ་ཐུགས་
བྲེལ་ཚ་པོ་བྱས་དུས་ཚོད་མེད་པས་དགོངས་པ་མ་བབ་པ་བྱེད། མ་རི་ལ་ཛ་ཟེར་ཕྱག་
གཡུགས་པ་རེད། མར་འགྲོ་ཤོག་བྱེད་པ་ཡིན་པ་རེད། ཁོས་བསམ་ན་བླ་མའི་གདམས་
ངག་དེ་ཡིན་པ་རེད་བསམ་བྱས་ཕྱག་གཡུགས་པ་དེ་ཕྱག་རྒྱ་ཡིན་པ་རེད་བསམ་མར་
འགྲོ་ནས་མ་རི་ལ་ཛ་ཟེར་ནས་ཕྱག་རྒྱ་དང་འབྲེལ་གྲངས་གསོག་བྱེད་པ་རེད། ཡང་
ཁོ་ནུས་པ་ཆེན་པོ་ཞེ་དྲག་ཆགས་བྱས་ནད་པ་གདོན་ཆེན་གྱིས་ཟིན་བསྡད་པ་དེ་ཚོའི་
153
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

མགོར་མ་རི་ལ་ཛ་ཞེས་ཕྱག་གཡབ་བྱེད་དུས་གདོན་དེ་ཚོ་ཕར་སྤྲད་ཐུབ་ཀྱི་ཡོད་རེད།
དེ་འདྲ་ཡིན་ཙང་གཙོ་བོ་དད་པ་རེད། བཤེས་གཉེན་བསྟེན་ཚུལ་སྐབས་སུའང་ཡོང་གི་
རེད། (X) རྡོ་བཙོས་ནས་ཟ། རྡོ་བཞུ་ནས་འཐུང་དེ་འདྲའི་ལོ་རྒྱུས་ཡོད་རེད། ད་བསྟོད་
པ་དེ་གྲུབ་པ་ཡིན་ཙང་དཔའ་བོ་དཔའ་མོ་བྱིན་གྱིས་བརླབས་པ་དེ་ཚར་པ་རེད།

བཟླས་པའི་རྣལ་འབྱོར།

༈ ད་དགུ་པ་ངག་བཟླས་ཡིད་བཟླས་གཉིས་གཅིག་ཡིན། །ཟེར་ཡག་དེ་ཡིན་ཙང་བཟླས་
པའི་རྣལ་འབྱོར་དེ་ལ་ངག་བཟླས་ཡིད་བཟླས་གཉིས་རེད། དེ་གཉིས་རྣལ་འབྱོར་བཅུ་
གཅིག་གི་ནང་ནས་རྣལ་འབྱོར་གཅིག་རེད། དང་པོ་ངག་བཟླས་བྱེད་ཀྱི་ཡིན་ན་སྔོན་ལ་
ཕྲེང་བ་འདུ་བྱེད་དགོས་རེད། ཕྲེང་བ་དེ་ཡང་ཞི་རྒྱས་དབང་དྲག་སོ་སོ་ལ་ཞི་བ་ལ་ཉ་
ཕྱིས་དང༌། དུང་དང༌། ཤེལ་སོགས་ཀྱི་ཕྲེང་བ་འདྲ་པོ་བྱེད། མ་ཎི་བགྲང་དུས་ཤེལ་ཕྲེང་
གིས་བགྲངས་ཡག་དེ་སྤྱན་རས་གཟིགས་ཀྱི་ཕྱག་མཚན་ལ་ཤེལ་ཕྲེང་ཡོད་ཙང་ཡིན་པ་
འདྲ། རྒྱས་པ་ལ་པདྨའི་སྙིང་པོ་འདྲ་པོ། གསེར་གྱི་ཕྲེང་བ་འདྲ་པོ། གསེར་ཤིང་ཟེར་ཡག་
དེ་གསེར་ཡོད་རྒྱུ་ཡོད་པ་འདྲ་སེང་ལྡེང་ཟེར་ཡོང༌། སྨན་ནང་ལ་འགྲོ་བ་རེད་དེ་འདྲའི་
ཕྲེང་བ་དང༌། དབང་གི་བཟླས་པ་ལ་ཙན་དན་དམར་པོའ ་ི ཕྲེང་བ། བྱུ་རུའི་ཕྲེང་བ་འདྲ་པོ་
དེ་འདྲ་དགོས་ཀྱི་ཡོད་རེད། དྲག་པོའ ་ི བཟླས་པ་ལ་ཐོད་ཕྲེང་བྱས་ཡིན་རྒྱུ་ཞི་རྒྱས་དབང་
དྲག་གི་དབྱེ་བ་རེད་དེ། འདི་ལའང་ཐོད་ཕྲེང་དེ་ཡག་པོ་ཡོད་རེད། ཡང་བཟླས་པ་ཡོང་
རྒྱུ་མེད་པས་ཐོད་ཕྲེང་འདྲ་གཅིག་འཁྱེར། མིག་སྐྱ་ལོང་དགུ་ལོང་བྱེད་ན་དེ་གཉིས་མགོ་
མ་ཐུག་པ་རེད། དེ་ལས་ཉམ་ཆུང་བྱས་ན་ཡག་ག་ཡོད་རེད། ཐོད་ཕྲེང་དེ་ཡང་ཐོད་པ་རེ་
ལ་ཕྲེང་རྡོག་རེ་ལེན་ཐོད་པ་ལྔ་བཅུ་ཐམ་པ་ལ་ཕྲེང་རྡོག་ལྔ་བཅུ་ཐམ་པ་བྱེད། ཁ་ལོང་བར་
154
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བརྒྱ་དང་བརྒྱད་དགོས་ཀྱི་ཡོད་ན་ཕོ་ཐོད་ལྔ་བཅུ་ང་བཞི་ལ་ཕྲེང་རྡོག་ང་བཞི། མོ་ཐོད་ལྔ་
བཅུ་ང་བཞི་ལ་ཕྲེང་རྡོག་ང་བཞི་བྱས་བརྒྱ་དང་བརྒྱད། འདྲེན་པའི་སྐབས་སུ། ཕོ་ཐོད་རེ་
མོ་ཐོད་རེ་རྩབས་ནས་འདྲེན་དགོས་རེད། མ་ནོར་བའི་མཚན་པ་གཅིག་ལ་ཟུར་དེ་ནས་
ཨེ་ཁུང་བཏོན་དེ་ནང་ཟངས་ཀྱི་ཟེར་བཅུག་ཤག་པ་དེ་འདྲ་ཡོང༌། ཕྲེང་བ་ལྷར་བསྐྱེད་དེ་
བསྐྱེད་ཆོག་བྱེད། ལས་ལྷ་ཁཎྜ་རོ་ཧི་མར་བསྐྱེད་ནའང་འདྲ་ཡང་ན་གསུང་རྡོ་རྗེ་པདྨ་
གར་གྱི་དབང་ཕྱུག་མར་བསྐྱེད། དེ་ནས་བཟུང་བ་གཅིག་གི་གསང་སྤྱོད་ནང་མི་འཁྱེར།
བཟླས་པ་བྱེ ད ་དུས་ངག་བཅད་བྱ་ཡག་དང་བཟླས་པ་སྐྱོ ན ་བརྒྱད་དང་བྲལ་བ་ཟེ ར ་
ཡག་དེ་ཚོ་བསྙེན་ཡིག་ནང་ལ་ཡོད་རེད། ད་རེས་བཤད་མི་དགོས་པ་བྱེད། སྔགས་དེ་
ཡང་ཉིན་རེར་ཁས་ལེན་པ་དེ་ཉུང་མཐའ་བྱེད་ཉུང་ཉུང་ཞིག་ལས་ཁས་ལེན་མེད་ནའང་
འདོན་དུས་གང་མང་མང་ཕྲེང་བསྐོར་རེ་ཙམ་འདོན་ཨེ་ཐུབ་ལྟ། ཐུན་མཚམས་སུའང་
སྔགས་འདོན། འགྲོ་བཞིན་འདོན། བསྡད་བཞིན་འདོན། ཉལ་ནའང་འདོན། དེ་འདྲ་བྱེད་
ན་བགེགས་འཇོམས་པ་རེད།
(དེ་ཡང་གེགས་ནི་ཡོད་མ་ཡིན།།)
གསུངས་ཡོད་རེད། དེ་འདྲ་འདོན་གྱི་ཡིན་ན་ཚོགས་བསགས་ཡག་དང་བགེགས་ཀྱིས་
བར་ཆད་མི་ཡོང་ཡག་སོགས་ཀྱི་ཐབས་ཡིན་པ་རེད།
བཟླས་པ་དེ་ལ་དམ་ཚིག་གི་བཟླས་པ། ཕྱོགས་ཀྱི་བཟླས་པ། ཁྲོ་བོའ ་ི བཟླས་པ་
སོགས་དྲུག་ཡོད་རེད། ད་ང་རང་ཚོའི་དུས་རྒྱུན་བཟླས་པ་དེ་ལ་དམ་ཚིག་གི་བཟླས་
པ་དེ་གཙོ་བོ་བྱེད། གོང་བུའི་བཟླས་པ་དེ་ཡང་བྱིན་རླབས་ཅན་རེད། འོད་ཟེར་སྤྲོ་བསྡུ་
བྱེད་ཡག་དེ་ལ་དམ་ཚིག་གི་བཟླས་པ་ཟེར་རེད། གོང་བུའི་བཟླས་པ་དེ་སྔགས་ཕྲེང་
འོད་ཟེར་ཤིན་ཏུ་འབར་བ་འོད་ཀྱི་གོང་བུ་མཆོད་མེ་ཤེལ་ཏོགབསྒྲིགས་བཞག་པ་འདྲ་པོ་
ལ་དམིགས་པ་རྩེ་གཅིག་བཏད་བཞག་ན་ཧ་ཅང་གི་བྱིན་རླབས་ཆེན་པོ་ཡིན་པ་རེད། དེ་
155
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཡག་ཤོས་ཞིག་ཡིན་གསུངས་པ་རེད། དེ་འདྲའི་བཟླས་པ་ག་རེ་བྱེད་ནའང་བྱེད་བཟླས་
པ་བྱེད་དུས་ལུས་དཀྱིལ་གྱི་གཙོ་མོའ ་ི ཐུགས་ཀར་ཆོས་འབྱུང་གཉིས་བརྩེགས་ཀྱི་ནང་
དུ་ཟླ་བའི་སྟེང་དུ་སྔགས་ཕྲེང་བསམ་བློ་བཏང་དགོས་པ་རེད། ཆུང་ཆུང་སོང་ཙང་མོས་
པ་ཙམ་མ་གཏོགས་ཞེ་དྲག་བསམ་བློ་འཁོར་ཐུབ་མེད་མི་ཤེས།
ཡང་བཟླས་པ་བྱེད་དུས་ལུས་དཀྱིལ་གནས་སྐབས་མི་མངོན་པ་བྱས་ནས་མེད་
པ་འདྲ་པོ་བྱེད་ནའང་མི་འཐུས་པ་ནི་ཡོད་མ་རེད། སྐད་ཆ་ཤོད་རྒྱུ་ཡོད་མ་རེད་བཟླས་
པ་བྱེད་དུས་ཐ་མལ་ལོང་གཏམ་དང་བསྲེ་བ་དེ་སྐྱོན་བརྒྱད་ཀྱི་ནང་ནས་སྐྱོན་ཆེ་ཤོས་
གཅིག་རེད། དམིགས་པ་རྒྱ་ཡན་དུ་བཏང་བ་དེའང་སྐྱོན་རེད། དུས་རྒྱུན་དུ་དམིགས་
པ་ཡག་པོ་བྱེད། མཚམས་མཚམས་གཡེངས་ཤོར་བ་ཡོང་གི་རེད་དེ་རྟག་པར་སེམས་
གཡེངས་བསྡད་ན་ངན་པ་ལང་ཤོར་བྱེད་ནས་ག་དུས་ཡིན་ནའང་གཡེངས་དགོས་ངེས་
གཅིག་ཆགས་ཀྱི་རེད། རྣལ་འབྱོར་མ་འདི་ལ་སྔགས་དེ་ཞེ་དྲག་བགྲངས་བཟླས་པ་བྱས་
བསྙེན་པ་ཡང་བཏང་ཨེ་ཐུབ་ལྟ། བྱུང་ན་གཞི་བསྙེན་ཆེན་པོ་ཨེ་ཐུབ་ལྟ། གཞི་བསྙེན་ཆེན་
པོ་བསྡུས་པ་དེ་ལ་འབྲུ་འབུམ་བྱེད་ནས་འབུམ་སུམ་ཅུ་སོ་གཉིས་རེད། གཞི་བསྙེན་རྒྱས་
པ་དེ་ལ་འབུམ་བརྒྱ་བྱེད་ལོ་གསུམ་རེད། གཞི་བསྙེན་ཚར་ནའང་གཡུགས་མ་བཞག་པ་
བྱེད། ཁོ་བཀླགས་པས་འགྲུབ་པའི་རིག་སྔགས་ཡིན་ཙང་བཀླགས་ན་འགྲིག་གི་རེད་
ཟེར་ཡག་དེ་བཀླགས་སྟངས་ཤེས་དགོས་རེད། བསྙེན་པ་བཏང་ཡག་དེ་ཡིན་གྱི་རེད།
ཕྱིའི་མཁའ་སྤྱོད་བསྒྲུབས་པ་ལ་སྔགས་དེ་གཙོ་བོ་ཡིན། ནང་གི་མཁའ་སྤྱོད་བསྒྲུབས་
པ་ལ་བསྐྱེད་རྫོགས་བསྒོམས་པ་གཙོ་བོ་ཡིན། ནང་གི་མཁའ་སྤྱོད་ཟུང་འཇུག་བསྒྲུབས་
ཡག་དེ་རེད། ད་གཙོ་བོ་རྩོད་དུས་བཟླས་པ་བཞི་འགྱུར་བྱས་ཙང་འབུམ་བཞི་སྤུས་དག་
པོ་གཅིག་གིས་ཁ་སྐོང་སྦྱིན་སྲེག་དང་བཅས་པ་གྲུབ་སོང་ན་བསྙེན་པ་ཚད་ལོང་ཡག་
པོ་བརྩི་དགོས་པ་རེད། བར་བར་བདག་འཇུག་འདྲ་ལེན་དམ་ཚིག་ཉམས་ཆགས་གསོ་
156
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བཞིན་གསོ་བཞིན་བྱེད། རང་གི་སྙིང་གར་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་ནང་
དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་ཡིག་སྔགས་ཕྲེང་ཁ་དོག་དམར་པོས་བསྐོར་བ་
ལས་འོད་ཟེར་དམར་པོ་དཔག་མེད་འཕྲོས། ལུས་དཀྱིལ་གྱི་གཙོ་མོའ ་ི ལུས་གང༌། དེ་
ནས་ལུས་དཀྱིལ་ཚང་མ་གསལ་བར་བྱས་ཕྱིའི་རྣལ་འབྱོར་མའི་ནང་ཐམས་ཅད་གསལ་
ཏེ་བ་སྤུའི་བུ་ག་ནས་ཕྱིར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་
རྒྱས་ཐམས་ཅད་ལ་མཆོད་པ་འབུལ། བྱིན་རླབས་ཐམས་ཅད་ཚུར་བསྡུས། དེའི་དྲས་
ཕར་སྤྲོ་ཚུར་བསྡུ་ཚར་ཁ་ཤས་བྱས་ནས་ལག་པས་ཕྲེང་བ་འདྲེན། ཁ་ནས་སྔགས་བཏོན།
སེམས་ཀྱིས་བཤེས་གཉེན་བསྟེན་ཚུལ་དམིགས་སྐོར་འདྲ་བསམ་བློ་བཏང་ཡང་ཕྲེང་བ་
མདུད་འཛིན་རྩར་སླེབས་སོང་ན་སྤྲོ་བསྡུའི་དམིགས་པ་གསལ་བར་བཏང༌། ཡང་དེ་བྱེད་
ཀྱི་ཡོད་བསམ་ནས་ལམ་རིམ་གྱི་དམིགས་པ་དེ་མར་བསམ་བློ་བཏང༌། བཤེས་གཉེན་
བསྟེན་ཚུལ་ཡག་པོ་རེད་སོང་ན་དལ་འབྱོར་ནས་མར་སྤོ་བཞིན་སྤོ་བཞིན་བྱང་ཆུབ་ཀྱི་
སེམས་ཀྱི་བར་དུ་འགྲོ་ན་ལམ་རིམ་ཡང་ཡག་པོ་ཡོང་གི་རེད། དེ་འདྲ་བྱས་ཆོག་པ་རེད།
ཡང་བཟླས་པ་བྱེད་དུས་དཔེ་ཆ་ཀློག་ཆོག་པ་རེད། རྒྱུན་དུ་ཁ་བཏོན་བྱེད་དུས་དེ་ལྟར་
བེཊར་ལུགས་ཀྱི་ཕྱག་གཞེས་རེད། ལས་རུང་སྐབས་ག་རེ་ཡིན་ན་མི་ཤེས།

ᩍ་᫕ᨮᨖ᫙་᪠ᩂ᩶་᪍ᨎ

དམི ག ས་པ་ཡག་པོ ་ བྱས་རང་དོ ན ་དང་གཞན་དོ ན ་དམི ག ས་པ་གཉི ས ་རང་


རེད། བྱིན་བརླབས་བསྡུ་བའི་དམིགས་པ་ནི་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་
པ་ལ་མཆོད་པ་ཕུལ། མཆོད་ལྷ་སྤྲོས་མཆོད་པ་ཕུལ་བའི་དམིགས་པ་བྱེད། ཚུར་བསྡུ་
ཡོང་དུས་བྱིན་བརླབས་ནུས་མཐུ་ཐམས་ཅད་བསྡུ་བའི་དམིགས་པ་བྱེད། ཕོ་ཉ་གསུམ་
གྱི་ནུས་མཐུ་བསྡུ་བའི་དམིགས་པ་བྱེད། ལྷག་པར་དག་པ་མཁའ་སྤྱོད་ཀྱི་སྣོད་བཅུད་
157
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གཉིས་འབྱོར་པ་དེ་བསྡུ་བའི་དམིགས་པ་གཙོ་བོ་བྱེད་དགོས་རེད། ང་རང་ཚོ། དག་པ་


མཁའ་སྤྱོད་དུ་སྐྱེ་དགོས་ཀྱི་ཡོད་ན་ཞིང་ཁམས་རིན་པོ་ཆེའི་ས་གཞི་ནས་མཚོན་པའི་
དཔག་བསམ་གྱི་ཤིང་དང་བཅས་པ་འདི་དང་འདི་ཞེས་བྱ་བ་ཡོད་རེད་བསམ། ཞིང་
བཀོད་དེ་ཚོ་ཀློག །དེའི་ནང་ལ་ཡོ་བྱད་དེ་ཚོ་ནམ་མཁའ་མཛོད་ལ་མངའ་རྙེད་པ་འབད་
རྩོལ་མེད་པ་བཅུད་ཀྱི་སེམས་ཅན་དེ་ཚོ་སྒྱུ་ལུས་བདེ་བ་ཆེན་པོའ ་ི རང་བཞིན་ཡིན་
པ། གཙོ་བོ་ལ་འཁོར་ལོ་སྡོམ་པ་དང༌། རྣལ་འབྱོར་མ་གཉིས་བཞུགས་ཡོད་པ། དེའི་
སྐུ་གསུང་ཐུགས་ཀྱི་བྱིན་བརླབས་དང་གསང་བ་གསུམ་གྱི་ཡོན་ཏན་ཚང་མ་ལ་སྐུ་
དང་སྔགས་དང་ཕྱག་མཚན་དང་དེ་འདྲའི་རྣམ་པ་བྱས་ནས་རང་ལ་ཐིམ་པ་དང༌། ཞིང་
ཁམས་ཀྱང་རང་ལ་ཐིམ་པ་དེ་ལྟར་ཡང་ནས་ཀྱང་དུ་གཙོ་བོ་དེ་བསམ་བློ་བཏང་དགོས་
ཡག་འདྲ་པོ་ཡོད་རེད། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་ཕྱི་ནང་གསང་བ་
དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ། བྱིན་བརླབས་བསྡུ་བ་དེ་ཡང་ནས་ཀྱང་དུ་བྱེད། བཟླས་
དམིགས་དོན་ལ་དམིགས་པ་མང་པོ་བྱེད་རྒྱུ་བྱུང་ན་བྱས་ཉེས་མི་འགྲོ་ཡག་གི་ཁྱད་པར་
ཡོད་རེད། བདེ་མཆོག་གི་སྔགས་དེའི་དོན་དག་དགོས་རེད་དེ། སྔགས་དོན་དེ་རྒྱས་པ་
རྐང་བརྒྱད་ཀྱི་ཕན་ཡོན་བཤད་པ་དེ་ནང་ཡོད་ཀྱི་རེད་བསམ་གྱི་འདུག །འདི་རྩ་སྔགས་
སྙིང་པོ་ཉེ་སྙིང་གསུམ་པོ་གཅིག་ཏུ་བསྡུས་བཞག་པ་རེད།
དཱགས་པོ ་ གསུངས་ནང་ལ་ལོ ང ས་སྐུའི ་ སྔགས་སྤྲུལ་སྐུའི ་ སྔགས་ཆོ ས ་སྐུའི ་
སྔགས་གསུམ་ཡིན་གསུངས་ཡོད་རེད། ཚང་མ་རེད། མ་རེད་ཟེར་ཡག་གཅིག་ཀྱང་ཡོད་
མ་རེད། ཨོཾ་སརྦ་བུདྷཱ་ཌཱ་ཀི་ནི་ཡེ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བཛྲ་ཝརྣ་ནཱི་ཡེ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བཛྲ་
བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཕཊ་སྭཱཧཱ། དེ་གསུམ་པོ་དེ་རྩ་སྔགས་དང༌། སྙིང་པོ། ཉེ་སྙིང་གསུམ་རེད།
དེ་ཚུར་གཅིག་ཏུ་བསྡུས་ཨོཾ་གསུམ་འགོར་བཞག་ཧཱུཾ་གསུམ་དང་ཕཊ་གསུམ་གཞུག་ལ་
བཞག་བྱས་མར་བསྡུས་ཤག་པ་རེད། དེ་ཡང་རང་བཟོ་མ་ཡིན་པར་རྣལ་འབྱོར་མ་རང་
158
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གི་མན་ངག་ལ་བརྟེན་ནས་འཁོར་ལོ་སྡོམ་པའི་རྩ་རྒྱུད་ཀྱི་ནང་ལས་བཏུས་དེ་བསྡུས་པ་
རེད། སརྦ་ནི་ཐམས་ཅད། བུདྷཱ་ནི་སངས་རྒྱས། ཌཱ་ཀི་ནི་མཁའ་འགྲོ་མ་ཡིན་ཙང་སངས་
རྒྱས་ཐམས་ཅད་ཀྱི་མཁའ་འགྲོ་མ་ཞེས་པ་རེད། བཛྲ་ནི་རྡོ་རྗེ། ཝརྣ་ནི་རབ་སྔགས་ཡིན་
ཙང་རྡོ་རྗེ་རབ་སྔགས་མ་ཞེས་པ་རེད། བཛྲ་བཻ་རོ་ཙ་ནི་ཡེ་ཞེས་པ་ནི་རྡོ་རྗེ་རྣམ་པར་སྣང་
མཛད་མ་ཞེས་པ་རེད། སངས་རྒྱས་ཐམས་ཅད་ཀྱི་མཁའ་འགྲོ་མ་ཟེར་དུས་སངས་རྒྱས་
ཐམས་ཅད་ཀྱི་ཐུགས་དེ་བདེ་བ་ཆེན་པོའ ་ི ཡེ་ཤེས་རེད། དེ་ནམ་མཁའ་ལ་འགྲོ་མཁན་དེ་
རེད། འགྲོ་ས་ནམ་མཁའ་དེ་ག་རེ་རེད་ཟེར་ན་ཆོས་ཉིད་བསམ་ཀྱིས་མི་ཁྱབ་པ་དེ་རེད།
ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ནམ་མཁའ་ལ་ཐོགས་པ་མེད་པར་འགྲོ་བ་ཡིན་ཙང་
སངས་རྒྱས་ཐམས་ཅད་ཀྱི་མཁའ་འགྲོ་མ་ཞེས་པ་རེད།
སྔགས་གཉིས་པ་རྡོ་རྗེ་རབ་སྔགས་མ་ཞེས་པ་ནི་རྡོ་རྗེ་རྗོད་བྱེད་མ་ཟེར་བ་རེད།
ཝརྣ་ནི་ཝརྣ་རྗོད་བྱེད་ལའང་གོ་དགོས་པ་རེད། ཝརྣ་ཟེར་ཡག་དེ་ལ་དོན་དག་མང་པོ་
ཡོད་རེད། རིན་ཆེན་དང་མདོག་དང་རོལ་མོ་རྡུངས་བ་དང་དཀྲོལ་བ་དང་ཚིགས་སུ་
བཅད་པ་དང་དེ་འདྲའི་དོན་མང་པོ་ལ་གོ་རྒྱུ་ཡོད་རེད། དེ་ཡིན་ཙང་འདི་རྡོ་རྗེ་རྗོད་བྱེད་
མ་ལ་གོ་ན་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་དེས་གདུལ་བྱ་ལ་ཆོས་སྟོན་པའི་
ཚིག་རྗོད་པར་བྱེད་པས་རྗོད་བྱེད་མ་སྟེ་སངས་རྒྱས་ཀྱི་གསུང་རྡོ་རྗེ་ལོངས་སྐུ་ཡིན་པ་
རེད། བཻ་རོ་ཙ་ནི་ཡེ་སྐུ་རྡོ་རྗེ་རྣམ་སྣང་བྱེད། རྡོ་རྗེ་རྣམ་པར་སྣང་མཛད་ནི་སངས་རྒྱས་
ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཀྱི་རྡོ་རྗེ་དེ་གཟུགས་སྐུའི་རྣམ་པར་ཤར་ནས་གདུལ་བྱ་
ཚོས་མཇལ་རྒྱུ་ཡོད་མཁན་ཞིག་སྣང་བར་མཛད་པ་ཡིན་ཙང་སྐུ་རྡོ་རྗེ་ལ་གོ །བྱས་ཙང་
སྐུ་གསུང་ཐུགས་གསུམ་བྱས་ནས་དོན་དུ་སྐུ་གསུང་ཐུགས་གསུམ་དབྱེར་མི་ཕྱེད་པའི་
རྡོ་རྗེ་རྣལ་འབྱོར་མའི་རྩ་སྔགས་བྱེད་པ་རེད། རྩ་སྔགས་སྙིང་པོ་ཉེ་སྙིང་གོ་ཆའི་སྔགས་
ཚང་མ་འདིས་གོ་ཆོད་འགྲོ་མཁན་འདྲ་པོ་ཡིན་པ་འདྲ་འདུག་འདི་བྱེད་ངག་འདོན་བྱེད།
159
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

༈ ད་ཡིད་བཟླས་བྱེད་ལུགས་དེ་ལ་རང་གི་སེམས་དབུས་ཀྱི་བཾ་ཡིག་ལ་ཞུགས། ལྕེ་དང་
མཆུ་འགུལ་མི་དགོས་པར་རང་སེམས་བཾ་ཡིག་གིས་ཨོཾ་གསུམ་མའི་སྔགས་ཕྲེང་འགོ་
ནས་འཇུག་བར་ཡིད་ཤར་སྤུས་དག་པོ་བྱེད་ནས་ཐེངས་འགའ་ཞིག་བཏོན་པ་དེ་ཡིད་
བཟླས་རེད།

ཞར་བྱུང་རྫོགས་རིམ་དང་པོ།

༈ ཞར་བྱུང་རྫོགས་རིམ་དང་པོ་དེ་དབུས་ཀྱི་བཾ་ཡིག་དང་མཐའ་ཡི་གྲྭ་བཞིར་དགའ་
འཁྱིལ་ལ་དམིགས་པ་གཏད། མེ་འབར་ལ་ཁད་ལྟ་བུ་ལ་སེམས་ཞུགས་པ་བཞིན་
དམིགས་པ་བྱེད། གཉིས་པ་དེ་རྩ་དབུ་མའི་ཡར་སྣེ་དགའ་འཁྱིལ་དཀར་པོ་དང་མར་
སྣེ་དགའ་འཁྱིལ་དམར་པོ་གཉིས་ཡར་མར་ཡོང་སྟེ་དེ་ལ་བརྟེན་ནས་བདེ་སྟོང་གི་ཡེ་
ཤེས་ལ་སྙོམས་པར་ཞུགས་པ་དེ་ཞར་བྱུང་རྫོགས་རིམ་རེད། །སྔོན་ལ་ཡིད་བཟླས་
བྱེད་པ་ཡིན་ན་བཾ་ཡིག་སྔགས་ཕྲེང་ལ་དམིགས་དེ་ནས་ཞར་བྱུང་རྫོགས་རིམ་བསྒོམ་པ་
ཡིན་ན་དམིགས་པ་རྒྱ་ཆེ་རུ་བཏང་པ་རེད། དེ་མ་བྱེད་པ་བྱས་དང་པོ་ཞར་བྱུང་རྫོགས་
རིམ་དང་པོ་དེ་བསྒོམས་གྲྭ་བཞིར་དགའ་འཁྱིལ་དམར་སྐྱ་དང་དབུས་ཀྱི་བཾ་ཡིག་ལ་
རང་གི་སེམས་ཞུགས་པའམ་དེ་ཡིན་པ་འདྲ་པོ་དམིགས་པ་བྱས་ནས་བསྒོམས། དེ་
ནས་ཚུར་བསྡུ་ནས་ཡིད་བཟླས་བྱས་དཀྱིལ་གྱི་བཾ་ཡིག་སྔགས་ཕྲེང་དང་བཅས་པ་ལ་
དམིགས་པ་བྱས་སེམས་དེ་བཾ་ཡིག་ལ་ཞུགས་པ་ལྟ་བུ་བྱེད། དེ་ཚར་ནས།

ཞར་བྱུང་རྫོགས་རིམ་གཉིས་པ།
160
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

༈ ཞར་བྱུང་རྫོགས་རིམ་གཉིས་པ་བཾ་ཡིག་སྔགས་ཕྲེང་མི་དགོས་པ་བྱས་རྩ་དབུ་མ་
གསལ་བཏབ་ཡས་སྣེ་མས་སྣེ་དགའ་འཁྱིལ་དཀར་དམར་གཉིས་འདུ་འཕྲོད་ལ་བརྟེན་
ནས་བདེ་སྟོང་སྐྱེ་བ་བསྒོམས་ཡག་དེ་བྱེད། འདུག་སེ་བྱེད་ན་དམིགས་པ་ཚུར་བསྡུ་
ཡོང་བ་ཡིན་ཙང་རྫོགས་རིམ་གྱི་རྟོགས་པ་སྨིན་བྱེད་ལ་འགྲོ་ཆེ་བ་ཡོད་རེད་བྱེད་པ་
རེད། ད་དེ་ག་རེ་བྱེད་ནའང་བྱེད། ངག་བཟླས་བྱེད་ཀྱི་ཡིན་ན་རླུང་བུམ་པ་ཅན་བཟུང་བ་
དང་བསྦྲགས་བདེ་བ་སྐྱེ་བར་འདོད་ན་རླུང་རྔུབ་པ་དང་མཉམ་དུ་སྙིང་གའི་ཆོས་འབྱུང་
གྲུ་གསུམ་གསང་གནས་སུ་ཕབ། མི་རྟོགས་པ་སྐྱེ་བར་འདོད་ན་ལྟེ་བར་ཕབ་བྱས་བསྒོམ་
རྒྱུ་རེད། རླུང་བུམ་པ་ཅན་བཟུང་ལུགས་དེ་ལ་ཨོཾ་དང་སྔགས་དང་ཡིད་དང༌། ལུས་རྣམ་
སྣང་གི་ཆོས་བདུན་ལྡན་འདྲ་པོ་བྱས་ཙོག་ཙོག་ཡག་པོ་བྱས་བསྡད། རླུང་འཆམས་ལ་
ཕབ། རླུང་སྒྲ་བཅས་དང་ཤུགས་ཅན་མིན་པ་རང་འབབས་སུ་བཞག་དལ་པོ་བྱས་ནས་
འཆམ་ལ་ཕབ་སོང་ན། དེ་ནས་རླུང་དལ་པོ་བྱེད་ཚུར་རྔུབས་ཏེ་རྫོགས་སོང་ན་འོག་རླུང་
ཕྱེད་ཙམ་ཡར་འཐེན། སྙན་སེང་ཕབ་པའི་ཚུལ་དུ་ཕྱེད་ཙམ་འཐེན་ཟེར་རེད། དེ་ནས་སྟེང་
རླུང་འཐེན་པ་རྫོགས་སོང་ན་མཆིལ་མ་སྒྲ་མེད་གཅིག་མིད་ནས་ལྟེ་བའམ་གསང་གནས་
ག་པ་དམིགས་པ་བཟུང་ཡོད་ན་དེའི་སྒང་ལ་རླུང་བཞག །དེ་ནས་འོག་རླུང་རྫོགས་པ་
ཡར་འཐེན་ནས་སྟེང་འོག་གི་རླུང་གཉིས་པོ་ཁ་སྦྱོར་བྱེད། དེའི་ངང་ནས་རང་སེམས་
བཾ་ཡིག་དང་གྲྭ་བཞིར་དགའ་འཁྱིལ་བཅས་ལ་ཞུགས་པ་བཞིན་བྱེད་ནས་ག་ཚོད་ཐུབ་
ཐུབ་ཀྱི་བར་དུ་རླུང་བུམ་ཅན་བཟུང་། དེ་ནས་ཨུ་ཚུགས་མ་བྱེད་པར་མི་བདེ་བ་མ་ཡོང་
ཙམ་ལ་དལ་པོས་ཕར་གློད། བུམ་ཅན་ཐེངས་ག་ཚོད་བཟུང་གི་ཡིན་ན་དེ་འདྲ་རེད། དེ་
ནས་བར་དེར་ཞར་བྱུང་རྫོགས་རིམ་གཅིག་བསྒོམ། དེའི་བར་ཡིད་བཟླས་བྱེད་བཾ་ཡིག་
ལ་སེམས་གཏད་བཞིན་དུ་ཨོཾ་གསུམ་མ་སེམས་ཀྱིས་ཕར་འདོན། རང་སེམས་བཾ་ཡིག་
161
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དེས་ཕར་མཐོང་གི་ཡོད་པ་བྱས་ཚར་གསུམ་བྱེད། དབུགས་ཐེངས་གཅིག་ལ་གསུམ་
ལྔ་ག་ཚོད་ཐུབ་ན་དེ་བྱེད། དེ་ཚར་སོང་ན་བཾ་ཡིག་ཟླ་ཚེས་ཆོས་འབྱུང་ལུས་དཀྱིལ་
དང་བཅས་པ་ཕར་བསྡུས། དེ་ཡང་ཕར་ཐིམ་འགྲོ་བ་དང་བརླག་འགྲོ་བ་འདྲ་པོ་དེ་འདྲའི་
དམིགས་པ་བྱེད་དགོས་པ་མ་རེད། མི་རྟོག་བྱེད་པ་རེད་རྣམ་མེད་བྱས་ནས་བཞག །དེ་
ནས་གསལ་བཏབ་ཡོང་དུས་སྐྲ་མཚམས་ནས་གསང་གནས་བར་རྩ་དབུ་མ་དམར་པོ་
མདའ་སྨྱུག་ཙམ་གསལ་བཏབ་མར་སྣ་ནས་དགའ་འཁྱིལ་དམར་པོ་ནས་འབྲུ་ཙམ་པ་
དམར་འཁྱིལ་ལེ་ཡར་ཡོང་དུས་བདེ་ལྷང་ལྷང་བྱེད། བདེ་བ་ཆེན་པོ་སྐྱེས་སྙིང་གའི་བར་
དུ་ཡར་ཡོང༌། དེ་ནས་ཡས་སྣ་ནས་དགའ་འཁྱིལ་དཀར་པོ་ནས་འབྲུ་ཙམ་དཀར་འཁྱིལ་
ལེར་མར་ཡོང་དུས་སྣང་བ་སྟོང་སང་ངེ་བྱེད། སྟོང་འཆམ་འཆམ་འགྲོ་བའི་དམིགས་པ་
བྱེད། སྟོང་པའི་སྣང་བ་ཤར། སྙིང་གར་ཁོ་གཉིས་མཉམ་དུ་འཁོར་བས་འདྲེས་ཏེ་དགའ་
འཁྱིལ་དམར་སྐྱ་གཅིག་ཏུ་གྱུར། དེ་ཡང་དྲག་ཏུ་འཁོར་བས་ཇི་ཕྲ་ཇི་ཕྲར་སོང་ནས་སྟོང་
ཡལ་དུ་འགྲོ་དུས་བདེ་བ་དང་སྟོང་པའི་དམིགས་པ་ཤུགས་ཆེ་རུ་ཕྱིན་བྱེད་བདེ་སྟོང་གི་
ཡེ་ཤེས་སྐྱེས་སོང་བསམ་བྱེད། དེའི་ངང་དུ་ཡུན་གང་རིང་རིང་བཞག་འདུག་སེ་བྱེད།
བདག་འཇུག་སྐབས་སུ་དམར་པོ་དེ་ཡས་སྣེ་ནས་མར་ཡོང་དཀར་པོ་དེ་མས་སྣེ་ནས་
ཡར་ཡོང་དགོས་ཡག་དེ་གོ་ལྡོག་བྱེད་པ་རེད་སྤོག་ཆོག་ཡིན་བྱེད་པ་རེད།
སྤོ་ཆོག་གམ་སྤོག་ཆོག་ཟེར་བ་ནི་དཔེར་ན་འཁོར་ལོ་བསྐོར་ནས་ལས་སྒྲུབ་དུས་
མ་འགྲུབ་ན་འཁོར་ལོ་གཡོན་བསྐོར་བྱེད་པ་འདྲ་པོ་དང༌། སྔགས་འདོན་ནས་ལས་བྱེད་
དུས་ཀྱང་མ་འགྲུབ་ན་སྔགས་འགོ་འཇུག་ལྡོག་ནས་བཀོད་པ་འདྲ་པོ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་
ན་ཧཱུཾ་ཕཊ་ཅེས་པ་དེ་ལ་ཕཊ་ཧཱུཾ་ན་ན་ཏཱ་ཀྲི་ཟེར་བ་འདྲ་པོ་དེ་འདྲའི་གོ་ལྡོག་བྱེད་ཡག་དེ་
རྒྱུད་བསྐུལ་ཡག་གི་དེ་རེད། ཡིན་ནའང་ང་རང་ཚོ་ནུས་པ་མེད་མཁན་ཚོས་སྤོག་ཆོག་
ཞེ་དྲག་བྱེད་རྒྱུ་ཡོད་མ་རེད། གནད་འབེད་བྱེད་པ་དང་དཀྲུགས་པ་དང་སྤོག་ཆོག་བྱེད་
162
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པ་ཕྲན་བུའི་དྲག་རེད། དཀྲུགས་པ་ནི་སྔགས་ཡར་མར་དཀྲུགས་ནས་འདོན་པ། གཅོད་


པ་ཟེར་ཡག་ནི་དམིགས་པ་བྱེད་པས་དྲག་པོས་བརྫིས་ནས་བཟེར་ཟུག་གི་ན་ཚས་ལྷ་
ག་རེ་ཡིན་ན་རང་དབང་མེད་པ་ལས་བསྒྲུབ་དགོས་ཡག་འདྲ། དེ་འདྲའི་དཀྲུགས་བཅོད་
གནད་འབེབས་སཾ་གནད་ལ་དབབ་པ་ཟེར་ཡག་དེ་འདྲ་རེད། བྱེད་ཙང་དབང་ཞུ་དུས་
དང་དུས་རྒྱུན་གཉིས་འདྲ་བ་མ་རེད། བྱང་སེམས་དཀར་པོ་དེ་སྤྱི་བོར་ཡོད་རེད་བྱང་
སེམས་དམར་པོ་དེ་ལྟེ་བ་དང་གསང་གནས་སུ་ཡོད་རེད།

བསམ་མི་ཁྱབ་ཀྱི་རྣལ་འབྱོར།

༈ བཅུ་པ་བསམ་མི་ཁྱབ་ཀྱི་རྣལ་འབྱོར། དེ་ནས་ཉེར་བསྡུ་བྱེད་རན་སོང་ན་བཟླས་
དམིགས་བྱས་སྔགས་འཁོར་ཚུར་གསལ་བཏབ། ལུས་དཀྱིལ་གྱི་ལྷ་རྣམས་ཀྱང་གསལ་
བཏབ་དེ་ནས་ཉེར་བསྡུ་བྱེད་རྒྱུ་རེད། ཉེར་བསྡུ་བསམ་མི་ཁྱབ་ཐུན་མོང་མ་ཡིན་པ་བྱེད་
ན་བཟླས་དམིགས་ཚར་ནས་ཉེར་བསྡུ་བྱེད་དེ་ནས་བསམ་མི་ཁྱབ་ཐུན་མོང་མ་ཡིན་པ་
བྱེད་ན་འགྲིག་གི་རེད། དེ་མི་བྱེད་ན་ཐུན་མོང་བ་དེ་བྱེད། དེ་ནི་དཔེ་ཆ་ནང་ཡོད་པ་དེ་
ནང་བཞིན་རེད། རང་གི་ཐུགས་ཀའི་བཾ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་
འཕྲོས་ཁམས་གསུམ་ཐམས་ཅད་ཁྱབ། གཟུགས་མེད་ཁམས་འོད་ཟེར་སྔོན་པོའ ་ི རྣམ་
པས་ལུས་ཀྱི་སྟོད་ཀྱི་ཆ་ལ་ཐིམ། གཟུགས་ཁམས་འོད་ཟེར་དམར་པོའ ་ི རྣམ་པས་བར་
གྱི་ཆ་ལ་ཐིམ། འདོད་ཁམས་འོད་ཟེར་དཀར་པོའ ་ི རྣམ་པས་སྨད་གྱི་ཆ་ལ་ཐིམ། འཇའ་
སྤྲིན་འཁྲིགས་པ་བཞིན་དུ་ཁྲ་ཆེམ་ཆེམ་ཐིམ་ནས་ཁམས་གསུམ་རང་ལ་ཐིམ། རང་ཡང་
སྟོད་སྨད་ནས་འོད་དུ་ཞུ་ནས་སྙིང་གའི་ཆོས་འབྱུང་ལ་ཐིམ། དེ་ཟླ་བ་ལ་ཐིམ། དེ་རྣལ་
འབྱོར་མ་སོ་གཉིས་ལ་ཐིམ། དེ་སྙིང་པོའ ་ི རྣལ་འབྱོར་མ་བཞི་ལ་ཐིམ། དེ་ལུས་དཀྱིལ་
163
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གྱི་གཙོ་མོ་ལ་ཐིམ། གཙོ་མོ་ཡང་སྟོད་སྨད་ནས་འོད་དུ་ཞུ་ནས་ཐུགས་ཀའི་ཆོས་འབྱུང་
ལ་ཐིམ། དེ་ཟླ་བ་ལ་ཐིམ། དེ་སྔགས་ཕྲེང་ལ་ཐིམ། སྔགས་ཕྲེང་དཀྱིལ་གྱི་བཾ་ཡིག་ལ་
ཐིམ། བཾ་ཡིག་རིམ་གྱིས་ནཱ་དའི་བར་དུ་ཡར་ཐིམ། ནཱ་ད་ཡང་མི་དམིགས་པའི་སྟོང་པ་
ཉིད་དུ་གྱུར་སོང་བསམ་བྱེད་སྟོང་པའི་ངང་ནས་ཆོས་སྐུའི་ང་རྒྱལ་བཟུང་དགོས་པ་རེད།
དེ་བཅུ་པ་བསམ་མི་ཁྱབ་ཀྱི་རྣལ་འབྱོར་རེད།

སྤྱོད་ལམ་གྱི་རྣལ་འབྱོར།

༈ ད་བཅུ་གཅིག་པ་སྤྱོད་ལམ་གྱི་རྣལ་འབྱོར་རེད།
(སྤྱོད་ལམ་གྱི་ནི་རྣལ་འབྱོར་ཏེ། །
དེ་དག་རྣལ་འབྱོར་བཅུ་གཅིག་གོ།) དེ་དག་བསྐྱེད་རིམ་རེད།
ད་བསྒོམ་རྒྱུ་མ་གཏོགས་གཞན་དེ་རེད། བྱུང་ན་བསྐྱེད་རིམ་བསྒོམས་དགོས་པ་རེད།
འདོན་པ་གཏོན་ན་དུས་རྒྱུན་ཉམས་ལེན་དེ་འགྲིག་པ་རེད། ད་བསྐྱེད་རིམ་བསྒོམས་མ་
ཐུབ་ནའང་དེ་འདྲ་ཡིན་འགྲོ་བསྒོམས་མཁན་ག་པ་ཡོད། [ᨨ᪠᫥་᫕᩶ᨑ᫕ᨑ་ᨵ᫦ᩏ་᪠᫡᩶་᩶ᩏ་᪍ᨕ་ᨵ᫡᪱་᩹་᫕᪞ᨕ᫥་
᪠᫡᩶་᫡ᨕᨵ་ᨻᩏ᫥་ ᨃᨄᨂ ᨵ᫥᫞ᨎ]

༈ དང་པོ་
(གོས་དང་ཕྱག་རྒྱ་ལྔ་ལ་སོགས། །
ཤེས་རབ་ཡན་ལག་ཕུར་བུ་གུར།།)
ཞེས་པའི་གོས་ཀྱི་སྐད་དོད་དེ་གནས་ལ་འཇུག་པ་ཡིན་ཙང་གནས་དེ་རང་གི་ཆོས་
མཐུན་གྱི་འཚོ་བ་བསྒྲུབ་སླ་བ་ཆོས་བྱས་ནས་སྡོད་སོས་བདེ་བ། སོ་སོས་འདི་རེད་
164
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བསམ་པ་འདྲ་པོ་གཅིག་ལ་བསྡད་པ་ཡིན་ཙང་ཆོས་མཐུན་གྱི་འཚོ་བ་རྙེད་སླ་བ་སོགས་
རང་གིས་ལྟར་ན་ཆོས་བྱ་སའི་མཚན་ཉིད་དང་ལྡན་པ་ཕན་འདོགས་ཆེ་བ་འདྲ་པོ་གཅིག་
དགོས་པ་རེད། བདག་བསྐྱེད་བཏོན་དུས་ཆོས་འབྱུང་གཞལ་@173 ཡས་ཁང་དེ་ལ་
གནས་ཀྱི་དོན་དེ་བཞག་ཆོག་པ་རེད། ཡི་དམ་བསྒོམས་པའི་སྐབས་ལ་གཞལ་ཡས་ཁང་
ལ་གོ་ཆོག་པ་རེད།
༈ གཉིས་པ་ཕྱག་རྒྱ་ལྔ་ལ་སོགས་ཞེས་པ་ནི་སྒོམས་པའི་སྐབས་རུས་རྒྱན་
སོགས་ཕྱག་རྒྱ་ལྔ་བྱེད་ཆས་འཇུག་བྱེད་དགོས་རེད་དམ། གོས་མེད་པ་སྐྲ་སིལ་བུར་
བྱེད་ཕྱག་རྒྱ་ལྔས་བརྒྱན་ཏེ་རོ་གདན་སྒང་ལ་བསྡད་ནས་འདོན་པ་བཏོན་རྒྱུ་རེད། ང་
རང་ཚོས་དེའི་ཚབ་དེ་ལ་ཕྱག་རྒྱ་ལྔ་པོ་དེ་མ་བྱུང་ནའང་རྡོ་རྗེ་དྲིལ་བུ་ཙམ་བཅངས།
གཞན་དག་ཚོ་རི་མོ་བྲིས་པ་འདྲ་པོ་ཉར་གྱི་ཡོད་པ་དམ་ཚིག་གི་རྫས་དེ་རེད།
༈ གསུམ་པ་ཤེས་རབ་ཡན་ལག་ཅེས་པ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་ཡིན་ན་
ནི་ཐོག་མར་བསྐྱེད་རིམ་བསྒྲུབས་དུས་རང་གི་རིག་མ་དང་མཉམ་དུ་འགྲོགས་ནས་ཚེ་
དེ་ལ་སངས་རྒྱས་ཀྱི་རེད། གྲོགས་ཕྱག་རྒྱ་བཞི་པོ་དབང་གི་ཕྱག་རྒྱ་རིག་མ། ལས་ཀྱི་
ཕྱག་རྒྱ། ཡེ་ཤེས་ཀྱི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། དམ་ཚིག་གི་ཕྱག་རྒྱ་བཅས་དེ་དག་
གང་ཡང་རུང་བ་ཕྱག་རྒྱ་བཞེས་བྱས་འདུག་སེ་རེད། ང་རང་ཚོ་རྣལ་འབྱོར་མ་ཉམས་
སུ་ལེན་མཁན་ཡིན་ན་ནི་ཕྱག་རྒྱ་བདེ་སྟོང་ལྷན་ཅིགསྐྱེས་པའི་ཡེ་ཤེས་བསམ་བློ་བཏང་
ཡག་དེ་རེད།
(ཕྱག་རྒྱ་རྣམ་གཉིས་འདོར་མི་བྱ།།)
ཟེར་ཡག་དེ་རེད། དེ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་གཉིས་ལ་མོས་པ་མ་
འདོར་བ་བྱེད་དགོས་ཟེར་བ་རེད། ཤེས་རབ་ཡན་ལག་ཟེར་ཡག་གི་ཤེས་རབ་ཡན་ལག་
དེ་རེད།
165
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

༈ བཞི་པ་ཕུར་བུ་གུར་ཟེར་ཡག་དེ་སྲུང་འཁོར་དང་སྲུང་འཁོར་ནང་དུ་བགེགས་ལ་
ཕུར་བུ་བཏབ་པ་དེ་རེད། ད་རེས་རྣལ་འབྱོར་མའི་སྐབས་སུ་སྲུང་འཁོར་བསྡུས་པ་རེད།
བགེགས་ལ་ཕུར་བུ་བཏབ་པའང་ཡོད་མ་རེད། སྲུང་འཁོར་བསྡུས་པའི་ལུགས་ཡིན་ཙང་
སྐྱབས་འགྲོ་སེམས་བསྐྱེད་ནས་བླ་མའི་རྣལ་འབྱོར་སོགས་སྦྱོར་བ་ཚོགས་བསགས་ཀྱི་
སྐོར་ཚང་མ་སྲུང་འཁོར་གྱིས་ཁུངས་སུ་བསྡུ་དགོས་པ་རེད།
༈ (ལྔ་པ་ཨཱ་ལི་ཀཱ་ལི་ཞེས་བརྗོད་ནས།།) ཟེར་ཡག་གཅིག་ཡོད་རེད་ཆོས་འབྱུང་
གི་ནང་དུ་ཟླ་བ་དཀར་ཆ་དང་དམར་ཆ་རྩིས་ཡག་དེ་ཨཱ་ལི་དང་ཀཱ་ལི་རེད།
༈ དྲུག་པ་(རྒྱུ་སོགས་སྟོང་པ་སྔོན་འགྲོ་བ།།) རྒྱུ་སོགས་སྟོང་པ་ཟེར་ཡག་དེ་
སོགས་ཁུངས་ནང་འབྲས་བུ་དང་ངོ་བོ་བསྡུས་ནས་རྒྱུ་འབྲས་ངོ་བོ་ཆོས་གསུམ་སྟོང་
པ་དེ་རྣམ་ཐར་སྒོ་གསུམ་རེད། དེ་ཡིན་ཙང་རྒྱུ་མཚན་མ་མེད་པ་འབྲས་བུ་སྨོན་པ་མེད་
པ་ངོ་བོ་རང་བཞིན་གྱིས་སྟོང་པ་བྱེད། དེ་ཡང་མྱུ་གུ་ལྟ་བུ་གཞིར་བཟུང་ན་མྱུ་གུ་རང་
བཞིན་གྱིས་གྲུབ་པའི་རྒྱུ་ལས་མི་སྐྱེ་བ་དེ་རྒྱུ་མཚན་མ་མེད་པ་བཞག་ན། དེ་མྱུ་གུའི་
སྟེང་གི་སྟོང་ཉིད་རེད། མྱུ་གུས་རང་བཞིན་གྱིས་གྲུབ་པའི་འབྲས་བུ་མི་བསྐྱེད་བ་དེ་
འབྲས་བུ་སྨོན་པ་མེད་པ་བཞག་ན། དེ་མྱུ་གུའི་སྟེང་གི་སྟོང་ཉིད་རེད། གཞན་མྱུ་གུའི་
རྒྱུ་རང་བཞིན་གྱིས་མ་གྲུབ་པ་རྒྱུ་མཚན་མ་མེད་པ་དང༌། མྱུ་གུའི་འབྲས་བུ་རང་བཞིན་
མེད་པ་འབྲས་བུ་སྨོན་པ་མེད་པ་བཞག་ན། དེ་གཉིས་རྒྱུ་འབྲས་སོ་སོའ ་ི སྟེང་གི་སྟོང་
ཉིད་ཡིན་པ་མ་གཏོགས་མྱུ་གུའི་སྟེང་གི་སྟོང་ཉིད་རེད་ཀྱི་མ་རེད། མཚན་མ་ཟེར་ཡག་
དེ་ལ་བསྐྱེད་བྱེད་ཀྱི་མཚན་མ་དང་ཤེས་བྱེད་ཀྱི་མཚན་མ་གཉིས་ལས་དང་པོ་དེ་རྒྱུ་
རེད། གཉིས་པ་དེ་རྒྱུ་མཚན་རེད། དེ་བཞིན་དུ་སྨོན་པ་ཟེར་ཡག་དེ་སྨོན་བྱ་འབྲས་བུ་ལ་
གོ་དགོས་པ་རེད། ང་ཚོས་དཀའ་ལས་རྒྱབ་ཡག་དེ་འབྲས་བུ་གཅིག་ལ་ཡིད་སྨོན་བྱས་
ནས་བྱེད་ཀྱི་ཡོད་རེད། རྣམ་ཐར་སྒོ་གསུམ་སྟོང་ཉིད་བསྒོམས་པ་དེ་རེད།
166
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

༈ བདུན་པ་(འཇུག་པ་སྒྲ་ལ་སོགས་པ་ནས།།) ཟེར་དུས་སྒྲ་ཡི་སྐད་དོད་ནཱ་ད་
རེད། དེ་སྐད་དོད་ཀྱི་སྟེང་ནས་སྒྲ་ལ་མ་གོ་བ་བྱས་དེ་ནཱ་ད་ཁོ་རང་ལ་བཞག་ན་སྟོང་པའི་
ངང་ལས་རང་གི་སེམས་ནཱ་ད་ནམ་མཁའ་ལ་བཞག་བདེ་མཆོག་གི་སྐབས་སུ་བར་དོ་
ལོངས་སྐུའི་ལམ་འཁྱེར་ལ་བདེ་སྟོང་གི་གཟུང་རྣམ་ནཱ་དའི་རྣམ་པ་ནམ་མཁར་གནས་པ་
རེད། རྣལ་འབྱོར་མའི་སྐབས་སུ་ནཱ་དའི་གཟུགས་མ་བྱེད་པར་བཾ་ཡིག་གི་རྣམ་པར་ནམ་
མཁར་གནས་པར་བྱེད་པ་རེད།
༈ བརྒྱད་པ་(ཇི་སྲིད་བསྡུས་པའི་སྦྱོར་ལྡན་པ།།) ཟེར་ཡོད་རེད་སྦྱོར་བ་དང་
ལྡན་པའི་དེ་ཁོ་ན་ཉིད་དེ་ག་རེ་རེད་ཟེར་ན་ཇི་སྲིད་ཟེར་བ་ཡིན་ཙང་ལྟག་མ་དེ་ནས་མར་
བཟུང་པ་གཅིག་གི་ད་ལྟ་འདི་བཾ་ཡིག་ནམ་མཁའ་ལ་བཞག་པའི་བར་དུ་བཾ་ཡིག་ནཱ་ད་ལ་
མར་ཞུགས་པ་དང་ནཱ་ད་ལ་ཞུགས་ཟིན་པ་དེ་ནས་གཟུངས་པ་གཅིག་གི་ཆོས་ཐམས་
ཅད་རྡོ་རྗེ་རྣལ་འབྱོར་མའི་རང་བཞིན་དུ་བྱས་ནས་ཚུར་རང་ལ་བསྡུ་བ་རེད། ཇི་སྲིད་
བསྡུས་པའི་སྦྱོར་ལྡན་པ་ཟེར་ཡག་དེ་འོད་ཟེར་འཕྲོས་འཁོར་འདས་ཀྱི་ཆོས་ཐམས་ཅད་
རྡོ་རྗེ་རྣལ་འབྱོར་མ་དེ་རྣམས་ཚུར་བསྡུས་ཟེར་ཡག་དེ་རེད།
༈ དགུ་པ་(བདུད་རྩི་ཚིམ་བྱེད་མྱ་ངན་འདས།།) ཟེར་ཡག་དེ་དངོས་སུ་བྱེད་
ན་ནང་མཆོད་རེད་ནང་མཆོད་རང་གིས་མྱང་དེ་ལྷ་ལ་ཕུལ་གང་བྱེད་ནའང་བདུད་རྩིས་
ཚིམ་པ་རེད། ཤུགས་བསྟན་ལ་བྱེད་ན་ཕྱི་མཆོད་དང་མཆོད་པ་ཚང་མ་ལ་དེ་ཁོ་ན་ཉིད་
རྟོགས་པའི་བདེ་སྟོང་གི་ཡེ་ཤེས་སྐྱེ་བའི་ཐབས་ཡིན་ཙང་བདུད་རྩི་ཚིམ་བྱེད་རེད་བསྡད་
ཡོད་རེད། ཐུན་གྱི་འགོ་ནས་བདུད་རྩི་མྱང་བའི་རྣལ་འབྱོར་དེ་རེད།
༈ བཅུ་པ། མྱ་ངན་འདས་ཟེར་དུས་སྣོད་བཅུད་ཀྱི་སྣང་བ་ཚུར་བསྡུས་ནས་འཆི་
བ་དང་མཐུན་པའི་ཐུན་མོང་མ་ཡིན་པ་བསམ་མི་ཁྱབ་བྱེད་པ་དེ། དེ་མི་བྱེད་ན་སྔགས་
བཟླས་ཚར་དུས་ཐུན་མོང་བའི་བསྡུ་རིམ། འཆི་བ་ཆོས་སྐུ་བསྒོམས་དུས་ཀྱི་བསྡུ་རིམ་
167
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཚང་མ་ལ་མྱ་ངན་འདས་པའི་དེ་ཉིད་རེད།
༈ བཅུ་གཅིག་པ། (ལག་པའི་མཆོད་པ་དབང་བསྐུར་བ།།) ཟེར་ཡག་དེ་ཐུན་
མཚམས་སུ་ལག་མཆོད་བྱེད་ཡག་དེ་རེད། ལག་མཆོད་དངོས་སུ་བསྟན་པ་རེད། དེ་
ཡིན་ནའང་ལག་ལེན་བྱེད་པ་ཕལ་ཆེ་བ་རེད། ཁས་བླངས་པའི་དམ་ཚིག་དང་སྡོམ་པ་སྤྱི་
དང༌། སྔགས་ཀྱི་སྡོམ་པ་ཐུན་མོང་མ་ཡིན་པའི་དམ་ཚིག་དག་པ་དེའི་ནང་ནས་ཀྱང་གཙོ་
བོ་གཡོན་པའི་ཀུན་སྤྱོད་སློབ་དགོས་པ། དེ་ཚོ་སྤྱོད་ལམ་ཚང་མ་བསྟན་གྱི་རེད། ལག་
མཆོད་དེ་སྤྱོད་ལམ་གྱི་གཙོ་བོ་རེད།
༈ བཅུ་གཉིས་པ། དབང་བསྐུར་བ་ཟེར་ཡག་དེ། དབང་བསྐུར་བའི་དེ་ཉིད་དེ་སྨིན་
ལམ་འཇུག་རུང་གི་དབང་དང་གྲོལ་ལམ་བསྒོམ་རུང་གི་དབང་གི་བྱིན་བརླབས་གཉིས་
སོ་སོས་ཕར་དབང་བསྐུར་ཆོག་པ་རེད། ལས་རུང་བཏང་དབང་བླང༌། དེ་མིན་ན་སོ་
སོས་བདག་འཇུག་ལེན་དེའང་དབང་བསྐུར་བའི་དེ་ཉིད་རེད།
༈ བཅུ་གསུམ་པ། (གོ་ཆ་ཆེན་པོས་ཀྱང་དག་བསྲུངས།།) ཟེར་ཡག་གི་གོ་ཆའི་
བསྲུངས་བ་དེ་ལྟེ་བར་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ་ཞེས་སོགས་གོ་ཆ་བཀོད་པ་དེ་རེད།
གོ་ཆ་ཆེན་པོ་ཟེར་ཡག་དེ་ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཅེས་སོགས་གོ་ཆ་བཀོད་ཡག་དེ་
རེད།
༈ བཅུ་བཞི་པ། (སྔགས་རྣམས་ཀུན་གྱི་མཆོད་པར་བྱ།།) ཟེར་ཡག་གི་སྔགས་ཀྱིས་
མཆོ ད ་པ་དེ ་ ངག་བཟླས་དང་ཡི ད ་བཟླས་རྐང་བརྒྱད་ཀྱི ས ་བསྟོ ད ་པ་དེ ་ ཚོ ་ སྔགས་
མཆོད་དང་སྔགས་བསྟོད་རེད་ཀྱི་རེད་ཟེར་ནས་ཞུས་ཚར་ཡིན་པ་དེ་རེད།
(དེ་ལྟར་དེ་ཉིད་བཅུ་བཞི་ནི། །
མདོར་བསྡུས་ནས་ནི་བཤད་པ་ཡིན།།)
ཟེར་འཁོར་ལོ་སྡོམ་པ་ནས་བཤད་པའི་དེ་ཉིད་བཅུ་བཞིའི་མཆིངས་དེ་ལྷག་དང་བཅས་
168
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པ་རྣལ་འབྱོར་མའི་སྒྲུབ་ཐབས་འདི་ལ་ཚང་ཡོད་རེད། འདི་ཉམས་སུ་ལེན་ཐུབ་ན་གཞན་
དེ་ལྷག་གང་ཡང་མི་དགོས་པ་འདྲ་པོ་དབུ་འཕང་མཐོ་སེ་སེ་བྱེད་ནས་ཉམས་ལེན་བྱེད་
ཆོག་པ་དེ་འདྲ་ཡིན་གསུངས་པ་རེད། ཐུན་གཅིག་གྲོལ་ཚར་ནས་ཐུན་རྗེས་མའི་བར་
དེ་ལ་ཐུན་མཚམས་དེར་གཟབ་གཟབ་བྱེད་དགོས་པ་རེད། མ་གཏོགས་ཡར་བསྐྱེད་
ཡོང་གི་མ་རེད། ཐུན་གྱི་སྒང་ལ་བྱེད་པ་དེ་ཐུན་མཚམས་སུའང་ཉམས་ལེན་བྱེད། ཐུན་
མཚམས་ཀྱི་ཉམས་ལེན་དེས་ཐུན་ལ་ཕན་ཐུབ་པ་བྱེད། དེ་འདྲ་བྱེད་ན་ཉིན་རེ་ལས་ཞག་
རེ་མ་བྱུང་ནའང་ཟླ་བ་རེ་ནས་ཡག་རུ་འགྲོ་བ་རེད། ཐུན་མཚམས་ཀྱི་རྣལ་འབྱོར་ཀྱི་ཡན་
ལག་དེ་ལ་ཁ་ཟས་ཀྱི་རྣལ་འབྱོར། ཕྱི་རོལ་མཆོད་པའམ་ཚོགས། སྦྱིན་སྲེག །གཏོར་
མའི་རྣལ་འབྱོར། ཚེ་བཅུའི་མཆོད་པ་བཅས་དེ་ཚོ་རེད།

ཐུན་མཚམས་ཀྱི་རྣལ་འབྱོར་གྱི་ཡན་ལག

༈ ཁ་ཟས་ཀྱི་རྣལ་འབྱོར་ནི་ག་དུས་ཟ་ཟ་ནས་བྱིན་བརླབ་བྱེད། ཡང་ན་ཧ་ཧོ་ཧཱིཿབྱིན་
གྱིས་བརླབས་ནས་ཕུད་དེ་བླ་མ་དཀོན་མཆོག་ལ་ཕུལ། དེ་ནས་རང་གི་ཐུགས་ཀའི་བཾ་
ཡིག་ལྷར་གསལ་བ་བྱེད་ནའང་འདྲ་བཾ་ཡིག་རྣལ་བྱོར་མ་ཡིན་པ་བྱེད། ནང་གིས་སྦྱིན་
སྲེག་གི་ཚུལ་དུ་ལོངས་སྤྱོད་ཐུབ་ན་རབ་དེ་མིན་ནའང་ཚོགས་འཁོར་གྱི་ཚུལ་དུ་ལོངས་
སྤྱོད། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྲུང་བཅས་མདུན་གྱི་ནམ་མཁར་བསྐྱར་
དུ་བཀོད་ནའང་འགྲིག་གི་རེད། དེ་མིན་ན་ཟ་བའི་སྐབས་སུ་སྙིང་གའི་བླ་མ་དཀོན་
མཆོག་ལ་ཕུལ་བའི་མོས་པ་བྱེད། ཟ་བའི་རྣལ་འབྱོར་དེ་ངེས་པར་དུ་བྱེད་དགོས་རེད།
(བསྔོ་བ་བྱེད་ནས་ཟ་བར་བྱ། །
དེ་ལྟར་མི་བྱེད་རྣལ་འབྱོར་མ། ᨎ
169
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཁ་ན་མ་མཐོ་སྦོམ་པོར་གྱུར།།)
ཞེས་བསྔོ་བ་མ་བྱེད་པ་བྱས་ནས་ཟས་ཁམ་གཅིག་ཟས་ནའང་ཉེས་པ་སྦོམ་པོ་རེ་
འབྱུང་བ་རེད། སྔགས་ཀྱི་སྦོམ་པོ་གཅིག་སོ་ཐར་གྱི་རྩ་ལྟུང་བཞི་ལས་ཀྱང་ཉེས་པ་བཅོ་
བརྒྱད་ཆེ་བ་ཡོད་གསུངས་པ་རེད།
༈ ད་ཕྱི་རོལ་མཆོད་པ་ཟེར་ཡག་དེ་འདི་ལ་ཕལ་ཆེར་གྲུ་གསུམ་མཆོད་པ་ཡོད་
རེད། ཕྱི་རོལ་མཆོད་པ་ཁྱད་པར་མི་འདུག་སྟེ་ཚོགས་ཀྱི་མཆོད་པ་བྱེད། དེ་ལ་རྒྱས་
བསྡུས་བྱས་ན་བདག་འཇུགབྱེད་ནའང་ཡག་པོ་ཡོད་རེད། དཀྱིལ་འཁོར་བསྒྲུབས་ནས་
ཚོགས་ཕུལ་གྱི་ཡིན་ནའང་ཡག་པོ་ཡོད་རེད། ཡང་བསྡུས་པ་བྱེད་ནས་བདག་བསྐྱེད་
འདོན། གཏོར་མགྲོན་སྤྱན་དྲངས། འོག་མིན་ནས་སྤྱན་དྲངས་ཚར་པ་དེ་མ་ཐག་ཏུ་གཏོར་
མ་མ་ཕུལ་པ་བྱེད། མཆོད་པ་ཉེར་སྤྱོད་རོལ་མོ་འདོད་ཡོན་རེག་མ་བཅུ་དྲུག་དེ་ཚོ་སྤྲོས།
ནང་མཆོད་རྒྱས་པ་བྱས་ཡེ་ཤེས་ཆེན་པོ་མཛོད་འཛིན་གྱིས་བསྟོད། དེ་ནས་གཏོར་མ་
ཕུལ་ཚོགས་ཕུལ་བྱེད་ཀྱི་ཡིན་ནའང་ཕྱི་རོལ་མཆོད་པ་ཚོགས་ཀྱི་མཆོད་པས་འགྲིག་
སོང་བ་རེད།
༈ སྦྱིན་སྲེག་གི་རྣལ་འབྱོར་ཟེར་ཡག་དེ་རྟག་པར་སྤྱིན་སྲེག་ཕུལ་ཐུབ་ཀྱི་མ་རེད་
མཚམས་མཚམས་སུ་སྡིག་པ་སྦྱངས་ཡག་གི་སྦྱིན་སྲེག་ཕུལ། ཏིལ་གྱི་སྦྱིན་སྲེག་འདྲ་
ཨ་ཡོང་ན་ལྟ།
༈ ཚེས་བཅུའི་མཆོད་པ་ཚོགས་ཀྱི་མཆོད་པ་གཅིག་པ་རེད། ཚེས་པ་བཅུ་ཆད་
སྡད་ཡོད་ན་ཚེས་པ་དགུ་ལ་ཕུལ་དགོས་པ་རེད། ཚེས་པ་བཅུ་ལྷག་སྡད་ཡོད་ན་དང་པོ་
དེ་ལ་ཕུལ་དགོས་པ་རེད། ཉི་ཤུ་ལྔ་ལའང་དེ་དང་མཚུངས་པ་རེད། རྦད་མ་ཐུབ་ནའང་
བཅུ་གཅིག་པའི་ཚེས་ཉེར་ལྔ་དང༌། བཅུ་གཉིས་པའི་ཚེས་པ་བཅུ་དེ་གཉིས་པོ་དེ་ལ་
ངེས་པར་དུ་དགོས་པ་རེད། གང་ཐུབ་ཐུབ་བྱེད། ཟླ་བ་བཅུ་གཅིག་པའི་ཚེས་བཅུ་དྲུག་
170
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ནས་བཅུ་གཉིས་པའི་བཅུ་དྲུག་གི་བར་རྒྱལ་ཟླ་བ་ཟེར་རེད། མཁའ་འགྲོ་འདུ་བའི་དུས་
ཆེན་རེད། ཆེས་མྱུར་བ་ཡིན་ན་ནི་མདའ་ཀའི་ལམ་ཟེར་ཡག་དེ་འཕོ་བའི་ལམ་ལ་བརྟེན་
ནས་སྐད་ཅིག་ལ་མཁའ་སྤྱོད་དུ་འཕོ་འགྲོ་བ་རེད་ཟེར་བ་རེད།
(ཡང་དག་སྐྱེ་བ་བརྒྱུད་ནས་དངོས་གྲུབ་ཐོབ།།)
ཟེར་བ་དེ་སྡུག་ཤོས་དེ་ཡིན་ན་སྐྱེ་བ་ཁ་ཤས་ཞིག་སོང་ནས་དངོས་གྲུབ་ཐོབ་ཀྱི་རེད་
ཟེར་རེད། བོད་ལ་ཡིན་ན་རྣལ་འབྱོར་མས་རྗེས་སུ་བཟུངས་འགྲོ་མཁན་མང་པོ་བྱུང་
ཡོད་རེད། དེང་སང་ཡོང་གི་མི་འདུག་ག་རེ་ཐོག་ནས་མ་འགྲིག་པ་ཡིན་མི་ཤེས། དངོས་
གྲུབ་འགྲུབ་པའི་རྒྱུ་བཞི་སྟེ་དད་པས་ཕྱིར་མི་ཟློག་པ། ཤེས་རབ་ཀྱི་ཐེ་མི་ཚོམ་པ། ཏིང་
ངེ་འཛིན་རྩེ་གཅིག་པ། གསང་ཞིང་སྦས་པས་འགྲུབ་པའམ་ཤིན་ཏུ་གསང་བ་བྱེད། ་ད་
ཏིང་ངེ་འཛིན་ནི་ང་ཚོ་ལ་ཡོད་མ་རེད། ཤིན་ཏུ་གསང་བ་དེ་མ་འགྲིག་པ་མིན་འགྲོ་བསམ་
བཤད་སྡད་ནས་སྣོད་མིན་གསང་སྒྲོགས་ཞེ་དྲག་བྱེད་པ་མིན་འགྲོ་བསམ་གྱི་འདུག །
དད་པ་ཡོད་འདོགས་ཁ་པོ་རེད། ཤེས་རབ་དེ་ག་རེ་ཡོད་འགྲོ་ཤེས་ཀྱི་མི་འདུག ། ད་
དེ་འདྲ་ཅིག་རེད། འབུམ་ཕྲག་བཞི་ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ་སོང་ན་ཟེར་འདུག
།འབུམ་ཕྲག་བཞི་གནད་འགག་མི་འདུག་བསྙེན་ཆེན་མ་རེད་ལས་རུང་རེད། ནམ་ཞིག་
ལུས་མ་བོར་བར་མཁའ་སྤྱོད་ཀྱི་ཞིང་དུ་འཁྲིད་པར་འགྱུར་གསུངས་པ་རེད། དེ་ཡང་རྨི་
ལམ་ནང་དངོས་སུ་བུད་མེད་ཐ་མལ་པའི་རྣམ་པས་དུས་དང་གནས་འདི་དང་འདི་ཞེས་
རྣལ་འབྱོར་མར་འགྱུར་རོ་ཞེས་ལུང་བསྟན་པ་ཡང་ཡོང་གསུངས་ཡོད་རེད། ལུང་བསྟན་
པའམ་ལུང་མ་བསྟན་པར་བུད་མེད་ཐ་མལ་པའི་རྣམ་པར་སྤྲུལ་པ་དང་མཇལ་བ་ཡང་
ཡོང་དེ་ངོ་ཤེས་པར་བྱ་སྟེ། [᫄᪱᪱᫥་᫦་᫞ᨕ་ᩃ᫥་ᨵ᫡᪱་᩹་᫕᪞ᨕ᫥་᪠᫡᩶་᫡ᨕᨵ་ᨻᩏ᫥་ ᨃᨅᨁ ᨵ᫥᫞ᨎ]

༈ ལངྒ་ལིའི་སྡོང་པོ་བསྒྲུབས་ན་ནི། དེ་འདྲའི་མ་ཡོང་ན་བསྙེན་ཆེན་གཅིག་བཏང་། གཞི་


171
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བསྙེན་ཆེན་པོ་ཚར་ནས་ལངྒ་ལིའི་སྡོང་པོ་བསྒྲུབ་སྟེ་བསྒྲུབས་པ་བྱེད། བསྒྲུབས་པ་
ལོངས་སོང་ན་ལས་སྦྱོར་བྱེད། ལས་སྤྱོར་དུས་ཡུན་ཚེས་པ་བཅུ་ནས་ཉི་ཤུ་ལྔའི་བར་
དུ་རེད། གཡོག་པོ་བདེ་མཆོག་གི་་རྣལ་འབྱོར་པ་བློ་འཁོགས་ཡོད་ངེས་གཅིག་བྱེད།
དབྱུག་པ་གཅིག་བདེ་མཆོག་གི་ཁཎྜ་རོ་ཧི་ལས་བསྐྱེད། དེ་ཁོ་ལ་ཉར་བཅུག་དུར་ཁྲོད་
སྒང་ལ་ཁྱེར། ལངྒ་ལི་ཡི་སྒྲུབས་པ་བྱེད་དུས་བདག་འཇུག་རེ་རེ་ལེན། བདག་འཇུག་གི་
སིནྡྷུ་ར་ཉིན་རེར་གསར་པ་བརྗེ་དགོས། བྲི་ཡག་དེ་གསེར་གྱི་སྨྱུ་གུ་དགོས་རེད། སིནྡྷུ་
ར་ཕྲོ་བརླགས་མ་ཤོར་བར་གསོག་བྱེད། ལངྒ་ལི་ཡི་སྡོང་པོའ ་ི ནང་དུ་བླུགས། ཞབས་
བཀག་དང་ཁ་གཅོད་བཟོ་ཁ་བཅད་སྒང་ལ་དགའ་འཁྱིལ་པར་གཅིག་རྐོ། དེ་རས་ཀྱི་ནང་
དུ་བསྒྲིལ་ཉི་ཤུ་ལྔའི་ཉིན། དེ་ཁྱེར་ནས་དུར་ཁྲོད་སྒང་ལ་འགྲོ། ས་དོང་གཅིག་བྲུས་ནས་
ལངྒ་ལི་ཡི་སྡོང་པོ་དེའི་ནང་དུ་བཅུག །དེ་ཕར་བཀབ་རང་གིས་མ་ནོར་ཡག་གི་རྟགས་
གཅིག་བཙུགས། མི་ཚོས་ཧ་གོ་ཡག་གི་མངོན་ཆེན་པོ་མ་ཡིན་པ་མངོན་ཆུང་བྱེད། དེའི་
དགོང་མོར་ཁོ་རང་དེ་ཡི་སྒང་དུ་བསྡད། དབྱུག་པ་ཁྱེར་མཁན་གཡོག་པོ་དེ་རང་གི་ཉེ་
འདབས་སུ་བར་ཆད་སྲུང་ནས་བསྡད་བཅུག །ཁོ་རང་གིས་འོག་ཏུ་ཡོད་པའི་ལངྒ་ལི་
ཡི་སྡོང་པོ་དང་ཁོ་རང་གཉིས་ཆར་མཉམ་དུ་ལྷ་གཅིག་ལས་བསྐྱེད། བཟླས་པ་ཡུན་རིང་
བྱེད། དེ་ནས་ཚུར་ལོག་ཡོང༌། སང་ཉིན་ཡང་ཕར་འགྲོ། བཟླས་པ་དེ་ལས་རིང་ཙམ་བྱེད།
གནང་ཉིན་ཡང་དེ་ལས་རིང་བ་བྱེད། དེ་ནས་ཚེས་བཅུ་དྲུག་གམ་བཅུ་བདུན་དཀྱིལ་དེ་
བར་སླེབ་དུས་མཚན་ཐོག་མཐར་ནམ་མ་ལངས་བར་དུ་བཟླས་པ་བྱེད། དེ་ནས་ཐུང་རུ་
ཐུང་རུ་བཏང་ནས་ཚེས་ཉེར་བཞིའི་བར་དུ་འདུག་སེ་བྱེད་ཡིན་ནམ།
ཉི་ཤུ་ལྔའི་མཚན་གང་བཟླས་པ་བྱེད་རྒྱུ་ཡིན་ནམ་གཅིག་རེད། ཉི་ཤུ་ལྔའི་ཞོག་
པར་ས་དོང་ཡར་གློངས། ལངྒ་ལི་ཡི་སྡོང་པོ་ཡར་བཏོན་ཏེ་ཚུར་ཁྱེར་ཡོང༌། དེ་ནས་འགྲོ་
མ་རན་བར་དུ་བདག་འཇུག་ལེན་དཀྱིལ་འཁོར་ཡང་དགོས་མ་རེད། དཀྱིལ་འཁོར་དེ་
172
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རེད་དེ་དེར་བཙུགས། དེ་ལ་མཆོད་པ་ཕུལ། ཉིན་རེ་བདག་འཇུག་ཚར་རེ་བཏོན། ཡོ་


བྱད་ལ་མ་ཆགས་པ་བྱེད། ཅ་ལག་ཡོད་པ་དེ་ཕར་ཅད་ཚུར་ཅད་ག་འདྲས་བྱེད་དགོས་
ཀྱི་ཡོད་ན་ཆགས་ཞེན་རྩ་བ་ནས་མེད་པ་བྱེད། ཁོ་རང་ཡང་ཀུ་སུ་ལི་ཆས་སུ་ཞུགས།
ཉམས་ཆུང་བྱེད། ལངྒ་ལི་ཡི་སྡོང་པོ་དེ་དང་ཤེལ་སྒོ་གཅིག་མཉམ་དུ་མཆན་ཁུང་གཡོན་
མའི་འོགཏུ་བཅུག་ནས་ཁྱེར། ལུང་ཐག་བཏགས་ཤུབས་གཅིག་གི་ནང་ལ་བཅུག། སང་
ཉིན་འགྲོ་གྲབས་བྱེད་དུས་ཁ་གཅོད་དེ་མར་རྡབ་རྡབ་བྱེད་པར་ཡོད་རེད། ཞེ་དྲག་གི་
མངོན་ཆེན་པོ་ཡོད་ན་ཕྲན་བུའི་ཕར་དྲད་དྲད་བྱེད་གསལ་ལ་མ་གསལ་ཙེ་བྱེད། བཟླས་
པ་བྱེད་བཞིན་བྱེད་བཞིན་བུད་མེད་ཡོད་སར་འགྲོ། དེའི་ནང་ནས་ཀྱང་སྐུད་པ་འཚོང་
མཁན་བལ་ལས་བྱེད་མཁན་དེ་འདྲའི་སར་མཁའ་འགྲོ་མ་མང་པོ་ཡོང་གི་ཡོད་པ་མིན་
འགྲོ། ཤ་འཚོང་མཁན་དེ་འདྲ་ཡོད་པ་འདྲ། ཙམ་པ་འཚོང་མཁན་རྩར་མི་ཡོང་ཟེར་རེད།
གཞན་ཡང་ལམ་ཁར་བུད་མེད་སུ་ཐུག་སོང་ནའང་ཡག་པོ་གཅིག་ལྟ་དགོས་རེད། ལྟས་
ནས་གཡོན་ནས་བསྐོར་ཏེ་འགྲོ་(ཁྱེད་ལ་བདག་གི་བུ་) ཞེས་སོགས་བཏོན་ཏེ་ཕྱག་
འཚལ་དགོས་ཡག་དེ་འདྲའི་ཡོད་པ་ལྟར་བྱེད། བྲེལ་ལ་ཡོད་ན་གཡོན་བསྐོར་བྱེད་དེ་
འགྲོ། དེ་འདྲ་སེ་གནས་ངེས་མེད་བྱེད་ནས་འགྲོ་དུས། ཁོ་རང་རྗེས་སུ་འཛིན་མཁན་
མཁའ་འགྲོ་མའི་སྤྲུལ་པ་དེ་ནམ་ཞིག་ཚེ་ཐུག་གི་རེད། ཐུག་སོང་ན་དེའི་མགྲམ་པ་དེ་
བར་དགའ་ཁྱིལ་འཁོར་སྡད་ཀྱི་རེད། འཁོར་ཀྱི་འདུག་ན་ལམ་སང་ཤེལ་སྒོ་དེ་བཏོན། ཁོ་
རང་གི་གདོང་ལ་དགའ་འཁྱིལ་ཨ་འདུག་ལྟ། མི་འདུག་ན་དེ་འཕོས་པ་རེད། དེ་དུས་ཐེ་
ཚོམ་སོམ་ཉི་མ་བྱེད་པར་ང་འཁྲིད་རོགས་གྱིས་ཟེར་ནས་གསོལ་བ་བཏབ་སྟེ་ཨུ་ཚུག་
མཐར་བསྐྱལ་བྱེད་རྒྱུ་རེད། ཡང་ན་ལག་པ་འཇུས་ནས་མཁའ་སྤྱོད་ཀྱི་ཞིང་ཁམས་ནང་
ཁྲིད་ཀྱི་རེད། ཡང་ན་གཞན་གཅིག་ལ་ཁྲིད་འདི་དང་འདི་ཞེས་བྱ་བ་གྱིས་ཞེས་བསླབ་བྱ་
བྱེད། མཁའ་སྤྱོད་མའི་སྐུ་གཅིག་བསྟན་དེ་ནས་ཁྲིད་འགྲོ་གི་རེད། དེ་འདྲ་ཅིག་ཡོང་གི་
173
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རེད། བསོད་ནམས་ཆེན་པོ་ཡིན་ན་བསྒྲུབས་པ་བྱེད་དགོས་མ་རེད།
(དེ་ལྟར་ཕྱོགས་དང་ཟླ་བའི་རྣལ་འབྱོར་གྱིས། །
ནམ་ཞིག་དུས་ན་དགའ་མ་བྱི་རུའི་མདོག །
ལི་ཁྲིའི་སྐྲ་གྲོལ་དམར་སེར་མིག་གཡོ་མས། །
མངོན་སུམ་རིག་འཛིན་གྲོང་དུ་ཁྲིད་པར་ཤོག)
རྣལ་འབྱོར་བཅུ་གཅིག་ཉམས་སུ་བླང་ནས་ནམ་ཞིག་དགའ་མ་ནི་བུད་མེད་རེད། བྱུ་
རུའི་མདོག་ནི་གདོང་པ་དམར་པོ་ལི་ཁྲིའི་སྐྲ་གྲོལ་ཟེར་དུས་སྐྲ་སེར་ཤེ་ཤེ་མར་བཤིགས་
ཤག་པ་ཞིག་ལ་གོ་རྒྱུ་ཡིན་པ་རེད། དེ་འདྲའི་ཞིག་གིས་མངོན་སུམ་དུ་མཁའ་སྤྱོད་ཞིང་
དུ་ཁྲིད་པར་ཤོག་ཅེས་སྨོན་ལམ་བཏབ་པ་རེད། དེ་དབང་པོ་འབྲིང་གི་འགྲོ་སྟངས་དེ་རེད།
ད་དེ་མ་བྱུང་ན་(སིནྡྷུ་ར་ལངྒ་ལི་ཡི་སྡོང་བུར་བཅས། །རོ་གདན་གནས་སུ་བསྒྲུབས་ཤིང་
ཡུལ་ཀུན་ཏུ། །མྱུལ་བས་གང་གི་མཛོད་སྤུར་འཁྱིལ་རིས་ཅན། །འཕོས་པའི་མཛེས་མས་
མཁའ་སྤྱོད་ཁྲིད་པར་ཤོག) ཅེས་གོང་དུ་བཤད་པ་ལྟར་ལངྒ་ལི་ཡི་སྡོང་བུ་བཅས་རོ་
གདན་གནས་ཏེ་དུར་ཁྲོད་སྒང་ལ་ཚེས་བཅུ་ནས་ཉེར་ལྔའི་བར་བསྒྲུབས། རང་ཡུལ་ལ་
ཆགས་ཞེན་མེད་པ་ཡུལ་ཀུན་ཏུ་མྱུལ་བས་སྒྲུབ་པ་པོ་གང་གི་མཛོད་སྤུར་དགའ་འཁྱིལ་
དེ་གང་ལ་འཕོས་པའི་མཛེས་མ་སྟེ་བུད་མེད་དེས་མཁའ་སྤྱོད་དུ་ཁྲིད་པར་ཤོག །བྱེད་པ་
རེད།
༈ ད་འདིའི་ལྟག་མ་སྨོན་ལམ་དེ་ཚོ་ཤོད་རྒྱུ་མ་བྱུང་བ་རེད་ད་དེ་བཤད་ཀྱི་ཡིན།
(ནང་གི་རྩ་ཁམས་སོ་བདུན་ལྷར་གསལ་ཏེ།) ཟེར་ཡག་དེ་ལུས་དཀྱིལ་
རེད། རྩ་ཁམས་སོ་བདུན་ལྷ་སོ་བདུན་ལས་བསྐྱེད་པ་དེ་རེད།
(འཁོར་འདས་ཆོས་ཀུན་ཕོ་ཉ་རྣམ་གསུམ་གྱི། །
ངོ་བོར་སྟིམས་ལ།)
174
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཞེས་པ་ནི་ཡེ་ཤེས་པ་ཕོ་ཉ་གསུམ་བསྲེ་བ་དེ་རེད། འཁོར་བ་དང་མྱ་ངན་འདས་
པའི་ཆོས་ཟེར་དུས་ལྷན་སྐྱེས་ཀྱི་ཕོ་ཉ་དེ་སངས་རྒྱས་རེད། ཕོ་ཉ་ཐ་མ་དེ་ཚོ་འཁོར་བ་
པ་རེད། ཆོས་ཀུན་ཞེས་པ་ནི་ཆོས་ཀུན་དག་པ་ལ་བསྒྱུར་ནས་ཚུར་སྟིམས། ཕོ་ཉ་རྣམ་
གསུམ་ཞེས་པ་སྟེ་འགྲོ་བ་ཚང་མ་མཁའ་སྤྱོད་མ་ལ་བསྒྱུར་ནས་སྟིམས་ཡག་དེ་རེད།
(སྔགས་ཡིག་གོ་བགོས་པས་) ཞེས་པ་སྟེ་ཨོཾ་བཾ་ཧཾ་ཡོཾ་ཧྲིཾ་མོཾ་ཞེས་སོགས་སྔགས་ཀྱི་གོ་
ཆ་བགོ་བ་དེ་རེད། དེ་ལ་བརྟེན་ནས་
(ཕྱི་ནང་བགེགས་ཀྱིས་གཡོ་བ་མེད་པར་ཤོག)
དེ་རེད། (ཆོས་འཁོར་སྤྲུལ་པའི་འཁོར་ལོའ ་ི སྔགས་འཁོར།) ཞེས་པ་བཟླས་པ་འགོར་
སླེབ་པ་རེད། དབང་བསྐུར་རྒྱས་བཏབ་དེ་ནང་མ་སླེབ་པ་རེད། ་བཟླས་པ་བྱེད་ཡག་དེ་
ཆོས་འཁོར་ཞེས་པ་སྟེ་སྙིང་ག་རེད། སྤྲུལ་པའི་འཁོར་ལོ་ལྟེ་བ་རེད། སྙིང་ཁར་སྔགས་
ཕྲེང་བཀོད་ནས་ངག་བཟླས་བྱེད། ཆོས་འབྱུང་མ་གཏོགས་པའི་ལྟེ་བའམ་གསང་གནས་
སུ་བཀོད་ནས་ཡིད་བཟླས་བྱེད།
(ཆོས་འཁོར་སྤྲུལ་པའི་འཁོར་ལོའ ་ི སྔགས་འཁོར་ལ། །
རྩེ་གཅིག་དམིགས་པའི་ངག་ཡིད་བཟླས་པ་དང༌།།)
ཞེས་ངག་བཟླས་ཡིད་བཟླས་གཉིས་བྱེད།
(ཞར་བྱུང་རྫོགས་རིམ་ཟུང་གི་ཕོ་ཉ་ཡིས།།)
ཞེས་པས་ཞར་བྱུང་རྫོགས་རིམ་གཉིས་རེད། ཟུང་ཞེས་པ་གཉིས་རེད། (ཞར་བྱུང་
རྫོགས་རིམ་བསྒོམས་པ་ལ་བརྟེན་ནས་རྫོགས་རིམ་དེ་མགྱོགས་པོ་ཐོབ་པའམ་སྐྱེ་བ་
ཡིན་ཙང་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་དེ་མགྱོགས་པོ་སྐྱེས་ཀྱི་ཡོད་རེད་བྱེད་ཙང་ལྷན་
སྐྱེས་བདེ་སྟོང་ཡེ་ཤེས་འདྲེན་པར་ཤོག) ཅེས་སྨོན་པ་རེད། ཞར་བྱུང་རྫོགས་རིམ་ཡོད་
མཁན་རྣལ་འབྱོར་མ་རེད། བདེ་མཆོག་ལུས་དཀྱིལ་ལ་གཅིག་ཡོད་རེད། མ་གཏོགས་
175
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གཞན་དག་ལ་ཡོད་མ་རེད།
(བཾ་ཡིག་སྔགས་ཕྲེང་ལས་སྤྲོས་འོད་ཞགས་ཀྱིས།།)
ཞེས་སོགས་ཚིགས་བཅད་དེ་བསམ་མི་ཁྱབ་རེད། བཾ་ཡིག་སྔགས་ཕྲེང་ལས་སྤྲོས་པའི་
འོད་ཟེར་ཀྱི་ཞགས་པས་
(ཁམས་གསུམ་ཐམས་ཅད་འོད་ཞུ་རང་ལ་ཐིམ།།) གཟུགས་མེད་ཁམས་
འོད་སྔོ་པོ་གཟུགས་ཁམས་འོད་དམར་པོ་འདོད་ཁམས་འོད་དཀར་པོའ ་ི རྣམ་པར་གྱུར་
ནས་རང་ལ་ཐིམ།
(རང་ཡང་རིམ་གྱིས་སྟོང་པར་ཐིམས་པ་ལས།།)
ཞེས་པས་རང་ཡང་སྟོང་པར་གྱུར་ནས་སྟོང་པ་རེད་འགྲོ་དུས་
(སེམས་ཉིད་བདེ་སྟོང་དབྱིངས་སུ་གནས་པར་ཤོག)
ཅེས་པས་སྟོང་པའི་ངང་དེར་སེམས་ཀྱི་བདེ་སྟོང་བསྒོམས་དགོས་པ་རེད།
(དེ་ལས་གོ་ཆས་མཚན་པའི་ལྷར་བཞེངས་ནས།།)
ཞེས་སོགས་ཐུན་མཚམས་ཀྱི་རྣལ་འབྱོར་རེད། གོ་ཆས་མཚན་པའི་ལྷར་བཞེངས་པ་ནི་
གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ལྟེ་བར་ཨོཾ་བཾ་དམར་མོ་རྡོ་རྗེ་ཕག་མོ་
སོགས་གོ་ཆ་བཀོད་དེ་གོ་ཆས་མཚན་པའི་ལྷར་བཞེངས་ནས་
(ཚམས་རྔམ་སྒྲ་ཡིས་བར་ཆད་ཀུན་བསྲུངས་ཤིང༌།།)
ཞེས་པ་ཚམས་རྔམ་སྒྲ་ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཞེས་སོགས་བརྗོད་ཡག་དེ་རེད།
(གང་ཤར་ལྷ་ཡི་གསང་གསུམ་དུ་འཆར་བའི།།)
ཞེས་པ་གང་སྣང་ལྷའི་རྣམ་རོལ་དུ་འཆར་དགོས་ཡགབསྐྱེད་རིམ་གྱིས་ལག་རྗེས་རེད།
གང་སྣང་བདེ་སྟོང་གི་རྣམ་རོལ་དུ་འཆར་དགོས་ཡག་རྫོགས་རིམ་གྱི་ལག་རྗེས་རེད།
(སྤྱོད་ལམ་ཡན་ལག་དང་བཅས་མཐར་ཕྱིན་ཤོག)
176
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཞེས་པ་ནི་སྤྱོད་ལམ་གྱི་རྣལ་འབྱོར་དེ་ལ་འཁྱེར་སོ་གསུམ་རེད། གང་སྣང་སྐུ་ཡི་ཁྱེར་
སོ། སྒྲ་སྒྲགས་གསུང་གི་ཁྱེར་སོ། དྲན་རྟོགས་ཐུགས་ཀྱི་ཁྱེར་སོ། ཐུན་མཚམས་སུ་
མིག་ས་ཡག་ངན་སུ་འདྲ་གཅིགམཐོང་སོང་ནའང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་
ཡི་རྣམ་རོལ་བསམ་པ་བྱེད། རྣ་བས་སྒྲ་ག་འདྲས་ཞིག་ཐོས་སོང་ནའང་མེ་སྒྲ་ཆུ་སྒྲ་རླུང་
སྒྲ་དེ་མ་ཡིན་པ་ཚིག་རྩུབ་སྨྲ་བའི་སྒྲ་ཡིན་ནའང་འདྲ་ག་འདྲས་ཤིག་ཐོས་སོང་ནའང་རྗེ་
བཙུན་མའི་གསུང་གི་རྣམ་རོལ་ཨོཾ་གསུམ་མའི་རང་མདངས་ཡིན་བསམ་པ་བྱེད། རང་
སེམས་ལ་དྲན་རྟོག་དགེ་མི་དགེ་ལུང་མ་བསྟན་སེམས་ག་འདྲས་ཤིགསྐྱེས་སོང་ནའང་
རྗེ་བཙུན་མའི་ཐུགས་ཡིན་བསམ་པ་བྱེད། དེ་ལྟ་བུས་འཁྱེར་སོ་གསུམ་པོ་དེ་སྤྱོད་ལམ་
གྱི་རྣལ་འབྱོར་དངོས་དེ་རེད། དེ་ལ་ཡན་ལག་ལྔ་ཡོད་རེད། ཁྲུས་ཀྱི་རྣལ་འབྱོར། ཁ་
ཟས་ཀྱི་རྣལ་འབྱོར། ཁྲུས་ཀྱི་རྣལ་འབྱོར་སྒང་ལ་ཞོག་པ་ཁྲུས་བྱེད་དུས་དབང་ལྷ་སྤྱན་
དྲངས་དེ་རྣམས་ཀྱིས་དབང་བསྐུར། ཁ་ཟས་ཟ་དུས་ཁ་ཟས་སྦྱིན་སྲེག་གི་ཚུལ་དུ་ལོངས་
སྤྱོད་དེ་ཟ། ཚེས་བཅུའི་རྣལ་འབྱོར་བྱེད་ཡག །གཏོར་མའི་རྣལ་འབྱོར་གཏོར་མ་ཕུལ་
ཡག །སྦྱིན་སྲེག་གི་རྣལ་འབྱོར་བྱེད། ཕྱི་རོལ་མཆོད་པ་བྱེད། གཡོན་པའི་ཀུན་སྤྱོད་
དེ་ཐུན་མཚམས་ཀྱི་གཙོ་བོ་གཅིག་རེད། གཡོན་པའི་ཀུན་སྤྱོད་དེ་ཡག་པོ་ཐུབ་ན་ངེས་
པར་དུ་དགོས་ཡག་གཅིག་རེད། གཡོན་ལ་བརྟེན་ནས་གཡས་པ་འབྱུང་ཟེར་ཡག་དེ་
རེད། གཡོན་པས་ཟ་ཞིང་གཡོན་པས་མཆོད་ཟེར་ཡག་འདྲ་པོ་དེ་འདྲའི་ཡིན་ཙང་ཁ་
ལག་ཟ་དུས་གཡོན་པས་ཟ་དགོས་ཡག་འདྲ་པོ། སྐད་ཆ་ཤོད་ན་གཡོན་པས་ཤོད་དགོས་
ཡག་འདྲ་པོ། བརྡ་བྱེད་ན་གཡོན་པས་བྱེད་ནས་ཤོད་དགོས་ཡག་འདྲ་པོ། མཆོད་པ་
ལག་མཆོད་དེ་གཙོ་བོ་རེད། ལམ་མཆོད་མ་བྱུང་ནའང་གཡོན་པས་ལས་ཀ་གང་བྱེད་
པ་དེ་གཡོན་པའི་ཀུན་སྤྱོད་ཡིན། འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་དམ་ཚིག་ཡིན་བསམ་
དྲན་ནས་གཡོན་པའི་ཀུན་སྤྱོད་བྱེད་ཀྱི་ཡིན་ན། ཡུལ་ཉེར་བཞི་ན་ཡོད་པའི་དཔའ་བོ་
177
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དཔའ་མོ་དེ་ཚོས་རང་ཉིད་ཀྱི་བསྒྲུབས་པ་པོ་ཡིན་པ་མཐོང་ནས་ཐག་རིང་པོ་ནས་ཡིད་
ལྟར་མྱུར་བའི་ཤུགས་ཀྱིས་བྱོན་ནས་བྱིན་གྱིས་བརླབས་གྲོགས་མཛད་དེ་འདྲ་བྱེད་ཀྱི་
ཡོད་རེད། དེ་རེད་
(སྤྱོད་ལམ་ཡིན་ལག་དང་བཅས་མཐར་ཕྱིན་ཤོག)
(དེ་ལྟར་ཕྱོགས་དང་ཟླ་བའི་རྣལ་འབྱོར་གྱིས།)
ཕྱོགས་ནི་བཅུ་རེད་ཟླ་བ་ནི་གཅིག་རེད། དེ་ལྟ་བུའི་རྣལ་འབྱོར་བཅུ་གཅིག་ཉམས་སུ་
བླང་པ་ལ་བརྟེན་ནས་ནམ་ཞིག་ཚེ། བར་སྐབས་གཅིག་ལ་རང་རྗེས་སུ་འཛིན་མཁན་
དགའ་མ་བྱི་རུས་མདོག་ཅན་གདོང་པ་དམར་པོ་ལི་ཁྲིའི་སྐྲ་གྲོལ་དམར་སེར་མིག་གཡོ་
མས། དེ་འདྲའི་གཅིག་དང་ཕྲད་ནས་མངོན་སུམ་དུ་རིན་འཛིན་གྲོང་དུ་ཁྲིད་པར་ཤོག།
དེ་འདྲ་མ་བྱུང་ན་དབང་པོ་འབྲིང་ཡིན་པ་ཐག་ཆོད་སིནྡྷུ་ར་ལངྒ་ལི་ཡི་སྡོང་བུར་བཅས།
།སྡོང་བུར་བཅས་དུར་ཁྲོད་སྒང་དུ་ཉིན་ཞག་བཅོ་ལྔ་བར་བསྒྲུབས། དེ་ནས་ལུང་པ་ངེས་
མེད་དུ་ཕྱིན་ཏེ་རང་གི་གདོང་པར་དགའ་འཁྱིལ་རིས་མོ་དེ་སུའི་གདོང་ལ་འཕོས་པའི་
མཛེས་མ་དེས་མཁའ་སྤྱོད་དུ་ཁྲིད་པར་ཤོག་ཞེས་པ་དེ་རེད།
(གལ་ཏེ་ཚེ་འདིར་གྲོལ་བར་མ་གྱུར་ཀྱང༌།།)
ཞེས་པ་ད་དུང་གྲོལ་ཐུབ་ཀྱི་མི་འདུག་ན་ལེ་ལོའམ་སྒྱིད་ལུག་བྱེད་རྒྱུ་ཡོད་མ་རེད་ད་
དུང་ཡོང་བ་མི་འདུགབསམ་དྲན་རྒྱུ་ཡོད་མ་རེད། སོ་སོའ ་ི བསོད་ནམས་ཀྱིས་མ་ཆོག་
པ་མ་གཏོགས་ཡི་དམ་དང་གདམས་ངག་ལ་བསླུ་བ་ཡོད་མ་རེད། ད་དུང་ཡང་དད་པ་
དང་བརྩོན་འགྲུས་ཆེ་རུ་བཏང་ནས་ཉམས་ལེན་ཡག་པོ་བྱེད་ན་྄
(སྒོམ་བཟླས་སོགས་ལ་རྩེ་གཅིག་འབད་པའི་མཐུས། །
བར་དོའ ་ི གནས་སམ་རིང་མིན་སྐྱེ་བ་རུ། །
མཁའ་སྤྱོད་དགའ་མས་རྗེས་སུ་འཛིན་པར་ཤོག)
178
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཞེས་པ་ཤི་ནས་བར་དོར་སླེབསོང་ན་བསུ་སར་ཡོང་གི་རེད། ཤིང་གི་ཁྲི་ཐོག་ལ་བཞག་
གདུགས་དང་རྒྱལ་མཚན་དང་བ་དན་རོལ་མོ་སིལ་སྙན་དང་མེ་ཏོག་སོགས་དེ་འདྲའི་
མཆོད་པ་འུར་ཆེམས་ཆེམས་བྱེད་ནས་མཁའ་སྤྱོད་ཀྱི་ཞིང་ཁམས་ན་ཁྲིད་འགྲོ་གྱི་རེད།
བླ་མ་གཅིག་གི་དུ་ཁུང་ནང་ནས་བྱུ་རུའི་སྐས་འཛག་གཅིག་བཙུགས་ཡོང་བ་རེད་ཁྱེད་
རང་འདི་ནས་ཡར་ཤོག་ཟེར་བ་རེད། འདི་བར་ཆད་ཡིན་འགྲོ་བསམ་བྱེད་མ་ཕེབས་པ་
རེད་སྐས་འཛག་དེ་ཡར་ཐེན་ནས་མར་སྐད་ཆ་བཤད་དེ་ད་རེས་ཁྱེད་རང་ཤོག་ཟེར་དུས་
མ་ཡོང་པ་བྱས་ད་སྐུ་ཚེ་དེ་ལ་གདན་འདྲེན་ཞུས་རྒྱུ་རེད་མ་སོང༌། བར་དོར་ངེས་པར་དུ་
བསུ་ས་སླེབ་ཡོང་ཨ། ཟེར་ནས་ཕྱིན་པ་རེད་སྐུ་ཚེ་དེ་ལ་ཕེབས་མ་ཐུབ་པ་རེད།
ཡིན་ནའང་བར་ཆད་དང་དེ་ཚོ་དཔྱད་པ་གྲུང་པོ་བྱེད་དགོས། གཅིག་གིས་ཐུན་སྡད་
དུས་དུ་ཁུང་ནང་ནས་མར་གྲོད་པ་གཅིག་ཐག་པ་བཏག་ནས་བཏང་ཡོང་པ་རེད། འདི་
ལ་གྲི་གཅིག་བཙུག་དགོས་ཀྱི་མིན་འགྲོ་བསམ་ཡང་མི་ཉན་ག་རེ་ཡིན་མི་ཤེས་བསམ་
བྱེད། ཡང་སང་ཉིན་བཏང་ཡོང་གི་ཡོད་རེད་ཁོང་གིས་བླ་མ་ལ་དྲིས་པ་རེད། གྲི་མ་
བཙུགས་ཁྱེད་ཀྱིས་སོལ་ལ་གཅིག་ཉར་སྡོད། ཁོས་གྲོད་པ་དེ་བཏང་སོང་ན་རི་མོ་ཡག་
པོ་གཅིག་བྲིས་སང་ཉིན་ནམ་ལངས་སོང་ན་ཁྱེད་རང་གི་གྲོད་འཁོགས་ལ་གཅིག་ལྟོས་
དང་གསུངས་པ་རེད། དེའི་དགོང་མོར་ཁོས་གྲོད་པ་དེ་ལ་སོལ་ལའི་རི་མོ་མང་པོ་རྒྱབ།
སང་ཉིན་ཁོ་རང་གི་གྲོད་པ་ལ་ལྟ་དུས་རི་མོ་ཚང་མ་ཁོ་རང་གི་གྲོད་པ་སྒང་ལ་སླེབསྡད་
ཡོད་རེད། གྲི་བཙུགས་ན་ཁོ་རང་ལ་བཙུག་རྒྱུ་ཡིན་པ་འདྲ་འདུག ། དེ་འདྲའི་བར་ཆད་
ཡོང་རྒྱུ་ཡང་ཡོད་རེད། དེ་འདྲ་ཡིན་ཙང་དཔྱད་པ་གྲུང་པོ་དགོས། རྟ་ཕུ་རྡོ་རྗེ་འཆང་ལ་
ཞོག་པ་སྔ་པོ་ཞིག་ལ་བུ་གཅིག་དང་བུ་མོ་གཅིག་གིས་འདི་ནས་ཡར་ཕེབས་ཟེར་བ་
རེད། ཡར་བཞེངས་པ་དེ་མ་ཐག་ཏུ་ཐོག་ཁའམ་དེར་སླེབ་པ་རེད། སེངྒེ་ཞོན་བཅུག་པ་
རེད། གཅིག་གིས་ཁྲིད་གཅིག་གིས་དེད། འཁྱུག་ཙམ་གཅིག་ལ་རི་བོ་པོ་ཏ་ལར་ཁྲིད་
179
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

སོང་བ་རེད། རྗེ་བཙུན་སྒྲོལ་མ་དང་སྤྱན་རས་གཟིགས་རེད། ལུང་བསྟན་བྱི་བ་ཟེར་


ཡག་དེ་དེ་ནས་བྱུང་བ་རེད། འོ་ད་དྲན་ཚད་བཤད་སྡད་ན་བཤད་ཚར་ཡག་ཡོད་མ་རེད་
ཡག །ད་ཡིན་ནའང་བསྒྲུབས་པ་ཉམས་ལེན་ཡག་པོ་བྱེད། ཕྱག་མཆོད་སྒྲིབ་སྦྱོང་ཡག་
པོ་བྱས་རྒན་གོག་ཆགས་སོང་དུས་ངས་ཟེར་ཟེར་འདྲ་པོ་རེད། སྐྲ་དེ་དགོས་པ་ཡོད་མ་
རེད་ཕར་བྲེགས་བཞག་གི་ཡིན་ན་ཡང་སིང་སིང་ཡག་པོ་གཅིག་བྱེད་ན་དགའ་བ་མིན་
འགྲོ་བསམ་གྱི་འདུག། བསམ་བློ་བཏང་དཀའ་ལས་ནི་རྒྱབ་དགོས་མ་རེད་དེ་ཚོ་ཐུགས་
ལ་བཞག། གཙོ་བོ་ནི་རྒྱས་བསྡུས་ག་རེ་འདོན་ཐུབ་ཐུབ་གཅིག་བྱས་ཐུན་མཚམས་ཀྱི་
ཉམས་ལེན་ཚེས་བཅུ་དེ་ཚོ་མ་ཆད་པ་ཨ་ཐུབ་མི་ཐུབ་ལྟ། མཁའ་སྤྱོད་ཀྱི་ཞིང་ཁམས་
ན་སླེབ་ཡག་གི་སྨོན་ལམ་རྒྱབ་དེ་འདྲའི་བྱེད། བརྩོན་འགྲུས་ཏལ་ཙམ་བརྩོན་ན་རང་ལ་
རང་གཅེས་པ་རེད།
(བདག་ཉིད་བདག་གི་མགོན་ཡིན་གྱི། །
གཞན་ནི་སུ་ཞིག་མགོན་དུ་གྱུར།།)
རང་མགོ་རང་གིས་བཏོན་དགོས་པ་རེད་མ་གཏོགས་གཞན་དག་སུ་ཡིས་བཏོན་གྱི་
རེད་གསུངས་པ་རེད། ད་ཁ་སང་ཕལ་ཆེར་རགས་རིམ་ཙམ་གྱིས་བསྐྱེད་རིམ་རྫོགས་
པ་འདྲ་པོ་རེད། ཡིན་ནའང་བསྐྱེད་རིམ་ཐུན་མཚམས་རྣལ་འབྱོར་གཙོ་བོ་དེ་སྤྱོད་ལམ་
གྱི་རྣལ་འབྱོར་ཟེར་ཡག་དེ་རེད། སྤྱོད་ལམ་གྱི་རྣལ་འབྱོར་གཙོ་བོ་དེ་འཁྱེར་སོ་གསུམ་
གྱི་རྣལ་འབྱོར་དེ་རེད་སྒྲ་གྲགས་གསུང་གི་འཁྱེར་སོ། གང་སྣང་སྐུའི་འཁྱེར་སོ། དྲན་
རྟོགས་ཐུགས་ཀྱི་འཁྱེར་སོ་གསུམ་པོ་དེ་རྣལ་འབྱོར་མ་ལ་རེད། ཡི་དམ་གཞན་པ་ཚོ་ལ་
རེད། སུ་ལ་ཡིན་ནའང་གཅིག་པ་རེད། འོ་དེ་གཙོ་བོ་བྱེད་དགོས་རེད་རྣལ་འབྱོར་གྱི་ཡན་
ལག་དེ་ལ་ཡན་ལག་ལྔ་ཡོད་རེད་ཡན་ལག་ལྔའི་ནང་ནས་གཞན་པ་ཚོ་ཕལ་ཆེར་འགྲིག་
གི་ཡོད་རེད། དེ་ད་ལག་མཆོད་དེ་ཞུས་རྒྱུ་མ་བྱུང་བ་རེད་ལག་མཆོད་ལྟེ་བ་རྣལ་འབྱོར་
180
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

མའི་ལག་མཆོད་དེ་འདོན་པ་ཁག་ཁག་ཡོད་རེད། ཁྲིད་བྱེད་ན་ནི་འཁྲིད་ལག་འཁྲིད་ཡིན་
པ་རེད། བདེ་མཆོག་ལ་ལག་མཆོད་ལག་འཁྲིད་རེད། བྱེད་ཙང་བླ་མ་དང་མཉམ་དུ་བྱེད་
ནས་ཁྲིད་དགོས་ཡག་གཅིག་རེད། དེ་ཡིན་ཙང་རྣལ་འབྱོར་མའི་ལག་འཁྲིད་ངས་ཞུ་རྒྱུ་
མ་བྱུང༌། ངས་བདེ་མཆོག་ལག་འཁྲིད་ཞུས་པ་ཡིན། ཡིན་ནའང་ལག་མཆོད་བྱེད་ཀྱི་
ཡིན་ན་ལག་མཆོད་གཅིག་པ་ཡིན་ཙང་འདོན་པ་ཁོ་རང་བཏོན་ནས་བྱེད་ཆོག་པ་རེད།
གྲུ་གསུམ་མཆོད་པ་དེའང་དཔེ་ཆ་ཁོ་རང་རག་བྱུང་ན་ཧ་གོ་ཡི་རེད། གྲུ་གསུམ་མཆོད་
པ། ཆོས་འབྱུང་མཆོད་པ། ཕྱི་རོལ་མཆོད་པ། ཚེས་བཅུའི་མཆོད་པ་སོགས་དེ་འདྲ་
ཡོད་རེད། ད་འདི་ལ་ཕྱི་རོལ་མཆོད་པ་གསུངས་མི་འདུག། གཏོར་མའི་རྣལ་འབྱོར་དེ་
གལ་ཆེན་པོ་རེད། གཏོར་མ་དངོས་གྲུབ་སྒྲུབ་པའི་རྟེན་ཡིན་ཟེར་བ་རེད།
(སྨྱོས་བྱེད་གཏོར་མ་མེད་པར་ནི། །
བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ།།)
གསུངས་ཡོད་རེད། གཏོར་མའི་རྒྱུ་གཙོ་བོ་དེ་ལ་ཤ་དང་ཆང་གཉིས་ངེས་པར་དགོས་
རེད།(སྨྱོས་བྱེད་གཏོར་མ་མེད་པར་ནི།།) མྱོས་བྱེད་ཆང་རེད། ང་ཚོས་གཏོར་མ་བཟོས་
དུས་ཆང་ཆུ་ནང་མཆོད་གསུམ་བྲན་དགོས་ཡག་དེ་དེ་རེད། གཏོར་མ་བཤམས་ནས་
ཆང་བསྲེས་རྒྱུ་མ་བྱུན་ན་རྩ་ཀུ་ཤས་ཆང་གཏོར་ཡག་དེ་གཏོར་རྫས་རེད། ཆུ་གཏོར་
བའམ་བྲན་དགོས་ཡག་དེ་གཏོར་མ་ཕུལ་བའི་སྐབས་དུས་བསྐམས་གཏོར་མི་རུང་བ་
རེད། ལུགས་སྲོལ་དེ་རྒྱ་གར་ལ་ཁ་ལག་ཟ་དུས་ཆུ་འཐུང་གི་ཡོད་པ་རེད། དེའི་ལུགས་
སྲོལ་བྱེད་པ་རེད། མཆོད་པ་ཕུལ་ཡག་དེ་སངས་རྒྱས་ལ་ཟས་ཀྱི་བཀྲེས་སྐོམ་གྱིས་
སྡུག་བསྔལ་མེད་པ་ཡིན་ཙང་ལུང་པ་ཁོ་རང་ནང་སངས་རྒྱས་ཀྱིས་ཆོས་འཁོར་སྐོར་
དུས་མཆོད་པ་ཕུལ་སྟངས་མ་ཤེས་པ་སངས་རྒྱས་ལ་བསྙེན་བཀུར་བསྐུར་སྟི་ག་འདྲས་
སེ་ཞུས་དགོས་པ་རེད་ཅེས་ཞུས་པ་ན། ཁྱེད་རང་ཚོས་ཡུལ་ཀྱི་རྒྱལ་པོ་ལ་ཞུས་པ་ནང་
181
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བཞིན་གྱིས་གསུངས་ཡོད་རེད། རྒྱལ་པོ་གདན་འདྲེན་ཞུས་དུས་ཕྱི་ལོགས་ནས་ཕེབས་
བྱས་སྐུ་མཉེལ་བསྡད་ཡོད་པ་ཡིན་ཙང་ལམ་སང་ཆུ་གྲང་མོ་གཅིག་གིས་སྐུ་གཟུགས་
ཁྲུས། བྱས་ཙང་མཆོད་པ་དང་པོ་ཨ຋ཾ་ཕུལ་ཡག་དེ་རེད། དེ་ནས་བཞུགས་གདན་ལ་
མ་འཁོད་གོང་ཞབས་བཏེགས་སྒང་ལ་བཞུགས་ནས་ཞབས་ཁྲུས་ཀྱི་ཡོད་ཙང་མཆོད་པ་
ཞབས་བསིལ་ཕུལ་ཡག་དེ་རེད། དེ་ནས་བཞུགས་གདན་ལ་འཁོད་སོང་ན་སྐུ་མདུན་དེ་
བར་མེ་ཏོག་སྒྲིགས་ཀྱི་ཡོད་ཙང་མཆོད་པ་མེ་ཏོག་སྒྲིག་ཡག་དེ་རེད། དེ་ནས་དྲི་བཟང་
པོའ ་ི སྤོས་སྤར། ནག་ཁུང་ནང་མ་བཞག་པར། སྣང་བ་གསལ་བྱེད་མཆོད་མེ་དེ་འདྲ་སྤར།
དེ་ནས་ཙནྡ་གྱི་དྲི་ཞིམ་པོའ ་ི ཆུ་ཐུགས་ཀར་བྱུགས། དེ་ནས་དྲི་མ་ཞིམ་པོ་དེ་འདྲ་དེང་
སང་ཅི་བྱུག་ཡག་ཡོད་རེད་སྔོན་མ་ཡིན་ན་ཙནྡན་གྱི་ཆུ་རེད་ཙནྡན་རྡོག་རྡོག་གཅིག་
ཆུའི་ནང་དུ་མར་བཅུག་རྡོ་གཞོང་ནང་བརྡར་ནས་ཐུགས་ཀར་བྱུགས་ཤག་དུས་དྲི་ཞིམ་
པོ་བྱེད། ཙནྡན་བསིལ་སྨན་ཡིན་ཟེར་ནས་ཚ་བ་ལ་ཕན་གྱི་ཡོད་རེད། དེ་ནས་ཞལ་ལག་
ཕུལ། རྒྱལ་པོ་ལ་ཞལ་ལག་ཕུལ་དུས་སྒང་ལ་མ་གི་ནས་ཡར་རོལ་ཆ་པི་ཝཾ་གླིང་བུ་རྔ་
ཟླུམ་རྫ་རྔ་ཟེར་ཡག་འདྲ་པོ་རོལ་མོ་སྙན་པོ་དེ་འདྲ་ཕུལ་གྱི་ཡོད་ཙང་མཆོད་པ་དྷུ་པེ་ནས་
ཤཔྟའི་བར་ཕུལ་ཡག་དེ་རེད།
དེང་སང་ང་ཚོས་བླ་མ་མཁན་པོ་ཁྲི་འདོན་འདྲ་པོ་དང༌། ལོ་གསར་སྐབས་
ཚོགས་ལ་གསོལ་ཇ་བཞེས་འབྲས་ཕུལ་དུས་ཐོག་ཁ་ནས་དུང་རྒྱ་བཏང་ཡོང་དེ་ཚོ་རོལ་
མོའ ་ི མཆོད་པ་རྒྱས་བསྡུས་ཙམ་མ་གཏོགས་ལུགས་སྲོལ་དེ་འདྲ་ཡིན་པ་རེད། སངས་
རྒྱས་ལ་མཆོད་དགོས་ཡག་དང་བཀྲེས་སྐོམ་སེལ་དགོས་ཡག་གང་ཡང་ཡོད་མ་རེད་
དེ། ང་རང་ཚོའི་ངོས་ནས་གཟབ་གཟབ་གང་བྱེད་རྒྱུ་ཡོད་ཡོད་བྱེད་དགོས་པ་ཡིན་དུས།
གཏོར་མ་ཕུལ་དུས་གཏོར་མའི་རྒྱུ་དེ་ལ་ཡོད་ན་མེད་ན་དམ་རྫས་ཀྱི་རྒྱུ་ཆང་དེ་བྱེད་ཀྱི་
ཡོད་རེད། བླ་མེད་ཀྱི་སྐབས་སུ་ཤ་ལྔ་དང་བདུད་རྩི་ལྔ་རེད། གཏོར་མ་དེ་རྒྱ་གར་བའི་
182
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ལུགས་སྲོལ་བྱེད་ན་ཙོག་ཙོག་བཟོ་དགོས་མ་རེད། འབྲས་ཆན་དང་འཁུར་ར་དང་ཤ་
ཆེན་དང་ཉ་ཤ་དང་ཆན་ཐུག་དང་དེ་འདྲ་རེད། འབྲས་བཙོས་པ་བླུགས་ཟུར་གཅིག་ལ་
ཤ་བཙོས་ནས་བླུགས། རུས་པ་ཡོད་བསྡད་པ་ཤ་མ་རུས་དེ་འདྲ་ཀྱང་བླུགས། སྔོ་ཚོད་
བཅས་དེ་ཚོ་བླུགས་ནས་ཕུལ་རྒྱུ་རེད།
བོད་ནང་བླ་མ་ཚོས་མཆོད་པ་ལ་བཟོ་ལྟ་བཏོན་བྱེད། ཞི་བ་ལ་དཀར་པོ། རྒྱས་
པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་དབྱིབས་ཀྱི་ཁྱད་པར་ཟླུམ་པོ་གྲུ་གསུམ་
ཤ་གཟུགས་མ་སོགས་དེ་འདྲ་གཏོར་མའི་བཟོ་ལྟ་ལ་ལྟས་ནའང་ཞི་རྒྱས་དབང་དྲག་
གི་དངོས་གྲུབ་བསྒྲུབས་ཡག་གི་རྟེན་འབྲེལ་བྱུང་ཡག་འདྲ་པོ། གཏོར་མ་དེ་ལ་དཀར་
བརྒྱན་རྒྱབ་ཡག་དེ་བོད་ཀྱི་ཞལ་ལག་དེ་པག་རེད། པག་འདྲེས་དེ་མར་རེད། ཞལ་
ལགདྲངས་དུས་ཟན་སྒང་ལ་མར་ཤག་ནས་དྲངས་དགོས་རེད། མར་དང་ཟན་གཉིས་
མཉམ་དུ་མཆོད་པ་རེད། སྔོན་མའི་ལུགས་སྲོལ་དེ་རེད། དེང་སང་ཡང་རྟེན་འབྲེལ་ཆེན་
པོ་བྱེད་དུས་མར་ཟན་དྲངས་དགོས་ཡོང༌། ཡང་རྒྱས་པོ་བྱེད་དུས་ཤ་བཙོས་དཀར་
ཤ་ནག་ཤ་ཟེར་ཡག་འདྲ་པོ་དེ་ཚོ་སྔོན་མ་ནས་ཡོད་པ་ཡིན་འགྲོ། མར་ཟན་ཕུལ་སྡད་
དགོས་ཡག་དེ་བཀའ་གདམས་པའི་བླ་མ་ཚོས་ཞལ་ལག་མར་ཟན་ཤ་སྟག་མ་གཏོགས་
ཤ་དང་སྒོག་ཙོང་ལ་ཕུག་དེ་ཚོ་མཆོད་པ་མ་རེད་ཙམ་པ་དང་གསོལ་ཇ་བྱེད་དེ་རང་རེད།
ཇོ་བོ་རྗེ་ཕེབས་དུས་ཀྱང་མཆོད་ཡག་དེ་དེ་རེད། ཇོ་བོ་རྗེ་དེ་ནས་ཕེབས་ཡོང་དུས་མི་
ཚང་གཅིག་གིས་ཞལ་ལག་གདན་འདྲེན་ཞུས་སྐབས་དེ་རིང་ང་ལ་འགྲུལ་པའི་སྐལ་ལ་
དགོས་ཡོད་གསུངས་བྱས་སྐལ་ལ་གཉིས་ལེན་པ་རེད། འབྲོམ་སྟོན་པ་ཕེབས་ཡོང་
གི་ཡོད་པ་ཡིན་པ་རེད། བྱས་ཙང་ཟན་རྡོག་རྡོག་གཉིས་མར་གྲུ་བཞི་གཉིས་བཞེས་རྗེ་
བཙུན་སྒྲོལ་མས་ཨུ་པ་སི་ཀ་དེ་རིང་ཡོང་བ་ཡོད་གསུངས་ནས་ལུང་བསྟན་གནང་ཡོད་
པ་རེད། ཁོང་གིས་ག་དུས་སླེབས་ཡོང་དགོངས་ནས་སྒུག་བཞུགས་ཀྱང་ཞལ་ལག་གོང་
183
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཕེབས་མ་ཐུབ་པ་ཡིན་ཙང་འབྲོམ་གྱི་སྐལ་ལ་དེ་གཟན་གྱི་ཟུར་དུ་བསྒྲིལ་བྱས་བསྣམས་
ཕེབས་པ་རེད།
[སྒྲ་འཁོར་དགུ་པ།]

ཇོ་བོ་རྗེ་མི་ཚང་གཅིག་ནང་ཕེབས་སོང་ཟེར་དུས་ལམ་སང་དེད་འགྲོ་བ་རེད་
ཏལ་ཙེ་སྒུག་ཚུར་ཕེབས་གྲབས་ཡོད་རེད་ཟེར་ནའང་མིན་ང་བླ་མ་མཇལ་ཡག་ལ་སྐད་
ཅིག་གཅིག་ཡིན་ནའང་སྔ་ཕྱིའི་རིམ་པ་ཁྱད་ཡོད་བྱས་ཕར་རྒྱུག་སོང་བས་ཕེབས་ལམ་
ལ་མཇལ་བ་རེད། ཨུ་པ་སི་ཀ་ཡོང་པས་ངས་ཁྱེད་རང་གི་སྐལ་ལ་འཁྱེར་ཡོད་གསུངས་
ནས་ཟན་དང་མར་དེ་གནང༌། ཚུར་ཡོང་ནས་རྒྱལ་བ་འབྲོམ་གྱིས་ཟན་དེ་ཁོང་གིས་
མཆོད། མར་དེ་མཆོད་མེ་མཚན་ཐོག་གཅིག་བཟོས་བྱེད་ཇོ་བོའ ་ི དབུ་སྔས་མགོར་ཕུལ་
པ་རེད། དེ་ནས་བཟུང་ཇོ་བོ་བཞུགས་སའི་ནང་ལ་ནག་ཁུངས་རྩ་བ་ནས་བཞག་མ་མྱོང་
རྒྱལ་བ་འབྲོམ་གྱིས་ཐབས་ག་འདྲས་ཡིན་ན་གཅིག་བྱས་ནས་མཆོད་མེ་མཚན་ཐོག་རེ་
རེ་ཕུལ་གྱི་ཡོད་རེད། རྒྱལ་བ་འབྲོམ་གྱི་ལོ་རྒྱུད་བཀའ་གདམས་པའི་དཔེ་ཆའི་ནང་ལ་ད་
ལྟ་ཡོད་རེད། བྱས་ཙང་ཟན་དང་དེ་ཡིན་དུས་ང་ཚོས་གཏོར་མ་བཟོ་དུས་གཏོར་མ་ཟན་
རེད། དཀར་རྒྱན་རྒྱབ་ཡག་དེ་ཟན་གྱི་པག་འདེད་རེད། ད་བོད་པའི་མི་བསོད་ནམས་
ཆུང་རུ་འགྲོ་པག་འདེད་བསྲབས་རུ་བསྲབས་རུ་བཟོས་མཆོད་པ་བསྲབས་པོ་གཅིག་
ལ་རིལ་བུ་གཅིག་བཞག་བྱེད་སྦྱར་བཞག་པ་རེད། ཡིན་ནའང་ད་ཁོ་མཚོན་དོན་རེད་
གཏོར་མ་ལ་དཀར་རྒྱན་མདུན་ལས་རྒྱབ་ལ་མ་རྒྱབ་ན་མཐོང་ས་ལ་མར་སྦྱར་མི་མཐོང་
ས་ལ་མར་མེད་པ་བྱེད་ན་ངོ་ལྐོག་གི་ལས་ཀ་རེད་བྱེད་ནས་རྒྱབ་ལོགས་ལ་མར་མེད་པ་
མི་ཆོག་ཟེར་ནས་རྒྱབ་མར་སྦྱར་དགོས་ཡག་དེ་དེ་རེད། འགའ་ཞིག་གིས་གཏོར་མ་ལ་
རྒྱབ་མར་མ་རྒྱབ་ན་བགེགས་ཞུགས་ཡོང་བ་རེད་ཟེར་ནས། འགའ་ཞིག་གིས་བགེགས་
གཏོར་ལ་རྒྱབ་མར་སྦྱར་རྒྱུ་ཡོད་མ་རེད་བགེགས་ཞུགས་དགོས་པ་རེད་ཟེར་མཁན་
184
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དེ་འདྲ་ཡོང༌། བགེགས་གཏོར་བགེགས་ལ་སྤྲོད་ཡག་རེད་མ་གཏོགས་དེ་ལ་བགེགས་
ཞུགས་དགོས་པ་མ་རེད། བགེགས་གཏོར་ལ་གཏོར་མ་གསུམ་ཆངས་བུ་གསུམ་མར་
མེ་གསུམ་ཡོད་ཡག་དེ་གཏོར་མ་གསུམ་དེ་བགེགས་ལ་སྤྲོད་ཡག་རེད། ཆངས་བུ་
གསུམ་དང་མར་མེ་དེ་འགྲོ་ཤོག་བྱས་ཙང་འགྲོ་དུས་ལམ་འགག་ལ་ཟ་ཡག་རེད། ལམ་
ཟན་དང་ལམ་སྒྲོན་ཟེར་རེད། བོད་ཀྱི་ལུགས་སྲོལ་ལ་འགྲོ་དུས་ལམ་ཟན་ལྟོ་ཟན་ཟེར་
ཡག་ཟན་དང་མཉམ་དུ་ཤ་དང་མར་དེ་འདྲ་ལྟོ་ཟན་ཡིན་ཟེར་ཏེ་བསྐུར་ཀྱི་ཡོད་པ་རེད།
སྔོན་མ་དེ་འདྲ་རེད་དེང་སང་ཡོད་མ་རེད། བྱས་ཙང་འཆང་བུ་དེ་ཟ་ཡག་བྱེད་མར་མེ་དེ་
ལམ་དུ་ནག་ཁུང་མི་བྱེད་ཡག་གི་ལམ་སྒྲོན་རེད་ཞུན་མར་རེད། འབུལ་དུས་ཀྱང་གཏོར་
མ་ཕར་བསྟན་ནས་གཡས་སྐོར་གསུམ་བྱེད་པ་དེ་ཞི་བ་བྱེད་དེ་གཏོར་མ་ནམ་མཁའ་
མཛོད་ལ་མངའ་རྙེད་པ་འདྲ་པོ་བྱིན་གྱིས་བརླབས་ཏེ་སྟེར་བ་རེད། ཆངས་བུ་དང་མར་
མེ་གཉིས་ཁ་ཕར་སློག་སྟེ་གཡོན་སྐོར་གསུམ་བྱེད་དུས་རྒྱབ་དེ་ཞི་བ་རེད་མར་མེ་དང་
ཆངས་བུ་རེད་སྐོར་ར་གཡོན་སྐོར་བྱེད་པ་དང་སྔགས་གཉིས་པོ་དེ་དྲག་པོ་རེད། ཞི་དྲག་
འདྲེས་མ་བྱེད་པ་རེད། ད་དུང་མི་འགྲོ་ན་གུ་ནག་བདུག་ཡུང་དཀར་གྱིས་བྲབས་སྔགས་
སུ་སུམྦྷ་ནི་གཏོན་བྱས་དེ་དྲག་པོ་ཁོ་ན་རེད། འདི་ལ་ཞི་བའི་སྦྱང་བ་ཞི་དྲག་འདྲེས་མའི་
སྦྱང་བ་དྲག་པོའ ་ི སྦྱང་བ་སྟེ་སྦྱངས་བ་གསུམ་ཡོད་རེད།
སྤྱིར་བཏང་ཚེ་འདས་ཀྱི་སྦྱང་བ་བྱེད་དུས་སྦྱང་བ་བཅུ་གཅིག་ཡོད་རེད། དེའི་
ནང་བགེགས་གཏོར་ལ་སྦྱང་བ་གསུམ་རྩིས་པ་རེད། དགོན་པའི་ནང་ལ་ཟླ་རེར་ཚེ་
འདས་མི་ཐོ་ཕུལ་ཡོད་པ་དེ་ཚོ་བསགས་ནས་ཟླ་རེར་སྦྱང་བ་རེ་ཙམ་བྱེད་ཀྱི་ཡིན་ན་
དགོན་པའི་འགྲོ་བ་འདྲེན་ཡག་གི་ཕྱག་ལས་དངོས་སུ་འདྲེན་ཐུབ་རུང་མ་ཐུབ་རུང་རང་
གི་ངོས་ནས་བསམ་པ་རྣམ་དག་བྱེད་པ་ཡིན་ན་ཡག་པོ་རེད། དཀོར་སྒྲིབ་སྦྱངས་ཡག་
ཡག་པོ་རེད། དཔེར་ན་འབྲི་གུང་མཐིལ་གྱི་དགོན་པའི་དུར་ཁྲོད་སྒང་ལ་བསྐྱལ་ཡོང་
185
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

མཁན་མང་པོ་ཡོད་རེད། འབྲི་གུང་དུར་ཁྲོད་སྐད་གྲགས་ཡོད་རེད། དེར་བྱ་གཏོར་བྱེད་


དུས་སྐྲ་དེ་རྡོ་སྒམ་གཅིགནང་ལ་གཡུགས་བཞག་གི་རེད། སྐྲ་ལོ་འཁོར་མ་བསགས་པ་
དེ་ཉི་མ་གཅིག་ལ་དགོན་པའི་བླ་རྒན་ཚོ་དང་གང་ཡོད་ཅི་ཡོད་དུར་ཁྲོད་སྒང་དུ་འགྲོ། སྐྲ་
དེ་ཚོ་རུབ་རུབ་བཟོས་སྐྲ་ཆོག་བཏང་ནས་མེར་སྲེག་བཞག་གི་རེད། དེ་དངོས་གནས་
གཞན་ཕན་གྱི་ཕྱག་ལས་ཡག་པོ་ཞེ་དྲག་རེད། ཕན་དང་མ་ཕན་ནི་ཆོ་ག་བཏང་མཁན་
ནུས་པ་ཆེ་ཆུང་རེད། བསྒྲུབ་བྱ་ལ་དད་པ་ཡོད་མེད་རེད། ཆོ་ག་གཏོང་བ་ཙམ་གྱིས་
ཕན་ཡོན་ཡོད་ཟེར་ཡག་རང་ཡོད་མ་རེད། ཁ་ཤས་སྒྲིབ་པ་སྦྱངས་ཁག་པོ་ཞེ་དྲག་ཡོང་
གི་ཡོད་རེད། དག་པོ་ཟླ་འོད་གཞོན་ནུ་ཡིན་ནམ་སྒམ་པོ་པ་ཡིན་ནམ་གཅིག་གི་སྐུ་ཕྲེང་
སྔ་མ་བྱང་ཆུབ་སེམས་དཔའ་ཆེན་པོ་གཅིག་རེད་དེ་རྒྱལ་པོ་གཅིག་གིས་བཀྲོང་ནས་
བཀྲོང་པའི་ཚེ་ན་རྟགས་མཚན་མི་འདྲ་བ་དེ་འདྲའི་བྱུང་ཙང་རྒྱལ་པོ་འགྱོད་པ་སྐྱེས་ནས་
དེ་ནས་བཟུང་པ་གཅིག་གི་སྡིག་སྦྱོང་བྱེད་བསྐལ་པ་མང་པོའ ་ི རིང་ལ་སྡིག་པ་སྦྱངས་
ནས་བསྐལ་པ་བགོ་བཅུ་གོ་དྲུག་གི་རིང་ལ་སྡིག་པ་མ་དག་པ་ཡིན་གསུངས་ཡོད་རེད།
སྡིག་པ་འགའ་ཞིག་ཆོ་ག་འདྲ་བཏང་བྱེད་ལས་སླ་པོ་གཅིག་གིས་དག་འགྲོ་བ་ཡོད་རེད།
སྡིག་པ་བསགས་སྟངས་ཀྱི་ཆ་ནས་ཁྱད་པར་ཡོད་པ་ཡིན་རྒྱུ་རེད། དེ་ཡིན་ཙང་གཏོར་
མའི་རྒྱུ་མཚན་འདུག་སེ་རེད།
གཏོ ར ་མ་ཡུན་རི ང ་བཞག་ཡག་ཡི ན ་ན་གཏོ ར ་མ་བཟོ ་ དུས་ཆུ་དང་མར་ཁུ་
བླུགས་ན་རུལ་འགྲོ་བ་རེད། ཡང་ཆུ་དགོས་པ་ཡིན་ཙང་ཆུ་གཏོར་ཡག་དེ་དེ་རེད། ནང་
མཆོད་བྲན་དགོས་ཡག་དེ་གཏོར་མའི་རྫས་ཤ་ལྔ་དང་བདུད་རྩི་ལྔ་དགོས་པ་ཡིན་ཙང་
དེ་རེད། ད་རྣལ་འབྱོར་མའི་གཏོར་མ་དེ་ཡག་པོ་གཅིག་བཟོ་ན་ནི་མ་གཞི་ཟླུམ་པོ་གཅིག་
བཟོ ས ་སྨད་ནས་ཡར་པད་འདབ་བཞི ་ བཏགས་ཡོ ང ་དུས་སྨད་གྲུ་བཞི ་ རེ ད ་པ་རེ ད །
དཀྱིལ་དེར་ཟན་ལེབ་གྲུ་བཞི་གཅིག་སྦྱར། ཡང་དེའི་དཀྱིལ་ལ་ཟན་ལེབ་གྲུ་བཞི་གཅིག་
186
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

སྦྱར་ཏེ་གཉིས་བརྩེགས་བྱེད། གྲུ་བཞི་ཆེ་ཆུང་གཉིས་ཀའི་མཐར་མར་ཐག་བཏང༌། ཆེ་


ཆུང་ལ་དཔག་པའི་དཀར་རྒྱན་བཏགས་མེ་ཏོག་འདྲ་དང་ཤིང་ལོ་འདྲ་དེ་འདྲ་བཟོས་ནས་
བཏགས་སྒོར་སྒོར་དེ་ལ་བྱུང་ན་ལྔ་ཚོམ་རྒྱབ་དགོས་རེད། ལྔ་ཚོམ་དེ་ལ་དཀར་རྒྱན་ལྔ་
ལྔ་དགོས་རེད། ཀར་རྒྱན་བཞི་སྦྱར་གཅིག་གཅིག་གི་འོག་ལ་བཀབ་བཞག་རྒྱུ་ཡོད་མ་
རེད། ཁག་ཁག་གཅིག་གིས་གཅིག་ལ་མ་བསྒྲིབས་པ་དགོས་རེད། སྡོད་རོགས་མ་བྱས་
ན་རྒྱུག་པ་འདྲ་བཙུགས་དེའི་སྒང་སྦྱར་ན་འགྲིག་པ་རེད། འབྲི་གུང་དེ་གཏོར་མ་བཟོ་
མཁས་པ་རེད། ལྔ་ཚོམ་རེ་རེ་ལ་ལྔ་བརྩེགས་ལྔ་བརྩེགས་བཟོ་བ་རེད། ལྔ་ཚོམ་བཟོ་
ཡག་དེ་ཡེ་ཤེས་ལྔའི་མཚོན་དོན་རེད། ལྔ་ཚོམ་རེ་རེ་བཞིན་དུ་ལྔ་ལྔ་བཟོ་ཡག་དེ་ཡེ་
ཤེས་ལྔ་པོ་རེ་རེ་ལ་ཡེ་ཤེས་ལྔ་ལྔའི་ལྡོག་ཆ་ཡོད་པ་དེ་རེད། ད་རྩེ་རྒྱན་སྒོར་སྒོར་གཅིག་
དགོས་རེད། དེའི་ཐོད་ལ་ཉི་མ་ཟླ་བ་ནཱ་ད་གསུམ་བཟོ་དགོས་རེད། དེའི་གཡོན་དུ་དུར་
བདག་གི་གཏོར་མའི་རྩེ་དེ་ཟུར་གསུམ་བྱེད་སྔོན་མའི་ལྷ་ཕེབས་མཁན་དེ་ཚོས་བཙན་
ཞྭ་གྱོན་ཡོང་འཇག་གཟུགས་མ་ཟེར་རེད། འཇག་མ་ས་རྐོ་ས་ལེབ་ལེབ་དེ་རེད། འཇག་
མ་གཉིས་ཁ་སྦྱོར་བྱེད་བཞག་པ་འདྲ་པོ་གཅིག་ཡོད་རེད། རྩེ་ནས་མར་གཡས་གཡོན་
ནས་ཟུར་རེ་རེ་སྐེད་པ་སྒོར་སྒོར་སྨད་ཟླུམ་པོ་མདུན་ནས་ཡར་ཆངས་བུ་གསུམ་མགོ་
གྱེན་དུ་སླངས་ཏེ་སྦྱར། གཡས་གཡོན་གཉིས་སུ་ཆངས་བུ་གཉིས་རེ་བྱེད་ནའང་འདྲ་རེ་
རེ་བྱེད་ན་རྒྱབ་ནས་གཉིས་གྱེན་སླངས་བྱས་ནས་གཏོར་མ་ལ་སྦྱར། དེ་གཉིས་ག་རེ་
བྱེད་ན་ཁྱད་པར་ཡོད་མ་རེད། དུར་བདག་གི་ཆངས་བུ་བདུན་རེད། ཡང་སྙན་བརྒྱུད་
བཀའ་སྲུང་མཁའ་འགྲོ་དུར་ཁྲོད་བདག་མོ་ཟེར་ཡག་གཅིག་ཡོད་རེད། དེ་ཡི་གཏོར་མ་
ཡིན་ན་ནི་ཆངས་བུ་དྲུག་རེད། ཁོ་གཉིས་ཁག་ཁག་རེད་ཡིན་ནའང་དེ་ང་ཚོས་བཟོ་ཡག་
གི་དུས་ཚོད་ཡོད་མ་རེད། དེའི་གཡས་སུ་མཁའ་འགྲོ་སྤྱི་གཏོར་རེད་གཙོ་གཏོར་དང་
བཟོ་ལྟ་གཅིག་པ་རེད། ཕུལ་དུས་ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཞེས་སོགས་མཁའ་འགྲོ་ཚོ་ལ་
187
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཕུལ་བ་རེད་བྱིན་གྱིས་རླབས་པ་ནི་ནང་མཆོད་དང་གཅིག་པ་རེད།
གཏོར་མགྲོན་སྤྱན་དྲངས་ཡོང་དུས་འོགམིན་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་
མ་སྤྱན་དྲངས། ཞིང་ཁམས་གཞན་ནས་ཕྱོགས་སྐྱོང་དང་འཇིག་རྟེན་སྐྱོང་བ་དྲེག་པ་སྡེ་
བརྒྱད་མཚོན་པ་གཅིག་གི་བཀའ་སྲུང་ཚང་མ་སྤྱན་དྲངས། མདུན་དུ་ཆོས་འབྱུང་གི་ནང་
དུ་བཞུགས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྟེང་གི་ཆ་ལ་བླ་མ། བར་གྱི་ཆ་ལ་ཡི་དམ།
མཐའ་ལ་ཆོས་སྐྱོང་ཆོས་འབྱུང་གི་མཐར་འཇིག་རྟེན་པའི་དྲེག་པ་སྡེ་བརྒྱད་ཟེར་ན་ག་རེ་
བྱེད་ན་ཕྱོགས་སྐྱོང་བཅོ་ལྔས་ཚོན་པ་དེ་རྣམས་བཞུགས། གང་ལྟར་ལྷ་ཡི་ཚོགས་ཀླུ་ཡི་
ཚོགས་ཞེས་སོགས་འབྱུང་བ་དེ་ཚོ་རེད། ཁ་ཁ་ཁཱ་ཧི་ཁཱ་ཧི་ཟ་ཞིག་ཟ་ཞིག་བྱེད་པ་རེད།
སུ་ལ་ཟེར་ན་ཡཀྵ་གནོད་སྦྱིན། རཀྵ་སྲིན་པོ། བྷཱུ་ཏ་འབྱུང་པོ། པྲེཏ་ཡི་དྭགས་དེ་ཚོ་ལ་
ཟེར་བ་རེད། སྔགས་དོན་མ་ཤེས་ན་ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས་
རྣམས་མ་ལུས་དང༌། །ཞེས་སོགས་ཀྱི་སྐབས་ནས་མགྲོན་ཚན་བཅུ་གཅིག་བསྟན་པ་དེ་
ཚོ་ལ་ཕུལ་པ་རེད། བདག་འཇུག་ལེན་དུས་སྔོན་འགྲོ་ལ་དེ་ཡོད་རེད། གཏོར་མ་བཟོ་
སྟངས་ཙེ། བྱིན་གྱིས་རླབས་སྟངས། ཕུལ་སྟངས་སོགས་འདུག་སེ་རེད། གཏོར་མ་མ་
ཕུལ་གོང་ལ་སྤྱན་དྲངས། མཆོད་པ་མ་ཕུལ་བར་མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་
པའི་ཞེས་སོགས་འདོན་ཆོག་ནང་བཞིན་རེད། ཚེས་བཅུའི་སྐབས་ཡིན་ན་ནི་ལས་སླ་
པོ་བྱས་ཏེ་ལམ་སང་གཏོར་མ་ཕུལ་ནས་འོག་མིན་བདེ་ཆེན་གོང་དེར་ཚོགས་ཕུལ་ཟེར་
ཡག་འདྲ་པོ། འོག་མིན་བདེ་ཆེན་ཕུལ་ཚར་ནས་བཏང་ཟེར་ཡག་འདྲ་པོ་བདགའཇུག་
ཡོད་ནའང་རེད་མེད་ནའང་རེད་ཟེར་ཡག་དེ་འདྲའི་ཁྱད་པར་ཏོག་ཙམ་གསུངས་ཡོད་
རེད་དེ་ངེས་པ་ཡོད་མ་རེད། བླ་མའི་ཕྱག་བཞེས་ལ་སྣ་ཚོགས་ཡོད།
ད་བདག་འཇུག་མེད་པ་ཙེ། མདུན་སྐྱེད་སྒྲུབ་མཆོད་ཀྱང་མ་ཐུབ་པ་བྱེད་ཚེས་
བཅུ་ཁེལ་གྱི་འདུག་ན། གཏོར་མགྲོན་སྤྱན་དྲངས་ནས་ལམ་སང་གཏོར་མ་མ་ཕུལ་པ་
188
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བྱེད། མཆོད་པ་བྱིན་རླབས་རྒྱབ། བདག་འཇུག་སྐབས་ནང་བཞིན་ཆུ་བཞི་ཉེར་སྤྱོད་


རོལ་མོ་འདོད་ཡོན་ལྔ་དང་བཅས་པ་བྱིན་གྱིས་བརླབས་ཚར་ནས།
(དགཅིང་དྲི་མེད་ཡིད་འོང་བའི།།)
ཞེས་སོགས་ཀྱིས་ཆུ་བཞི་འབུལ།
(ཏིང་འཛིན་པིར་གྱིས་བྲིས་པའི་སྨིན་ལེགས་གཟུགས།།)
ཞེས་སོགས་ཀྱིས་ཉེར་སྤྱོད་ལྔ་དང༌།
(ཕུལ་བྱུང་གཟུགས་མཛེས་ཡིད་འཕྲོག་རྒྱན་གྱིས་སྤུད)
ཞེས་སོགས་ཀྱིས་རིགས་མ་བཅུ་དྲུག་དང༌།
(རབ་འབྱམས་ཞིང་ན་ཇི་སྙེད་གཟུགས་མཆིས་པ།།)
ཞེས་སོགས་ཀྱིས་འདོད་ཡོན་ལྔ་དང༌།
(དྲི་མེད་གསེར་གྱི་རྩིབས་སྟོང་འོད་འབར་བ།།)
ཞེས་སོགས་ཀྱིས་གདུགས་དང་རྒྱལ་མཚན་དང༌། བ་དན་དང་བླ་རེ་བཅས་དང༌།
(འཛམ་བུ་ཆུ་བོའ ་ི གསེར་ལས་ལེགས་བྱེས་ཤིང༌།།)
ཞེས་སོགས་ཀྱིས་རྒྱལ་སྲིད་སྣ་བདུན་བཅས་རང་རང་གི་ཕྱག་རྒྱ་དང་བཅས་ཏེ་ཕུལ།
དེ་ཚར་སོང་ན་(ན་མོ་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང༌།) ཞེས་སོགས་ཡིད་འབྱུང་
གི་མཆོད་པ། དེ་ནས་རང་ཉིད་རྡོ་རྗེ་རྣལ་འབྱོར་མ་དང་ཁ་ཊྭཾ་ག་འཁོར་ལོ་སྡོམ་པར་གྱུར་
པ་སྙོམས་པར་ཞུགས་པས་ལྷན་སྐྱེས་ཀྱི་བདེ་སྟོང་སྐྱེས་པར་གྱུར།) ཞེས་གསང་མཆོད་
དང༌། དེ་ནས་བསྟོད་པ།
(ཡེ་ཤེས་ཆེན་པོའ ་ི མཛོད་འཛིན་ཆོས་ཀྱི་རྗེ།།)
ཞེས་སོགས་མཁའ་སྦྱོར་ཡན་ལག་བདུན་ལྡན་གྱི་ཚིགས་བཅད་བདུན་པོ་དེ་བཏོན་ན་
ཡག་པོ་ཡོད་རེད་ཡན་ལག་རེ་རེ་ནས་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་ལོ། །ཁ་ར་
189
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཆེ་ལ་X། བདེ་བ་ཆེ་ལ་X། རང་བཞིན་མེད་ལ་X། ཞེས་སོགས་མཁའ་སྦྱོར་ཡན་ལག་


བདུན་པོ་རེ་རེ་ཡི་དོན་དག་བཤད་ནས་ཕྱག་འཚལ་ཡོད་རེད། དེ་ཚར་སོང་ན་བདག་
འཇུག་གི་ཁྲུས་གསོལ་འགོར་སླེབ་པ་རེད་བདག་འཇུག་ལེན་དགོས་པ་རེད། དེ་ནས་
བདག་འཇུག་གི་མཐའ་ལ་ཡོད་པ་ནང་བཞིན་གཞི་ནས་གཏོར་མ་བྱིན་རླབས་རྒྱབ།
མགྲོན་རྣམས་ཀྱི་ལྗགས་ལ་ཧཱུཾ་ལས་X ཞེས་སོགས་གཏོར་མ་ཕུལ་ཏེ་ཚར་སོང་ན་
ཚོགས་ཕུལ་དེ་ཡང་འོག་མིན་བདེ་ཆེན་ཚར་ནས་ཚོགས་ཕུལ་ནའང་འགྲིག་པ་རེད། མ་
ཚར་གོང་དུ་ཚོགས་ཕུལ་ནའང་འགྲིག་པ་རེད། ངས་འདིའི་དབང་དགའ་རབ་ཞུས་མྱོང༌།
ཚེས་བཅུའི་དུས་བཟང་གི་མཆོད་གཡོག་ཀྱང་ཞུས་མྱོང༌། ལོ་བཅུ་དྲུག་བཅུ་བདུན་དེ་
བར་རེད། དེ་དུས་གཏོར་མ་ཡང་ཕྲན་བུ་འདྲ་གི་མི་འདུག་བླ་མ་རྡོ་རྗེ་འཆང་ཁམས་ནས་
ཡར་ཕེབས་ཡོང་དུས་ང་རང་ཚོའི་བོད་ཀྱི་གཏོར་དཔེ་དང་ཏལ་ཙམ་འདྲ་གི་མེད། ཡིན་
ནའང་བླ་མ་རྡོ་རྗེ་འཆང་གི་དགོངས་པ་ནང་བཞིན་བཟོ། ཞལ་འདོན་ཡང་ཏལ་ཙམ་འགྱུར་
ཡོད་རེད། འགྱུར་ཡོད་རེད་དེ་བརྟན་བཞུགས་ནང་ལ་རྟ་རིང་པོ་གཅིག་ཡོད་རེད་བླ་མ་
རྡོ་རྗེ་འཆང་གི་གསུང་རྟ་དེ་བྱིན་རླབས་ཆེན་པོ་ཡིན་པ་རེད། དེ་བཞིན་དུ་ཚོགས་ཀྱི་རྟ་
འཐེན་ཤེས་ན་ཡང་རྟ་ལ་བྱིན་རླབས་ཡོད་རེད། གཞན་མ་གཏོགས་དེ་ག་ཙམ་ཡིན་ན་ཁོ་
འཐེན་དགོས་ཡག་གང་ཡང་ཡོད་མ་རེད། ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་རླབས་
པའི། །རྟ་རིང་ཐུང་གཉིས་རྟ་རྒྱན་གཅིག་བྱེད་གསུམ་ཡོད་རེད། རྟ་ཆེ་བ་དེ་X དགའ་
ལྡན་དུ་གསུངས་ཆོས་གནང་ནས་མར་ཕེབས་དུས་བླ་མ་རྡོ་རྗེ་འཆང་གིས་བསླབས་
ནས་ཁོ་ཚོས་འཐེན་པ་རེད། ཁོ་ཚོས་དེ་ག་རེ་ཡིན་མི་ཤེས་བླ་མ་རྡོ་རྗེ་འཆང་གིས་རྟ་དེ་
མ་ནོར་བ་གྱིས། རྟ་དེ་མ་ནོར་ན་དམིགས་པ་ཡག་པོ་མ་བྱུང་ནའང་བྱིན་རླབས་ཆེན་པོ་
ཡོད་རེད་གསུངས་པ་རེད། ཡིན་ནའང་རྩུན་མོའ ་ི ཚལ་གྱི་སྒྲ་འཇུག་ནང་ལ་རྟ་དེ་ཡོད་པ་
འདྲ་འདུག་དེ་བར་ལམ་བརླགས་ཚར་བ་རེད།
190
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་
[᪠᫙་᩶ᨓ᫙་ᨵ᫥ᩏ་᪠ཤད་མང་ཙམ་གཤམ་དུ་འཕྲོས་བཤད་ཤོག་གྲངས་ 361 གསལ།]

ལོ་གཅིག་ང་བྱེད་བློ་བཟང་བསྟན་འཕེལ་བྱེད་བློ་བཟང་བསྟན་འཛིན་ང་ཚོ་ཨོ་
རི་སར་ཕྱིན་ནས་ཉིན་གཅིག་རྟ་དེ་ཐེན་པ་ཡིན་པས་རྩུན་མོའ ་ི ཚལ་ཀྱི་བླ་མ་རྙིང་མ་པ་
རྟ་ཕྱག་འཚལ་ཟེར་མཁན་གཅིགཡོད་རེད་ཀུན་རིག་གི་པཎྜི་ཏ་གཅིག་ཡོད་རེད། ཁོང་
གིས་ད་རེས་ང་ཚོའི་རྟ་བརླགས་པ་དེ་རྙེད་བྱུང་ཟེར་ཁོས་ཡག་པོ་ཅིག་ཉན་བྱེད་དཔེ་
སློག་འཐེབས་ཆོག་ཆོག་རེད། ང་ཚོས་ཀུན་རིག་ཞག་མ་བདུན་ཚོགས་བྱེད་ཉིན་གསུམ་
པའི་སྒང་དེ་(ཕྱི་ལོག་གཉིས་ཀྱི་) རྟ་འཐེན་གྱི་རེད། ཉིན་བཞི་པ་ནས་ལྔ་པའི་བར་དུ་
(X) དྲུག་པ་བདུན་པ་གཉིས་ལ་འཐེན་གྱི་ཡོད་མ་རེད་ཟེར། ཀུན་རིགགི་དབང་གི་ནང་
ལ་(རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདི།།) ཞེས་སོགས་ཆུ་དང་གཅོད་པན་
གཉིས་ཀྱི་དབང་ཡོད་རེད་དེ་ལ་བསྐུར་གྱི་ཡོད་རེད། རྟ་གཞན་པ་དྲན་སོང་དེ་གཤམ་
དེ་ཤིས་བརྗོད་སྐབས་སུ་འཐེན་གྱི་ཡོད་པ་ཡིན་པ་རེད། བླ་མ་རྡོ་རྗེ་འཆང་གིས་དགའ་
ལྡན་དུ་གསུང་ཆོས་གནང་བའི་སྐབས་སུ་རྩུན་མོའ ་ི འཚལ་ཁོ་རང་ཚོ་ལ་རྟ་དེ་ཡོད་མ་
རེད་སྔོན་མ་ནས་བརླགས་ཚར་རེད། བླ་མ་རྡོ་རྗེ་འཆང་གིས་ག་འདྲས་སེ་རྙེད་པ་ཡིན་
པ་ང་ཚོས་ཤོད་ཐུབ་ཀྱི་མ་རེད། བླ་མ་རྡོ་རྗེ་འཆང་ལ་དག་སྣང་བྱུང་བ་ཡང་མ་རེད་ཟེར་
ཐུབ་ཀྱི་མ་རེད། དག་སྣང་གི་འབྱམས་ཀླས་པ་ཞིག་རེད། ཁམས་ལ་མར་ཕེབས་དུས་
ལྷོར་རྫོང་ཞི་འབྱམས་དགོན་པས་གདན་འདྲེན་ཞུས་ནས་མཇལ་ཁ་བཏང་གནང་དུས་
མི་གཅིག་གིས་ཕྱག་བཞི་མཇལ་འདུག་སྐུ་གཟུགས་སྤྱན་རས་གཟིགས་མཇལ་ཐུབ་
མཁན་གཅིག་ཡིན་རྒྱུ་མ་རེད། མི་རང་ཡིན་པ་ཕྱག་གཅིག་གིས་ཕྱག་དབང་བསྐུར་
གཅིག་གིས་ཕྱག་མདུད་གནང་གི་འདུག་མིག་འཁྲུལ་བ་མིན་འགྲོ་བསམ་པ་བྱས་བསྐོར་
ནས་ཡག་པོ་བྱས་ལྟས་ནའང་ཕྱག་གཡོན་པ་གཟན་གྱི་འོག་ཏུ་ཚུད་ནས་ཕྱག་འགོ་ཙམ་
ལས་མ་མཇལ་ཕྱག་གཡས་པ་དཔུང་པ་མན་ཆད་གཉིས་གསལ་པོ་མཇལ་བ་རེད། དེ་
191
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཁོ་རང་ཚོ་ལྷོ་རྫོང་གི་གྲྭ་པ་ཚོས་བཤད་པ་རེད། མ་གཞི་ནས་མཛད་པ་རྣམ་ཐར་བླ་མ་རྡོ་
རྗེ་འཆང་ནང་བཞིན་ཁག་པོ་ཡིན་པ། དགེ་ལུགས་པའི་ནང་ནས་བླ་མ་རྡོ་རྗེ་འཆང་ནང་
བཞིན་གཅིག་དགོངས་པ་རྫོགས་དུས་ཁོང་འདྲ་པོ་གཅིག། ཞལ་བཞུགས་དུས་ཀྱང་ཁོང་
གི་མཛད་པ་འཕྲིན་ལས་འདྲ་པོ་བསྟན་པ་ལ་ཕན་པ་གཅིག་བྱུང་ན་ནི་ཨ་ཕོ་ང་ཡིན་ཟེར་
ཆོག་གི་རེད་དེ།
ད་ཕྱིས་སུ་དེ་འདྲའི་ཡོད་དུ་ཡོད་རེད་སངས་རྒྱས་དངོས་ཡོད་རེད་དེ་སངས་
རྒྱས་ཡིན་ནའང་མཛད་པ་ཆེ་ཆུང་སེམས་ཅན་བསོད་ནམས་ལ་རག་ལས་པ་ཡིན་ཙང་
བླ་མ་རྡོ་རྗེ་འཆང་ནང་བཞིན་མཛད་པ་འཕྲིན་ལས་ཡོད་མཁན་སེམས་ཅན་དང་སངས་
རྒྱས་ད་མེད་ཟེར་ཆོག་པ་རེད། མཛད་འཕྲིན་མཉམ་པ་མེད་རེད། ཁོ་རང་ཚོའི་ངོས་ནས་
མཉམ་ནའང་གདུལ་བྱའི་ངོས་ནས་མ་མཉམ་སོང་བ་རེད། སངས་རྒྱས་དངོས་བྱོན་སོང་
ནའང་གཅིག་པ་ཡོང་ཐུབ་ཀྱི་ཡོད་མ་རེད། བླ་མ་རྡོ་རྗེ་འཆང་གི་ཡང་སྲིད་ཡིན་ནའང་སྐུ་
གོང་མ་ནང་བཞིན་ཡོང་ཐུབ་ཀྱི་ཡོད་མ་རེད། དེ་མི་ཐུབ་ཡག་དེ་གཅིག་པ་ཡིན་ན་ནི་
སངས་རྒྱས་ཤཱཀྱ་ཐུབ་པས་སངས་རྒྱས་པའི་མཛད་པ་མཛད་པ་རེད། རེད་དེ་ལོངས་
སྐུའི་སྤྲུལ་པ་རེད་ལོངས་སྐུས་མཛད་པ་མཛད་ཡག་དང་མཇལ་ཡག་ཡོད་མ་རེད། སྤྲུལ་
སྐུ་ཡིན་ཙང་སྐྱེ་བ་ནས་ཤི་བའི་བར་ལ་བསྟན་དགོས་རེད། གཞོན་ནུའི་རོལ་རྩེད་སོགས་
ཐ་མལ་པ་ལྟ་བུ་མཛད་ཡོད་རེད་ཡིན་ནའང་གཞན་དང་མ་འདྲ་གཅིག་མཛད་ཡོད་རེད་
མ་གཏོགས་མཐར་མྱ་ངན་ལས་འདས། སྐུ་གདུང་མེར་བསྲེགས་ཚང་མ་མི་ནང་བཞིན་
མཛད་པ་བསྟན་ཡོད་རེད། འགའ་ཞིག་གིས་ག་རེ་བྱེད་པ་རེད་དུས་ཚོད་ངན་པ་བླ་མ་
ཚོའི་ཡང་སྲིད་འདི་དྲག་རུ་མ་འགྲོ་བར་སྡུག་རུ་འགྲོ་གི་ཟེར། ཡང་སྲིད་སྡུག་རུ་འགྲོ་
གི་རེད་སངས་རྒྱས་ཀྱི་སྤྲུལ་པ་ཡང་སྡུག་རུ་འགྲོ་བ་རེད་སངས་རྒྱས་དུས་ལོངས་སྤྱོད་
རྫོགས་པའི་སྐུ་རེད། སྤྲུལ་པ་ཕེབས་དུས་མི་གཅིག་ཕེབས་པ་རེད་སངས་རྒྱས་མྱ་ངན་
192
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ལས་འདས་གྲབས་བྱེད་དུས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ཀྱིས་ང་ཚོར་
ཆོས་སྟོན་མཁན་མེད་བསམ་སེམས་འཁྲལ་བྱེད་དུས།
ཀ་ཡེ་མཐོང་བ་དོན་ཡོད་ཀྱི། །
འཆི་མེད་བདུད་རྩི་(X)
ང་ནི་སློབ་དཔོན་གཟུགས་སུ་གྱུར།
ང་ནི་མཁན་པོའ ་ི གཟུགས་སུ་གྱུར། །
དེ་ཚེ་དེ་ལ་གུས་པ་བྱེད། །འདུག་སེ་གསུངས་ཡོད་རེད། སེམས་
ཅན་ཞེན་རུ་འགྲོ་དུས་སངས་རྒྱས་ཀྱི་སྤྲུལ་པ་ཡང་ཞེན་རུ་བཏང་དགོས་ཀྱི་རེད། ཡག་
རུ་བཏང་ན་མཇལ་ཐུབ་ཡག་ཡོད་མ་རེད། སངས་རྒྱས་མྱ་ངན་ལས་མ་འདས་གོང་ལ་
འཛམ་བུའི་གླིང་ནང་སངས་རྒྱས་སྐུ་མདུན་ཡོད་མཁན་ཀུན་ཏུ་རྒྱུ་རབ་བཟང་རེད། དྲི་
ཟའི་ཡུལ་དུ་དྲི་ཟའི་རྒྱལ་པོ་རག་དགའ་རེད། སངས་རྒྱས་ཀྱིས་བཏུལ་ཡག་གི་ལས་
ཡོད་མཁན་ཁོ་གཉིས་མ་གཏོགས་ཡོད་མ་རེད་ཚང་མ་རྫོགས་ཚར་པ་རེད། དགྲ་བཅོམ་
པ་ལ་བཀོད་ཚར་རེད། ཀུན་ཏུ་རྒྱུ་རབ་བཟང་དེ་མུ་སྟེགས་པ་རེད་མུ་སྟེགས་པའི་ནང་
ནས་ཞེ་དྲག་གི་བླ་མ་ཆེན་པོ་དགྲ་བཅོམ་པའི་བཟོ་འདྲ་པོ་ཁོ་རང་ཚོའི་ནང་ནས་གོང་ན་
མེད་མཁན་གྱི་རེད། ཁོ་ཡོན་ཏན་ཆེན་པོ་ཡིན་ཙང་གཽ་ཏ་མ་མྱ་ངན་ལས་འདས་གྲབས་
ཡོད་ན་ངས་དོགས་པ་འདྲ་སྐད་ཆ་འདྲི་དགོས་བྱུང་ན་དྲིས་ས་རག་གི་མ་རེད། ད་དགོང་
གཅིག་ལྟ་ས་འགྲོ་དགོས་རྒྱུ་ཡིན་པ་འདྲ་བསམ་བྱེད། ད་གཞི་ནས་འདུལ་བའི་དུས་
ལ་བབ་ཡོང་དུས་ཐུགས་རྗེའི་འོད་ཟེར་གྱིས་བསྐུལ་ནས་དེའི་དགོང་མོ་སངས་རྒྱས་
སྙུང་བཞུགས་སར་ཁོང་བཅར་རེད། སངས་རྒྱས་དགེ་བསྙེན་གཅིག་བསྒྲུབས་ནས་
ཕར་འགྲོ་ཚར་ཙམ་རེད། དགེ་བསྙེན་བསྒྲུབ་མཁན་ཚོ་སླེབས་ཡོང་དུས་ཁང་པའི་འོག་
སྡོད་མཁན་ཚོས་ཡ་མ་བྱེད་པ་རེད། སངས་རྒྱས་ལ་དགེ་བསྙེན་བསྒྲུབ་མཁན་ཁ་ཤས་
193
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

འདུག་སྐུ་མཉེལ་ཀྱི་མ་རེད་པས། གཡུག་བཞག་ན་ཞུས་དུས་མ་གཡུགས་ཡར་གཏང་
ཤོག་གསུངས། འོ་ན་ཡར་བཅར་མི་དགོས་པ་བྱེད་བར་དུ་འཕྲིན་བྱས་ནས་བསྒྲུབ་ཆོག་
པ་ཅིག་ཞུས་པས་ཡོང་གསུངས་སངས་རྒྱས་ཀྱིས་ཆོ་ག་དེར་གསུངས་ཁོས་མར་ཁྱེར་
ནས་ཁོ་ཚོའི་རྣ་བར་བསྐྱེལ་བྱས་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་ཡག་དེ་དུས་བྱུང་
བ་རེད། ཡང་གཅིག་རྒྱལ་པོས་བཙོན་ཁང་ནང་བཅུག། བཙོན་ཁང་ནང་འཕྲིན་གྱི་སྒོ་
ནས་བསྙེན་པར་རྫོགས་དགྲ་བཅོམ་ཐོབ། རྫུ་འཕྲུལ་གྱིས་བཙོན་ཁང་ཕྱི་ལོགས་དོན་
རྒྱལ་པོ་ཡང་གདུལ་བྱར་གྱུར་དེ་འདྲ་བྱུང་པ་རེད། རབ་བཟང་གིས་སངས་རྒྱས་མདུན་
བཅར་དགོས་ཡོད་ཟེར་རེད་ཡར་བཅར་ས་མི་འདུག་ཁྱེད་ད་ལྟ་བར་དུ་ག་པ་ཕྱིན་པ་
སང་ཉིན་མྱ་ངན་ལས་འདའ་མཁན་རེད་ད་ཡོང་མི་དགོས་བྱེད་པ་རེད་ཀུན་དགའ་བོས།
ཁོས་སྒོ་འགྲམ་ནས་ཚོགས་གཏམ་ཆོབ་ཙེ་གཅིག་བཏང་སངས་རྒྱས་ཀྱིས་ཡར་བཏང་
ཤོག་གསུངས་པ་རེད། ཨ་ཙི་གཽ་ཏ་མ་དེ་སེམས་བཟང་པོ་གསུང་དེ་ཡང་སྙན་པོ་ཞིབ་
པོ་གཅིག་འདུག་བསམ་བྱེད་ཡར་བཅར་ནས་སངས་རྒྱས་ལ་འབྱུང་བ་བཞི་པོ་དེ་གང་
དུ་སྐྱེས་གང་དུ་ཐིམ་པར་འགྱུར་ཞེས་གསོལ། སངས་རྒྱས་ཀྱིས་འབྱུང་བ་བཞི་ཐིམ་མ་
ཐིམ་རང་བཞིན་གྱིས་མ་གྲུབ་པའི་ཚུལ་གསུངས་ནས་ཁོས་སྟོང་ཉིད་རྟོགས་སོང་བ་རེད་
དེ་ག་རང་བསྒོམས་ནས་དགྲ་བཅོམ་ཐོབ་སོང་བ་རེད། དེ་ནས་སངས་རྒྱས་ཀྱི་ཉན་ཐོས་
དགེ་སློང་དགྲ་བཅོམ་པར་གྱུར་པ་རེད།
ད་སང་ཉིན་སངས་རྒྱས་མྱ་ངན་ལས་འདའ་རྒྱུ་རེད་ངས་ལྟ་ཕོད་ས་མ་རེད་སྔོན་
ལ་ང་མྱ་ངན་ལས་འདའ་ཆོག་བ་ཅིག་ཞུས་པ་རེད། ཀུན་དགའ་བོས་ཁྱོད་མ་ཡོང་ཟེར་
དུས་ཀྱང་ཡོང་ནས་དགྲ་བཅོམ་ཐོབ་དུས་སང་ཉིན་ཁྱོད་མ་བསྡད་ན་མུ་སྟེགས་པ་ཚོས་
ཁྱོད་ཀྱི་སྐུ་གདུང་གཞུས་འགྲོ་གི་རེད། སྐུ་གདུངས་ང་ཚོས་ཞབས་ཞུ་ཞུ་རྒྱུ་རག་གི་མ་
རེད་ཁྱོད་མུ་སྟེགས་པ་ཡིན་ཟེར་གྱི་རེད་དགྲ་བཅོམ་རེད་ཟེར་ནས་ང་ཚོས་བཤད་ཐུབ་
194
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

མ་རེད་ད་སང་ཉིན་རིང་ལ་སྒུགས་དགོས་ཀྱི་རེད་ཟེར་ནས་ཀྱང་བཀག་པ་རེད། སང་
ཉིན་མུ་སྟེགས་པ་ཚོས་ངའི་སྐུ་གདུང་རྩོད་སོང་ན་སྐུ་གདུང་ཆུ་ནང་གཡུག་ཤོག། མུ་
སྟེགས་པ་ཚོ་ཆུ་ཕ་རོལ་ནང་པའི་དགེ་སློང་ཚོ་ཆུ་ཚུར་རོལ་སྡད་སྐུ་གདུངས་ནང་པའི་
དགེ་སློང་རྩ་ལ་སླེབ་ཡོང་གསུངས། མྱ་ངན་ལས་འདས་ནས་སྐུ་གདུང་ཆུ་ནང་གཡུག་
སྐུ་གདུང་དཀྱིལ་དཀྲུང་བྱས་ནང་པའི་དགེ་སློང་ཡོད་སའི་དེར་ཕེབས་ཡོང་བ་རེད། མུ་
སྟེགས་པ་ལ་མ་ཐོབ་པར་ནང་པའི་དགེ་སློང་ཚོས་སྲི་ཞུ་ཞུ་རྒྱུ་བྱུང་ཡོད་རེད། བཏུལ་
ཡག་གི་གདུལ་བྱ་མཐའ་མ་དེ་རེད། དྲི་ཟའི་རྒྱལ་པོ་རབ་དགའ་སྒྲ་སྙན་བཏང་སྡད་ནས་
དེ་ལ་མགོ་འཁོར་ནས་ཡོང་གི་ཡོད་མ་རེད། ལྷ་ཡི་དབང་པོ་རྒྱ་བྱིན་གྱིས་སྐད་བཏང་
འགྲོ་གི་ཡོད་རེད། སངས་རྒྱས་སྐུ་འཁྲུངས་ཡོད་རེད་མཇལ་ཁ་ཤོག་ཟེར་དུས་ཁྱོད་འགྲོ་
ཤོག་ང་སླེབ་ཡོང་ཟེར། ད་སངས་རྒྱས་བསྡད་ཡོད་རེད་མཇལ་ཁ་ཤོག (X) ད་ཆོས་
འཁོར་བསྐོར་སྡད་ཡོད་རེད་མཇལ་ཁ་ཤོག་ད་སང་ཉིན་མྱ་ངན་ལས་འདས་རན་སྡད་
ཡོད་རེད་མཇལ་ཁ་ཡོང་གི་མིན་པས་ཟེར་དུས་ཀྱང་ཁྱེད་རང་འགྲོ་ཤོག་ང་སླེབ་ཡོང་
ཟེར་ནས་ཡོང་རོགས་མ་བྱེད། ཀུན་ཏུ་རྒྱུ་རབ་བཟང་ལ་ཆོས་གསུངས་བཞིན་ཁོའ ་ི སྒོ་
འགྲམ་ལ་སྒྲ་སྙན་བཏང་མཁན་གཅིག་སྤྲུལ་ནས་སྒྲ་སྙན་བཏང་པ་རེད། རབ་དགའ་ཡིས་
ཡ་མཚན་སྒྲ་སྙན་བཏང་མཁན་ང་འདྲ་པོ་གཅིག་སླེབས་ཡོད་བཞག་སུ་ཡིན་ནམ་བསམ་
ཁོ་ཡར་སྐད་བཏང་ཤོག་ཟེར། སྐད་བཏང་དེར་སྡད་བཅུག་རབ་དགའི་སྒྲ་སྙན་དེ་ལ་སྐུད་
པ་སྟོང་ཕྲག་གཅིག་ཡོད་རེད། སངས་རྒྱས་ཀྱི་སྤྲུལ་པ་དེས་སྐུད་པ་སྟོང་ཡོད་པ་གཅིག་
བཏང་ནས་གཅིག་པ་བྱུང་བ་རེད། དེ་ནས་ཁོང་གཉིས་ཆར་གྱིས་སྐུད་པ་རེ་རེ་བཅད་
ནས་དགུ་བརྒྱ་གོ་དགུའི་བར་བཅད་ནས་བཏང་ནའང་སྒྲ་སྙན་སྐུད་པ་སྟོག་ལྡན་བཏང་
པའི་སྒྲ་དང་གཅིག་པ་ཡོང་གི་ཡོད་རེད། མཐའ་མ་སངས་རྒྱས་ཀྱི་སྤྲུལ་པ་དེས་སྐུད་པ་
གཅིག་པོ་དེ་ཡང་མེད་པ་བྱེད་ནས་བཏང་པ་ན་སྔ་མ་དང་སྒྲ་གཅིག་པ་བྱུང་བ་རེད། དེ་
195
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རབ་དགའ་མ་ཐུབ་པ་རེད་དེ་ནས་རབ་དགའ་ཧ་ལས་བྱེད་དེ་འདྲ་ད་ག་རེ་རེད་སྐད་ཆ་
དྲིས་པ་རེད། སྒྲ་སྙན་དེ་ལག་པ་དང་སྐུད་པ་སོགས་རྒྱུ་རྐྱེན་སྣ་ཚོགས་པའི་རྟེན་འབྲེལ་
ལས་བྱུང་ཚུལ་རྒྱས་པར་གསུངས་པས་ཁོས་བསམ་བློ་བཏང་ནས་སྟོང་ཉིད་རྟོགས་
སོང་བ་རེད། དེ་ནས་ལམ་སང་དགྲ་བཅོམ་ཐོབ་སོང་བ་རེད། དེ་ནས་གདུལ་བྱ་རྫོགས་
ཚར་པ་རེད། དེ་ནས་དེ་བཞིན་གཤེགས་པ་མཐོང་བར་དཀའ་བས་ཡག་པོ་ལྟོས་ཤིག་
ཅེས་སྐུ་སྟོད་ན་བཟའ་ཕར་གསིལ་ནས་བསྟན་གནང་བ་རེད། མི་རྟག་པ་ཞལ་བཞེས་
གནང་འདུ་ཤེས་རྣམས་ཀྱི་མཆོག་མི་རྟག་པའི་འདུ་ཤེས། རྗེས་རྣམས་ཀྱི་མཆོག་བ་གླང་
གི་རྗེས། ཁྱེད་རང་རྣམས་ཀྱིས་མི་རྟག་པ་ཡིད་ལ་གྱིས་ཤིག་གསུངས་ནས་དགོངས་པ་
རྫོགས་གནང་བ་རེད།
ཚེམ་གཅིག་ལྷ་ཡི་དབང་པོ་བརྒྱ་བྱིན་ལ་གནང་རྒྱུའི་སྔ་མ་ནས་ཞལ་བཞེས་
ཡོད་པ་ལྟར་སྐུ་གདུང་ཞུགས་འབུལ་བྱེད་དུས་བརྒྱ་བྱིན་ཕེབས་ནས་མེ་མར་བཅགས་
ནས་ཚེ མ ་གཅི ག ་གསོ ལ ་རས་གནང་བ་རེ ད ་སངས་རྒྱས་ཀྱི ་ མཛད་པ་དེ ་ འདྲ་རེ ད །
སངས་རྒྱས་ཀྱི་སྤྲུལ་པ་ནི་དེང་སང་ཇི་སྙེད་གཅིག་སེམས་ཅན་གྱི་བློ་དང་འཚམ་པ་བྱུང་
བ་རེད་དེ་སེམས་ཅན་ལ་བསོད་ནམས་མེད་ན་སངས་རྒྱས་ཀྱི་སྤྲུལ་པ་ཞེ་དྲག་ཡོང་ཐུབ་
པ་མ་རེད། དེ་དག་སྤྲོས་བཤད་རེད། བླ་མ་རྡོ་རྗེ་འཆང་འགོ་ནས་འཕྲོས་སོང་བ་རེད། བླ་
མ་རྡོ་རྗེ་འཆང་མཇལ་རྒྱུ་ཡོད་པ་དེ་བསོད་ནམས་ཆེན་པོ་བྱུང་བ་རེད། ཐག་པ་འདྲ་པོ་
ཅིག་བཏགས་ཡག་བྱུང་བ་རེད། ད་མཆོད་པ་ཕུལ་ཚང་མ་ཚོགས་བསགས་པ་གལ་ཆེ་
བ་རེད། ཁ་སང་ནས་ཞུས་ཡིན་པ་ཚོགས་གང་ཐུབ་ཐུབ་བསགས། ཁྱིམ་བདག་ལུག་
གིས་འབྲས་བྲེ་བོ་ཆུང་གང་དང་རྒྱལ་པོ་ང་ལས་ནུས་སྲེ་མ་སྡོག་ལྔ་སངས་རྒྱས་ལ་ཕུལ་
བའི་དགེ་རྩས་རྗེས་མ་གླིང་བཞི་དང་སུམ་བཅུ་རྩ་གསུམ་བཅས་ལ་དབང་བའི་རྒྱལ་
པོ་བྱེད་རྒྱུ་བྱུང་བ་དང༌། ཆོས་རྒྱལ་མྱ་ངན་མེད་ཀྱིས་ནུབ་གཅིག་ལ་མཆོད་རྟེན་བྱེ་བ་
196
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གཅིག་བཞེངས་རྒྱུ་བྱུང་བ་དེ་བྱིས་པའི་སྐབས་སངས་རྒྱས་ལ་ཐལ་བ་སྦར་ར་གང་ཕུལ་
བའི་དགེ་རྩ་རེད། སངས་རྒྱས་ཀྱིས་ཀུན་དགའ་བོ་ལ་ཐལ་ལ་འདི་འདམ་བག་བརྫིས་
བྱེད་གཙུག་ལག་ཁང་གི་གད་པོ་ནང་བྱུགས་ཤོག་བྱིས་པ་འདིས་མ་འོངས་པ་ནང་ནུབ་
གཅིག་ལ་མཆོད་རྟེན་བྱེ་བ་གཅིགབཞེངས་ཀྱི་རེད་ཅེས་ལུང་བསྟན་གནང་ཡོད་རེད།
གཏོར་མ་སོགས་ག་རེ་གཅིག་ཕུལ་ནའང་སྟོང་པ་ཉིད་ཀྱི་རྩིས་ཟིན་པ་བྱེད། ད་གཏོར་མ་
ཕུལ་ནས་(དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ།།) ཞེས་སོགས་ཤླཽ་ལ་གཉིས་ཀྱིས་བསྟོད།
དེ་ནས་(མཐའ་ཡས་རྒྱལ་བའི་བདེ་སྟོང་ཟློས་གར་ནི།།) ཞེས་སོགས་མཁའ་
སྤྱོད་ཞལ་བཟང་ལྟ་བའི་སྨོན་ལམ་བཏོན་སྨོན་ལམ་འདི་ཉིན་རེར་ཚར་རེ་འདོན་ན་རྣལ་
འབྱོར་མས་རྗེས་སུ་བཟུང་རྒྱུའི་ཞལ་བཞེས་ཡོད་གསུང་གི་ཡོད་རེད། དེ་གསུངས་
མཁན་བླ་མ་དེ་ངས་བརྗེད་བཞག་ང་ཆུང་ངུའི་སྐབས་སྨོན་ལམ་དེའི་འགྲེལ་པ་དཔེ་ཆ་
གཅིག་མཐོང་མྱོང༌། (མཐའ་ཡས་རྒྱལ་བའི་བདེ་སྟོང་ཟློས་གར་ནི།།) ཞེས་པ་སངས་
རྒྱས་མཐའ་དང་གྲངས་མེད་པ་དེ་དག་གི་ཐུགས་བདེ་སྟོང་གི་ཡེ་ཤེས་ཀྱིས་སེམས་ཅན་
ལ་དམིགས་པ་ཡིན་ཙང་སེམས་ཅན་གྱི་དོན་དུ་ཟློས་གར་མཁན་ལྟ་བུ་བྱས་ནས་སྤྲུལ་
པ་འདྲ་མི་འདྲ་སྣ་ཚོགས་ཤིག་སྲིད་པ་འཁོར་བ་པ་འདྲ་པོ། ཞི་བ་མྱང་འདས་པ་འདྲ་པོ།
མིག་འཕྲུལ་བཞིན་ཅིར་ཡང་འཆར་བའི་ནང་ནས་ང་ཚོའི་གསོལ་བ་བཏབ་ས་དེང་གི་
སྐབས་འདིར་མཁའ་སྤྱོད་དབང་མོ་ཁྱེད་ཡིན་ཙང་སྙིང་གི་གཏིང་ནས་དྲན་ཏེ་གསོལ་བ་
བཏབ་ཀྱི་ཡོད་ན་སྐུ་ལ་འཁྱུད་པ་དང་འོ་བྱེད་པ་ལ་སོགས་པ་བརྩེ་བ་དང་དགའ་བའི་སྒོ་
ནས་ཐུགས་རྗེས་སྐྱོངས་རོགས་གནང༌། ད་རྣལ་འབྱོར་མ་དེ་ག་འདྲས་གཅིག་རེད་རྩད་
གཅོད་ཀྱི་ཡིན་ན་འོག་མིན་གྱི་ཞིང་ཁམས་ན་ནི་ཁྱེད་རང་བདེ་སྟོང་ལྷན་གཅིག་སྐྱེས་
པའི་ལོངས་སྤྱོད་རྫོགས་པའི་སྐུ་རེད། འཛམ་བུ་གླིང་ཡུལ་ཉེར་བཞི་ན་ཞིང་སྐྱེས་ཀྱི་ཌཱ་
ཀི་མ་རེད། ས་གཞི་གང་བའི་ཐ་མལ་པ་འདྲ་མིན་སྣ་ཚོགས་ཀྱི་ཚུལ་བཟུང་ནས་སྒྲུབ་པ་
197
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པོ་རྗེས་སུ་བཟུང་སྟེ་ལས་ཀྱི་ཕྱག་རྒྱ་མ་མཛད་མཁན་རྣལ་འབྱོར་པ་བདག་གི་སྐྱབས་
ཀྱི ་ ནང་ནས་མཆོ ག ་ཏུ་གྱུར་པ་རྗེ ་ བཙུན་མ་ཁྱོ ད ་ནི ་ ངས་ངོ ་ཤེ ས ་ཐུབ་ཀྱི ་ མི ་ འདུག།
གཅིག་ཏུ་ན་འོག་མིན་ན་བཞུགས་པའི་ལོངས་སྐུ་རེད་འདུག་གཅིག་ཏུ་ན་ཞིང་སྐྱེས་ཀྱི་
ཌཱ་ཀི་མ་རེད་འདུག། ཡང་གཅིག་ཏུ་ན་ཐ་མལ་པའི་ཀརྨ་མུ་དྲ་མ་རེད་འདུག་པས་ཁྱེད་
ཀྱི་ངོ་བོ་དེ་ངས་ངོ་ཤེས་ཀྱི་མི་འདུག། ཁྱེད་རང་སྟོང་པ་ཉིད་ཀྱི་རང་རྩལ་རེད་འདུག་མ་
གཏོགས་འདི་ཡིན་དེ་མིན་མཐའ་གཅིག་ཏུ་ངོས་བཟུང་བྲལ་ཤག།
(ངོས་བཟུང་བྲལ་བ་ཀ་དག་གདོད་མའི་གཤིས། །
འགགས་མེད་བརྩོན་སྒྲུབས་ཡེ་ནས་མ་མཆིས་པ། །
མཉམ་ཉིད་བདེ་ཆེན་ཡངས་པའི་ཀློང་དཀྱིལ་ན། །
ཅི་ནས་ཆོས་དད་(X) བཤེགས་སུ་གསོལ།།) ཟེར་ཡོང༌། ཁྱེད་ཚོས་
འདོན་གྱི་མ་རེད་ཀ་དག་ཞེས་པ་སྟོང་པ་ཉིད། ཆོས་ལུགས་གཞན་གྱི་ཆོས་སྐད་རེད་
ཟེར་གྱི་རེད་དེ་ཆོས་གཅིག་ཡིན་རོགས་བྱེད་ན་འགྲིག་པ་རེད།
(རྡོ་རྗེའི་གྲོང་ན་ཨེ་དབྱིངས་བཾ་གྱི་དངོས།།) རྡོ་རྗེའི་གྲོང་ཞེས་པ་ལམ་
གྱི་དབང་དུ་བྱེད་ན་ཨེ་བཾ་གྱི་རང་བཞིན་རེད། ཨེ་དང་བཾ་གཉིས་ཐབས་ཤེས་རེད་ཐབས་
ཤེས་ཀྱི་ངོ་བོ་རེད་ཤག་འདུག །གསང་བདེ་འཇིགས་གསུམ་ཚང་མ་ལ་ཐབས་ཤེས་
དབྱེར་མེད་བདེ་སྟོང་དབྱེར་མེད་ཀྱི་ངོ་བོ་རེད། ངེས་དོན་ཀྱི་ལྷ་ཚང་མ་ལ་ཐབས་ཤེས་
ཀྱི་ངོ་བོ་རེད།
(སྒྱུ་མའི་གླིང་ན་འཇིག་རུང་སྲིན་པོ་དང༌།།) ཞེས་པ་ནི་ཁོང་རེད་སྒྱུ་མའི་
གླིང་མིང་བཏགས་ས་མི་འདུག་ཁོང་དེ་བར་གཅིག་ལ་ཕེབས་དུས་མཆོད་རྟེན་གཅིག་
ཡོད་པ་ཡིན་པ་རེད། མཆོད་རྟེན་སྐོར་ར་ཕེབས་པ་རེད་ཕར་ཙེ་དེ་བར་གྲོང་གསེབ་པ་
མི་ཚང་སྐྱོ་བོ་དེ་འདྲ་ཁ་ཤས་ཡོད་རེད། མཆོད་རྟེན་སྐོར་དུས་བུ་མོ་གཅིག་གིས་ང་ནད་
198
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པ་ཡིན་ཟེར་ནས་མཆོད་རྟེན་སྐོར་ལམ་ཁ་ལ་བསྡད་ཡོད་རེད། ཁོང་གིས་སྐོར་ར་གཉིས་
གསུམ་སྐོར་ཚར་དུས་བུ་མོ་དེ་མིག་དམར་རུ་དམར་རུ་འགྲོ་ནས་ཕག་པའི་མིག་ནང་
བཞིན་བྱེད་ལྟ་གི་ཡོད་རེད། དེ་ནི་གཞི་ནས་ཁྱོད་བྱེད་པ་རེད་ཡག་ཁོས་ང་ཞེས་སྣང་
སྐུལ་ཁག་བྱེད་ཡིན་པ་རེད་དགོངས་པ་རེད།
[མཚམས་འདིར་སྒྲ་འཁོར་རྒྱབ་མདུན་བར་དུ་དྲང་སྲོང་སྲིན་པོའ ་ི རིའི་ལོ་རྒྱུས་མང་ཙམ་ཆད་པ་འདྲ།]

དགོང་དག་དེ་ལ་བླ་མ་གཅིག་པོ་རེད་ཞབས་ཕྱི་ཚོ་ཕྱི་ལོགས་ཕྱིན་དབང་པོ་
ཚོའི་ཁང་པ་དེ་བར་རེད་ཁང་པ་ཁང་མིག་ཁ་ཤས་ཡོད་རེད་བསྐལ་བ་བཟང་དུས་སྒོ་
ལྕགས་ཀྱང་རྒྱབ་ཀྱི་མ་རེད། མཚན་ནག་གོང་ལ་བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་
གཅིག་ཉལ་གར་ཡོང་བ་རེད། བླ་མས་ཁྱོད་མ་ཡོང་རོགས་ང་དགེ་སློང་ཡིན་བྱེད་པ་རེད་
རྩ་བ་ནས་ཡོང་མ་བཅུག་པ་རེད། ཁྱོད་ལ་མི་དགོས་ན་ང་འདོད་ཆགས་དང་བྲལ་བ་ལ་
དེ་བས་ཀྱང་མི་དགོས་ལྟོས་ཤིག་ཟེར་འཕག་ཚག་གཅིག་རྒྱབ་ནས་ཡར་ཙམ་ཕྱིན་པ་
རེད། ཡར་ལྟ་དུས་རྡོ་རྗེ་རྣལ་འབྱོར་མ་སྐུ་དངོས་རུས་རྒྱན་དེ་ཚོ་ཕྲ་ཤིག་ཤིག་སྐུ་མདོག་
བྱི་རུ་ཁ་གསར་འདྲ་པོ་མཇལ་པ་རེད། གང་ཡང་བྱེད་ཡག་མ་བྱུང་བ་རེད་ཡལ་སོང་བ་
རེད། དེ་ནས་ཡར་ཕེབས་ནས་རྗེས་མ་བསྙུན་གཞི་མ་བཞེས་གོང་ཙམ་རེད་(ཕན་སྟག་
གི་ལྗོངས་བཞི་ཚོད་དེ་དེ་ནས་ཡར་ཕན་དཀར་ཟེར་ས་ཕེབས་འགྲོ་དུས་འཆི་མེད་འཇའ་
ལྷ་རི་སྒང་ནས་འཇའ་དཀར་པོ་གཅིག་ཟུགས་པ་རེད། དེ་དུས་རྗེས་སུ་བཟུང་ཡག་དེ་
ཡིན་པ་འདྲ། དེ་ནས་ཡར་ས་སྐྱ་ལ་ཕེབས་ཐུབ་པ་མིན་འགྲོ་ཕེབས་ནས་དགོངས་པ་
རྫོགས་པ་རེད། ཕེབས་ཀར་རྗེས་སུ་བཟུང་དུས་གསུང་དེ་མ་གི་ཡོད་རེད།) རྣལ་འབྱོར་
མའི་སྐུ་ལ་བརྟེན་ནས་ཡར་ཕེབས་འགྲོ་དུས་གསུངས་པ་ཡིན་པ་རེད། མཁའ་སྤྱོད་ཞལ་
བཟང་ལྟ་བའི་སྨོན་ལམ་གསོལ་བ་བཏབ་སྟེ་འོ་དོད་འབོད་ནས་གསུངས་ཡག་དེ་ཁོང་
གིས་གསུངས་པ་རེད། འདི་འོ་དོད་འབོད་པའི་གསོལ་བ་དེ་ཉིན་རེར་ལན་རེ་བཏབ་ན་
199
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ངས་རྗེས་སུ་བཟུང་གི་ཡིན་ཞེས་ཞལ་བཞེས་གནང་ཡོད་རེད་ཟེར།
(སྒྱུ་མའི་གླིང་ན་འཇིགས་རུང་སྲིན་མོ་དང་།།)
ཞེས་པ་ནི་མཆོད་རྟེན་འཁྲིས་དེ་རེད།
(འཛུམ་དཀར་གཡོ་བའི་ལང་ཚོ་གསར་པ་སྟོན།།)
ཞེས་པ་ནི་དྲང་སྲོང་སྲིན་པོའ ་ི རི་ལ་བུ་མོ་གཞོན་ནུ་མ་བརྒྱན་གྱིས་རྒྱན་པ་དེ་རེད།
(བདག་གིས་ཇི་ལྟར་བཙལ་ཡང་འཕགས་མ་ཁྱོད། །
བདེན་པར་གྲུབ་པའི་ངེས་པ་མ་རྙེད་ནས། །
སྤྲོས་པས་དུབ་པའི་སེམས་ཀྱི་གཞོན་ནུ་དེ། །
བརྗོད་བྲལ་ནགས་ཀྱི་ཁང་བུར་ངལ་གསོ་བསྟེན།།)
ཞེས་སོགས་ནི་ངས་བསམ་བློ་ག་ཚོད་བཏང་ན་ཡང་ཁྱོད་རང་གི་ངོ་བོ་དེ་རྩ་བ་ནས་
ཤེས་ཀྱི་མི་འདུག་བཏགས་དོན་བཙལ་ནས་བདེན་པར་གྲུབ་པ་ཞིག་ངེས་པ་རྙེད་ཡག་
མེད་ཙང་ང་ཡི་སེམས་ཡི་ཐང་ཆད་པ་འདྲ་པོ་བྱེད་དེ་བདེན་མེད་སྟོང་པའི་ངང་དུ་ངལ་
གསོ་རྒྱབ་བསྡད་ཡོད་བྱེད་པ་རེད།
(ཨེ་མ་ད་ནི་ཌཱ་ཀི་དབྱིངས་ནས་བཞེངས།།) ཞེས་པ་ནི་སྟོང་
པའི་ངང་དུ་མ་བཞུགས་པར་ཌཱ་ཀིའི་གཟུགས་སྐུ་ལ་བཞེངས་རོགས་གནང་བྱེད་པ་
རེད། ཧེ་ཀ་དཔལ་རྒྱུད་ལས་ཡུམ་གྱི་སྔགས་དེ་བཀླགས་པས་འགྲུབ་པའི་རིག་སྔགས་
ཡིན་གསུངས་འདུག་ན་སྔགས་དེ་བཀླགས་ནས་འགྲུབ་དགོས་ཡག་རེད། སངས་རྒྱས་
ཀྱི་གསུངས་ལ་བསླུ་བ་མེད་པས་ད་རྗེས་སུ་བཟུང་རོགས་གནང་ཞེས་པ་རེད། ཡང་
སྔགས་དེ་ཀློག་སྟངས་ཤེས་དགོས་པ་རེད། སྔགས་ཚར་རེ་གཉིས་ཙམ་བཀླགས་པས་
རྗེས་སུ་བཟུངས་ཟེར་གྱི་ཡོད་ཀྱི་མ་རེད། རྣལ་འབྱོར་མའི་བསྙེན་པ་བཏང་དགོས་པ་
རེད། བསྙེན་པ་དེ་ཡང་རབ་བྱུང་ན་བྱེ་བ་དང་འབུམ་དང་འབྲུ་འབུམ་དང་འབུམ་གསུམ་
200
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཟེར་ཡག་འདྲ་པོ་དེ་འདྲའི་བསྙེན་པ་ཡག་པོ་བཏང༌། དུས་རྒྱུན་འདོན་གྱི་ཡིན་ན་ཕྱི་ཡི་
མཁའ་སྤྱོད་འགྲུབ་པ་ལ་སྔགས་འདོན་པ་གཙོ་བོ་ཡིན་གསུངས་ཡག་དེ་སྤྱིར་རྒྱུད་ལ་
ཁུངས་གཏུགས་ནས་བཀླགས་པས་འགྲུབ་པའི་རིག་སྔགས་གསུངས་ཡག་དེ་རེད། དེ་
ནས་དུར་བདག་གི་གཏོར་མ་དེ་ལ་ཨོཾ་ཨཱཿཧཱུཾ། ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་
རླབས། ལག་པ་རྡོ་རྗེ་ཁུ་ཚུར་ཨོཾ་ཞེས་པ་ན་གཡས་རྡོ་རྗེ་ཁུ་ཚུར་གྱི་སྟེང་དུ་གཡོན་པ་
བཞག་ཨཱཿ ཞེས་པ་ན་ཡང་གཡོན་པ་ཁུ་ཚུར་ཀྱི་སྟེང་དུ་གཡས་པ་བཞག་ཧཱུཾ་ཞེས་པ་ན་
ལག་པ་གཉིས་ཀ་བསྟན། དེ་ནི་ཁ་དོག་དྲི་རོའ ་ི སྐྱོན་སྦྱངས། བདུད་རྩིའི་ངོ་བོར་རྟོགས།
མང་པོར་སྤེལ་བ་གསུམ་གྱི་དོན་ཡིན་པ་རེད། ཧ་ཧོ་ཧྲཱི་ཞེས་པ་བྱ་ཁྱུང་གི་ཕྱག་རྒྱ་བྱེད།
སྦྱངས་རྟོགས་སྦར་བའི་དམིགས་པ་བྱས་བྱིན་བརླབ་དེ་རེད། དུར་བདག་གི་གཏོར་མ་
ཕུལ། དེ་ནས་འོག་མིན་བདེ་ཆེན་(སྤྱི་ཐོག་གི་) གཏོར་མ་རེད། འོག་མིན་བདེ་ཆེན་དག་
པའི་ཕོ་བྲང་ནས། ཤླཽཀ་དེའི་ནང་རང་གི་བསྟེན་པའི་སྲུང་མ་ལོགས་སུ་ཡོད་ན་ཤླཽཀ་རེ་
རེ་བཟོ་ནས་བཅུག་ཆོག་པ་རེད། ད་ལྟ་ཡོད་པ་དེ་ཚོ་ས་སྐྱ་ཁོ་རང་ནང་བཞིན་གྱི་གཏོར་
མ་ཡིན་ཙང་འོག་མིན་བདེ་ཆེན་རྣལ་འབྱོར་མ་གཅིག་པོ་ཚད་མ་རེད། ཆོས་སྐྱོང་གཞན་
པ་ཚོ་ལའང་འོག་མིན་བདེ་ཆེན་ཡོད་རེད། ད་གང་ཡང་ལུས་སྡད་ཡོང་བ་མེད། ལངྒ་ལི་
ཡི་སྡོང་པོ་སྒྲུབས་ལུགས་ནི་ཞེ་དྲག་བཤད་ནས་ང་ཚོ་སྒྲུབ་མཁན་ནི་མེད། བལ་ཡུལ་
ནས་འཐོན་པའི་ཤིང་ཟེར་ཡག་གཅིག་ཡོད་རེད་དེ་ང་ཞེ་དྲག་རང་ཡིད་ཆེས་མ་སོང་ཤིང་
དེ་བལ་ཡུལ་མ་ཟད་རྒྱ་གར་ལའང་འདུག །ང་རང་ཚོ་བྱེད་ཀྱི་ཡིན་ན་བལ་ལོ་རེད། དད་
ལོ་འམ་དད་ལོག་ཟེར་ཡག་བསྐྱུགས་པ་སྐྱུགས་ཡག་གི་འབྲས་བུ་བཏག་ཁན་ཅིག་ཡོང་
བ་མེ་ཏོག་ཡག་པོ་ཡོད་རེད།
གཟུགས་པོ་ཆེན་པོ་ཡོད་རེད་རྩེ་ནས་མེ་ཏོག་མང་པོ་ཤར་གྱི་རེད། ཚུར་འབྲུ་གུ་
བཏག་ཡོང་དུས་འབྲུ་གུ (X) ལུག་ཤིག་ནང་བཞིན་གཅིག་ཡོད་རེད། དད་ལོ་ལུག་ཤིག་
201
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

མགོ་མེད་སྒྲ། །ཟེར་ཡོང་ཤིང་དེའི་སྡོང་པོ་དེ་རེད་ཤག། དེ་རེད་དེ་རེད་ཟེར་ཡག་མི་འདྲ་


བ་མང་པོ་ཞིག་ཡོད་རེད། ག་རེ་ཡིན་མིན་སྡོང་པོ་སྒྲུབས་མཁན་འདྲ་ཡོད་ན་དོ་སྣང་
གྱིས། བསྐྱེད་རིམ་བསྒོམ་རྒྱབ་ལུགས་དེ་ཞུ་རྒྱུ་བྱུང་མ་སོང་སྟེ་གང་ལྟར་ཀྱང་ལྷ་ག་དུས་
བསྒོམ་ནའང་བསྐྱེད་རིམ་གྱི་མཐར་སླེབས་སོང་ན་རང་རྡོ་རྗེ་རྣལ་འབྱོར་མ་དངོས་ཡིན་
བསམ་བྱས་གསལ་སྣང་བཏོན་ནས་གསལ་པོ་བསྒོམས། གསལ་པོ་བློ་ལ་ཤར་སོང་ན་
ཡང་དངོས་ཡིན་བསམ་བྱེད་ང་རྒྱལ་བཟུང༌། དེ་ལྟ་བུའི་ལྷ་འདི་སྣང་ལ་རང་བཞིན་མེད་
པའི་སྣང་སྟོང་གཉིས་ཚོགས་ལ་བསླབས་སྟོང་ཉིད་ཀྱི་ལྟ་བ་དེ་བརྗེད་བཅུག་རྒྱུ་ཡོད་མ་
རེད།
གསལ་སྣང་སྒྲུབས་སྟང་དེ་ས་སྐྱའི་ལུགས་གཅིག་ཡོད་རེད། དང་པོ་མིག་ཡ་
གཅིག་འདྲ་པོ་ཤེལ་སྒོའ ་ི ནང་ལ་ཡག་པོ་བལྟས་ནས་དེ་ནང་བཞིན་གསལ་སྣང་བྱུང་ན་
དེ་ནས་བསྒོམ་པའི་སྐབས་ལའང་མིག་གིས་ལྟ་བ་ནང་བཞིན་གསལ་སྣང་མ་བྱུང་བར་དུ་
བསྒོམ། དེ་བྱུང་ན་དེ་ནས་སྨིག་མ་དང་རྫི་མ་སོགས་རིམ་བཞིན་རྒྱ་ཆེ་རུ་ཆེ་རུ་བཏང་
ནས་གསལ་སྣང་བསྒྲུབ་སྟངས་དེ་བྱེད་ན་ཡུན་རིང་ཞེ་དྲག་འགོར་ཡག་གཅིག་རེད། རྗེ་
རིན་པོ་ཆེས་གསུངས་སྟངས་བྱེད་ན་ཐོག་མ་དབུ་ནས་མར་བཞུགས་གདན་དང་གཞལ་
ཡས་ཁང་ནང་ནས་ཕྱི་རོལ་དུར་ཁྲོད་ཀྱི་བར་ཕར་བསྒོམས། དུར་ཁྲོད་ནས་ཚུར་བསྡུས་
ཏེ་རང་ལྷར་གསལ་བའི་ཐུགས་ཀའི་བར་དུ་བསྒོམས། དེ་འདྲའི་ཚར་ཁ་ཤས་བྱེད་ནས་
གསལ་སྣང་བཏོན། དེ་ནས་རང་ལྷར་གསལ་བའི་དབུ་ནས་མར་ཞབས་མནན་བར་
བསྒོམ། ཞབས་མནན་ནས་ཡར་དབུའི་བར་བསྒོམ། ཡང་ཐུགས་ཀ་ནས་ཕར་བསྒོམ་ཕྱི་
ནས་ནང་དུ་བསྒོམ། ནང་ནས་ཕྱི་རུ་བསྒོམ་དེ་འདྲ་བྱས་ནས་སྦྱངས་ཀྱི་ཡིན་ན་བསྡེབས་
ལ་གསལ་སྣང་བྱང་ཡོང་མཁན་གཅིག་དེ་འདྲའི་ཡོད་རེད། དེ་ཚོ་རྗེས་མ་ཕྱག་ལས་
གནང་གི་ཡིན་ན་ཕྱག་དཔེ་ནང་གཟིགས་གསལ་པོ་ཡོད་རེད། ཡིན་ནའང་དེ་འདྲ་གསལ་
202
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

སྣང་བསྒྲུབས་ཐུབ་མཁན་དཀོན་པོ་ཡིན་གྱི་རེད།

རྫོགས་རིམ།

༈ ཡང་རྫོགས་རིམ་བསྒོམ་གྱི་ཡིན་ན་རྫོགས་རིམ་གྱི་རྟོགས་པ་རྒྱུད་ལ་སྐྱེས་ཡག་དེ་
ཁག་པོ་རེད། བསྐྱེད་རིམ་མཐར་མ་ཕྱིན་པར། ཡིན་ནའང་བག་ཆགས་འཇོག་ཡག་ལ་
ཡག་པོ་ཡོད་རེད། རྫོགས་རིམ་ལ་ཤར་བསྒོམ་བྱེད་ཡག་ཡོད་རེད་ཤར་བསྒོམ་བྱེད་
ཡག་དེ་བདེ་མཆོག་དྲིལ་བུ་ལྷ་ལྔའི་རྫོགས་རིམ་ལ་ཤར་བསྒོམ་ཁོ་རང་གསུངས་ནས་
དག་པོ་བྱེད་ན་ཤར་བསྒོམ་གྱིས་གསུངས་ཡོད་རེད། དྲིལ་བུ་ལྷ་ལྔའི་རྫོགས་རིམ་དེ་ལ་
རྩ་ལམ་སྦྱངས་བ་དེ་ཚོ་ཕར་ཙམ་ཤག། དངོས་གཞི་དེ་ལ་བདག་བྱིན་རླབས་ཀྱི་རིམ་
པ། སྣ་ཚོགས་རྡོ་རྗེའི་རིམ་པ། ཛ་ལན་དྷ་རའི་རིམ་པ། ནོར་བུས་འགེངས་པའི་རིམ་པ།
བསམ་མི་ཁྱབ་ཀྱི་རིམ་པ་བཅས་རིམ་པ་ལྔ་རེད། དེ་རེ་རེ་ལ་གཉིས་རེ་གཉིས་རེ་བྱེད་
ནས་ནོར་བུ་འགེངས་པའི་རིམ་པ་ལ་བཞི་བྱེད་དེ་འདྲ་འདྲ་པོ་མང་པོ་རེད། རྣལ་འབྱོར་
མའི་རྫོགས་རིམ་དེ་ལ་གཉིས་རེད། གཉིས་པོ་རེ་རེ་ལ་གཉིས་རེ་བྱེད། དེ་མ་གཏོགས་
ཡོད་མ་རེད། བསྒོམ་རྒྱུ་ཉུང་ཉུང་རེད། དང་པོ་རྫོགས་རིམ་བསྒོམ་ལུགས་དེ་ལ་ཆོས་
ཉིད་དངོས་སུ་སྟོན་པ་དང༌། བརྒྱུད་ནས་སྟོན་པ་གཉིས་རེད། དེ་ལ་ཚིགས་བཅད་ཡོད་
རེད།
(སྔོན་འགྲོ་དངོས་གཞི་རྗེས་གསུམ་སྔོན་འགྲོ་ལ། །
ཐུན་མོང་ཐུན་མོང་མིན་པའི་སྔོན་འགྲོ་ནི།།)
ཞེས་པ་ནི་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་བླ་མའི་རྣལ་འབྱོར་དེ་ཚོ་རེད། ད་གཉིས་
203
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པ་རྫོགས་རིམ་འགོ་ཡི་ས་བཅད་དེ་ནས་ཡོད་རེད།
(རྫོགས་པའི་རིམ་པ་གཞི་ལམ་འབྲས་བུ་གསུམ། །
གཉིས་པར་ཆོས་ཉིད་དངོས་དང་བརྒྱུད་ནས་སྟོན།།)
གསུངས་ཡག་ཅིག་ཡོད་རེད་ཆོས་ཉིད་དངོས་སྟོན་བརྒྱུད་སྟོན་ཞེས་པ་ནི་དཔེར་ན་རྒྱ་
མཚོ་ཆེན་པོ་མཐོང་འདོད་མཁན་གཅིག་ལ་དཔེར་ན་རྒྱ་མཚོའི་མདོག་འདི་འདྲས་རེད།
རྒྱ་ཆེ་ཆུང་འདི་འདྲས་རེད་ཅེས་མི་རང་རྒྱ་མཚོའི་ཁར་འཁྲིད་ནས་མིག་ལ་སྟན་ན་རྒྱ་
མཚོ་དངོས་སུ་སྟོན་པ་རེད། རྒྱ་མཚོ་དེར་ཡོད་རེད་ལུང་པ་དང་ལམ་དེ་ནས་འགྲོ་དགོས་
རེད་རྒྱ་མཚོ་སྔོན་པོ་རེད་ཆེན་པོ་ཡོད་རེད་ཅེས་བརྗོད་ན་རྒྱ་མཚོ་བརྒྱུད་ནས་སྟོན་པ་
རེད། དེས་ཁོས་ཟེར་བ་ནང་བཞིན་བྱེད་དེ་ཕྱིན་ནས་བཙལ་ན་རྗེས་མ་རྒྱ་མཚོ་མཐོང་གི་
རེད། (ཆོས་ཉིད་དངོས་སྟོན་བརྒྱུད་སྟོན་ཡང་དེ་ནང་བཞིན་རེད། དེ་ཡང་རྫོགས་རིམ་
ལ་རླུང་དབུ་མར་བཞུགས་གནས་ཐིམ་གསུམ་བྱེད་དགོས་པ་ཡིན་ཙང་ཆོས་ཉིད་བརྒྱུད་
ནས་སྟོན་པ་ལ། །ཕྱི་མར་ཆགས་ཅན་ཆགས་བྲལ་རྣམ་པ་གཉིས། །ཆགས་བྲལ་རླུང་
སེམས་དབུ་མར་བསྡུ་བསྒོམ་ཟུང༌།།)
འདི་ལ་ས་བཅད་བྱེད་ན་རླུང་དབུ་མར་བསྡུ་བ་དང༌། བསྡུས་ནས་བསྒོམ་པའི་
རིམ་པ་གཉིས་རེད། དང་པོ་རླུང་དབུ་མར་བསྡུ་ལུགས་དེ་ཡང་གནད་འགག་ཐིག་པོ་
གཅིག་མ་བསྒོམས་ན་གཞན་ག་ཚོད་བསྒོམས་ཀྱང་བསྡུ་ཐུབ་པ་མ་རེད། དེ་ལ་དཔེ་
གསུམ་ཡོད་རེད། ཤིང་མཁན་ཤིང་གི་གནད་ལ་མཁས་པ། གཤན་པ་སྲོག་གི་གནད་
ལ་མཁས་པ། སྒྱུ་མ་མཁན་འཁྲུལ་འཁོར་གྱི་གནད་ལ་མཁས་པ། ཤིང་མཁན་གྱིས་
ཤིང་གི་གནད་འགག་ཆུ་ག་ནས་འདྲེན་གྱི་ཡོད་པ་དེ་འདྲས་ཤེས་ཙང་ཤིང་སྡོང་ཆེན་པོ་
དེ་འདྲ་ཡང་ལྕགས་གཟེར་ཆུང་ཆུང་དེ་འདྲས་བརྡབས་ནས་བསྐམས་ཐུབ་ཀྱི་ཡོད་རེད།
ཤིང་སྡོང་ཆེན་པོ་ཞིག་པོ་གཅིག་ཡལ་ག་རེ་རེ་སྒང་ལ་ཤིང་རྟ་འཁོར་ལོ་ལྔ་བརྒྱ་ལྔ་བརྒྱ་
204
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

སྒྲིགས་ནས་བཏང་ཆོག་ཡག་བཅད་བཞག་ན་ག་ཚོད་བཅད་ནའང་ཟད་མི་ཐུབ་ཡག་དེ་
འདྲ་གཅིག་ཡོད་རེད། དེ་ཡིན་ཙང་ཤིང་མཁན་ཤིང་གི་གནས་ལ་མཁས་པ་དེ་བཞིན་
གནད་འགག་དེ་འཐེབས་ནས་བསྒོམ་རྒྱབ་ས་གཅིག་ལ་དམིགས་པ་གཏད་ན་དབུ་མའི་
ནང་དུ་རླུང་བཞུགས་ཐུབ་ཡག་དང༌། ག་ས་ག་ལ་དམིགས་ནས་བསྒོམ་ན་རླུང་དབུ་མའི་
ནང་དུ་བཞུགས་ཡག་རྩ་བ་ནས་མ་བྱུང་བ་ཡིན་ཙང་དཔེ་དེ་འདུག་སེ་རེད། གཤན་པ་
སྲོག་གི་གནད་ལ་མཁས་པ་ཡང་དེ་བཞིན་སྲོག་ཆགས་ཆེན་པོ་གཡག་འདྲ་པོ་གསོད་
དགོས་ན་སྲོག་རྩ་དེ་ག་པ་ཡོད་ན་དེར་སྨྱུག་གུ་འདྲ་གཅིག་བཙུགས་ན་བསད་ཐུབ་པ་
རེད། སྲོག་གི་གནད་ལ་མི་མཁས་ཁན་གཅིག་གིས་མགོ་དང་བྲོད་འཁོགས་སོགས་ག་
ས་ག་ལ་རྡོ་དང་དབྱུག་པ་རྒྱག་གིན་སྡད་ན་ཤི་ཐུབ་ཀྱི་མ་རེད། གནད་འགག་དེ་ཤེས་
དགོས་པའི་དཔེ་གཉིས་པ་འདུག་སེ་རེད། སྒྱུ་མ་མཁན་འཁྲུལ་འཁོར་ལ་མཁས་པ་དེ་
རྒྱ་གར་ལྷོ་ཕྱོགས་སུ་ཡོད་པ་རེད། སྔོན་མའི་སྐད་ཆ་རེད་དེང་སང་ཡོད་མ་རེད། ལུང་
པ་གཅིག་གི་ནང་བྷུ་ཛ་དཱི་བ་ཞེས་རྒྱལ་པོ་ལ་ཞེ་ས་བྱེད་ནས་ལྷའི་མིང་གསོལ་པ་གཅིག་
ཡོད་རེད། རྒྱལ་པོ་དེའི་སྒོ་འགྲམ་ལ་སྲུང་མཁན་དེ་ཤིང་གི་མི་རལ་གྲི་འཁོར་ལོ་དང་
བཅས་པ་འཁྱེར་བསྡད་པ་དེ་འདྲ་ཡོད་རེད། སུ་འདྲ་གཅིག་འོང་ནའང་དེའི་མགོ་ལ་རལ་
གྲི་བརྒྱབ་ནས་བསད་བཞག་གི་ཡོད་རེད། སུ་ཡང་འགྲོ་ཐུབ་པ་མ་རེད། འཁྲུལ་འཁོར་
གྱི་གནད་ཤེས་མཁན་དེས་ཁོའ ་ི རྩར་དཀྱིལ་དེར་མ་འགྲོ་བར་རྒྱབ་ལོགས་ནས་ཕྱིན་ཏེ་
འཁོར་ལོ་ལ་ཡག་པོ་བལྟས་ནས་སྐུད་པ་གཅིག་བཅད་བཞག་ན་འཁྲུལ་འཁོར་ལ་བྱེད་
ཡག་ཡོད་མ་རེད་འགྲོ་ཆོག་གི་ཡོད་རེད། དཔེ་གསུམ་པ་དེ་རེད། དེ་ནང་བཞིན་བྱེད་
ནས་ལམ་གྱི་གནད་ལ་མཁས་པ་བྱེད་དེ་དམིགས་པ་གཏད་ས་མ་ནོར་བ་བྱེད་ན་ཞེ་དྲག་
རང་དཀའ་ལས་མི་དགོས་པར་རླུང་དབུ་མར་བསྡུ་ཐུབ་པ་ཡོང་གི་ཡོད་རེད། དམིགས་
པའི་གནད་ཤེས་པ་ལ་ལུས་སེམས་ཀྱི་གནས་སྟངས་ཤེས་དགོས་རེད།
205
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་


དང་པོ་གཞི་དངོས་པོའ ་ི གནས་ཚུལ། དེ་ལ་ལུས་སེམས་སོ་སོའ ་ི གནས་ཚུལ་
གཉིས་ཐུན་མོང་བའི་གནས་ཚུལ་བཅས་ཤེས་དགོས་པ་ཡིན་ཙང༌། སྤྱིར་བཏང་གསང་
བ་འདུས་པའི་རྫོགས་རིམ་གཏན་ལ་ཕབས་ན་ལུས་དེ་ལ་ཕྲ་བ་རགས་པ་ཤིན་ཏུ་ཕྲ་བ་
གསུམ། སེམས་ལའང་དེ་བཞིན་གསུམ། ལུས་སེམས་ཐུན་མོང་བ་ལའང་གསུམ་ཕྱེ་
ནས་ཤོད་དགོས་ཀྱི་ཡོད་རེད། ཡང་བདེ་མཆོག་གི་སྐབས་སུ་ཡིན་ན་གནས་པ་རྩ། གཡོ་
བ་རླུང༌། བཀོད་པ་བྱང་ཆུབ་ཀྱི་སེམས་གསུམ་གྱི་སྒོ་ནས་བཤད་དགོས་རེད། འདིར་
རགས་པ་ཕྲ་བ་ཤིན་ཏུ་ཕྲ་བ་གསུམ་གྱི་སྒོ་ནས་བཤད་པ་ཡིན་ཙང༌། ལུས་རགས་པ་ཤ་
རུས་རྡོས་བཅས་ཀྱི་གོང་བུ་འདི་རེད། ལུས་ཕྲ་བ་དེ་བཤད་ཡོང་དུས་གནས་པ་རྩ་གཡོ་
བ་རླུང་བཀོད་པ་བྱང་སེམས་ཟེར་ཡག་དེ་བཤད་ཡོང་གི་ཡོད་རེད། ལུས་ལ་རྩ་ཆགས་
ལུགས་རྩའི་ནང་དུ་རླུང་རྒྱུ་ལུགས་ཁམས་དཀར་དམར་གྱི་ཐིག་ལེ་ག་པ་ག་པ་ཡོང་གི་
ཡོད་མེད་དེ་ཡག་པོ་ཤེས་ན་དེ་ནས་དམིགས་པ་གཏོད་ས་དེ་གཏན་གཏན་ངེས་པ་ཡིན་
ཙང་བསྒོམ་རྒྱབ་ས་དེ་མ་འཆུག་པ་བྱེད། དེ་ཡིན་དུས་རྩ་དེ་ལ་སྙིང་གའི་དང་པོ་ཆགས་
པའི་རྩ་བརྒྱད་སྙིང་གའི་རྩ་འདབ་བརྒྱད་ཟེར་ཡག་ཁོ་གཉིས་གཅིག་པ་མ་རེད། དང་
པོ་ཆགས་པའི་རྩ་བརྒྱད་དབུ་མ་རོ་མ་རྐྱང་མ་བསྡུད་བྲལ་མ་དང་བཞི། ཤར་དུ་སུམ་
བསྐོར་མ། ལྷོར་འདོད་མ། ནུབ་ཏུ་ཁྱིམ་མ། བྱང་དུ་གཏུམ་མ་བཅས་ཕྱོགས་བཞིའི་རྩ་
བཞི་སྟེ་བརྒྱད་པོ་དེ་དང་པོ་ཆགས་པའི་རྩ་བརྒྱད་རེད། བཤད་མ་ཐག་པའི་སུམ་བསྐོར་
མ་སོགས་ཕྱོགས་བཞིའི་རྩ་ཆགས། དེའི་རྗེས་སུ་སུམ་བསྐོར་མ་ལས་གྱེས་པའི་ཤར་
ལྷོའ ་ི རྩ། འདོད་མ་ལས་གྱེས་པའི་ལྷོ་ནུབ་ཀྱི་རྩ། ཁྱིམ་མ་ལས་གྱེས་པའི་ནུབ་བྱང་གི་རྩ།
གཏུམ་མ་ལས་གྱེས་པའི་བྱང་ཤར་གྱི་རྩ་བཅས་མཚམས་ཀྱི་རྩ་བཞི་ཆགས། དེ་ལྟ་བུའི་
ཕྱོགས་དང་མཚམས་ཀྱི་རྩ་བརྒྱད་པོ་སྙིང་གའི་རྩ་འདབ་བརྒྱད་ཟེར་ཡག་དེ་རེད། [སྙིང་
206
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གའི་རྩ་འདབ་བརྒྱད་ཀྱི་རྒྱུན་གསུམ་གསུམ་དུ་གྱེས་པས་གནས་ཉེར་བཞིའི་རྩ་ཆགས།
དེའི་སྟེང་དུ་སྙིང་ཁར་ཐོག་མར་ཆགས་པའི་རྩ་བརྒྱད་བསྣན་པ་ལ་བྱང་སེམས་འབབ་
པའི་རྩ་ཡི་གཙོ་བོ་སོ་གཉིས་ཞེས་བྱ་སྟེ།
མཉམ་སྦྱོར་ལས།
བྱང་ཆུབ་སེམས་ཀྱི་རང་བཞིན་རྩ། །
སུམ་ཅུ་རྩ་གཉིས་དམ་པ་ཡིན། །ཞེས་དང༌། གནས་ཉེར་བཞིའི་
རྩ་རེ་རེ་ལ་གསུམ་གསུམ་དུ་གྱེས་པས་བདུན་ཅུ་རྩ་གཉིས། དེ་རེ་རེ་ལ་སྟོང་སྟོང་དུ་
གྱེས་པ་རྩ་བདུན་ཁྲི་ཉིས་སྟོང་ཆགས། དེ་ཐམས་ཅད་བསྡུ་ན་སྐུ་གསུང་ཐུགས་ཀྱི་རྩ་
གསུམ་དུ་འདུ་སྟེ། དེ་རྣམས་ཀྱི་ནང་ནས་རླུང་དང་བྱང་སེམས་དཀར་དམར་འབབ་པ་
གང་ཞིག། །བྱང་སེམས་དཀར་པོ་འབབ་པ་སྐུ། དམར་པོ་འབབ་པ་གསུང་། རླུང་འབབ་
པ་ཐུགས་ཀྱི་རྩར་འདུ་བའི་ཕྱིར། རོ་རྐྱང་དབུ་མ་གསུམ་གྱི་མིང་གི་རྣམ་གྲངས་ཡོད་
དེ། དབུ་མ་ལ་དྷཱུ་ཏཱི། ཐུགས་ཀྱི་རྩ། མུན་པའི་རྩ། སྒྲ་གཅན་གྱི་རྩ། ཐིམ་པའི་རྩ། གཉིས་
སྤངས་ཀྱི་རྩ་ཞེས་སོགས་བྱ་ལ། རོ་མ་ལ་གསུང་གི་རྩ། འཛིན་པའི་རྩ། ཉི་མའི་རྩ། ཤེས་
རབ་ཀྱི་རྩ། ལོངས་སྤྱོད་ཀྱི་རྩ། ར་ས་ན། རྡུལ་གྱི་རྩ་ཞེས་སོགས་དང༌། རྐྱང་མ་ལ། སྐུ་
ཡི་རྩ། གཟུང་བའི་རྩ། ཟླ་བའི་རྩ། ལ་ལ་ན། ཐབས་ཀྱི་རྩ། བདག་པོའ ་ི རྩ། སྙིང་སྟོབས་
ཀྱི་རྩ་ཞེས་སོགས་བྱའོ། །དེ་ཡང་རོ་རྐྱང་གཉིས་ཀྱིས་དབུ་མ་ལ་འཁྱུད་པའི་མདུད་པ་
གང་ཡོད་སར་རྩ་འཁོར་རེ་ཡོད་ཅིང༌། སྙིང་ཁར་མདུད་པ་གསུམ་བརྩེགས་དང༌། གཞན་
རྣམས་སུ་མདུད་པ་རེ་རེ་ཡོད་ལ། མདུད་མཚམས་ནས་གྱེས་པའི་རྩ་འཁོར་ཆེ་བ་ལྔ་
ཡོད་དེ། སྤྱི་བོར་བདེ་ཆེན་འཁོར་ལོ་རྩ་འདབ་སོ་གཉིས།མགྲིན་པ་ལོངས་སྤྱོད་འཁོར་
ལོ་རྩ་འདབ་བཅུ་དྲུག །སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། ལྟེ་བ་སྤྲུལ་པའི་
འཁོར་ལོ་རྩ་འདབ་རེ་བཞི། གསང་གནས་བདེ་སྐྱོང་འཁོར་ལོ་རྩ་འདབ་སོ་གཉིས་རྣམས་
207
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

སུ་ཡོད་པའི་ཕྱིར། རྩ་འཁོར་ཆུང་བ་གསུམ་ཡོད་དེ། སྨིན་དབུས་ན་རླུང་འཁོར་རྩ་འདབ་


དྲུག་པ། སྙིང་མགྲིན་བར་ན་མེ་འཁོར་རྩ་འདབ་གསུམ་པ། ནོར་བུའི་དབུས་ན་རྩ་འདབ་
བརྒྱད་པ་རྣམས་སུ་ཡོད་པའི་ཕྱིར། སྤྱི་བོའ ་ི རྩ་འཁོར་ལ་བདེ་ཆེན་ཞེས་པ་ནི་བདེ་བའི་
རྟེན་ཀུན་ད་ལྟ་བུའི་བྱང་སེམས་དེར་གནས་པ་དང༌། མགྲིན་པར་རོ་དྲུག་ལ་ལོངས་སྤྱོད་
པའི་གནས་ཡིན་པ་དང༌། སྙིང་ཁ་ཆོས་ཀྱི་རྩ་བ་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་རྟེན་མི་
ཤིགས་པའི་ཐིག་ལེ་གནས་པ་དང༌། ལྟེ་བར་བདེ་བ་ཆེན་པོ་སྤྲུལ་པའམ་སྐྱེ་བའི་གཞི་
གཏུམ་མོའ ་ི མེ་གཙོ་བོར་སྐྱེ་བའི་གནས་ཡིན་པ་དང༌། གསང་གནས་སུ་ལུགས་འབྱུང་
ལྡོག་གི་ལྷན་སྐྱེས་ཀྱི་བདེ་བ་གཙོ་བོ་སྐྱོང་བས་ན་དེ་དང་དེ་ཞེས་བརྗོད་དོ། །འོ་ན་རྩ་སྟོང་
ཕྲག་དོན་གཉིས་ཀྱི་ནང་ནས་སྤྱི་བོ་མགྲིན་པ་སྙིང་ཁ་ལྟེ་བ་བཅས་རྩ་བརྒྱ་དང་ཉི་ཤུ་གཙོ་
སྟེ། དེ་རྣམས་ཀྱི་ནང་ནས་རླུང་དང་བྱང་སེམས་གཙོ་བོ་འབབ་པས་སོ། །དེའི་ནང་ནས་
ཀྱང་ཡུལ་སོ་གཉིས་ཀྱི་རྩ་དང༌། དེའི་ནང་ནས་ཀྱང་གནས་ཉེར་བཞིའི་རྩ་གཙོ་སྟེ། སོ་
དང་སེན་མོ་བསྐྱེད་པ་སོགས་ཀྱི་ཁམས་ཉེར་བཞི་གནས་པ་དང༌། རྒྱས་པའི་རྟེན་བྱེད་
པས་སོ། །དེའི་ནང་ནས་རོ་རྐྱང་དབུ་མ་གསུམ་གཙོ་བོ་དང༌། དེའི་ནང་ནས་ཀྱང་དབུ་མ་
གཙོ་སྟེ། རོ་རྐྱང་གཉིས་ཀྱི་རླུང་དབུ་མར་བཞུགས་གནས་ཐིམ་གསུམ་བྱེད་པ་ལ་བརྟེན་
ནས་འོད་གསལ་ལྷན་སྐྱེས་བདེ་ཆེན་རྫོགས་པར་འཆར་བས་སོ།། དབུ་མའི་ནང་ནས་
ཀྱང་སྙིང་ཁའི་དབུ་མ་གཙོ་སྟེ། གཞི་དུས་སུ་རྣམ་ཤེས་འཇུག་གནས་འཕོ་གསུམ་དེ་ནས་
བྱེད། ལམ་དུས་སུ་དཔེ་དོན་གྱི་འོད་གསལ་དེ་ནས་འཆར་བའི་ཕྱིར་རོ།།
དེ་ནས་རླུང་ལ་ཡང་རྩ་བའི་རླུང་ལྔ་དེ་ཡང་སྲོག་འཛིན་གྱི་གནས་སྙིང་ཁ། ཐུར་
སེལ་གནས་གསང་གནས། མཉམ་གནས་ཀྱི་གནས་ལྟེ་བ། གྱེན་རྒྱུའི་གནས་མགྲིན་པ།
ཁྱབ་བྱེད་ཀྱི་རླུང་ནི་ལུས་ཐམས་ཅད་ལ་ཁྱབ་སྟེ་གནས། ཡན་ལག་གི་རླུང་དེ་ལ། རྒྱུ་བ།
རྣམ་པར་རྒྱུ་བ། ཡང་དག་པར་རྒྱུ་བ། རབ་ཏུ་རྒྱུ་བ། ངེས་པར་རྒྱུ་བ་སྟེ། ཡན་ལག་གི་
208
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རླུང་ལྔ་བཅས་རླུང་བཅུའི་རྣམ་གཞག་དེ་ཤེས་དགོས་རེད། རྒྱུ་དུས་ཤེས་དགོས་རེད།
ཉིན་མཚན་རེ་ལ་དབུགས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་ཡག་དེ་ལ། མགོན་པོ་ལྔའི་
རླུང་ཟེར་ཡག་དེ་མི་བསྐྱོད་མགོན་པོའ ་ི རླུང༌། རྣམ་སྣང་མགོན་པོའ ་ི རླུང༌། རིན་འབྱུང་
མགོན་པོའ ་ི རླུང་ཟེར་ཡག་འདྲ་པོ་མགོན་པོ་ལྔ་སྦྱར་ནས་རྩ་བའི་རླུང་ལྔ་དེ་རེད། དེ་
ནས་ལྷ་མོ་བཞིའི་རླུང་དང་འགྲོགས་ནས་རྒྱུ་དགོས་པ་ཡིན་ཙང་དེ་ཚོ་ཤེས་དགོས་པ་
རེད། ད་དེ་ཚོ་རེ་རེ་ནས་ཤོད་ཀྱིན་སྡོད་ན་ངེས་ཀྱི་མ་རེད། ཁྱབ་བྱེད་ཀྱི་རླུང་དེ་ཤི་དུས་
མ་གཏོགས་རྒྱུ་བ་མ་རེད། འགོག་པའི་རྩ་ཟེར་ཡག་གཅིག་ཡོད་རེད། སྙིང་ཁའི་དང་པོ་
ཆགས་པའི་རྩ་བརྒྱད་ཀྱི་ནང་ནས་བདུད་བྲལ་མའི་ནང་དུ་རླུང་རྒྱུ་བ་མ་རེད། ཁོའ ་ི ནང་
ནས་མི་རྒྱུ་བ་མ་ཟད་རྩ་གཞན་དག་ནང་རླུང་རྒྱུ་བ་ལ་ཁོས་གེགས་བྱེད་ཀྱི་ཡོད་རེད།
ལྟེ་བའི་རྩ་འཁོར་ལ་གནད་དུ་བསྣུན་པ་དེ་རྣལ་འབྱོར་མའི་སྐབས་སུ་མཆོག་ཏུ་གྱུར་པ་
རེད། ས་ལུགས་བྱེད་ན་དེ་ཡིན་གསུངས་པ་རེད། དགེ་ལུགས་བྱེད་ན་གནད་དུ་བསྣུན་
ས་གཙོ་བོ་དེ་སྙིང་ཁའི་རྩ་འཁོར་དེ་ཡིན་གསུང་གི་ཡོད་པ་ཡིན་པ་རེད། གནད་དུ་བསྣུན་
པའི་དགོས་པ་དེ་ལྟེ་བའི་གཏུམ་མོ་སྦར་ནས་སྤྱི་བོའ ་ི ཆུ་ཞུ་བའི་རྐྱེན་གྱིས་ལྷན་སྐྱེས་ཀྱི་
བདེ་སྟོང་ཡེ་ཤེས་སྐྱེས་ས་དེ་དང་པོ་སྙིང་ག་ནས་རེད། རེད་དེ་ཐོག་མར་ལྟེ་བར་གནད་
དུ་བསྣུན་དགོས་པ་རེད། དགོས་པའི་རྒྱུ་མཚན་ནི་ཐོག་མ་ནས་སྙིང་ཁར་གནད་དུ་
བསྣུན་ནས་བསྒོམ་ན་སྲོག་རླུང་གི་ཉེན་ཁ་ཡོད་རེད་མ་འདྲིས་གོང་ལ་དེས་ན་དང་པོ་ལྟེ་
བ་ནས་བཞུགས། ཡང་ན་ཡར་སྣ་ནས་བཞུགས། དེ་འདྲེས་མ་འདྲ་ཙེ་མ་འདྲ་ཙེ་འཇིགས་
བྱེད་སྐབས་སུ་ལྟེ་བ་རེད།
(སྤྲུལ་པའི་འཁོར་ལོར་འདོད་ལྷ་ཡབ་ཡུལ་ལ། །
སེམས་གཞོལ་རྗེས་གཞིག་སྡུད་རིམ་མཆོག་གིས་ནི། །
ཟླ་ཉི་རྒྱུ་བ་སྒྲ་གཅན་ལམ་བཀག་པས། །
209
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཡས་བབས་མས་བརྟན་དགའ་བཞི་སྐྱེ་བར་ཤོག་) ཟེར།
གསང་འདུས་སྐབས་སུ་དེ་བས་ཀྱང་དབུ་མ་མར་སྣེ་ནོར་བུའི་རྩ་འཁོར་ནང་ནས་གནད་
དུ་བསྣུན་ཡག་དེ། དང་པོ་ནས་སྙིང་ཁར་གནད་དུ་བསྣུན་ན་རླུང་སེམས་འཇུག་པ་གཅིག་
པའི་གནད་ཀྱིས་སེམས་ག་པ་བཟུང་ས་དེར་རླུང་སླེབ་ཡོང་ཙང་སྙིང་ཁའི་རྩ་འཁོར་གྱི་
ནང་དུ་རླུང་ཕལ་པ་བཞུགས་ནས་སྲོག་རླུང་འཕར་བྱེད། རྟོགས་པ་མ་སྐྱེས་པར་སྨྱོན་པ་
ཆགས་ཡག་གི་ཉེན་ཁ་ཡོད་ཙང་ཐབས་མཁས་མཛད་ནས་ཡར་སྣེ་མར་སྣེ་བྱེད་པ་རེད།
(སྲོག་འཛིན་ཐུར་སེལ་ལམ་གྱི་སྣ་རྩེར་ནི། །
གནས་ནས་འོད་ཟེར་དྲ་བ་འགྱེད་པ་ཅན།
བདེ་བཤེགས་ལྔ་བདག་རིན་ཆེན་ཁ་དོག་ལྔ། །
ཕྱག་མཚན་བྱང་སེམས་ཕྲ་མོ་ཡུངས་འབྲུ་ཙམ། །
དེ་ནང་དཀྱིལ་འཁོར་འཁོར་ལོ་ཡོངས་རྫོགས་ཤིང༌། །
མ་འདྲེས་གསལ་ལ་ཇི་སྲིད་འདོད་ཀྱི་བར། །
མཉམ་པར་འཇོག་པའི་ཕྲ་མོའ ་ི རྣལ་འབྱོར་དང༌། །
ཕྱི་ནང་བཟླས་པ་ཡོངས་སུ་རྫོགས་པར་ཤོག)
ཅེས་པ་ལྟར་རོ། ལུས་ལ་ཕྲ་རགས་ཀྱི་སྐད་ཆ་བཤད་ཡོང་དུས་གནས་པ་རྩ། གཡོ་
བ་རླུང༌། བཀོད་པ་བྱང་ཆུབ་ཀྱི་སེམས་གསུམ་བཤད་ནས། རླུང་ལ་ཡང་ཕྲ་རགས་
བཤད།རྣམ་ཤེས་ཕྲ་རགས་བཤད་དེ་གཙོ་བོ་སྒོ་ལྔའི་རྣམ་ཤེས་དེ་རྣམ་ཤེས་རགས་པ་
རེད། མིག་རྣ་སྣ་ལྕེ་ལུས་ལྔ་པོ་དེའི་རྣམ་ཤེས་རེད། དེ་ཚོས་ཡུལ་འཛིན་ལུགས་དེ་ལ་
མགྱོགས་ལོས་ཡོད་རེད། ཐགརིང་ཐུང་ཡོད་རེད། མིག་གི་རྣམ་ཤེས་ཀྱིས་ཧ་ཅང་ཐག་
རིང་པོའ ་ི གཟུགས་ལྟ་བ་ན་ལམ་སང་མཐོང་གི་ཡོད་རེད། སྒྲ་དེ་འདྲའི་ཐག་རིང་པོ་འཛིན་
ཐུབ་ཀྱི་ཡོད་མ་རེད་དེ་ལས་ཉེ་བ་འཛིན་དགོས་རེད། སྣ་ལྕེ་ལུས་གསུམ་གྱི་རྣམ་ཤེས་
210
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཐག་རིང་པོ་འཛིན་པ་མ་རེད་ཡུལ་དང་ཕྲད་དགོས་པ་རེད། དབང་ཤེས་དེ་ཚོ་རགས་
པ་རེད། རང་བཞིན་བརྒྱད་ཅུའི་ཀུན་རྟོག་དེ་ཕྲ་བ་རེད། དེ་ཚོ་དབང་ཤེས་མ་རེད་ཡིད་
ཀྱི་རྣམ་ཤེས་ཀྱི་འཁོར་དུ་གྱུར་པའི་ཀུན་རྟོག་རེད། སྣང་མཆེད་ཐོབ་གསུམ་གྱི་དུས་སུ་
འགགས་ཚར་པ་རེད། ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་དུ་ཚོར་བ་བདེ་སྡུག་བཏང་སྙོམས་
གཉེན་ཉེ་དུ་ཧ་གོ་བ། དོན་དག་བྱ་བ་བྱེད་རྒྱུ་ཧ་གོ་བ། མིང་ཧ་གོ་བ། དོན་བསྒྲུབ་དགོས་
པ། ལས་ཀ་ག་རེ་བྱེད་དགོས་ཀྱི་ཡོད་མེད། ཕ་མ་དང་གཉེན་འཛིན་སོགས་ཀྱི་དོན་ཧ་གོ་
བ། དེ་ཚོ་འབྱུང་བ་བཞི་ཐིམ་དུས་སྔོན་ནས་རིམ་བཞིན་འགག་འགྲོ་བ་རེད། ཁོ་ཚོ་ལའང་
གོ་རིམ་ཞིག་ཡོད་རེད། ཐམས་ཅད་སྟོང་པ་འོད་གསལ་གྱི་ངོ་བོར་གྱུར་པའི་སེམས་དེ་
ཤིན་ཏུ་ཕྲ་བ་རེད། སྣང་མཆེད་ཐོབ་གསུམ་གྱི་སེམས་དེ་ཡང་ཤིན་ཏུ་ཕྲ་བ་བཤད་ཡོད་
རེད། ཡིན་ནའང་ཤིན་ཏུ་ཕྲ་བ་ནང་ནས་ཀྱང་ཤིན་ཏུ་ཕྲ་བ་གཉུག་སེམས་ཕྲ་མོ་དེ་སྣང་
མཆེད་ཐོབ་གསུམ་རིམ་གྱིས་ཐིམ་ནས་མེད་པ་རེད་སོང་ན་གཉུགསེམས་ཐམས་ཅད་
སྟོང་པ་འོད་གསལ་དེ་མངོན་དུ་གྱུར་ཡོང་གི་རེད། དེ་ལ་ཡུལ་ག་རེ་ཡོད་རེད་ཟེར་ན་
ཡུལ་སྟོང་སང་ཡོད་རེད། དྲན་རྒྱུ་ག་རེ་ཡོད་རེད་ཟེར་ན་དྲན་པ་གང་ཡང་ཡོད་མ་རེད།
སྣང་ཡུལ་དང་གཟུང་ཡུལ་གཅིག་པ་འདྲ་གཅིག་རེད། འོ་ན་དེ་རིང་སང་ཉིན་ག་རེ་བྱེད་
ཀྱི་ཡོད་རེད་ཟེར་ན། གང་ཡང་བྱེད་ཀྱི་ཡོད་མ་རེད། ཐིག་ལེའི་ནང་དུ་འཛུལ་བསྡད་ཡོད་
རེད། སེམས་རགས་པས་ཡུལ་འཛིན་དུས་ཁོ་བག་ལ་གཞའ་ནས་ཡུལ་འཛིན་ཐུབ་པ་མ་
རེད། ཁོ་ཡུལ་ཅན་ནི་རེད། ཡུལ་ཅན་ཡིན་ན་ཡུལ་ཡོད་པས་མ་ཁྱབ་རེད་སྔགས་ལུགས་
ལ། [བར་དེར་གཉུག་མའི་སེམས་ལས་འཕྲོས་ཏེ་འདུལ་བའི་བསྐོར་ཡིག་ཐོག་ཕབ་རྒྱུ་མ་བྱུང་སྒྲ་འཁོར་དགུ་པའི་རྒྱབ་ངོས་ཕྱེད་ལྷག་ཙམ་སོང་
མཚམས་ནས་གསན་པར་འཚལ་] དེ་འདྲའི་གཉུག་སེམས་དེ་གཡོ་བ་རྩོམ་པ་ན་བར་དོ་གྲུབ། བར་
དོ་བ་ཤ་རུས་རྡོས་བཅས་ཀྱི་ཕུང་པོ་མེད་པ་ཡིན་ཙང་རྩ་དང་རླུང་ཡོད་མ་རེད། རྩ་དང་
རླུང་ཁ་རྒྱས་རྒྱུའི་སེམས་ལ་རང་དབང་མ་ཐོབ་པ་ཡིན་ཙང་ཁམས་དཀར་དམར་གཉིས་
211
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཡོད་མ་རེད། ཉི་ཟླའི་སྣང་བ་ཡོད་མ་རེད། དེ་མེད་པ་ཡིན་ཙང་ཚོར་བ་དང་འདུ་ཤེས་དང་


འདུ་བྱེད་དང་རྣམ་ཤེས་བཅས་ཀྱི་ཕུང་པོ་མ་གཏོགས་མེད་པ་ཡིན་ཙང་ཡིད་ལུས་དེ་
བདག་ཏུ་བཟུང་ནས་ཐོགས་མེད་རྒྱུ་འགྲོ་བ་དང༌། ཤེས་པ་གསལ་པོ་རེད། བར་དོ་བ་ལ་
སྐད་ཆ་བཤད་ན་གོ་བ་ཆེན་པོ་རིག་པ་རྟེན་མེད་རེད། དེ་དབང་པོ་རྣོན་པོ་ཡིན་བྱེད་པ་
རེད། དེ་ཚོ་ཡག་པོ་ཤེས་སོང་ན་རྩ་འདབ་དེ་ཚོ་ལ་ཕོ་ཉ་རབ་འབྲིང་མཐའ་གསུམ་ཡོད་
པ་ཡིན་ཙང་དེ་ཚོ་ཡང་བསྐྱར་བཤད་མི་དགོས་པ་བྱེད། ད་བསྒོམ་པའི་རིམ་པ་བྱེད་ཀྱི་
ཡིན་ན། བདེ་མཆོག་རྩ་རྒྱུད་འགོར།
(དབང་ལྡན་བར་མ་མཆོག་དག་དང༌། །
དྲི་ཡི་ཆུ་དང་བཅས་པས་ཀྱང༌། །
རྣལ་འབྱོར་དུས་ཀྱི་ཁྱད་པར་གྱིས། །
རིག་ལྡན་རྟག་ཏུ་མཆོད་པར་བྱ། །གསུངས་ཡོད་རེད་ད། རྣལ་
འབྱོར་པ་ཕྱི་ནང་གསང་གསུམ་གྱི་ཕོ་ཉ་གསུམ་ཕོ་ཉ་ལ་རིག་ལྡན་ཟེར་རེད། ཕྱི་ནང་
གསང་གསུམ་གྱི་ཕོ་ཉ་རིག་ལྡན་མ་ལ་མཆོད་པ་བྱ་བ་དེ་རྟག་ཏུ་མཆོད་པར་བྱ། འདིའི་
དོན་ག་རེ་རེད་ཟེར་ན་བསྐྱེད་རྫོགས་སོ་སོ་ལ་བསྐྱེད་རིམ་གྱི་སྐབས་སུ་བསྐྱེད་རིམ་
བསྒོམ་ལུགས། རྫོགས་རིམ་གྱི་སྐབས་སུ་རྩ་ཡི་ནང་དུ་དམིགས་པ་གཏད་ས་དེར་གནད་
དུ་བསྣུན་ནས་རྩ་ནང་དུ་རླུང་རྒྱུ་ལུགས་དེ་ཚོ་ཡིན་པ་རེད། བརྗོད་ཚུལ་མི་འདྲ་བ་ཡོད་
རེད། ད་རེས་འདིར་རྫོགས་རིམ་གྱི་སྐབས་ཡིན་ཙང་རྫོགས་རིམ་དེ་ལ་ཆགས་བྲལ་
རྣལ་འབྱོར་གྱི་ལམ་ལ་བྱེད་པ་ཡིན་ཙང་མཆོད་པར་བྱ་ཟེར་རིག་ལྡན་རྟག་ཏུ་མཆོད་
པར་བྱེད་ཤོག་བྱེད་པ་རེད། འོ་ན་སུས་མཆོད་དགོས་ཟེར་ན། རྣལ་འབྱོར་པས་མཆོད་
དགོས། རྣལ་འབྱོར་པས་བསྐྱེད་རིམ་རྒྱས་བསྡུས་གང་ཡང་རུང་བ་སྔོན་དུ་སོང་སྟེ་ལྷ་
ཡི་རྣལ་འབྱོར་ལ་གནས་པའི་སྒོ་ནས་མཆོད་དགོས་ཟེར། ལྷའི་རྣལ་འབྱོར་ལ་གནས་
212
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ནས་རྫོགས་རིམ་བསྒོམ། སུ་ལ་མཆོད་དགོས་ཟེར་ན་རིག་ལྡན་མ་ལ་མཆོད། རིག་ལྡན་


མ་ཟེར་ཡག་དེ་ག་རེ་རེད་ཟེར་ན་ཕོ་ཉའི་ནང་ནས་མཆོག་ཏུ་གྱུར་པ་རྩ་དབུ་མ་ལ་མཆོད་
དགོས་རེད། ག་དུས་མཆོད་དགོས་ཟེར་ན།
(རྣལ་འབྱོར་དུས་ཀྱི་ཁྱད་པར་ཅན། །
རེག་ལྡན་རྟག་ཏུ་མཆོད་པར་བྱ།།) ཞེས་པའི་དུས་ཀྱི་ཁྱད་པར་
ནི་སྔ་དྲོའམ་ཕྱི་དྲོ་མེ་རླུང་རྒྱུ་བའི་དུས་སུ་མཆོད་ཤོག་བྱེད་པ་རེད། དབུགས་ཅན་ཟེར་
ཡག་དེ་རོ་རྐྱང་གཉིས་རེད། རོ་རྐྱང་གཉིས་ཀྱི་རླུང་ཕར་བཏོན་ནས་དབུ་མའི་ནང་ལ་
བཅུག་དགོས་པ་རེད། བར་མ་ཟེར་ཡག་དེ་རོ་རྐྱང་གཉིས་ཀྱི་བར་དུ་རྩ་དབུ་མ་དེ་རེད།
(དབུགས་ཅན་བར་མ་མཆོག་དག་དང༌།།) ཞེས་པའི་མཆོག་
ནི་རྩ་འཁོར་ལྔ་ཡོད་པའི་ནང་ནས་ལྟེ་བའི་རྩ་འཁོར་དེ་བདེ་ཆེན་འདྲེན་པར་བྱེད་པའི་
ཐབས་མཆོག་རེད།
(དྲི་ཡི་ཆུ་དང་བཅས་པས་ཀྱང༌།།) ཞེས་པའི་དྲི་ནི་རཀྟ་ཁྲག་རེད།
དེ་ཡིན་ཙང་ལྟེ་བའི་རྩ་འཁོར་གྱི་ནང་དུ་དྲོད་སྐྱེ་ཡག་གི་གཏུམ་མོ་ཟེར་བའི་ཁྲགཐིག་པ་
གཅིག་ཡོད་པ་དེ་རེད། ཐོག་མ་ཕ་མ་གཉིས་ཀྱི་ཁུ་ཁྲག་འདྲེས་ཡོང་དུས་ཕ་ཡི་ཐིག་ལེ་
དཀར་པོ་དང་མ་ཡི་ཐིག་ལེ་དམར་པོ་གཉིས་འདྲེས་ནས་སྟེང་འོག་ཁ་སྦྱོར་བྱས་ཏེ་སྙིང་
ཁའི་དབུ་མའི་ནང་དུ་ཡོད་རེད། དེ་མཚན་ཐོ་དང་པོ་རེད། མཚན་ཐོ་གཉིས་པ་དེ་དཀར་
པོའ ་ི ཆ་གཅིག་སྤྱི་བོའ ་ི རྩ་འཁོར་གྱི་ནང་དུ་འགྲོ། དམར་པོའ ་ི ཆ་གཉིས་པ་དེ་ལྟེ་བའི་རྩ་
འཁོར་གྱི་ནང་དུ་བསྡད་ནས་དྲོད་བསྐྱེད་པར་བྱེད་པ་རེད། ལྟོ་ཆས་འཇུ་ཐུབ་ཡག་དེ་
ཁོའ ་ི བྱེད་པ་རེད། ཁྲག་ཡིན་ཙང་དྲི་ཞེས་བརྗོད་པ་རེད། ཀྱང་ཞེས་པས་ལྟེ་བའི་ནང་གི་
ཐིག་ལེ་དམར་པོ་མ་ཟད་སྤྱི་བོའ ་ི ཐིག་ལེ་ཁམས་དཀར་པོ་དེ་ཡང་མཆོད་དགོས་པའི་
དོན་རེད། མཆོད་ལུགས་ནི་དང་པོ་ལྟེ་བའི་གཏུམ་མོ་འབར་ནས་སྤྱི་བོའ ་ི ཐིག་ལེ་ཁམས་
213
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དཀར་པོ་ཞུ་སྟེ་མར་འབབ་ཡོང་དུས་ཡས་འབབ་དགའ་བཞི་རིམ་གྱིས་འདྲེན་པ་རེད། ལྟེ་
བའི་ཁམས་དམར་པོ་ཡར་འབར་བ་ལ་བརྟེན་ནས་སྤྱི་བོའ ་ི ཁམས་དཀར་པོ་ཞུས་ནས་
མར་འབབ་ཁོ་གཉིས་འདུ་བ་དང་ཕྲད་པ་ལ་བརྟེན་ནས་དགའ་བའི་མཐའ་མ་ལྷན་སྐྱེས་ཀྱི་
དགའ་བ་དེས་རིག་ལྡན་མ་དེ་བུད་མེད་ལ་གོ་རྒྱུ་ཡོད་མ་རེད། དབུ་མ་ལ་གོ་དགོས་རེད།
དབུ་མ་ལ་མཆོད་ཞེས་པའི་དོན་རེད། རྒྱུད་ཀྱི་ཚིག་དེ་ཧ་ཅང་གི་དུབ་པོ་འགྲེལ་པ་ལ་མ་
ལྟས་ན་ང་རང་ཚོས་བཤད་ཐུག་ཡག་ཡོད་མ་རེད།
རྩ་བའི་རྒྱུད་ཀྱི་དོན་དེ་བཤད་རྒྱུད་ལ་ལྟ་དགོས་རེད། དེ་ལྟ་བར་བྱེད་པ་ལ་
རྩ་རྒྱུད་གང་ལ་བཤད་རྒྱུད་ག་རེ་དགོས་ཀྱི་ཡོད་མེད། དེ་གཉིས་རྩ་བཤད་དུ་བསྒྱུར་
ལུགས་དེ་ཡང་མཁས་པ་པཎྜི་ཏ་སྒྲ་སྙན་ངག་ཤེས་མཁན། སྒྲ་མ་ལྟ་ན་མི་ཤེས་པ་དེ་
འདྲའི་རྡོ་རྗེ་ཆང་གི་མན་ངག་ཡོད་མཁན་ཕྱག་ན་རྡོ་རྗེ་དང་ཀུན་ཏུ་བཟང་པོ་ལ་སོགས་
པ་རྡོ་རྗེ་འཆང་རང་གིས་རྒྱུད་འགྲེལ་གསུངས་ཤག་སའི་མཁས་པ་ཚོའི་ཤད་པའི་རྒྱུད་
འགྲེལ་ལ་ལྟོས་དགོས་རེད། ལྟོས་ནས་བཤད་སྟངས་ད་ལྟ་འདི་རེད། དེ་འདྲ་བཤད་ཡོང་
དུས་ལྟེ་བའི་རྩ་འཁོར་ལ་གནད་དུ་བསྣུན་ནས་བདེ་ཆེན་འདྲེན་པའི་ཐབས་མཆོག་ཡིན་
པའི་རྒྱུ་མཚན་དེ་ནི། སྙིང་ཁའི་རྩ་འཁོར་གྱི་ནང་དུ་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ་
ཆེ་བ་ངས་དཀར་སྦོང་པོའ ་ི ཚད་ཙམ་དཔྱིད་ཟེར་ཡག་གཅིག་བསྡད་ཡོད་རེད། དེ་རྗེ་
བཙུན་ཡབ་ཀྱི་ངོ་བོ་བསམ། དེ་ལ་བ་སིན་ཏ་ཟེར་བ་རེད། བོད་སྐད་དཔྱིད་ཟེར་ཀྱི་རེད།
དཔྱིད་དེ་བསྒོམ་དུས་ཧཱུཾ་ཡིག་ཆ་ལྔ་པའི་རྣམ་པ་ཧཱུཾ་ཡིག་བྱང་སེམས་བ་མོ་འཛག་པ་
ལྟ་བུ་བསྒོམ་ཤོག་ཟེར་ཡག་ཧཱུཾ་ཡིག་གི་བཟོ་ལྟ་འདྲ་པོ་མཐོང་གི་ཡོད་རེད། ཧཱུཾ་ཡིག་དེ་
བསྒོམ་ཡོང་དུས་འ་ཆུང་གཅིག་བྱེད། ཞབས་ཀྱུ་བྱེད། ཧ་ཡི་ལུས་བྱེད། ཧའི་མགོ་བྱེད།
ཟླ་ཚེས་བྱེད། ཐིག་ལེ། ནཱ་ད་སོགས་རིམ་པ་བཞིན་ཡར་རྩིགས་ཡོང་དུས་དོན་གྲུབ།
རིན་འབྱུང༌། འོད་དཔག་མེད། རྣམ་སྣང། མི་བསྐྱོད་པ། བྱས་ནས་རྒྱལ་བ་རིགས་ལྔའི་ངོ་
214
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བོར་བཞུགས་པ་དེ་རེད། ཧཱུཾ་ཡིག་འོད་ཟེར་ལྔ་འཕྲོ་བ་ཟེར་ཡག་དེ་ཞབས་ཀྱུ་དང་འ་ཆུང་
གཉིས་ལས་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་འོད་ཟེར་ལྗང་གུ་འཕྲོ། ཧའི་ལུས་ལས་སོར་རྟོགས་
ཡེ་ཤེས་ཀྱི་ངོ་བོ་འོད་ཟེར་དམར་པོ་འཕྲོ། ཧའི་མགོ་བོ་ལས་རིན་འབྱུང་གི་ངོ་བོ་འོད་ཟེར་
སེར་པོ་འཕྲོ། ཟླ་ཚེས་ལས་རྣམ་སྣང་གི་ངོ་བོ་འོད་ཟེར་དཀར་པོ་འཕྲོ། ཐིག་ལེ་ནཱ་ད་དང་
བཅས་པ་ལས་མི་བསྐྱོད་པའི་ངོ་བོ་འོད་ཟེར་སྔོན་པོ་འཕྲོ་དགོས་པ་ཡིན་ཙང་ཧཱུཾ་ཡིག་
སྔོན་པོ་འོད་ཟེར་ལྔ་འཕྲོ་བ་དེ་ལ་སྤྲིན་སྒྲའི་ཡི་གེ །མི་བསྐྱོད་པའི་ཡི་གེ་ཟེར་ཡག་མིང་
དེ་ཚོ་བཏགས་སའི་ཧཱུཾ་ཡིག་དེ་དུས་རྒྱུན་བསྒོམ་དུས་སྙིང་ཁ་མི་ཤིགས་སམ་ཡེ་ཤེས་
འོད་ཟེར་ལྔ་ཡི་དྲ་བ་ཅན་ཧཱུཾ་ཡིག་བསྒོམ་དགོས་དུས་དཔྱིད་ཟེར་ཡག་གི་རྒྱུ་མཚན་ནི།
འཇིག་རྟེན་ན་དཔྱིད་དུས་སུ་གནམ་གྲང་མོ་དེ་ཕར་འཇག། གྲང་དྲོད་མཉམ་པོ་བྱས་རྩི་
ཤིང་ལོ་ཐོག་རྒྱས་ནས་ཁ་འབུད་ནས་ལོ་མ་དང་འབྲས་བུ་བཏག་ཡོང་དུས་སེམས་ཅན་
རྣམས་ཀྱང་དགའ་པོ་དང་སྐྱིད་པོ་ཡོང་བ་ནང་བཞིན་སེམས་ཅན་ཆགས་པ་ཤས་ཆེ་བ་
དོད་པའི་རྣམ་པར་སྤྱོད་པ་ཡིན་ཙང་བདེ་བའི་རྟེན་ཀུན་ཏ་ལྟ་བུའི་བྱང་སེམས་རྒྱས་པའི་
འགོ་འཚུག་པ་ཡིན་པས་དཔྱིད་ཟེར་བ་རེད། ལྟེ་བའི་རྩ་གྲུ་གསུམ་གྱི་དབུས་ན་མ་ལས་
ཐོབ་པའི་ཐིག་ལེ་ཁམས་དམར་པོ་དེ་ཡུམ་གྱི་ངོ་བོ་ཏི་ལ་ཀ་ཟེར་རེད། ཕག་མོ་ཏི་ལ་ཀ་
ཟེར་ཡག་དེ་ལྟེ་བའི་གཏུམ་མོ་དེ་རེད། ཏི་ལ་ཀ་དེ་སྐབས་འདིར་བཟོ་ལྟ་བཾ་ཡིག་གི་རྣམ་
པར་བཞུགས་པ་དེ་ལ་
(རང་བདེ་དཔྱིད་ཀར་འཇུག་པ་ནི། །
ས་ཆུ་དྲོད་པ་ལ་རག་ལས་པ་བཞིན་དུ་འདི་ཡང་ཡུམ་གྱིས་བསྐུལ་བའི་དབང་
གིས་ལྟེ་བའི་ཡུམ་ཏི་ལ་ཀ་ལ་རག་ལས་པ་ཡིན་ཙང་) ཐོག་མར་ལྟེ་བའི་ཐིག་ལེ་དམར་
པོ་དེ་ལ་དམིགས་རྩ་འཁོར་ལ་གནད་དུ་བསྣུན་ནས་ཁོ་སྒུལ་སྐྱོད་བཏང་ནས་བསྐུལ་
དགོས་ཀྱི་ཡོད་རེད། ཁོ་བསྐུལ་བའི་རྐྱེན་གྱིས་ཁོའ ་ི དྲོད་ཀྱིས་སྙིང་ཁའི་དཔྱིད་དེ་བསྐུལ་
215
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཐུབ་ཀྱི་ཡོད་རེད། ལམ་གྱི་རིམ་པ་སྐྱེས་ལུགས་དེ་འདྲ་རེད། ལམ་གྱི་གནད་དེ་ཧ་གོ་


སོང་ན་ཤིང་མཁན་ཤིང་གི་གནད་ལ་མཁས་པ་ནང་བཞིན་གཤེན་པ་སྲོག་གི་གནད་ལ་
མཁས་ཟེར་བ་ནང་བཞིན་དཀའ་ལས་ཞེ་དྲག་རང་མི་དགོས་རེད།

གཉིས་པ་ལམ་བགྲོད་པའི་རིམ་པ།

༈ (ཆགས་ཅན་ཆགས་བྲལ་རྣམ་པ་གཉིས། །ཆགས་བྲལ་དབུ་མར་བསྡུ་བསྒོམ་ཟུང༌།།)
ཞེས་པ་དེ་ས་བཅད་བཀྲམ་ཡོང་བ་རེད། ད་རྫོགས་རིམ་རྩ་དབུ་མ་བཤད་པ་ལ། རླུང་
དབུ་མར་བསྡུ་བ་དང༌། བསྡུས་ནས་བསྒོམས་པ་གཉིས། ཟུང་ཞེས་པ་གཉིས་རེད།

རླུང་དབུ་མར་བསྡུ་བ་བསྡུས་ནས་བསྒོམ་པ།

དབུ་མར་བསྡུ་བ་དེ་ལ་ལྟེ་བའི་ཐིག་ལེ་ལ་དམིགས་པ་བཏད་ནས་བསྐུལ་དགོས་
པ་རེད། (སྨོན་ལམ་ནང་ལ་ལྟེ་བའི་རྩ་གསུམ་དབུས་ནས་དམར་ནག་རམ། །སྟེང་
འོག་རླུང་གིས་སྦར་བའི་ཚངས་པའི་མེས། །སྟོང་ཕྲག་དོན་གཉིས་སྙིགས་མའི་ཁམས་
བསྲེགས་ཏེ། །དྭངས་མས་དྷཱུ་ཏི་ཡོངས་སུ་གང་བར་ཤོག) ཅེས་པ་དེ་རེད།
དེའི་ལྟག་དེར་(ལྟེ་བའི་པདྨར་རླུང་ལྔའི་ཏི་ལ་ཀ) ཞེས་སོགས་ཤླཽཀ་གཉིས་པོ་
དེ་འཁྲིད་ཀྱི་སྐབས་སུ་བཤད་ཀྱི་ཡོད་མ་རེད། མི་བཤད་པའི་རྒྱུ་མཚན་ནི་དེ་ང་རང་
ཚོས་བསྒོམ་གི་ཡོད་མ་རེད། དེ་ཧ་ལམ་རྦད་བསྒོམ་བྱང་མ་རྣལ་འབྱོར་པ་དྲག་ག་ཚོས་
བསྒོམས་ནས་བྱང་བསྡད་པ་ཡིན་ན་འདི་བསྒོམ་པ་རེད། དེ་ཡབ་དང་ཐུན་མོང་གི་ཏི་ལ་
ཀ་རེད། ལྟེ་བའི་རྩ་གསུམ་དབུས་ན་ཟེར་ཡག་དེ་ཡུམ་གྱི་ཐུན་མོང་མ་ཡིན་པའི་གཏུམ་
216
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

མོ་བསྒོམ་ཡག་དེ་རེད། ད་རེས་འདི་རྣལ་འབྱོར་མ་ཐུན་མོང་མ་ཡིན་པ་མགྱོགས་པོ་
བསྒོམ་རྒྱུ་ཉུང་ཉུང་ལས་སླ་བ་དེ་རེད། ཡབ་དང་ཐུན་མོང་བ་དེ་བསྒོམ་ན་པདྨ་པདྨའི་ཕྱི་
རིམ་ནང་རིམ་ཡི་གེ་བཀོད་དགོས་ཡག་འདྲ་པོ་དཀའ་ལས་ཁག་པོ་ཡོད་རེད། བྱེད་ཙང་
ང་ཚོས་བསྒོམ་ཐུབ་ཀྱི་ཡོད་མ་རེད་ལ། བླ་མ་རྣམ་པ་ཚོས་མཚམས་མཚམས་གཅིག་
ཁྲིད་ཀྱི་ཡོད་པ་འདྲ། འཁྲིད་ཀྱི་ཡོད་རེད་བཤད་པ་གཅིག་གནང་གི་ཡོད་རེད། ད་དེ་མ་
བཤད་ན་འགྲིག་གི་རེད། ཡིན་གཅིག་མིན་གཅིག་ཤེས་འདོད་འདུག་ན་རྗེས་མ་བླ་མ་རྡོ་
རྗེ་འཆང་གི་ཟིན་བྲིས་དེ་ཀློག་ན་དེ་ནང་ཡོང་བ་ཡོད་ཕལ་ཆེར། ང་ཚོ་དེ་ནས་མཆོངས་
རྒྱག་རྒྱབ་ནས་བཤད་འགྲོ་བ་རེད། ཟིན་བྲིས་དེ་ནང་ཏི་ལ་ཀ་གསུངས་ཡོད་རེད་
ཐུན་མོང་གི་རྫོགས་རིམ་རྩ་དབུ་མ་དེ་ལ་དབུ་མ་ཆེ་ཆུང་གཉིས་རྩ་དབུ་མ་ཆེ་བ་ཟེར་
ཡག་དེ་ཐུན་མོང་གི་རྫོགས་རིམ་དེ་རེད། རྩ་དབུ་མ་ཆུང་བ་ཟེར་ཡག་དེ་ཡུམ་གྱི་རྫོགས་
རིམ་དེ་རེད། ད་ཡུམ་གྱི་རྫོགས་རིམ་གྱིས་འགྲིག་གི་རེད་ཕོ་བཟོད་ན།

[སྒྲ་འཁོར་བཅུ་པ།]

(གཉིས་པ་ཆགས་བྲལ་དབུ་མ་བསྡུ་བསྒོམ་ཟུང༌།།) ཞེས་རླུང་དབུ་མར་བསྡུ་
བ་དང༌། བསྡུས་ནས་བསྒོམས་པ་གཉིས། ས་བཅད་བཀྲམ། དང་པོ་ལ། རླུང་དབུ་མར་
བཞུགས་གནས་བྱེད་པ་ལ་བླ་མའི་རྣལ་འབྱོར་བསྒོམ་པ་དེ་ཚོ་རྒྱས་བསྡུས་ག་རེ་བྱེད་
ན་བདག་བསྐྱེད་བཏོན་དགོས་རེད། དེ་ཀས་སྔོན་དུ་བཏང༌། སྒོམ་ཡག་དེ་གྲོད་པ་རྒྱག་
བསྡད་དུས་བསྒོམ་པ་མ་རེད། སྔ་དྲོའམ་ཡང་ན་ལྟོ་ཆས་མར་ཞུ་བའི་མཚམས་སུ་
བསྒོམ། ཕྱི་དྲོ་མེ་རླུང་གཙོ་བོ་རྒྱུ་བའི་དུས་སུ་སྒོམ་ཡག་འདྲ་པོ་གང་ལྟར་ཡག་ཉེས་དུས་
ཀྱི་གནས། ཡུལ་གྱི་གནད། དམིགས་པའི་གནད། རླུང་གི་གནད་བཅས་གནད་འགག་
བཞི་ཚང་དགོས་རེད། དུས་ཀྱི་གནས་སྔ་དྲོ་དང་ཕྱི་དྲོ་མེ་རླུང་གྱེན་དུ་རྒྱུ་བའི་སྐབས་
217
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རེད། ཡུལ་གྱི་གནས་དེ་ད་རེས་ལྟེ་བའི་ཁ་ཐུག་ལ་བསྒོམ་དགོས་རེད། དམིགས་པའི་


གནས་དེ་ཡི་གེ་རཾ་ཡིག་ལྟེ་བའི་རྩ་གསུམ་དབུས་ན་དམར་ནག་རཾ། །ཞེས་པ་དེ་གསལ་
བཏབ་ནས་བསྒོམ་དགོས་རེད། རླུང་གི་གནད་དེ་ཐང་ཆད་ནས་གདན་སྒང་སྡོད་མ་ཐག་
ཏུ་བསྒོམ་རྒྱུ་ལོང་གི་ལ་མར་བསྡད་ནས་སེམས་ལྷོད་ལྷོད་བྱས་རླུང་རོ་བསལ་དགོས་
ན་བསལ། ངལ་གསོ་རྒྱབ། རླུང་སྒྲ་ཅན་དང་ཤུགས་ཅན་དང་རྒོད་བག་ཅན་དེ་འདྲ་མིན་
པ་རླུང་ཆམས་ལ་ཕབས་བྱས་རླུང་གི་གནད་དེ་འདྲ་རེད། དང་པོ་སྐྱབས་འགྲོ་ནས་ངག་
བཟླས་ཡིད་བཟླས་ཀྱི་བར་བདག་བསྐྱེད་དེ་བཏོན། ཞར་བྱུང་རྫོགས་རིམ་མ་བསྒོམས་
ནའང་འགྲིག་གི་རེད་བསྒོམ་ནའང་ཆོག་གི་རེད།
དེ་ནས་ལུས་གནད་བཅས་ཏེ་ལུས་རྣམ་སྣང་ཆོས་བདུན་ལྡན། ཡང་ན་གྲུ་གསུམ་
དྲུག་ཐབས་དྲུག་བཞི་བསྒོམ་ཐག་བཏང་ཙོག་ཙོག་བྱེད། མེ་ཏོག་དྲུག་བཞི་བྱེད་པ་རེད།
བསྒོམ་ཐག་དེ་ལ་སོར་བཞི་བསྲབས་པོ་རང་མིན་པ་ཉིས་བལྟབ་བྱེད་ན་མགོའ ་ི རྒྱབ་
ནས་ཚུར་བསྐོར་ཏེ་དཔྲལ་བའི་སྒང་ལ་སླེབསོང་ན་འཆང་ཟུང་གསུམ་རིང་ཐུང་དེ་འདྲའི་
གཅིག་རེད། བསྒོམ་ཐག་དེ་གྱོན་གྱི་ཡིན་ན་རྒྱབ་ལོག་ནས་ཚུར་བཏང་དཔུང་པའི་སྨད་
ནས་ཚུར་གྱོན་པུས་མོའ ་ི འོག་ནས་གྱོན་རྐང་པ་གཉིས་ཙོག་ཙོག་བྱས་འདུག་སེ་བསྣོལ་
དགོས་རེད། དེ་ལ་མེ་ཏོག་གྲུ་བཞི་འང་ཟེར་རེད། གྲུ་གསུམ་དྲུག་བཞིའང་ཟེར་གྱི་རེད།
རྐང་པ་ཡར་ཙོག་ཙོག་བྱེད་པ་ཡིན་ཙང་འདིར་གྲུ་གསུམ་རེ་རེ་འདིར་གྲུ་གསུམ་གཅིག་
བསྒོམ་ཐག་གིས་བཅད་པའི་སྒང་ལ་གྲུ་གསུམ་བྱེད་གཡས་གཡོན་པུས་མོའ ་ི འོག་ལ་གྲུ་
གསུམ་གཅིག་བྱེད་གྲུ་གསུམ་དྲུག་ཡོང་གི་ཡོད་པ་ཡིན་པ་རེད། གྲུ་གསུམ་དྲུག་བཞི་
ཟེར་རེད། བསྒོམ་ཐག་གྱོན་སྟངས་དེ་རེད། གང་ལྟར་ཡིན་པས་འདུག་སེ་ཡར་ཙོག་ཙོག་
བྱེད་དུས་ལུས་ཕར་གཞིགས་མི་འགྲོ་བ་རྩ་འདྲོངས་པོ་ཡོང་གི་ཡོད་རེད། དེ་མིན་ན་རྡོ་
རྗེ་དཀྱིལ་དཀྲུང་བྱེད་ནས་ལུས་རྣམ་སྣང་ཆོས་བདུན་ལྡན་བྱུང་ན་རྩ་འདྲོངས་པོ་ཡོད་
218
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རེད། རྩ་འདྲོངས་ན་སེམས་འདྲོངས་པོ་ཡོང་གི་ཡོད་རེད། སེམས་དྲོངས་ན་དམིགས་པ་


འཆར་བདེ་བ་ཡོད་རེད།
དགེ་སློང་གཅིག་གིས་ལུས་རྣམ་སྣང་ཆོས་བདུན་ལྡན་བྱེད་ཏིང་འཛིན་བསྒོམ་
སྡད་དུས་སྤྲེའུ་གཅིག་དེར་ཡོང་ནས་ཁོས་དགེ་སློང་ལ་ལྟས་ནས་དགེ་སློང་གི་ལས་
འདོད་བྱེད་རྡོ་རྗེ་དཀྱིལ་དཀྲུང་བྱེད་དགེ་སློང་ལ་ལྟ་ནས་དགེ་སློང་གང་བྱེད་ཁོས་བྱེད་ཀྱི་
ཡོད་རེད། ཉི་མ་གཅིག་ལ་སྤྲེའུའི་རྒྱུད་ལ་ཏིང་ངེ་འཛིན་སྐྱེས་སོང་བ་རེད། དེ་འདྲ་གཅིག་
འདུལ་བའི་ནང་ལོ་རྒྱུས་ཡོང༌། རྩ་འདྲོངས་ན་རླུང་འདྲོངས། རླུང་འདྲོངས་ན་སེམས་
རླུང་ལ་བརྟེན་པ་ཡིན་ཙང་སེམས་འདྲོངས་པ་ཡོང་གི་ཡོད་རེད། སྡོད་ལུགས་ཡག་པོ་
བྱུང་ན་བསྒོམ་ཡག་པོ་ཡོང་གི་ཡོད་རེད། ལྷོ་བྲག་མར་པས་བོད་ཀྱི་བསྒོམ་ཆེན་ཚང་མ་
ཕྱོགས་གཅིག་ཏུ་འདུས་ན་ངའི་འདུག་ལུགས་ཙམ་ཡང་མི་ཤེས་གསུངས་པ་རེད། རྡོ་
རྗེ་དཀྱིལ་དཀྲུང་ཐུབ་ན་དེ་བྱེད། གལ་ཏེ་མ་ཐུབ་ན་དང་པོ་རྡོ་རྗེ་དཀྱིལ་དཀྲུང་ཏོག་ཙམ་
རིང་བྱེད་དེ་ནས་རྐང་པ་གཡས་པ་དེ་གཡོན་པའི་སྒང་ལ་བཞག །ཉིས་གས་བྱེད་འདུག་
སེ་སྡད། དེ་ཡང་མ་བདེ་ན་སེམས་དཔའི་དཀྱིལ་དཀྲུང་བྱེད། དེ་ཡང་བདེ་པོ་མེད་ན་ནམ་
རྒྱུན་ཡོངས་གྲགས་དཀྱིལ་དཀྲུང་ཕལ་པ་དེ་བྱས་ནས་བསྒོམ་ཤོག་གསུངས་པ་རེད། ད་
བསྒོམ་ཡག་སྟོང་ར་ཡུད་ཙམ་བསྒོམ། རང་རྡོ་རྗེ་རྣལ་འབྱོར་མ་ཐུན་མཚམས་ཀྱི་ལྷར་
བཞེངས། སྟོང་སང་ངེ་འཁོགས་པའི་ནང་ལ་སྟོང་པ་མ་གཏོགས་གང་ཡང་མེད་པ་དོན་
ལྔ་སྣོད་དྲུག་ཟེར་བ་དེ་ཚོ་བསམ་བློ་མ་བཏང་པ་བྱེད། དོན་ལྔ་ཟེར་ཡག་དེ་འཁོགས་
པའི་ནང་ལ་དོན་ལྔ་ཡོད་རེད་སྙིང་དང༌། གློ་བ་དང༌། མཁལ་མ་དང༌། མཚེར་པ་དང༌།
མཆིན་པ་རྣམས་སོ། །སྣོད་དྲུག་ཟེར་ཡག་དེ་ནང་ལོགས་བླུགས་ཤག་པའི་ཕོ་བ་དང་རྒྱུ་
མ་དང༌། ལོང་ཀ་དང༌། གཉེ་མ་དང༌། ལྒང་བ་དང༌། མཁྲིས་པ་སོགས་བླུགས་སའི་སྣོད་
ཡིན་ཙང་སྣོད་ཟེར་རེད། དེའི་ནང་མང་པོ་ཡོད་རེད། ཕྱུག་པོ་ཡོད་རེད། ལྟ་ཉན་བྱེད་ཉན་
219
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཡོད་མ་རེད། རྐང་ལག་སོར་མོ་ཡན་ཆད་རྣ་བ་ཚུན་ཆད་སྟོང་པ་འོད་དམར་སང་སང་
བྱེད་པ་སྟོང་ར་ཡག་པོ་གཅིག་བསྒོམ། དེ་ནས་རྩ་གསུམ་གསལ་བཏབ་ལུས་ཀྱི་དབུས་
སུ་རྩ་དབུ་མ་ཁྱད་ཆོས་གསུམ་ལྡན་ཕྲ་སྦོམ་མདའ་སྨྱུག་ཙམ་མར་སྣེ་གསང་གནས་སུ་
ཁ་ད་ཆད་སྡང་པ། ཡར་སྣེ་སྣ་བུག་གཉིས་ཀྱི་དབུས་སུ་ཟུག་པ་དྭངས་ཤིང་གསལ་བ།
ལྟེ་བའི་བུག་པའི་ཐད་བར་དུ་རྩ་གསུམ་མར་ཡོང་ལྟེ་བའི་ཐད་དེ་རྩ་གསུམ་འཁོགས་པ་
གཅིག་ཏུ་འདྲེས་ཏེ་འཁོགས་སྟོང་གཅིག་བྱེད། དེ་ནས་ཀྱང་ཁག་ཁག་སོ་སོ་བྱེད་དེ་འདྲ་
ཡིན་གསུངས་པ་རེད། གཡས་སུ་རོ་མ་དམར་པོ་གཡོན་དུ་རྐྱང་མ་དཀར་པོ་དེ་གཉིས་
ཕྲ་སྦོམ་གྲོ་སོག་ཙམ་དབུ་མ་ལས་རིང་སྡད་པ་མ་འབྱར་བ་བྱས་མར་སྣེ་དབུ་མའི་ནང་
དུ་ཚུད་ཅིང་ཡར་སྣེ་སྣ་བུག་གཉིས་སུ་ཟུག་པ་བྱེད། དབུ་མ་དེ་མར་སྣེ་བྷ་གའམ་གསང་
གནས་དང་ཁ་ད་ཆད། ཡར་སྣེ་སྨིན་མཚམས་སུ་ཟུག་པ་བྱེད། རོ་རྐྱང་གཉིས་སྣ་བུག་
གཉིས་སུ་ཟུག་པ་ཡིན་ཙང་རོ་རྐྱང་གཉིས་ཀྱི་རླུང་དེ་སྣ་ཁུང་ནང་ནས་ཐོན་ཡོང་གི་ཡོད་
རེད།
དབུ་མ་སྤྱི་བོ་ནས་མར་གུག་ནས་སྨིན་མཚམས་སུ་ཟུག་པ་ཡིན་ཙང་རླུང་སྨིན་
མཚམས་ནས་དོན་ཡོང་བ་རེད། རྩ་གསལ་བཏབ་ལུགས་དེ་བྱེད། རྩ་གསུམ་ཕར་ཚུར་
བྱས་ན་དཀྱིལ་ཏག་ཏག་བྱས་རྒྱབ་མདུན་བྱེད་ན་རྒྱབ་ལ་ཅུང་ཟད་ཉེ་བ་བྱས་འདུག་སེ་
བྱེད། དེ་འདྲའི་རྩ་གསུམ་སྦུབས་སྟོང་གཅིག་ཏུ་འདྲེས་པའི་ལྟེ་བའི་བུ་ག་ཡོད་སའི་ཁ་
ཐུག་མཐོ་མ་དྲག་དམའ་མ་དྲག་དཀྱིལ་ཏག་ཏག་དེར་རཾ་ཡིག་དམར་ནག་གཅིག་
(ལྟེ་བའི་རྩ་གསུམ་དབུས་ན་དམར་ནག་རཾ།།)
ཟེ ར ་ཡག་དེ ་ ར་ཡི ག ་སྒང་ལ་ཟླ་ཚེ ས ་ཐི ག ་ལེ ་ ནཱ་ད་དང་བཅས་ཆེ ་ ཆུང་རི ལ ་མ་ཙམ་
གསལ་བཏབ། རླུང་རོ་དགུ་ཕྲུགས་གསལ་བཏབ་ལུགས་དེ་གཡོན་ནས་རྔུབ་གཡས་
ནས་འབུད། རླུང་འགྲོ་གི་མི་འདུག་ན་སྣ་བུག་གཅིག་བཀག་དེ་འདྲ་བྱེད་རྒྱུ་ཡོད་མ་རེད།
220
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཁོ་རང་འགྲོ་ས་དེར་འགྲོ་བཅུག་སོ་སོས་ག་པ་ནས་འབུད་ན་དེ་ནས་འགྲོ་གི་ཡོད་བསམ་
པ་བྱེད། དེ་འདྲ་སེ་གཡོན་ནས་རྔུབ་སྟེ་གཡས་ནས་འབུད། གཡས་ནས་རྔུབ་སྟེ་གཡོན་
ནས་འབུད་པ། གཉིས་ཀ་ནས་རྔུབ་སྟེ་གཉིས་ཀ་ནས་འབུད་པ་ལན་གསུམ་རེ་བྱེད། རླུང་
རོ་དགུ་ཕྲུགས་གསལ་ལུགས་དེ་རེད། དེ་ནས་འོག་རླུང་སྙན་གསེན་འབེབ་པའི་ཚུལ་
དུ་ཅུང་ཟད་འཐེན། དེའི་རྗེས་སུ་སྟེང་རླུང་དལ་པོས་རྔུབ་ནས་མཆིལ་མ་སྒྲ་མེད་མིད་
པ་དང་མཉམ་དུ་ལྟེ་བར་མནན། དེ་ནས་འོག་སྒོ་འཚུམ་བྱས་ནས་འོག་རླུང་རྫོགས་པར་
འཐེན་རང་སེམས་རཾ་ཡིག་ལ་ཞུགས་པ་བཞིན་དུ་བྱས་ཏེ་རླུང་གིས་རཾ་ཡིག་འབར་བས་
ཤིན་ཏུ་དམར་ཞིང་མེ་ཕྲ་མོ་ཅུང་ཟད་འབར་བ་འདྲ་པོ་དེ་འདྲ་ཤིག་བསམ་བློ་བཏང༌། དང་
པོ་མེ་ཆེན་པོ་འབར་རྒྱུ་ཡོད་མ་རེད། མེ་སྦར་བ་མེ་གསོ་བ་དེ་འདྲ་རེད། རཾ་ཡིག་དེ་ཕར་
ལྟས་སྡད་མཁན་འདྲ་པོ་དེ་འདྲ་མིན་པ་བྱས་དང་པོ་ལྟ་སྡད་མཁན་འདྲ་པོ་བསམ་བློ་ཡོང་
གི་རེད་དེ། རླུང་བཟུང་བའི་སྐབས་སུ་འོག་རླུང་ཕྱེད་ཙམ་ཡར་འཐེན་ལྷོད་ལྷོད་བྱས་
ནས། སྟེང་རླུང་རྫོགས་པར་རྔུབ། རླུང་བུམ་ཅན་བཟུང་དུས་རླུང་རྔུབ་པ་དང་འབུད་པ་
སྣ་སྒོ་ནས་བྱེད་པ་མ་གཏོགས་ཁ་ནས་ཡེ་ནས་མི་འགྲོ་བ་བྱེད་དགོས་རེད། སྣ་ཁུངས་
ནས་རླུང་དལ་པུས་ངང་ནས་མ་རྫོགས་ཀྱི་བར་དུ་རྔུབ།
དེ་ནས་མར་མནན་ཡག་དེ་ལ་མཆིལ་མ་སྒྲ་མེད་གཅིག་མིད་ནས་མཆིལ་མ་
དེས་རླུང་མར་དེད་དེ་ལྟེ་བའི་རཾ་ཡིག་ཁ་ཐུག་སླེབ་འགྲོ་བ་དང་འོག་རླུང་ད་གིན་གྱི་ཕྱེད་
ཙམ་འཐེན་པ་རེད། ད་རྫོགས་པར་ཡར་འཐེན། དེ་ཡང་དྲག་འཐེན་མིན་པ་འོག་སྒོ་ཕྲན་
བུ་བཙུམ། རླུང་སྟེང་འོགགཉིས་པོ་རཾ་ཡིག་གི་སྟེང་འོག་ཏུ་ཁ་སྦྱོར་བྱས་ཏེ་བུམ་ཅན་
བཟུང༌། ད་རང་གི་སེམས་དེ་རཾ་ཡིགལ་ཞུགས་པ་ནང་བཞིན་བྱེད། དེ་མ་བྱས་ན་ཕན་
པ་མ་རེད་སེམས་ཞུགས་ན་རླུང་ཡང་དེར་ཞུགས་འགྲོ་བ་རེད། མེ་ལ་རླུང་ཞུགས་ན་
མེ་འབར་བ་བཞིན་དུ་རཾ་ཡིག་ལ་རླུང་ཞུགས་ན་རཾ་ཡིག་འབར་བ་དེ་འདྲ་རེད། རཾ་ལ་
221
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རླུང་ཞུགས་ཡོང་དུས་རཾ་ཡིག་དེ་དམར་རུ་དམར་རུ་ཕྱིན་ཏེ་དཔེར་ན་ནག་ཁུང་ནང་ལ་
མེ་སྟག་ཆུང་ངུ་ཞིག་ཡོད་ན་ཁོ་ལ་དཔག་པའི་འོད་འཕྲོ་ཡག་ཡོད་པ་བཞིན་རཾ་ཡིག་དེ་
ལ་མེ་འོད་ཅུང་ཟད་འཕྲོས། མེ་འོད་དེས་ལྟེ་བའི་རྩ་གསུམ་སྦུབས་གཅིག་ཏུ་འདྲེས་པའི་
སྦུག་སྟོང་དེ་ནས་ཡར་དམར་སེང་སེང་འགྲོ་སོང་བསམ་པ་བྱེད། དེ་མི་བདེ་བ་མ་བྱུང་
ཙམ་ནས་རླུང་དེ་ག་ལེར་ཕར་གློད་དགོས་རེད་མ་གཏོགས་མི་བདེ་བ་བྱུང་བར་དུ་སྡུག་
རུས་བྱས་བསྒོམ་སྡད་ན་རླུང་ཤོར་འགྲོ་བ་རེད། ཤོར་སོང་ན་རླུང་སྐྱོན་ན་ཚ་དེ་འདྲ་ཡོང་
རྒྱུ་ཡོད་རེད། རླུང་བུམ་པ་ཅན་ཟེར་ཡག་དེ་རེད། ཕར་གློད་པའི་སྐབས་སུ་ཁ་ནས་ཡེ་
མ་ཤོར་བ་བྱེད་དགོས་གསུངས་པ་རེད། དལ་པུས་ཕར་བཏང༌། སླར་ཡང་སྔ་མ་བཞིན་
དུ་ཚུར་རྔུབ་བཟུང་བྱེད། ཡང་ཕར་བཏང་དེ་འདྲ་ཐེང་ཁ་ཤས་སོང་ན་རཾ་ཡིག་ཇེ་དམར་
ཇེ་དམར་དུ་ཕྱིན་བྱས་མེ་འོད་དེ་རྩ་ཕྲན་ནང་དུ་ཁྱབ་ནས་རྩ་ནང་གི་ཁམས་ཀྱི་སྙིགས་
མ་རྣམས་དང༌། རང་གི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་མཉམ་དུ་ཚིག་
ནས་བསྐམས་འགྲོ་བ་བྱེད། ཡང་སྔར་བཞིན་སྦྱངས་པས་སྟོད་ཀྱི་ཁམས་དྭངས་མ་
ཐམས་ཅད་རྩ་ནང་སོ་སོ་ནས་མར་ཞུ་ཡོང་རྩ་གསུམ་ཁོང་སྟོང་གཅིག་ཡོད་ས་དེ་ནང་དུ་
མར་འདུས་ཡོང༌།
(སྟེང་འོག་རླུང་གིས་སྦར་བའི་ཚངས་པའི་མེས། །
སྟོང་ཕྲག་དོན་གཉིས་སྙིགས་མའི་ཁམས་བསྲེགས་ཏེ། །
དྭངས་མས་དྷཱུ་ཏཱི་ཡོངས་སུ་གང་བར་ཤོག)
སྟོད་ཀྱི་ཁམས་དྭངས་མ་རྣམས་ཞུ་ནས་རྩ་གསུམ་ནང་ནས་མར་བབ་ཡོང་དབུ་མ་ནང་
མར་ཐིམ། སྨད་ཀྱི་ཁམས་དྭངས་མ་རྣམས་རྩ་གསུམ་ནང་ནས་ཡར་ཡོང་ནས་ཐིམ། རོ་
རྐྱང་གཉིས་ཀྱི་མར་སྣེ་དབུ་མའི་ནང་དུ་བཅུགས་པས་རྩ་གཉིས་ཀྱི་ཁམས་ཐམས་ཅད་
དབུ་མར་འདུས་ཏེ་ཁམས་དཀར་པོ་དངུལ་ཆུའི་མདོག་ཅན་གྱིས་འོད་ཆེམ་ཆེམ་ཁེངས་
222
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ནས་བདེ ་ བ་ཆེ ན ་པོ ་སྐྱེས ་སོ ང་བསམ་པའི་དམི ག ས་པ་བྱས་ནས་བསྒོ མ ་དགོ ས ་པ་


རེད། དེ་འདྲའི་བདེ་བ་ཆེན་པོ་སྐྱེས་ཀྱི་འདུག་ན་སྟོང་པ་ཉིད་ལ་དམིགས་ཏེ་བདེ་སྟོང་ལ་
སྙོམས་པར་འཇུག་གིན་འཇུག་གིན་བྱེད་ཚར་བདུན་རེ་ཙམ་བསྒོམ་དེ་རླུང་བུམ་པ་ཅན་
རང་བསྒོམ་རྒྱུ་རེད། འོག་རླུང་ཏོག་ཙམ་འཐེན་ནས་སྟེང་རླུང་འཐེན་པ་རེད། དེ་ཡིན་ཙང་
ཡང་ང་རང་ཚོ་གྲང་བ་ཤས་ཆེ་བ་ཡིན་ན་ནི་འོག་རླུང་དེ་སྔོན་ལ་ཡར་ཕལ་ཆེར་རྫོགས་
པ་འདྲ་པོ་འཐེན། འོག་རླུང་མ་འཐེན་སྟེང་རླུང་སྔོན་ལ་རྫོགས་པར་འཐེན་བཞག་ན་འཛག
གེགས་ཡོང་གི་ཡོད་རེད། ཡང་ཁྲག་ཤས་ཆེན་པོ་ཡིན་ན་ནི་འོག་རླུང་དེ་མགྱོགས་ཙི་
ཕྲན་བུ་ཡར་འཐེན་སྟེང་རླུང་སྔོན་ལ་འཐེན་མི་དགོས་པ་རེད། དེས་སྟོད་བརྒྱངས་ཡག་
ལ་ཕན་གྱི་ཡོད་རེད། ད་དེ་འདྲ་བྱས་ནས་དེ་བསྒོམ་པའི་སྐབས་ལ་རྩ་དབུ་མའི་ནང་ལ་
དམིགས་པ་ག་པ་གཏད་གཏད་ལ་སེམས་དེ་ཞུགས། སེམས་ག་པ་འགྲོ་འགྲོ་ལ་སེམས་
དེའི་གཞོན་པའི་རླུང་དེ་སླེབས་ཡོང་བ་རེད། རླུང་ག་པ་འགྲོ་འགྲོ་ལ་རླུང་ཞུགས་པ་ཡིན་
ཙང་རྩ་དབུ་མའི་ནང་དུ་རླུང་ཞུགས་ཡོང་བ་རེད། ཞུགས་པའི་མཐའ་ལ་ཤུགས་ཆེ་རུ་
ཆེ་རུ་འགྲོ་བ་རེད། ད་དེ་ཞུགས་ན་ནི་རཾ་ཡིག་དེ་མེ་འབར་བ་ཡིན་ཙང་གཏུམ་མོ་འབར་
བ་རེད། གཏུམ་མོ་འབར་དུས་དྲོད་ཆུང་ཆུང་ཁབ་རྩེ་ཙམ་ཞིག་སྦུག་ཐག་རིང་པོ་ནས་སྐྱེ་
ཁག་པོ་འདྲ་བྱས་ནས་ག་ལེ་ག་ལེ་སྐྱེས་ཀྱི་འདུག་ན་དེ་ནས་རིམ་པས་རིམ་པས་སྐྱེས་
ཏེ་གཏུམ་མོའ ་ི ནང་གནད་དུ་སོང་ནས་གཏུམ་པོ་ལ་རེག་སྟེ་གཏུམ་མོའ ་ི མེ་བསྐུལ་བ་
ཡིན་པ་རེད། ཡང་ནམ་རྒྱུན་ནང་བཞིན་དམིགས་པ་དེ་བྱས་ཡོང་དུས་དྲོད་ཧར་གྱིས་
སྐྱེས་ནས་དྲོད་ཆེན་པོ་སྐྱེས་སླ་པོ་དེ་བྱུང་ན་དམིགས་པ་གཏད་ས་ནོར་སྡད་ཡོད་རེད།
དམིགས་པའི་གནད་དབུ་མའི་ཕྱི་ལོགས་ལ་ཁེལ་སོང་བ་རེད། གཏུམ་མོ་ཕལ་པ་འབར་
ཡོང་བ་རེད།
ཁོས་རྫོགས་རིམ་གྱི་རྟོགས་པ་སྐྱེ་བ་ལ་ཕན་ཐོགས་པ་མ་རེད། བརྟག་དཔྱད་
223
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

མཁས་པ་བྱས་ཏེ་བསྒོམ་ནས་རླུང་དབུ་མར་ཞུགས། གནས་པའི་སྒང་ལ་དབུགས་ཆད་
འགྲོ་བ་རེད། དེ་དུས་གྲོད་པའམ་ལྟོ་བ་འགུལ་གྱི་འདུག་གམ་མི་འདུག་ལྟ་དགོས་ཀྱི་
ཡོད་རེད། འགུལ་གྱི་འདུག་ན་དབུ་མའི་ནང་ལ་མ་ཞུགས་པ་རེད། ཕྱི་ལོགས་ལ་ཞུགས་
དེར་གནས་འགྲོ་བ་རེད། དེ་འགྲིག་གི་ཡོད་མ་རེད། དབུ་མར་ཞུགས་ནས་གནས་སོང་
བ་ཡིན་ན་ལྟོ་བ་འགུལ་ཡག་ཡོད་མ་རེད། བརྟག་དཔྱད་མཁས་པོ་ཞིག་དགོས་པ་རེད།
རྫོགས་རིམ་བསྒོམ་ཡག་དེ་ཡག་པོ་གཅིག་བྱུང་ན་རྟོགས་པ་སྐྱེས་པ་རེད། མ་བྱུང་ན་
དོན་མེད་རེད། ཐུན་མར་གྲོལ་འགྲོ་དུས་དབུགས་ག་ལེར་ག་ལེར་ཕར་བཏང༌། ཡང་ལུས་
དཀྱིལ་གསལ་བཏབ་ད་གིན་རྩ་གསུམ་པོ་དེ་ཕར་བཏང་སྙོམས་སུ་བཞག། ལུས་དཀྱིལ་
ཀྱི་ཆོས་འབྱུང་གྲུ་གསུམ་ཟླ་བའི་དཀྱིལ་འཁོར་ལུས་དཀྱིལ་གྱི་ལྷ་སོ་བདུན་གཙོ་བོའ ་ི
ཐུགས་ཀར་སྔགས་ཕྲེང་ཚང་མ་གསལ་བཏབ། དེ་ལས་འོད་ཟེར་འཕྲོས་ཚུར་བསྡུས་
ཆོས་འབྱུང་ལ་ཐིམ། ཟླ་བ་ལ་ཐིམ། ལྷ་སོ་གཉིས་ལ་ཐིམ། རྣལ་འབྱོར་མ་བཞི་ལ་ཐིམ།
གཙོ་མོ་ལ་ཐིམ། དེ་གཙོ་མོའ ་ི ཐུགས་གར་ཆོས་འབྱུང་ལ་ཐིམ། དེ་ཟླ་བ་ལ་ཐིམ། སྔགས་
ཕྲེང་ལ་ཐིམ། དེ་བཾ་ཡིག་ལ་ཐིམ། བཾ་མགོ་བོ་ལ་དེ་ཟླ་ཚེས་ལ་དེ་ཐིག་ལེ་ལ་དེ་ནཱ་ད་ལ་
དེ་ཡང་མི་དམིགས་པ་སྟོང་པར་གྱུར་ཏེ་བསྡུས་རིམ་བསམ་མི་ཁྱབ་ཐུན་མོང་བ་དེ་བྱེད།
སྟོང་པའི་ངང་ལས་རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གྱུར་པའི་གནས་རྣམས་སུ་ཟླ་བའི་
དཀྱིལ་འཁོར་གྱི་སྟེང་དུ་ལྟེ་བར་ཨོཾ་བཾ་སོགས་བྱས་ནས་ཐུན་མཚམས་ཀྱི་ལྷར་བཞེངས་
ཏེ་གོ་ཆ་དྲུག་བཀོད། སུམྦྷ་ནི་སུམྦྷ་ཞེས་སོགས་ཚམས་རྔམས་ཀྱི་སྲུང་བ་དེ་བྱེད།
ཚམས་རྔམས་ཀྱི་སྲུང་བ་དེ་ལ་རྣལ་འབྱོར་མའི་སྲུང་འཁོར་ཟླུམ་པོ་རེད། བདེ་མཆོག་
གི་སྲུང་འཁོར་གྲུ་བཞི་བྱེད་པ་རེད། རྣལ་འབྱོར་མའི་སྲུང་འཁོར་ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་
ཕཊ། ཅེས་པའི་སྐབས་སུ་ལག་གཡོན་པས་སྡིགས་མཛུབ་ཀྱི་ཕྱག་རྒྱའི་མཐེབ་མཛུབ་
གཉིས་ཀྱིས་སེ་གོལ་གཉིས་གཏོག། གཅིག་ཤར་ཀྱི་སྲུང་འཁོར་བྱེད། གཅིག་སྟེང་གི་རྡོ་
224
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རྗེའི་གུར་བསྐྱེད་ཀྱི་ཡོད་རེད། ཨོཾ་གྲིཧྣ་གྲིཧྣ་སྐབས་སུ་སེ་གོལ་གཅིག་རེད། གྲིཧྣ་པ་ཡ་


གྲིཧྣ་པ་ཡ་སྐབས་སུ་སེ་གོལ་གཉིས་གཏོག། གཅིག་ནུབ་ཀྱི་སྲུང་འཁོར་བྱེད། གཅིག་
འོག་གི་རྡོ་རྗེའི་ས་གཞི་བསྐྱེད། ཨོཾ་ཨཱ་ན་ཡ་ཧོ་སྐབས་སུ་སེ་གོལ་གཅིག་གཏོག་བྱས་ལྷོ་
ཡི་སྲུང་འཁོར་རྡོའ ་ི རྭ་བ་བསྐྱེད། ཕྱོགས་བཞི་གཡོན་ནས་བསྐོར། མཚམས་བཞི་ལ་སེ་
གོལ་གཡས་བསྐོར་རེ་རེ་བྱེད། དེ་ཀས་ཚུར་ལྷུ་བསྒྲིགས་ནས་ཟླུམ་པོ་ཆགས་པ་རེད།
བདེ་མཆོག་ནང་ལ་ཚར་རེ་རེ་མ་གཏོགས་འདོན་མི་དགོས་པ་ཤར་ཀྱི་དེ་གྲུ་བཞི་འདུག་
སེ་བྱེད། བྱང་གི་དེ་གྲུ་བཞི་བྱས་ནུབ་ཀྱི་འདུག་སེ་བྱེད་འགྲོ་བ་རེད། བསྡུས་ནས་བསྒོམ་
པ་དེ་རེད། ད་དེ་འདྲའི་བསྒོམས་ནས་རླུང་སེམས་དབུ་མའི་ནང་དུ་འདུ་བའི་རྟགས་དེ་ལ་
དབུ་མར་ཞུགས་པའི་རྟགས་སྣ་བུག་ནས་རླུང་མཉམ་རྒྱུ་ཤད་མཚུངས་ངེས་ཅན་འབྱུང་
བ། གནས་པའི་རྟགས་སྣ་བུག་གི་རླུང་རྒྱུ་བ་ཆད་པ། ཐིམ་པའི་རྟགས་དེ་ལ་ས་ཆུ་ལ་
ཐིམ་པ་སོགས་རྟགས་བརྒྱད་འབྱུང་བ་དེ་ཚེ་ཡོང་གི་རེད་བསྡུས་ནས་བསྒོམ་པ་དེ་བྱེད།
(བསྒོམ་པར་བདེ་བ་དང་ནི་སྟོང་པར་སྒྲུབ།།)
ཅེས་པ་ལ་རླུང་ལུས་ལ་གནས་པས་བདེ་བ་སྒྲུབ་པ་དང༌། རླུང་སེམས་ལ་གནས་པའི་
སྟོང་པའམ་འཇའ་ལུས་ལོངས་སྐུ་སྒྲུབ་པ་གཉིས། (དེ་གཉིས་སང་ཉིན་ཤོད་དགོས་ཀྱི་
མིན་འགྲོ་མང་པོ་ཡོད་མ་རེད་ཏལ་ཙམ་མ་གཏོགས་ཡོད་མ་རེད།)

འཕོ་བ།

༈ ཡུམ་རྐྱང་ལ་བརྟེན་པའི་འཕོ་བ་མི་འདྲ་བ་གཉིས་ཡོད་རེད། སྐྱེ་བ་བདུན་པའི་ཤ་ལ་
བརྟེན་ནས་མཁའ་སྤྱོད་བསྒྲུབ་པ་གཅིག་ཡོད་རེད། དེ་ནི་ངས་ཧ་མི་གོ་དེ་བདེ་མཆོག་
གི་ནང་ལ་ཡོད། ཨེ་ནི་བསམ་མི་ཁྱབ་ཐུན་མོང་མ་ཡིན་པ་དེ་རེད། ཉམས་ལེན་བྱེད་ཀྱི་
225
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཡིན་ན་འདོན་པ་འདོན་རྒྱུ་མང་དྲག་ཀྱི་ཨ་ཡིན་མི་ཤེས་གཅིག་ཡོད་རེད། ཡང་སྔོན་མ་
མཁྱེན་རབ་བསྟན་པའི་དབང་ཕྱུག་གི་དུས་ནས་ཁོང་གིས་གསུངས་ཡོད་པ་གཅིག་རེད།
ཀེའུ་ཚང་འཇལ་དབྱངས་སྨོན་ལམ་དགའ་ལྡན་ལ་ལམ་རིམ་ཟིན་བྲིས་བཏབ་པ་ཡིན་
ཡག་དེ་ལམ་རིམ་མཆན་བཞི་སྦྲགས་གནང་མཁན་དེ་སྔོན་ས་སྟག་ལོ་ལ་ལྷོ་སྤྲུལ་མཁྱེན་
རབ་བསྟན་པའི་དབང་ཕྱུག་གིས་གནང་ཡོད་རེད། དེ་དུས་ཀེའུ་འཚང་འཇམ་དབྱངས་
སྨོན་ལམ་སླེབས་ནས་ལམ་རིམ་ཟིན་བྲིས་ཡག་པོ་ཞེ་པོ་གཅིག་བཏབ་ཡོད་རེད། དཔེ་
ཆ་དེ་དཀོན་པོ་རེད། ད་རག་ཨེ་ཡོང་མི་ཤེས་དེ་ནས་ལོ་རྒན་དྲུག་ཅུ་འཁོར་ནས་ས་སྟག་
ལོ་དེ་ལ་བླ་མ་རྡོ་རྗེ་འཆང་ཕ་བོང་ཁ་རིན་པོ་ཆེས་ལམ་རིམ་མཆན་བཞི་སྦྲགས་གཅིག་
གནང་ཡོད་རེད། དེ་དུས་ཟིན་བྲིས་བཏབ་མཁན་མ་བྱུང་བ་འདྲ། ད་དེ་ནས་ཚུར་བྱེད་
ནས་དགའ་ལྡན་ལ་ལམ་རིམ་མཆན་བཞི་སྦྲགས་གནང་མཁན་བྱུང་ཡོད་མ་རེད། ན་ནིང་
ཤར་རྩེ་ནང་ལ་ལམ་རིམ་མཆན་བཞི་སྦྲགས་གཅིག་སྐུ་ཞབས་ཛེ་སྨད་ཀྱིས་གནང་ཡོད་
རེད། འཇམ་དབྱངས་སྨོན་ལམ་ཟེར་མཁན་བླ་མ་དེ་ཁྱད་དུ་འཕགས་པ་གཅིག་ཡོད་རེད་
ཀེའུ་ཚང་རིན་པོ་ཆེ་རེད། ལྷོ་སྤྲུལ་རིན་པོ་ཆེ་ཧ་ཅང་གི་བླ་མ་ཡག་པོ་གཅིག་ཡིན་པ་
འདྲ་འདུག་ལྷོ་སྤྲུལ་རབ་བརྟན་མེད་པ་མཆོག་ང་རང་ཚོ་ལ་ཞེ་པོ་རྩིས་ཀྱིས་ཡོད་རེད་དེ་
ཡིན་ཙང་ཁོང་གི་དུས་ལ་ལྷོ་པ་དགེ་བཤེས་ག་རེ་ཡིན་ན་གཅིག་དང་ཕུ་ཁང་མཁྱེན་རབ་
རྡོ་རྗེ་གཉིས་ཀྱིས་ཞབས་བསྐུལ་ཞུས་ནས་འཕོ་བ་གཅིག་ཞུས་ཡོད་རེད། དེ་ཡོད་ཡག་
དེ་ཐེ་པོ་སྐུ་གོང་མ་བློ་བཟང་བསམ་འགྲུབ་ཡིན་ནམ་གཅིག་ལས་བྱུང་ཡོད་རེད། མཐེ་
པོ་ཆོས་ར་ཟེར་ཡག་ཆོས་ར་གཅིག་ཡོད་རེད། མཐེ་པོ་སྐུ་གོང་མའི་དུས་ཤར་རྩེ་ལ་
ཆོས་ར་ཚོགས་ས་མེད་ཙང་ཚོགས་ཆེན་ཆོས་ར་གཡར་བྱས་དེར་ཚོགས་འགྲོ་བ་རེད།
དགོང་དྲོ་ཆོས་ར་ཚོགས་དུས་ཉི་མ་ཤར་ནས་དྲོ་པོ་ཡོང༌། ཡུན་རིང་པོ་ཞེ་དྲག་ཚོགས་
དགོས་རེད། ད་ཆོས་ར་གྲོལ་ནས་རྩོད་པ་བྱེད་དུས་ཉི་མ་ཡོལ་ཚར་ལྷག་པ་ཚ་པོ་ཞེ་པོ་
226
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རེད། དེ་དུས་ཞེ་དྲག་འཁྱག་གི་རེད། དཀའ་ལས་ཡོང་ཁ་ནས་ལབ་ཐུབ་མི་ཡོང༌། རྗེས་


སུ་མཐེ་པོ་རིན་པོ་ཆེས་གླང་ཆེན་གྲོག་མོ་ཡར་ཡོང་ན་གླིང་ལ་གནོད་ཀྱི་ཡོད་རེད་ཟེར་
ནས་གྲོག་མོ་ཁ་དེར་ཆོས་ར་བརྒྱབས་པ་རེད་དེ་ལ་ཐེ་པོ་ཆོས་ར་ཟེར་བ་རེད། དེའང་ཟླ་
བ་གསུམ་པ་ནང་ཚོགས་དགོས་རེད། དེ་ནས་རྒྱལ་པོ་ཚེ་སྨོན་གླིང་སྐབས་སུ་ཆོས་རྭ་
མེད་ཙང་ཤར་རྩེ་གྲྭ་ཚང་གི་མདུན་དེར་མཐེ་པོ་ཁང་ཚན་གྱི་ས་ཆ་ཏོག་ཙཾ་ཡོད་པ་འདྲ་
དེའི་རིན་ལ་དཔལ་ལྡན་ལྷ་མོ་གསུང་བྱོན་མ་སྐུ་ཐང་གཅིག་ཕར་སྤྲད་ས་ཆ་དེ་ཚུར་ལེན།
ས་ཆ་དེ་ཚོ་སྡོ་ར་ཡིན་ཙང་ཁོང་གིས་གང་བྱས་རེད། ཁོང་ཅོ་ནེ་རེད། དེ་ཚུར་ལེན་ཅོ་
ནེ་ཁང་ཚན་ལ་ཕ་གི་ཁྲོམ་སྒང་ལ་རྒྱུད་ཁང་དེ་རྒྱབས། ཁོང་བོད་ཀྱི་རྒྱལ་པོ་རེད། དེ་
བརྒྱབས་ནས་དེའི་སྐུ་གཉེར་དེ་ཅོ་ནེ་ཁང་ཚན་བྱེད་བཅུག་དེར་ཡོང་སྒོ་ཕྲན་བུ་ཡོད་
རེད། དེ་འདྲ་གནང་ནས་ཆོས་རྭ་གཅིག་བཟོས་ད་བྱུང་དུས་ཆོས་རྭ་ལྟག་འོག་གཉིས་
ཡོད་རེད། ཐེ་པོ་ཆོས་རྭའི་ནང་གི་ཕྱིས་སུ་ཧ་མ་གོ་བ་བྱེད་ལྕང་མ་བཙུགས་ཤག། ང་
ཚོ་གྲྭ་པ་ཚོ་ལྐུགས་པ་ད་ཡིན། དེ་ནང་རྡོ་གཅིག་ཡོད་རེད། རྡོ་དེའི་རྩར་མཚན་གོང་མར་
འགྲོ། རྒྱབ་དེར་གཏུགས་ནས་འཕོ་བ་སྦྱང་གི་ཡོད་རེད། དེ་མཁའ་སྤྱོད་མའི་གླ་རྡོ་ཡིན་
ཟེར་རེད། སྐུ་གོང་མ་གོང་མ་གཅིག་གིས་ཞལ་གཟིགས་ས་དེར་རེད། ཞལ་གཟིགས་
ཡག་རྣལ་འབྱོར་མ་དེ་ཕྱག་གཡས་པས་གྲི་གུག་ནམ་མཁར་འཕྱར་སྡད་པ་གཡོན་པས་
ཐོད་ཁྲག་ཐུགས་ཀར་འཛིན་པ་ཞབས་གཡས་བརྐྱང་གཡོན་བསྐུམ་གར་སྟབས་བྱེད་པ་
གཅིགཡོད་རེད།
དེ་ལ་བརྟེན་ནས་འཕོ་བ་དེ་ཉམས་བཞེས་གནང་གི་ཡོད་རེད། ཡི་གེ་ཐོག་ལ་མ་
བཀོད་པ་ཡིན་ཙང་དེ་དེ་འདྲའི་ཡིན་ཟེར་ནས་ལྷོ་སྤྲུལ་རིན་པོ་ཆེ་ལ་ཞུས། ལྷོ་སྤྲུལ་རིན་
པོ་ཆེས་དེ་མཛད་པ་རེད། མཛད་ནས་དེང་སང་ང་ཚོས་དེ་འདོན་གྱི་ཡོད་རེད། འདོན་
གྱི་ཡོད་རེད་དེ་དཔེ་ཆ་དེ་ཡག་པོ་གཅིག་རང་རེད་མ་སོང༌། དཔེ་ཆ་གཅིག་ག་ལེར་
227
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དཔར་གཅིག་བརྐོ་ཁག་བྱེད་པ་རེད། ཧ་མ་གོ་དགུ་གོ་ག་རེ་བྱས་མི་ཤེས་དཔར་བརྐོ་
གིན་བརྐོ་གིན་ལ་དགེ་བཤེས་གཅིག་ཡོད། དེ་ལྷ་སར་མར་འགྲོ་སྐྱབས་རྗེ་རིན་པོ་ཆེ་ལ་
གཅིག་ཞུས། ཡར་ཡོང་ང་ལ་གཅིག་ལབ། ངས་མ་ཞུས་པ་ཚོ་མ་གིར་ཞུས་མི་གི་ནས་
མ་གསུངས་པ་ཚོ་ང་ལ་ལབ་དཔར་དེ་ཏོག་ཙམ་རེད་མ་སོང༌།
རྗེ ས ་མ་རི ན ་པོ ་ ཆེ ་ མཇལ་དུས་གཅི ག ་ཞུས་པ་རེ ད ་སྔོ ན ་མ་དེ ་ འདྲ་མི ་ ཡོ ང ་
དེ་ག་འདྲས་རེད་ཞུས་དུས་དེ་ཁྱེད་རང་ཟེར་འདུག་ངས་ཟེར་རྒྱུ་མ་བྱུང་བྱེད་པ་ཡིན།
མཚམས་འདི ར ་ལོ ་ རྒྱུས་ཀྱང་བསེ ་ ཁྲབ་པའི ་ བསྐང་གསོ ་ དཔར་བརྐོ ་ སྐབས་དེ ་ འདྲ་
བྱེད་པ་རེད། ཁོས་དཔར་བརྐོ་སྦྱིན་བདག་ཁོ་རང་རེད། བཀྲ་ཤིས་ལྷ་ཡི་ཞེས་སོགས་
བསྐུལ་རྒྱས་པ་གཅིག་བཟོས་ཡོད་རེད་ཁོས་བཀའ་རྒྱ་མ་ཞེ་པོ་གཅིག་ཡིན་ཟེར། ཡང་
ཁོས་ཐུན་མོང་བ་གཅིག་ལ་ཞོལ་ཆེན་རྟ་རྒྱུག་སི་ལི་ལི། །ཞེས་སོགས་དེ་འདྲ་གཅིག་
ཁོས་ཁྱེར་ཡོང་དཔར་ནང་བཅུག་པ་རེད། ང་ལ་དེ་ཡག་པོ་ཞེ་པོ་ཡོད་རེད་རིན་པོ་ཆེས་
དེ་དཔར་སྐོས་གསུང་གི་འདུག་ཟེར་རེད། རིན་པོ་ཆེ་ལས་ཁོས་དེ་བཟོས་པ་ཡིན་ངས་
ཟེར་གི་ཟེར། རིན་པོ་ཆེས་རྗེས་མ་དེ་རང་དགོས་ཡག་མི་འདུག་ནམ་རྒྱུན་ང་ཚོས་
དེ་འདྲ་རང་བཏང་གི་མ་རེད། གཏང་དགོས་བྱུང་ནའང་བཀྲ་ཤིས་ལྷ་ཡི་གཞལ་ཡས་ཟེར་
ཡག་དེ་ག་འདྲས་འདུག གསུང་བ་རེད། བསྐུལ་ཟེར་ནའང་དེ་ཞི་བ་འདྲ་གཅིག་རེད་ཟེར་
བ་ཡིན་འཇམ་པོ། རྗེས་མ་ངས་མགོ་ཚོད་སོང་རིན་པོ་ཆེས་གསུངས་མི་འདུག། ཞོལ་
ཆེན་རྟ་རྒྱུག་སི་ལི་ལི་ཟེར་ཡག་བསྐུལ་དེ་དམ་ཅན་གྱི་བསྐུལ་རེད་ཤག། ཁོས་དམ་ཅན་
དཔེ་ཆ་གཅིག་ནས་རྐུས་ཡོང་པ་རེད། རྒྱ་གར་ལ་སླེབས་ནས་དཔེ་ཆ་དེ་དེ་འདྲའི་བྱེད་
ནས་བཀྲ་ཤིས་ལྷ་ཡི་ཟེར་ཡག་དང་ཞོལ་ཆེན་རྟ་རྒྱུག་ཟེར་ཡག་དེ་ཚོ་ཕར་གཡུགས།
བསེ་ཁྲབ་དཔེ་ཆ་གསར་པ་གཅིག་དཔར་བརྐོས་པ་རེད།
ཡང་བསེ ་ ཁྲབ་པའི ་ བསང་ཡི ག ་གཅི ག ་རི ན ་པོ ་ ཆེ ་ ལ་རྩོ མ ་རོ ག ས་གནང་ཞུ་
228
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དགོས་ཟེར་བསང་ཡག་པོ་གཅིག་ཡོད་རེད། ཡང་དེ་ནང་ལ་བཀའ་བསྟོད་གཅིག་བཅུག་
བཞག་པ་རེད་ཁོས། གསེར་སྐྱེམས་ཡག་པོ་ཞེ་པོ་གཅིག་ཡོད་རེད། རིན་པོ་ཆེའི་བཀའ་
རྩོམ་རེད། སྤྲུལ་པ་རྣམ་དྲུག་ཡོངས་རྫོགས་ཀྱི་གསེར་སྐྱེམས་ཡོད་རེད།
འཕོ་བ་དེ་ལ་ཁོས་གཞན་པ་བཟོ་རྒྱུ་བྱུང་མི་འདུག་དཔེ་ཆ་མེད་ཙང་དེ་ག་རང་
ང་ཚོས་འདོན་ཡག་དེ་རེད། ང་ཚོས་ཁྲིད་ལུང་དེ་ཐོག་ནས་ཞུས་པ་རེད། སྦྱང་བ་ཡང་
དེ་ཐོག་ནས་ཕྲ་ལ་ཕྲན་བུ་སྦྱང་ཁག་བྱེད་པ་རེད། དེ་རྗེས་མ་གཅིག་བྲིས་ནས་བར་དོ་ངོ་
སྤྲོད་དེ་དག་པོ་མི་འདུག །ངོ་སྤྲོད་བྱེད་མཁན་ཡོད་མ་རེད། འཕོ་བ་རྒྱབ་མཁན་ཚོ་མི་
བྱེད་དགོས་ཡག་དེ་སྔོན་མ་དེ་པར་བར་དོ་ངོ་སྤྲོད་འདོན་ཁག་བྱེད་དེ་ཞ་མོ་འདྲ་གཅིག་
གྱོན་ནས་ཚེ་ལས་འདས་པ་ཁྱོད་ནི་ཅི་ཅིག་ཀོ་ཟེར་ཏེ་གཅིག་བཤད་ནས་བྱེད་ཁག་བྱེད་
དགོས་རེད། ད་ཕྱིས་སུ་དེ་ཟེར་མཁན་མི་འདུག །ང་ཚོའི་དགེ་བཤེས་འབར་ཚག་ཟེར་
མཁན་གཅིག་སྤོའ ་ོ ལགས་གཅིག་ཡོད། དེ་འཇུ་རོང་བ་རེད། ཁོ་ཕ་ཡུལ་འགྲོ་གྲབས་
བྱས་ནས་འོད་དཔག་མེད་ཀྱི་འཕོ་བ་ཡིན་ནཾ་ཁོས་འཕོ་བའི་དཔེ་ཆ་གཅིག་བླུས་བར་དོ་
ངོ་སྤྲོད་དེ་འཁྱེར་ཡོང༌། ད་ཁོས་དེ་ཟིན་ཐུབ་ལ་མ་ཐུབ་བྱེད་དགེ་ཕྲུག་གསར་པ་གཅིག་
ཡོད་པ་འདྲ། ཤག་ནང་ལ་དགེ་ཕྲུག་དེ་ཉལ་ཚར་དུས་ཀློག་གི་ཡོད་རེད། དགེ་ཕྲུག་གཉིད་
ཁུག་མ་ཐུབ་པ་བྱས་ཉན་སྡད་པ་རེད། ཁོ་སྐད་ཞན་པ་བྱས་ཀློག་ཞན་པ་གཅིག་བྱེད།
དགེ་ཕྲུག་རྒད་མོ་ཤོར་ཙང་སྤྲང་པོ་ཁྱོད་མར་ཉལ་ཐུབ་པ་མི་འདུག་ཀས་ཟེར། ཏོག་ཙམ་
བཞག་ནས་ཀྱང་ཀློག་ཡང་དགེ་ཕྲུག་གད་མོ་ཤོར། དེ་ནས་གནས་བསྐོར་ལ་ཕྱིན་པ་རེད།
ཕྱིན་ནས་ཆོས་འཁོར་རྒྱས་ཀྱི་ཡ་གི་ཐོད་དེ་འོལ་ཁ་ཐོག་ནས་ཕར་འགྲོ་རྒྱལ་སོག་ལྷ་
ལྡིང་ནས་འགྲོ་དུས་མཚོ་སྲབ་པོ་གཅིག་ཡོད་རེད། མཚོ་དེ་ལ་ཞེ་པོ་གཅིག་ཡོད་བྱེད་པ་
རེད། དེའི་གཤམ་དེར་ར་གཅིག་ཤི་སྡད་ཡོད་པ་འདྲ། ལམ་འགག་འོག་ལ་དེའི་མར་ཙམ་
དུ་ཁོ་ཚོས་ཇ་སྐོལ་སྡད་པ་རེད། ཨ་ཁྱོད་ཚོས་ཇ་བསྐོལ་ཤོག་ཡ་གི་ར་གཅིག་ཤི་སྡད་
229
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

འདུག། ངས་འཕོ་བ་གཅིག་རྒྱབ་འགྲོ་ཟེར་བ་རེད། ཡར་འགྲོ་ཆོས་གོས་གྱོན། རའི་མགོ་


ལ་སྡད་ཁོ་ཚོས་ག་ལེ་ལམ་འོག་ནས་ཡར་ཡོང་བྱས་ལྟ་ས་ཡོང་པ་འདྲ་འདུག ཁོས་བར་
དོ་ངོ་སྤྲོད་སྒང་ལ་སླེབས་ཡོད་པ་འདྲ། འོ་ད་ར་ཁྱོད་ནི་ཤི་བ་ཡིན་པས་འོ་དེ་འདྲ་ལབ་
མཁན་བླ་རྒན་གཅིག་ཡོད། ཕྱིས་སུ་བར་དོ་ངོ་སྤྲོད་མི་བྱེད་ཡག་དེ་ཏོག་ཙཾ་ཐུའུ་ཀན་
གྱི་གསུངས་ནང་ལ་ཡོད་རེད། ཐུའུ་ཀན་རྨུ་རུ་ནང་ལ་བཀའ་ཆོས་གནང་བའི་སྐབས་སུ་
ཆོས་ཞུ་མཁན་ཚོས་མགོ་རུབ་རུབ་བྱས་སྐད་ཆ་བཤད་དེ་ངེས་པོ་གཅིག་རང་མ་བྱུང༌།
བླ་མས་བཀའ་བཀྱོན་གནང་ནས་ད་ཁྱོད་རང་ཚོ་གསོན་པོས་ཆོས་ཞུ་ས་ཡོང་ནས་ཡག་
པོ་གཅིག་རྣ་བ་གཏོད་ཀྱི་མི་འདུག་ཨ་ཟེར། ད་ཤི་ཚར་དུས་བར་དོ་ངོ་སྤྲོད་བྱེད་མཁན་
གཅིག་ལ་རེ་བ་བྱེད་ཀྱི་ཡོད་པ་མ་རེད་པས་ཟེར། ཤི་ནས་བར་དོར་སླེབས་ནས་ཁྱེད་
རང་ཚོས་ཆོས་ག་འདྲས་སེ་གོ་ཀྱི་ཡིན་པ་གསུངས་ནས་བཀའ་སྐྱོན་གནང་བ་ཡིན་པ་
རེད། བཀའ་སྐྱོན་དེ་འདྲ་གནང་སོང༌།
ད་ཤི་ན་བར་དོ་ངོ་སྤྲོད་དགོས་ཀྱི་མེད་པ་འདྲ་ཟེར། དེ་ནས་བཟུང་བར་དོ་ངོ་སྤྲོད་
བྱེད་ཀྱི་མེད་གསུངས་ཡོད་རེད། དེ་འདྲ་རེད་བར་དོ་ངོ་སྤྲོད་ཀྱིས་ཕན་དང་ཕན་གྱི་ཡོད་
པ་འདྲ། བར་དོ་བ་དེ་བར་སླེབས་འོང་ན། ཡོད་པ་འདྲ་སྟེ་དཔེ་ཆ་དེའི་སྟོད་ཆ་དེ་སེ་ར་
སྤོམ་པོ་ར་ཕུན་ཚོགས་སྦྱིན་པས་བྲིས་སྡད་ཁོ་ལ་ཡར་ཤོག་ཟེར་ཁོ་ལ་གཡར་སྟོད་ཆ་
དེ་ཁོས་ཁྱེར། སྨད་ཆ་དེ་ངས་ཞུས་དག་གཅིག་བཏང་དགོས་བསམ། བར་དོ་ངོ་སྤྲོད་
དེ་བདེ་མཆོག་ནང་གི་སྦྱང་བའི་བར་དོ་ངོ་སྤྲོད་དེ་དང་གཅིག་པ་བྱེད། ཞིང་ཁམས་དེ་
བསྒྱུར་བཞག་ན་འགྲིག་གི་ཡོད་རེད། བསྒྱུར་རྒྱུ་མ་བྱུང་བ་བྱས་ཁོས་ཁྱེར་ཤོག་ཟེར་གྱི་
འདུག་སྟེ་འཁྱེར་ཡོང་རྒྱུ་མ་རག། ཕལ་ཆེར་ངའི་ཤག་ནང་ལུས་སྡད་ཡོད་རེད། ཡག་པོ་
གཅིག་བཟོས་ནས་ཕར་གཅིག་བསྐུར་དགོས་བསམ་སྡད་ཡོད།
དེ་འདྲའི་འདྲ་བྱུང་ན་རྣལ་འབྱོར་མའི་འཕོ་བ་རྒྱབ་ཀྱི་ཡིན་ན་ཡག་པོ་ཞེ་དྲག་
230
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཡོད། འོད་དཔག་མེད་ཀྱི་འཕོ་བ་རྒྱབ་ཀྱི་ཡིན་ནའང་འཕོ་བ་འཁྲིད་ནི་ཁྲིད་ཆོག། ཡང་


འདི་ཡི་ཡབ་བཀའ་ཡུམ་བཀའ་འདིའང་ཡག་པོ་ཞེ་དྲག་ཡོད་རེད། འཕོ་བ་གཅིག་མ་
རྒྱབ་ན་ཡང་འདི་དགོན་པ་གཅིག་རེད་པ་(གུང་ཐང་དགོན་པ་དེ་ལ་སློང་བུ་རྒྱབ་ནས་ང་
ཚོས་ཏིང་ཤར་གི་ཐོད་ར་བ་གཅིག་ལ་ཡར་ཐུག་སྤྲོ་འགྲོ་ཁོ་ཚོས་ཤོག་ཟེར། གུར་རྒྱབ་
དབྱར་ཁའི་སྤང་ཁ་སྐྱིད་པོ་ཡོད་རེད། དེར་བསྡད་ཉི་མ་ལྔ་དྲུག་གཅིག་སྡོད་ཤོག་ཟེར་
བསྡད་པ་ཡིན། ཕར་ཙེ་དེར་ཁོ་ཚོས་སྦག་རྒྱབ་ཀྱི་ཡོད་རེད། མར་ཙེ་དེར་གླུ་སྦ་བ་གི་
གྲོང་པ་ཡོད་རེད། ཡར་གི་ནས་ཆུ་རྡོལ་ཡོང་ནས་གུང་ཐང་དགོན་པ་ནང་ཆུ་འཛུལ་ཡོང་
དགོན་པའི་གྲ་ཤག་ནང་དུའང་ཆུ་འཛུལ་ཅོག་རྩེ་དེ་ཚོ་ཡར་བཀྱགས་ནས་འཁྱེར་འགྲོ་
གི་ཟེར་རེད། གུང་ཐང་གྲ་པ་ཚོས་སྐད་རྒྱབ་ནས་དེ་བར་གཞན་པ་ཚོར་ཆུ་ཤོས་སར་
ཡོང་རོགས་ཟེར་སྐད་རྒྱབ་སྡད་ཡིན་པ་འདྲ། ཞོག་པ་སྔ་པོ་གཅིག་ལ་ཨ་སེ་ཟེར་མཁན་
གཅིག་ང་སྡད་ས་དེ་མ་རེད། ཕར་ནང་ངོས་མི་ཚང་དེ་རེད། གཅིག་སླེབ་ཡོང་གྲགས་
སླེབས་ཡོང་ནས་འོ་ད་གུང་ཐང་འདད་གོང་ཆུ་ཤོར་ཤག་ཤོག་ཟེར་ད་རང་སྐད་ལོག་ཚ་བ་
ལྟ་ཉན་མི་འདུག་ཟེར་གྲགས། གཅིག་གིས་ཕར་འབོད་ནས་ད་དབྱུག་ཤོག། དགོན་པ་མ་
གྱི་ཡིན་ན་རྟག་པར་དེ་འདྲ་ཡིན། ད་ཆུས་ཁྱེར་འགྲོ་ནའང་ཡོང་བ། དགོས་དུས་ནི་ཆོས་
ཚན་ཀློག་ཡག་གཅིག་ཕན་གྱི་མེད། རྟག་པར་གཅིག་བྱས་ཤག་གཉིས་བྱས་ཤག །ཁག་
ཡོད་མ་རེད་དུས་རྒྱུན་གྲོང་གསེབ་པས་སྐུ་རིམ་བྱེད་དུས་ཁོང་ཚོ་ལྷ་ས་ཐག་ཉེ་པོ་ཡིན་
ཙང་ཡར་སླེབ་དུས་ཨ་བོ་ཙི་ཡིན་ཙང་གུང་ཐང་པའི་གྲ་པས་ཁོ་ཚོར་སྐུ་རིམ་ཕན་ཐོགས་
ཀྱི་ཡོད་མ་རེད།
དེ་འདྲ་ཡིན་ཙང་རི་ཀོང་དགོན་པ་དེ་ཆུས་ཁྱེར་ན་འཁྱེར། དགོས་དུས་འཕོ་བ་
རྒྱབ་མཁན་གཅིག་ཡང་ཡོང་གི་མེད། ཟེར་ཡག་འདྲ་པོ་བྱུང་ན་འགྲིག་གི་མ་རེད། འཕོ་
བ་རྒྱབ་དགོས་རེད། ད་དགེ་བཤེས་མང་པོ་ཡོད་རེད་ཚང་མ་ལ་ཤོར་ཆོག་ཆོག་བྱས་
231
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ནས་འཕོ་བའི་རྟ་གཅིག་ཀྱང་བསླབ་དགོས་རེད། ད་ངས་འཕོ་བ་འདི་འཁྲིད་ཀྱི་ཡིན་ཡབ་
རྐྱང་གི་འཕོ་བ་དང༌། ཡུམ་རྐྱང་གི་འཕོ་བ་གཉིས་རེད། ད་ཡབ་ཡུམ་ཐུན་མོང་གི་འཕོ་བ་
བྱེད་ན་ཉམས་ལེན་བྱེད་མཁན་རབ་དེ་ཡིན་ན་རྒྱུན་གྱི་ཉམས་ལེན་དང་རྣལ་འབྱོར་བཅུ་
གཅིག་གི་ཉམས་ལེན་ལ་བརྟེན་ནས་ལུས་མ་སྤངས་པར་མཁའ་སྤྱོད་ཀྱི་ཞིང་ཁམས་ན་
ཁྲིད། འབྲིང་དེའང་དེ་འདྲའི་བྱས་ནས་ལངྒ་ལི་ཡི་བསྒྲུབས་པ་སོང་བ་ལ་བརྟེན་ནས་ཙ་
ཧེ་འདིའི་ལུས་མ་སྤངས་པར་ཁྲིད། ཐ་མ་དེ་ཡིན་ན་ཨེ་ནི་ཤི་ཁ་མ་དེར་བར་དོར་འགྲོ་མི་
དགོས་པ་བྱས་མཁའ་སྤྱོད་ཀྱི་ཞིང་ཁམས་ན་ཁྲིད། ཐ་མ་དེ་ཡིན་ན་བར་དོ་གྲུབ་སོང་ན་
བར་དོའ ་ི སྒང་ལ་རྣལ་འབྱོར་མ་མཁའ་འགྲོ་མས་བསུབ་བྱེད་ཀྱི་རེད། ཐ་མ་ཡང་ཐ་མ་
དེ་ཡིན་ན་སྐྱེ་བ་བརྒྱུད་ནས་ཁྲིད་གསུངས་ཡག་གཅིག་ཡོད་རེད། དེ་འདྲ་ཡིན་ཙང༌། ད་
འདི་ལ་ཡང་འཕོ་བ་ཟེར་ཡག་འདི་ཐ་མ་དེས་ཉམས་ལེན་བྱེད་ཡག་རེད། ད་ང་ཚོ་རབ་
མིན་ཡང་སོ་སོས་རབ་ཡིན་བསམ་འདོག་ཁ་པོ་རེད། ད་འཕོ་བ་སྦྱང་བ་དང་ལས་ལ་
སྦྱོར་བ་གཉིས། ལས་སྦྱོར་བྱེད་པ་ལ་སྦྱོང་བ་སྔོན་དུ་འགྲོ་དགོས་རེད། རྟ་རྒྱུག་པ་ལ་
དཀྱུས་ས་བསྟན་དགོས་རེད་སྔོན་ལ། ཡབ་ཡུམ་ལྷན་སྐྱེས་ཀྱི་འཕོ་བ་ལ་བརྟེན་པ་ཡུམ་
རྐྱང་གི་འཕོ་བ་ལ་བརྟེན་པ་གཉིས་བྱེད། ད་ཡུམ་རྐྱང་གི་འཕོ་བ་དེ་ག་འདྲས་རེད་ཟེར་ན།
ཡུམ་རྐྱང་གི་འཕོ་བ་ཉམས་སུ་ལེན་པ་ལ་སྤྱོད་ལམ་གྱི་ལྷར་ལྡང༌། བདག་བསྐྱེད་བཏོན་
ཚར་ནས་ཐུན་མཚམས་སུ་རང་རྡོ་རྗེ་རྣལ་འབྱོར་མ་བྱས་སུམྦྷ་ནི་སུམྦྷ་བརྗོད། དེ་ནས་
ལུས་གནད་བཅའ་རླུང་རོ་གསལ་སྟོང་ར་བསྒོམ་དེ་ནས་རྩ་དབུ་མ་གསལ་བཏབ། རྩ་
དབུ་མ་མདའ་སྨྱུག་ཙམ་ལྟེ་བའི་འོག་ནས་ཇི་སྦོམ་ཇི་སྦོམ་བྱས་ཏེ་སོང་ནས་སྤྱི་གཙུག་
སྐྱ་སྒོར་མོ་ཐད་ནས་རྒྱ་དུང་ཁ་ཕྱེ་བ་འདྲ་པོ་ཆེན་པོ་བྱེད། ཚངས་བུག་ནས་འཕོ་ཟེར་
ཡག་དེ་ལ་ཚངས་མ་ནས་འཕོ་རྒྱུ་ཡོད་མ་རེད། སྐྲ་ཡོད་ས་ནས་སོར་བཞི་ཙམ་ཚོག་མ་
ཟེར་ཡག་དེ་རུས་འཁོགས་མེད་ས་དེ་ནས་འཕོ་བ་མ་རེད། དེ་ཚངས་པའི་འཇིག་རྟེན་དུ་
232
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

འགྲོ་སའི་ལམ་འགག་རེད། ཡང་སྐྱར་དེ་ནས་སོར་བཞི་བྱེད་པའི་སྤྱི་གཙུག་སྐྲ་སྒོར་མོ་
ཡོད་སའི་དེ་ནས་འཕོ་དགོས་རེད། ད་སྒོ་བརྒྱད་བཀག་ནས་སྒོ་གཅིག་དབྱེ་ཟེར་ཡག་
དེ་རྣམ་ཤེས་འཕོ་སའི་སྒོ་བརྒྱད་ཡོད་རེད་བྱེད་པ་རེད། ཡར་མར་དམྱལ་བ་ཡི་དྭགས་
དུད་འགྲོ་མི་དང་ལྷ་མ་ཡིན་དེ་འདྲའི་ལ་འགྲོ་ཡག་གི་སྒོ་བརྒྱད་དེ་ཕར་བཀགས་ནས་སྒོ་
གཅིག་ཐར་པའི་སར་འགྲོ་སའི་སྒོ་དེ་ཕྱེ་དགོས་རེད། སྒོ་བརྒྱད་པོ་དེ་ཡི་གེ་ཧཱུཾ་སྔོ་པོ་འདྲ་
པོ་དེ་འདྲ་ལམ་བཀག་གསུངས་ཡོད་རེད། མ་རེད་ཟེར་རྒྱུ་ཡོད་མ་རེད་དེའང་རྒྱས་སྤྲོས་
རེད། ད་ང་རང་ཚོའི་སྒོ་བརྒྱད་བཀག་པའི་ངོ་བོ་དེ་རྩ་དབུ་མ་རྩ་འདབ་མེད་པ་གཅིག་
གསལ་བཏབ། ཡར་མགོའ ་ི ཁ་ཕྱེ་བཞག་པ་མ་གཏོགས་རྩ་འདབ་མེད་པ་བྱེད། མར་
མར་ཕྲ་རུ་ཕྲ་རུ་ལྟེ་བའི་འོག་ཏུ་བྱས་དེ་དེས་སྒོ་བརྒྱད་བཀག་པའི་དོན་དེ་འགྲིག་ཡོད་
རེད། རྩ་དབུ་མ་ཡར་ནས་ཨེ་ཁུང་ཆེ་རུ་འགྲོ་ནས་མཐར་གནམ་ཡབ་ཁ་ཕྱེ་བ་འདྲ་པོ་
ཡོད་པ་དེས་སྒོ་གཅིག་དབྱེ་བ་དེ་དེ་རེད། མར་སྣེ་དེ་ལ་ཨེ་ཁུང་མེད་པ་བྱེད། དེའི་ནང་
དུ་ཆོས་འབྱུང་ཁ་གྱེན་དུ་ཕྱོགས་པ་གཅིག་བྱེད། དེའི་ནང་དུ་རང་གི་སེམས་བཾ་ཡིག་
སྲེན་མ་ཙམ་གཅིག་བྱེད། ད་རྣལ་འབྱོར་མ་བསྐྱེད་དགོས་རེད་བླ་མ་དང་གཉིས་སུ་མེད་
པའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས། རང་གི་ཕྲག་པ་གཉིས་ལ་ཞབས་རེ་རེ་བཞག་རང་
གི་ཚངས་བུག་གི་ཨེ་ཁུང་དེ་དང་བླ་མའི་བྷ་ག་གཉིས་ཁ་གཏུག་ཁེལ་པ་བྱེད། བླ་མ་སྐུ་
གཟུགས་ཆེན་པོ་རང་མ་བྱས་ན་བྷ་ག་(རང་གི་)ཐོག་ལ་ཁ་འགྲིག་ཡོང་འདོག་ཁ་པོ་ཡོད་
རེད།
བླ་མའི་མཐའ་བསྐོར་དུ་འཇའ་འོད་ཀྱི་གུར་ཕུབས་ནས་ཕྱི་ལོག་ཏུ་འཇའ་འོད་
གོར་སེང་ངེ་ཡོད་པ་བྱེད། ནང་དུ་འཇའ་འོད་སྤྲིན་པ་བཟོ་འདྲ་པོ་ལེང་ངེ་ལང་ངེ་དེའི་
སྒང་ལ་དཔའ་བོ་མཁའ་འགྲོའ ་ི ཚོགས་བསམ་གྱིས་མི་ཁྱབ་པ་སྤྲིན་འཁྲིགས་པ་ལྟར་
བཞུགས་ཡོད་པ་བྱེད། རང་གི་སྤྱི་བོའ ་ི སྟེང་དུ་མཁའ་སྤྱོད་ཀྱི་ཞིང་བཀོད་ཡིན་བསམ་
233
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པ་བྱེད། འཇའ་འོད་སྤྲིན་དཀར་འཁྲིགས་པའི་ཐོག་ལ་མཁའ་སྤྱོད་ཀྱི་ཞིང་ཁམས་དངོས་
ཡིན་བསམ་པ་བྱེད། ད་ང་མཁའ་སྤྱོད་ཀྱི་ཞིང་ཁམས་དེ་ན་འགྲོ་བསམ་པའི་འགྲོ་འདོད་
ཡང་ཡང་བསྐྱེད། འགྲོ་འདོད་མེད་ན་ཡང་ཕན་གྱི་མ་རེད། འགྲོ་འདོད་ཤུགས་དྲགབྱེད།
དེ་ནས་གདན་གྱི་ཐོག་ནས་རང་གི་སྤྱི་བོ་ལ་བསྐྱེད་ཆོག་དེ་ཚོ་འདོན་པ་བཏོན་པ་ནང་
བཞིན་འདུག་ན་དེ་བཏོན། དེ་མིན་ན་གསལ་ཡག་པོ་བཏབ་སྤྱན་དྲངས། དཔའ་བོ་དེ་
ཚོས་བགེགས་སྤྲད་དཔའ་མོ་དེ་ཚོས་རྡོ་རྗེའི་གླུ་ལེན། རང་ལ་ཡང་མཆོད་པ་བྱེད་བླ་
མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་
ཅད་སྤྱན་དྲངས་ནས་ཐིམ། དེ་ལ་བཛྲ་ཡོ་གི་ནི་ས་པ་རི་ཝཱ་ར་ཨ຋ཾ་སོགས་ཀྱིས་མཆོད་
པ་འཕུལ། ནང་མཆོད་འཕུལ། དཔལ་ལྡན་རྡོ་རྗེ་ཞེས་སོགས་ཀྱིས་བསྟོད། དེ་ནས་
དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ་
བདག་གི་རྒྱུད་བྱིན་གྱིས་རླབ་ཏུ་གསོལ་ཟེར་ཡག་འདྲ་པོ། ཡང་བླ་མ་རྡོ་རྗེ་རྣལ་འབྱོར་
མ་ལ་གསོལ་བ་འདེབས་སོ་བདག་དང་སེམས་ཅན་ཐམས་ཅད་དག་པ་མཁའ་སྤྱོད་དུ་
འཁྲིད་པར་མཛད་དུ་གསོལ་ཞེས་དེ་འདྲའི་གསོལ་བ་ཡག་པོ་བཏབ་ལན་གསུམ། དེ་
ནས་བླ་མའི་ཐུགས་ཀའི་བཾ་ཡིག་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་ཞིག་དབུ་
མའི་ནང་ནས་མར་ཞུགས་ཡོང་རང་གི་སེམས་བཾ་ཡིག་གསལ་བ་དེ་ལ་བརྟབས། འོག་
རླུང་ཡར་འཐེན་པ་དང་སྦྲག་ཁ་ནས་ཧེའི་ཟེར་ཡག་དེ་བརྗོད། ཧེ་ཟེར་ཡག་སྔགས་དེའི་
ནུས་པ་དང་འོག་རླུང་འཐེན་པའི་ཤུགས་དང་མཉམ་དུ་བླ་མའི་ཐུགས་ཀའི་ལྕགས་ཀྱུ་
ཡིས་འདེགས་པ་དང་བྱེད་ནས་ཡར་བཾ་ཡིག་རང་སེམས་ཐིག་ལེ་དེ་མགྲིན་པའི་བར་
དུ་སོང༌། མགྲིན་པ་ནས་ཀྱང་ཧེའི་ཞེས་བརྗོད་ནས་འདུག་སེ་ཡར་ཚངས་བུག་བར་དུ་
སོང༌། ཚངས་བུག་ནས་ཀྱང་རང་སེམས་བླ་མའི་བྷ་ག་ནས་ཡར་ཞུགས་ནས་ཐུགས་
ཀའི་བཾ་ཡིག་དང་འདྲེས་ནས་བླ་མ་དང་རང་སེམས་དབྱེར་མེད་དུ་འདྲེས་སོང་བསམ་
234
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པ་བྱེད། དེ་ནས་ཀ་ཞེས་བརྗོད་པ་ན་རང་སེམས་བཾ་ཡིག་ཐིག་ལེ་དེ་མར་བབ་ཡོང་ནས་
ད་གིན་གསལ་བཏབ་པ་ནང་བཞིན་ལྟེ་འོག་ཆོས་འབྱུང་གི་དབུས་སུ་སྡད། ཡང་གསལ་
པོ་གསལ་བཏབ་བླ་མ་ལ་གསོལ་བ་བཏབ། ཡང་དེ་ནས་ཡར་ཉི་ཤུ་རྩ་གཅིག་ཙམ་མར་
ཉི་ཤུ་རྩ་གཅིག་ཙམ་བྱེད། དེ་མཐར་སླེབསོང་ན་མར་བབ། བསྔོ་བ་སྨོན་ལམ་ཡག་པོ་
བྱེད། དེ་རེད་ད་སྦྱངས་ཚར་སོང་ན་ཚེ་བསྒྲུབ་རེ་རེ་བྱེད་དགོས་རེད། འདོན་ཆ་དེ་དཔེ་
ཐུང་དེ་འདྲ་ནང་ཡོད་ཀྱི་རེད་འདི་ཡུམ་རྐྱང་གི་འཕོ་བ་རེད།

གཉིས་པ་ལས་ལ་སྦྱོར་བ།

༈ གཉིས་པ་ལས་ལ་སྦྱོར་བ་ལ་རང་གཞན་གྱི་དོན་གཉིས་བྱེད་དགོས་རེད། འདི་ནང་
རང་གི་དོན་བྱེད་མ་གཏོགས་གསུངས་ཡོད་མ་རེད། གཉིས་པ་ལས་ལ་སྦྱོར་བ་ལ་འཆི་
ལྟས་ཕོག། འཆི་ལྟས་ཕོག་ན་ལམ་སང་ང་ལ་འཕོ་བ་ཡོད་ཟེར་ནས་བྱེད་རྒྱུ་མེད་པ་སྐུ་
རིམ་འདྲ་བྱས་ཚེ་བསྒྲུབ་བྱེད་མི་འཆི་བའི་ཐབས་བྱེད། དེ་ནས་ཟློག་གི་མི་འདུག་ན་
རིམ་ལ་སོགས་པ་མ་ཕོག་གོང་ནས་རྣལ་འབྱོར་པ་རབ་ཡིན་ན་སྣ་བུག་གི་ཕྱི་དབུག་
ཚར་ནས་འཕོ་དགོས། ང་ཚོས་དེ་འདྲ་མ་ནུས་པ་ཡིན་ཙང་ནད་རིམ་ལ་སོགས་པ་ན་ཚ་
སྡུག་པ་མ་སླེབ། གོང་དེར་ཡང་འཕོ་བ་དེ་སྦྱང༌། དེ་ནས་ཧེའི་ཟེར་ཡག་དེས་ཡར་འཐེན་
བླ་མའི་ཐུགས་ཀའི་བཾ་དང་གཉིས་མེད་འདྲེས། མར་རྩ་བ་ནས་མ་ཕབ་པ་བྱེད། ཡང་
རང་སེམས་ཐིག་ལེ་གསར་པ་གསལ་བཏབ་ཡར་འཐེན་ཡར་ག་ཚོད་ཕུར་བ་དེ་རེད་
མ་གཏོགས་མར་རྩ་བ་ནས་མ་ཕབ་པ་བྱས་ནས་དེ་འདྲའི་དམིགས་པ་ཡང་ནས་ཀྱང་
དུ་སྐྱར་ནས་དབུག་མ་ཆད་ཀྱི་བར་དུ་དམིགས་པ་དེ་དང་མ་བྲལ་བར་བྱེད་དགོས་ཟེར་
རེད། སོ་སོས་འདོན་མ་ཐུབ་ན་གྲོགས་དམ་ཚིག་གཙང་བ་གཅིག་ལ་འདོན་གཅུག་ཆོག་
235
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པ་རེད་དེ་རེད།

ཡང་འགའ་ཞིག་ལ་བདེ་བ་ཅན་མོས་པ་ཡོད་མཁན་དེ་འདྲའི་ཡོད་རེད་དེ་ཡིན་ན་བདེ་བ་
ཅན་དུ་འཕོ་བ་བྱེད། དེ་ལ་རྗེ་རིན་པོ་ཆེའི་བདེ་བ་ཅན་གྱི་སྨོན་ལམ་དེ་ཐུགས་ཞེ་དྲག་གི་
དེ་གནང་གི་ཡོད་རེད། དེ་འདོན་གྱི་ཡིན་ན་(ཕུལ་བྱུང་མཛད་པས་འགྲོ་ལ་མི་ཟད་དཔལ་
སྟེར་ཞིང༌། །ལན་གཅིག་དྲན་པས་འཆི་བདག་འཇིགས་པ་རིང་དུ་དོར། །རྟག་ཏུ་བརྩེ་
བས་འགྲོ་ལ་བུ་བཞིན་དགོངས་གྱུར་པ། །ལྷ་མིའི་སྟོན་པ་ཚེ་དཔག་མེད་ལ་ཕྱག་འཚལ་
ལོ། །ཐུབ་པའི་དབང་པོས་X) ཞེས་སོགས་ཤཀྱ་ཐུབ་པས་བདེ་བ་ཅན་ལ་བསྟོད་ར་ཞེ་
དྲག་བཏང་གནང་ཡོད་རེད་གསུངས་ཡོད་རེད། འདི་རྗེ་རིན་པོ་ཆེའི་གསུང་རེད། དེ་
འདྲའི་བདེ་བ་ཅན་དུ་འགྲོ་ཡག་གི་སྨོན་ལམ་དེ་དག་འགྲུབ་པའི་དཔང་པོ་ལ་ཇི་ལྟར་ནུས་
བཞིན་བརྗོད། །བཏབ་གི་ཡིན་བྱེད་པ་རེད། བླང་དོར་གནད་རྣམས་མ་རིག་འཐུགཔོས་
བསྒྲིབས། །ང་རང་ཚོས་བླང་དོར་གྱི་གནད་དེ་མ་རིག་པས་བསྒྲིབས་ནས་ཕྱི་ཐང་སློག་
སྡིག་པ་བསགས། དགེ་བ་འདྲ་པོ་ཕྲན་བུ་བྱེད་ཁག་བྱས་ནའང་ཁོང་ཁྲོ་སྐྱེས་པས་མེད་པ་
བཟོས། མཐོ་རིས་ཀྱི་སྲོག་རྩ་དེ་ཁོང་ཁྲོས་བཅད། འདོད་པ་དང་སྲིད་
པའི་འདོད་ཆགས་ཀྱིས་འཁོར་བ་ནང་མར་བཅིངས།
[སྒྲ་འཁོར་རྒྱབ་མདུན་བར་ཏོག་ཙམ་ཆད་ཡོད་པ་འདྲ།]

ས་གཞི་སྤོས་ཀྱིས་X། རི་རབ་གླིང་བཞི་X། སངས་རྒྱས་ཞིང་དུ་X། འགྲོ་ཀུན་


རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་དུས་རྒྱུན་ཡིན་ན་དེ་རེད། ད་འདིའི་འགོར་ཡིན་
ན་ནི་ཚིག་རྐང་དང་པོ་གཉིས་དུས་རྒྱུན་དང་གཅིག་པ་བྱེད། དེ་ནས་བདེ་ཅན་ཞིང་དུ་
དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་དུས་རྒྱུན་དེ་
རེད། ཡང་ཤི་པོའ ་ི དོན་ཏུ་ཡིན་ན་ནི།
236
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བདེ་ཅན་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །
ཚེ་འདས་བདེ་བ་ཅན་དུ་སྐྱེ་བར་ཤོག།
བྱེད་དེ་ལབ་དགོས་རེད། དེ་ཚར་སོང་ན་དེ་ནས་བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་
བོ་ཉིད། །
ངན་འགྲོའ ་ི འཇིགས་ལས་སྒྲོལ་བའི་དཔའ་བོ་དེ། །
དག་པའི་ཞིང་དུ་བགྲོད་པའི་དེད་དཔོན་མཆོག །
མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས། །
མནར་གཅོད་གཤིན་རྗེའི་འཇིགས་ལས་བསྒྲལ་ཏུ་གསོལ། །
འཇིགས་རུང་བར་དོའ ་ི འཕྲང་ལས་བསྒྲལ་ཏུ་གསོལ། །
འཇིགས་རུང་ངན་སོང་གནས་ལས་བསྒྲལ་ཏུ་གསོལ། །
ཞིང་མཆོག་བདེ་བ་ཅན་དུ་འཁྲིད་དུ་གསོལ། །
ཁྲིད་ནས་སངས་རྒྱས་ས་ལ་བཞག་ཏུ་གསོལ། །
རེ་ས་གཞན་ན་མེད་དོ་ཐུགས་རྗེས་དྲོངས། །
དེ་ཚར་གསུམ་འདོན་གདངས་བཏང༌། ཚར་དང་པོའ ་ི སྐབས་ལ་ནི་རྦད་མགོན་པོ་འོད་
དཔག་མེད་འཁོར་དང་བཅས་པ་ཁོའ ་ི སྤྱི་བོར་ཡོད་པའི་དམིགས་པ་གཏོད། ཚར་གཉིས་
པའི་ སྐབས་སུ་དེ ་ཡི་འོག་རོ ་ཡིན་ན་ག་རེ་ཡི ན ་ན་དེ ་ ལ་དམི ག ས་པ་ཡག་པོ ་ གཏད།
གསུམ་པའི་སྐབས་སུ་དེ་གཉིས་ཀ་ལ་དམིགས་པ་གཏད། དེ་བྱས་ཚར་སོང་ན་སྔོན་
ལ་རོ་གསོན་པོ་ལ་བསྐྱེད། འགུགས་ཞུགས་བྱས་ཡོད་རེད་རྣམ་ཤེས། དེ་ནས་ཧེའི་
ཟེར་ཏེ་འཕོ་བ་རྒྱབ། སྦྱང་པའི་སྐབས་སུ་ཧེ་ཀ་ཟེར་ནས་མར་ཕབ། འཕོ་བ་རྒྱབ་པའི་
སྐབས་སུ་ཧེ་ཧེ་ཕད་ཟེར་ཡར་རྒྱབ། ཚར་གཉིས་གསུམ་འདྲ་པོ་ག་ཚོད་རྒྱབ་དགོས་ན་
རྒྱབ། དེ་ཚར་དུས་དེ་ནས་ཕད་རེ་རེ་རྒྱབ་ནས་མགོན་པོ་འོད་དཔག་མེད་རྒྱངས་རྒྱངས་
237
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གཤེགས་ནས་བདེ་བ་ཅན་དུ་བྱོན། ཚེ་འདས་རྣམ་ཤེས་དེ་ཐུགས་ཀ་ནས་འདབ་སྟོང་
པདྨའི་སྦུབས་སུ་སྐྱེ་བ་ལེན་སོང་བསམ་པ་བྱས་ནས་དམིགས་པ་བྱེད་རྒྱུ་འདུག་སེ་
རེད། བསྡུས་བསྡུས་འདྲ་པོ་བྱེད་ན་དེ་རེད་འདོན་པ་རྗེས་མ་བཙལ་ན་དེ་བར་ཡོད་འགྲོ་
བསམ་གི་རྒྱ་གར་ལ་ཡོད་འགྲོ་ཆུ་བཟང་གསུངས་འབུམ་ནང་ཡོད་རེད་དེ། དེ་ནང་ཡང་
དམིགས་པ་ཁ་བསྒྱུར་བྱེད་བླ་མ་སྟོན་པ་བཅོམ་ལྡན་འདས་ཟེར་བ་འདྲ་པོ་དང༌། ཏོག་
ཙམ་བླ་མའི་གསུང་རྒྱུན་འདྲ་པོ་ཡོད་རེད། དེ་ཚོ་ལྟས་ན་མཁྱེན་གྱི་རེད། རྗེ་བཙུན་ཡུམ་
ལ་བརྟེན་པའི་འཕོ་བ་ད་ལྟ་ངས་ཞུས་ཡག་དེ་རེད། སང་ཉིན་པོ་ཏི་དེ་ནང་ཡོད་ཡག་དེ་ལ་
གཟིགས་དང་འདོན་བདེ་པོ་ཡོད་རེད། ད་དེ་ནས་མ་ཤེས་པ་འདུག་ན་ཡང་སྐད་ཆ་འདྲི་
ན་འགྲིག་གི་རེད་ཡག །ཡབ་ཡུམ་ཞལ་སྦྱོར་ལ་བརྟེན་པའི་འཕོ་བ་གཅིག་ཡོད་རེད་དེ།
ད་གཅིག་གིས་འགྲིག་གི་རེད་པ། སྦྱངས་ནས་མི་ལས་བྱེད་ན་ཤི་ཚར་རེད་ཁོ་ག་རེ་བྱེད་
ཁོ་ལ་རག་ལས་པ་རེད།
རང་གིས་འཕོ་བ་རྒྱབ་དག་ཞིང་ལ་འགྲོ་དགོས་བསམ་ན་མ་ཆགས་པ་གལ་ཆེ་
བ་རེད། ཤི་ཁ་ལ་རབ་བྱུང་ན་ད་ལྟ་གོང་ནས་ཆགས་ཞེན་མེད་པ་བཟོ་དགོས་རེད་ཤི་ཁ་
ལ་ཁ་སླེབས་དུས་ཙམ་ན་ཆགས་ཞེན་བཅད་ཁག་པོ་རེད། ཡིན་ནའི་འཆི་ལྟས་སླེབས།
ཡོང་གི་འདུག་ན་ཆགས་ཞེན་མེད་པ་བྱེད་དགོས། ཅ་ལག་འདི་དང་འདི་ལ་ཆགས་ཀྱི་
འདུག་བསམ་པ་ཡོད་ན་དེ་མེད་པ་བཟོ་དགོས་རེད། ཅ་ལག་ཡིན་ན་ད་རྦད་ཡར་ཕུལ་
མར་གཏོང་བྱས་གཏད་ན་བྱེད། དེ་སུ་ལ་གཏད་ན་བསོད་ནམས་ཆེ་བ་བསམ། རང་གི་
ལུས་ཡིན་ནའང་ད་ནི་མེད་ཁོ་བསད་ཚར་སོང་བསམ་པ་འདྲ་པོ། རབ་བྱུང་ན་ནི་ཚང་མ་
ལ་མི་རྟག་པའི་རང་བཞིན་ཕར་དབྱུག་ཚུར་དབྱུག་བྱེད་ཡག་ཆགས་དོན་མེད་ཞེན་དོན་
མེད་བསམ་པ་འདྲ་པོ། ཆགས་དོན་མེད་ནའང་རང་ཤི་ཚར་དུས་རང་ལ་ཕན་པའི་ཆེད་
བྱེད་ན་དགེ་སྦྱོར་ལ་བཏང་ཤག་ན་ཡག་ག་ཡོད་རེད། མ་གཏོགས་ཆགས་དུས་བསམ་
238
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བློ་འཁོར་ཙེ་བྱེད་ན་ཁྱོགས་སུ་གས་མི་ཡོང་བ། ཤི་དུས་སེམས་ཆགས་ཡག་དེ་ཇ་ཕྱེད་
ཁ་ཙམ་གཅིག་འཐུང་ཕོར་པ་དེར་བཙུགས་བཞག་དུས་མིག་གིས་དེ་མཐོང་སྡད་ཤི་དུས་
ཟ་འཕྲོ་ལ་སེམས་ཆགས་ཟེར་ཡག་འདྲ་པོ་དེ་སྤྲང་རྟགས་གཅིག་རེད། ཚེ་འདི་ལ་ཆགས་
དུས་དག་ཞིང་ན་སླེབས་ཀྱི་ཡོད་མ་རེད་དཔེར་ན་བྱའི་རྐང་པ་ལ་ཐག་པ་བཏགས་ནས་
འཕུར་བ་ནང་བཞིན་ཡིན་ཟེར་རེད། དགེ་བཤེས་གཅིག་དབུགས་ཆད་མ་ཐུབ་ནས་
ཞག་དེ་ལ་ཆགས་ནས་ཚོགས་ལ་ཞག་ཡོད་པ་འདྲ་འདུག། ཤི་རོགས་མ་བྱེད་ནས་གུང་
ཐང་རིན་པོ་ཆེ་ལ་བཀའ་འདྲི་ཞུས་ནས་གུང་ཐང་རིན་པོ་ཆེས་ཨ་ཁ་ད་དེ་ཞག་ལ་ཆགས་
ཤག་དགོངས་པ་ཡིན་པ་རེད། ད་དེ་གལ་སྐྱོན་གྱི་མ་རེད། དགེ་བཤེས་ལ་ལབ་ཤོག་
སང་ཉིན་གནང་ཉིན་ཡིད་དགའ་ཆོས་འཛིན་ལ་རིགས་གྲྭ་ཚོགས་རན་པ་རེད། དགའ་
ལྡན་རིགས་གྲྭ་ཚོགས་སོང་ན་ཞག་ཞེ་པོ་གཅིག་ཡོད་རེད། འདིའི་ཞག་དེ་ཚོ་ཕར་ཟད་
ཚུར་ཟད་རེད་ཟེར་དེ་ལབ་ཨ་གསུང་པ་རེད། བླ་རྒན་གཅིག་ཡོད་པ་འདྲ་བླ་རྒན་དེས་
དགེ་བཤེས་དེ་ལ་ལབ་ཙང་བླ་རྒན་དེ་ལ་དེ་རེད་པས་ཟེར་རེད་དག་དེ་གསུང་གི་འདུག་
ཟེར་ཙང་དེ་ནས་དབུགས་ཆད་པ་རེད། ཡིད་དགའ་ཆོས་འཛིན་ཞག་ལ་ཆགས་ནས་ཤི་
བ་ཡིན་ཙང་ཡིད་དགའ་ཆོས་འཛིན་དུ་སྐྱེས་ཡོད་ཀྱི་རེད་པ། ཡང་སེ་རའི་དགེ་བཤེས་
འབྲི་ས་བསྟན་པ་ཟེར་མཁན་དོན་འགྲུབ་གླིང་པ་ཡིན་པ་གཅིག་དངུལ་ཊཾ་ག་ཉུང་ཤས་
ཤིག་ལ་ཆགས་ནས་ཤི་ཁག་པོ་བྱེད་པ་དང༌། རྒན་གོག་རྒན་གོག་སེ་ར་བྱེས་གདོང་
གྲལ་གྲལ་འགོ་སྡད་མཁན། གཉིད་ཁོ་རང་ཁུག་བྱས་སྒལ་པ་ཕར་ཀ་རག་ནང་དུ་ཕར་
གཏད་མགོ་ཚུར་མདུན་དུ་སྒུར་བྱས་ཉལ་སྡད་ཀྱི་རེད། སོག་པོ་གཅིག་གིས་མཁན་པོ་
བྱེད་དུས་གཉིད་ཁུག་སྡད་ཙང་བརྡུངས་པ་རེད། བླ་རྒན་ཞར་ལ་སྒང་ཇ་དང་ཞབས་ཕྱིས་
ཡག་ཞབས་སྐྱུགས་དྲོ་བོ་དེ་འཁྱེར་ཡོང་མགོ་ལ་བརྒྱབ་ནས་བརྡུང་པ་རེད།
ཚོགས་གྲོལ་ཡོང་དུས་ད་ལ་བསྟན་པ་ཟེར་མཁན་སྐྱུགས་དྲོ་པོ་ཁ་ངན་གཅིག་
239
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཡོད་རེད། དེས་ཕྱི་ལོགས་བསྒུགས་སྡད་ནས་དགེ་བཤེས་དེ་ནས་མར་ཕེབས་ཡོང་
དུས་ཧེ་ཧེ་ཟེར་གིན་ཟེར་རེད། རྒན་ཟེར་གི་ཟེར་རེད། མཁན་རིན་པོ་ཆེས་ཞབས་ཕྱིས་
དེ་ཞིམ་པོ་ཨ་འདུག་ཟེར། ཁྱོད་ཕ་ཤ་བ་རྒྱུ་ཟེར་མགོ་བསྒྲིལ་ནས་ལོག་སོང་ཟེར་རེད།
དེ་དགེ་བཤེས་དེ་རྗེས་མ་ཤི་གྲབས་བྱས་བསྙུང་སྡད་ནས་རྒན་གོག་རེད། བསྙུང་ནས་ཁ་
གྲག་རྒྱུ་ཡོད་ལ་མེད་སྐུ་ཞབས་ཤར་པ་དེ་བར་རོགས་འདྲ་བྱས་དགེ་བཤེས་གྲོངས་སྨད་
ཀྱིས་ནད་གཡོག་རྒྱུག་ཆབ་མདོ་འཕགས་པ་ལྷ་རྩར་གསུང་བརྟག་ཞུས་སར་བཏང་ཁོའ ་ི
དད་པ་ཡོད་ས་འཕགས་པ་ལྷ་རེད། འཕགས་པ་ལྷས་ད་དུང་དྲག་ཡག་གི་རེ་བ་གར་ཡོད་
མི་རྒན་གོག་དེ་འདྲ་རེད། ཡིན་ནའང་སྐྱོན་མི་འདུག་ཟེར་ལབ་ཨ་(ཐུགས་རྗེ་)ལྷ་ཁང་ལ་
གསེར་ཀོང་བརྗེས་ཤོག་གསུངས་པ་རེད། གསེར་ཀོང་བརྗེ་ས་བཏང༌། རྒན་འཕགས་
པ་ལྷ་ལ་གསུང་བརྟག་ཞུས་པ་ཡིན་སྐྱོན་མི་འདུག་གསུངས་པ་རེད་དག་(ཐུགས་རྗེ་
) ལྷ་ཁང་ལ་གསེར་ཀོང་བརྗེ་ཤོག་གསུངས་འདུག་ད་དེ་བརྗེས་བཞག་ཡོད། སྨོན་ལམ་
རྒྱབ་ཤོག་ཨང་གསུངས། དེ་ནས་ཉལ་སྡད་སོང་ཟེར་རེད། བསམ་བློ་འཁོར་ཀྱི་ཡོད་
པ་འདྲ་འདུག་ན་ཨ། ད་ཁོ་དངུལ་ལ་ཆགས་སྡད་ཡོད་པ་འདྲ། ཁོ་ལ་ཊམ་ག་དཀར་པོ་
ཏོག་ཙམ་ཡོད་པ་འདྲ་འདུག་དེ་ཤོག་ཐུམས་བཟོས་ནས་གནམ་གདན་ཤོག་གོ་སྦྱར་ས་
ལྕམ་བར་དུ་བཅུག་བཞག་ཡོད་པ་འདྲ། ད་ཤི་སོང་ན་དེ་རག་གི་མ་རེད་བསམ་དེ་འདྲའི་
ཅིག་ལ་འཕགས་པས་འོད་ཅན་བཏང་བྱུང་ཟེར་གྲགས་ཟེར་རེད། ཕ་ཡུལ་སྐད་རྒྱབ་ནས་
འཕགས་པ་ལྷས་ཀད་ཟེར་བཏང་སོང་ཟེར་ཀྱི་ཡོད་རེད། གཅིག་གིས་སྨྱོ་གཏམ་བཤད་
མ་སྡད་ཟེར། སྐུ་ཞབས་ཤར་པས་དེ་མ་ཟེར་ཟེར་ནས་འཕགས་པས་འོད་ཟེར་བཏང་བྱུང་
ཨས། འོད་ཟེར་དེ་ག་བར་ཟུག་སྡད་འདུག་ཟེར། མིག་ཆེན་པོ་ཅིག་ལྟས་ནས་དེར་ཟེར་
གྲགས་ཟེར་རེད། མཛུབ་མོ་འཛུག་ཡ་གི་ལྕམ་དང་གདུང་མ་མཚམས་དེར་ད་ཁོ་ཚོས་
དེར་ལྟ་དུས་ཊམ་དཀར་པོ་དྲུག་བདུན་བཅུག་བཞག་ཟེར་རེད། དེ་མར་ལེན་གསོལ་
240
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཅོག་སྒང་བླུག་པ་ཡིན་ཟེར་རེད་ཨེ་ནི་དེ་ལ་མིག་གཅིག་ལྟས་དབུགས་འགྲོ་སོང་ཟེར་
རེད། བྱས་ཙང་དབུགས་འགྲོ་གི་ཡོད་མ་རེད་དེ་ལ་ཆགས་ནས། བྱས་ཙང་ཆགས་ས་དེ་
སྐྱོག་དྲོ་པོ་འགའ་ཞིག་དངུལ་ལ་ཆགས་ནས་དངུལ་ནང་ལ་སྐྱེ་བ་ལེན་སྡད་མཁན་འདྲ་
པོ། ཡང་སྔོན་མ་དགེ་སློང་གཅིག་ལྷུང་གཟེད་ལ་ཆགས་ནས་ཤི་དུས་ལྷུང་གཟེད་ཀྱི་ནང་
དུ་སྦྲུལ་ལ་སྐྱེ་བ་དང༌། སྦྲུལ་དེ་སོ་རྒྱབ་ནས་ལྷུང་གཟེད་ལ་ལག་པ་འཆང་མི་བཅུག་ཙང་
དགེ་སློང་ཚོས་རྒྱུག་བག་གི་ཕར་ཚུར་དེད་པས་སྦྲུལ་དེ་ཁོང་ཁྲོ་དྲག་པོས་མེ་འབར་ཏེ་
ཁའི་ནང་ནས་དུ་བ་དོན་ནས་མེ་རང་འབར་བྱུང་བ་རེད། མེ་རང་འབར་བྱས་ནས་སྦྲུལ་
དེའི་རོ་དེ་ག་རང་ལ་ཤིང་སོགས་དང་མཉམ་དུ་ཚེགས་ནས་སྦྲུལ་དབུགས་ཆད་པ་རེད།
དགེ་སློང་གི་རོ་དེ་དེ་གའི་དགེ་སློང་ཚོས་མེར་སྲེགས་བཏང་སྦྲུལ་དེ་ཤི་ཚར་མ་ཐག་
རྣམ་ཤེས་དམྱལ་བ་མནར་མེད་ནང་འགྲོ་ནས་དམྱལ་བའི་ལུས་མེས་སྲེགས་པ་དེ་འདྲའི་
དགེ་སློང་གཅིག་གི་ལུས་གསུམ་དུས་གཅིག་ཏུ་ཚིག་རྒྱུ་བྱུང་བ་རེད། ཡང་སེ་རའི་བླ་
རྒན་གཅིག་གིས་ཁོ་རང་གི་འགྱེད་དང་དགེ་ཕྲུག་གི་འགྱེད་ཡོད་པ་དེ་འཁྱེར་ནས་ཉིན་
གུང་ཡོལ་སོང་ན་སྐོར་ར་འགྲོ་གི་ཡོད་རེད། མི་ཚོ་ཚོགས་ལ་འགྲོ་ཡོད་རེད། ཧར་གདོང་
ཁང་ཚན་ནས་ཡར་འགྲོ་ས་སེ་ར་གླིང་གི་སྟོད་རྡོ་མང་པོ་ཡོད་ས་དེར་འགྲོ། སྟོད་འགག་
ནང་ཤིག་ཡོད་པ་དེ་ཕར་བསྒྲུག་ཚར་སོང་ན་ཕར་ལྟ་ཚུར་ལྟ་བྱེད་དེ་པ་མི་ཨ་འདུག་མི་
འདུག་ལྟ། མི་མེད་པ་ཐག་ཆོད་སོང་ན་ག་ལེར་རྡོ་དེ་ཡར་བརྔོག་ནས་དངུལ་ཡོད་པ་དེ་
འཁོགས་མའི་ནང་དུ་བླུགས་རྡོ་ཧྲོབ་ཀྱིས་མར་བཀབ། ད་དུང་མི་ཨ་འདུག་ལྟ་དེ་ནས་
སྟོད་འགག་ཚུར་གྱོན་བྱས་མར་ལོག་ཡོང་གི་ཡོད་རེད། དགེ་ཕྲུག་དེས་རྒན་ལགས་ང་
གཉིས་རྩམ་པ་དཀོན་པོ་སྐྱོ་པོ་བྱས་འགྱེད་བྱུང་དུས་དངུལ་དེ་ཉོ་ཆས་རྩ་བ་ནས་རྒྱབ་
ཀྱི་མི་འདུག། འགྱེད་ཡོད་དུས་གླིང་བསྐོར་ཕེབས་འགྱེད་མེད་དུས་ཕེབས་ཀྱི་མི་འདུག་
གང་ཡིན་འགྲོ་བསམ་ཉིན་གཅིག་ཁོ་ཚོགས་ལ་མ་འགྲོ་པ་བྱས་རྒན་སྐོར་ར་ཕེབས་དུས་
241
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཞུགས་ལ་ཕྱིན་བྱས་ག་ལེར་གབ་ནས་ལྟ་དུས་རྒན་ལགས་དེ་འདྲ་གནང་སྡད་ཡོད་ཙང་
ཁོས་རྒན་མར་ཕེབས་ཚར་དུས་ལྟ་འགྲོ་བ་རེད། དེ་ནས་དགེ་ཕྲུག་གིས་ཧ་གོ་པ་རེད།
ཡིན་ནའང་དགེ་ཕྲུག་དེས་ཧ་མ་གོ་བའི་ཁུལ་བྱེད་གང་ཡང་མ་ཞུས་པ་རེད། རྗེས་མ་
རྒན་ལགས་བཤགས་དུས་ཁང་ཚན་གྲྭ་པ་ཡོང་ནས་ད་མཆོད་འབུལ་བྱེད་དགོས་རེད་
པད་ཤག་ག་པ་ཡོད་ཟེར་དུས་པད་ཤག་འདིར་ཡོད་མ་རེད་ལབ་པ་རེད། ག་པ་ཡོད་རེད་
ཟེར་དུས་དགེ་ཕྲུག་དེས་འདིར་ཡོད་རེད་ཟེར་སྟན་ས་འགྲོ་བྱས་ལྟ་དུས་སྡིག་པ་ར་ཚ་
ཆེན་པོ་གཅིག་དངུལ་ཡོད་ས་དེར་འཛུལ་སྡད་ཡོད་རེད། ཁོས་དངུལ་ལ་ལག་པ་ག་པ་
ཐུག་བཅུག་སོ་རྒྱབ་ནས། འཁོགས་མའི་ཁ་གཅོད་རྒྱབ་བྱས་དེ་ག་རང་མར་འཁྱེར་ཡོང་
དགོས་བྱུང་བ་རེད། རྒན་ལགས་དེར་སྐྱེས་སོང་བ་འདྲ་འདུག། བླ་མ་གཅིག་རྩར་བཀའ་
འདྲི་ཞུས་འགྲོ་ཟེར་ནས་འགྲོ་དུས་བླ་མ་གཅིག་གིས་གསུང་ན་ད་དེ་ཁྱེད་རང་ཚོས་བེད་
སྤྱོད་བཏང་ཡག་ཡོད་མ་རེད་ཕན་འཐོག་པ་མ་རེད།
ལྷ་སའི་བར་བསྐོར་ནང་ཀུན་བཟང་རྩེའི་སྒོ་འགྲམས་དེར་ཁ་ཆེ་ཨོ་ཚོམ་དཀར་
པོ་གཅིག་ཡོད། དེ་ལ་སྤྲོད་འགྲོ་ཤོག་མི་དགོས་ཟེར་གྱི་རེད་དེ་ཐུགས་རྗེས་གཟིགས་
བཞེས་རོགས་གནང་ཟེར་ཤོག་གསུང༌། དེ་འཁྱེར་ནས་ཁ་ཆེ་དེ་ལ་སྤྲོད་འགྲོ་དུས་མི་
དགོས་ཟེར་ནའང་ཨུ་ཚུག་བྱེད་པས་ཁ་ཆེ་དེས་ཚོགས་གཏམ་བཏང༌། ཞུ་བ་ཕུལ་ཕྱག་
འཚལ་བྱས་ཙང་ཁ་ཆེ་དེས་སྡིག་པ་ར་ཚ་དེ་ཚུར་ཟིན་བྲིས་གཏུབས་ནས་ཟས་བྱེད། ད་
འགྲོ་ཤོག་དེ་རེད་ཟེར། ཁོས་འདྲེན་པ་ཡིན་པ་འདྲ་འདུག ། རྭ་མོ་ཆེ་གཤན་པ་དེ་འདྲ་
ཀྱང་དེ་བཞིན་བྱེད་པ་ཤོད་རྒྱུ་ཡོང༌། ཡང་དགེ་རྒན་གཅིག་ཤི་ནས་དངུལ་འཁོགས་མ་
ནང་བླུགས། སྒོའ ་ི ཐེམ་པའི་འོག་ཏུ་བཅུག་བཞགཡོད་རེད། རྗེས་མ་དེ་ནང་སྡོད་མཁན་
གསར་པ་དེ་འདྲ་སླེབ་ནས་མཚན་མོ་ཉལ་སྡད་དུས་རུང་ཁང་ནང་ཉལ་སྡད་པའི་དགེ་
ཕྲུག་དེས་རྒན་ལགས་ལ་དངུལ་མང་པོ་རྩིས་རྒྱུ་འདུག་བསམ་སྒོའ ་ི ཐེམ་པའི་འོག་ནས་
242
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པད་ཤག་རྩིས་སྡད་ཀྱི་ཡོད་རེད། ནང་ལོག་དགེ་རྒན་དེས་དགེ་ཕྲུག་ལ་པད་ཤག་ཞེ་དྲག་
རྩིས་ཡག་འདུག་ག་རེ་ཡིན་ནམ་བསམ་རྟག་པར་གོ་གི་ཡོད་རེད། ཉིན་གཅིག་རྒན་དེས་
ཀའི་ཁྱོད་ལ་པད་ཤག་ཞེ་དྲག་འདུག་ག་ནས་འཁྱེར་ཡོང་པ་རྐུན་མ་བརྐུས་པ་མ་རེད་
དམ། ག་འདྲས་སེ་བྱུང་ཨ། རྒན་ལགས་ང་ལ་པད་ཤག་རྩིས་ཡག་ག་པ་ཡོད་རེད་མེད།
མེད་ན་ཁྱོད་ཀྱིས་རྩིས་ཀྱིས་འདུག་མཚན་ནག་གོང་རྩིས་ཡག་དེ་ཡག་རྟགས་མ་རེད་
བྱེད་པ་རེད། ང་གཉིས་ཉལ་དུས་རྒན་ལགས་ཀྱིས་རྩིས་ཀྱི་འདུག་ལབ། རྒན་ལགས་
ཡ་ཚན་བསམ་བྱས་ད་འོ་ན་དོ་དགོང་ཁྱོད་ནང་ལོག་ཉལ་ཤོག་ང་ཕྱི་ལོག་ཉལ་ཟེར་ཡང་
རྒན་ལགས་ཉལ་དུས་སུའང་རྩིས་སྡད་པ་གོ་བ་རེད། དེ་ནས་ཁོ་གཉིས་བཙལ་པ་རེད།
བཙལ་དུས་སྒོའ ་ི ཐེམ་པའི་འོག་ཏུ་འཁོགསམའི་ནང་དུ་བླུགས་ཤག་ཡོད་རེད། ཡང་ཕན་
མ་འཐོག་པ་རེད་སྡིག་པ་ར་ཚ་ཡིན་ནམ་སྦལ་བག་ཡིན་ནམ་གཅིག་འཛུལ་སྡད་ཡོད་
རེད། དེ་འདྲ་མང་པོ་ཤོད་རྒྱུ་ཡོད་རེད་ཆགས་ཞེན་ཟེར་ཡག་དེ་ཡོད་ན་གང་ཡང་ཕན་
མ་འཐོག་པ་གཅིག་ལ་དེས་འགག་བྱས་ནས་གནོད་སྡད་ཡོད་རེད། སྡིག་པའི་རྒྱུ་ཁོ་ལ་
བརྟེན་ནས་ང་འཁོར་བ་དང་ངན་སོང་ནང་འགྲོ་དགོས་ཡག་གནོད་བྱེད་ཡིན་བསམ་པ་
བྱེད། དེ་ལས་རང་གི་ལག་ན་ཡོད་དུས་ཕར་དགེ་སྦྱོར་ལ་བཏང་ཐུབ་ན་ཡག་པོ་ཡིན་
བསམ། ཡར་བཅད་མར་བཅད་བྱེད་ན་ཡག་པོ་ཡོད་རེད་བསམ་པ་འདྲ་པོ། ག་རེ་ཡིན་ན་
གཅིག་བྱེད་ན་མ་གཏོགས་ཤི་དུས་ཆགས་ཞེན་ཡོད་བཞིན་ལ་ཆོ་ག་བཏང་བཞིན་སྡད་
ན་དག་ཞིང་ན་འགྲོ་ཐུབ་པ་མ་རེད། ལྷོ་བྲག་མར་པ་གྲུབ་ཆེན་སངས་རྒྱས་རེད་དེ་སྲས་
དར་མ་མདོ་སྡེས་ཡི་དམ་ཀྱེ་རྡོ་རྗེའི་མན་ངག་ཉམས་སུ་བླང་རྒྱུ་མ་བྱུང་མན་ངག་ཡག་
པོ་དེ་བསམ་དེ་ལ་ཏོག་ཙམ་ཆགས་ནས་བྱ་འང་གུ་ལ་གྲོངས་འཇུག་བྱེད་རྒྱུ་སྨོན་ལམ་
རྒྱབ་ནས་རྒྱ་གར་དུར་ཁྲོད་གཅིག་གི་སྒང་ལ་རྒྱལ་པོ་གཅིག་གི་སྲས་ཀྱི་རོ་འཁྱེར་ཡོང༌།
ཁྱོད་དེ་ལ་ཞུགས་འགྲོ་ཤོག་ཟེར་གཞན་བོད་ལ་རོ་ཡོད་མ་རེད། དེ་བཀྲོངས་ནས་ཞག་
243
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བདུན་གྱི་རིང་ལ་མི་ཤི་ཡག་མེད་པ་རྭ་ལོས་བྱིན་གྱིས་རླབས་བཞགཔ་རེད། རོ་རག་གི་
ཡོད་མ་རེད། དེ་བཏང་ནས་ཕར་ཙམ་འགྲོ་ཚུར་ལོག་ཡོང༌། ཡང་ཕར་བཏང་ཚུར་ལོག་
ཐེངས་གཉིས་འདུག་སེ་བྱེད་པ་རེད། ད་ཁྱོད་ཡག་པོ་བྱས་མ་འགྲོ་ན་དུར་ཁྲོད་སྒང་རོ་
དེ་མེད་པ་རེད་འགྲོ། དེ་ནས་མར་པ་འུ་ཐུག་ནས་བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་རྒྱ་
མཚོ་ཐུགས་རྒྱུད་བསྐུལ་ནས་ངའི་བུ་ཡི་ལམ་ཕྱེ་ཤིག་ཅེས་སོགས་བདེན་སྟོབས་རྗོད་
ནས། ཕར་གིར་སླེབ་ཐུབ་ཙམ་བྱུང་བ་རེད། རོ་བསྐྱལ་མཁན་ཚོ་ཚུར་ཙམ་སྡད་རོ་ཕར་
ཙམ་བཞག། ཇ་འདྲ་ག་རེ་ཡིན་ནམ་གཅིགའཐུང་སྡད་ཡོད་རེད། བྱ་འང་གུ་ཐང་ཆད་
བསྡད་མཁན་གཅིག་སླེབས་ཡོང་ནས་རོའ ་ི འཁྲིས་ལ་བབ་ནས་རྒུར་ཙམ་རྒུར་ཙམ་བྱས་
དེ་འདྲའི་གཅིག་ལ་མར་འགྱེལ་སྡད་པ་རེད། དེ་འདྲའི་ཞིག་ལ་རོས་འགུལ་ཙམ་འགུལ་
ཙམ་བྱས་ཡར་ལངས་ཡོང་པ་རེད། ལྟ་དུས་དངོས་གནས་རྒྱལ་པོའ ་ི སྲས་བཟོ་འདྲ་པོ་མ་
གཏོགས་རོ་ལངས་བཟོ་འདྲ་མེད་ཙང་རྒྱུག་འགྲོ་རྒྱལ་པོ་ལ་རྒྱལ་པོའ ་ི སྲས་ཡར་སོས་
ཡོང་གི་འདུག། དུར་ཁྲོད་སྒང་ལ་ཡར་བཞེངས་ཕེབས་ཀྱི་འདུག་ཞུས། རྒྱལ་པོས་ངའི་
བུ་ལངས་ཡོང་གི་འདུག་ན་ཚུར་ཁྲིད་ཤོག་གསུངས་པས་ཚུར་འཁྲིད་ཡོང༌། ངའི་བུ་མ་
རེད་ཡིན་ནའང་ངའི་བུ་ལས་ལྷག་པ་མིན་ནའང་ཆད་པ་མི་འདུག། ངས་བདག་པོ་རྒྱབ་
ཀྱི་ཡིན་གསུངས་ནས་བདག་པོ་རྒྱབ་པ་རེད། ཁོང་སྲས་དར་མ་མདོ་སྡེ་རེད། སྐུ་ཚེ་དེ་
ལ་བསྒྲུབ་པ་ཉམས་ལེན་མཛད་ནས་གྲུབ་པ་ཐོབ་གྲུབ་ཆེན་ཏི་ཕུ་པ་གསང་སྔགས་སྡོང་
པོ་རེད། རལ་ཆུང་རྒྱ་གར་ལ་ཕེབས་པ་རེད།
རལ་པ་དང་རལ་ཆུང་ཚང་མ་མར་པའི་སློབ་མ་ཡིན་ཙང་དེའི་ཆོས་ཀྱི་འབྲེལ་བ་
དང་ལས་རྒྱུ་འབྲས་ཀྱི་འབྲེལ་པ་བྱེད་ནས་རལ་ཆུང་རྒྱ་གར་དུ་ཏི་ཕུ་པ་གསང་སྔགས་
སྡོང་པོ་དང་ཏག་ཏག་མཇལ་པ་རེད། གསང་སྔགས་སྡོང་པོས་ཁོ་ཧ་གོ་པ་རེད། རལ་ཆུང་
གིས་ཤེས་ཀྱི་ཡོད་མ་རེད། ཁོང་གཉིས་ལམ་འགག་ཏུ་མཇལ་པ་རེད། ཏི་ཕུ་པས་གྲུབ་
244
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཆེན་གྱི་ཆ་ལུགས་བྱས་ར་གོག་གི་རྐང་གླིང་གཅིག་བསྣམ་བཅས་ལམ་དུ་ཐུག་པ་རེད།
ལམ་སེང་བོད་སྐད་རྒྱབ་ནས་བུ་ཆུང་ཁྱོད་རྣལ་འབྱོར་པ་མཚར་སྡུག་དང་ལྡན་པ་ཞིག་
འདུག་སྟེ་ཞག་བདུན་གྱི་ཚེ་ལས་མི་འདུག་ཨང་གསུངས་པ་རེད། ཁོང་སྐྲག་ཐག་ཆོད་དེ་
ང་ལ་ཐབས་ག་རེ་ཡོད་རེད་ཟེར་ཕྱག་འཚལ་ཞེ་དྲག་བྱས་ཙང་ད་འདི་ནས་ཕར་མ་ཅིག་
གྲུབ་པའི་རྒྱལ་མོ་ཟེར་བ་གཅིག་ཡོད་རེད། དེ་ཡི་སྐུ་མདུན་ལ་འགྲོ་ནས་ཚེའི་གདམས་
པ་ཞུས་འགྲོ་ཤོག་གསུངས་པ་རེད། རལ་ཆུང་པས་བཙལ་ས་འགྲོ་ཚེའི་གདམས་པ་
ཞུས་ཚེ་བསྒྲུབ་ལྷ་གཅིག་བུམ་གཅིག་གི་ཚེ་དབང་དེ་གྲུབ་པའི་རྒྱལ་མོའ ་ི སྐུ་མདུན་ནས་
ཞུས། ཚུར་བསྣམས་ཕེབས་མིད་ལ་རལ་པ་ལ་ཡར་ཕུལ། ལུས་མེད་མཁའ་འགྲོ་ལྔའི་
ཆོས་སྐོར་ཞུས་ནས་ཡར་ཕུལ། དེ་འདྲ་བྱེད་རྒྱུ་བྱུང་བ་རེད། ཁོང་བཀྲོང་དགོས་ཡག་དེ་
ཁོང་ལ་གྲོངས་འཇུག་གི་གདམས་ངག་ཡོད་ཙང་དེ་མེད་པ་བཟོ་དགོས་ཀྱི་ཡོད་རེད།
དེ་ཁོ་རང་གི་ཞལ་འདྲས་དེ་ཞུགས་ཏོག་ཙམ་འགྲིག་པ་རེད། རྭ་རྒན་རྡོ་རྗེ་
འཇིགས་བྱེད་རེད་ཡོད་དོ་མེད་དོ། དར་མ་མདོ་སྡེའི་ཐུགས་ལ་རྭ་ལོ་དེ་སྐད་གྲགས་
ཆེན་པོ་ཞེ་དྲག་འདུག། ཁོ་རང་གི་ཡབ་མར་པའི་རྩར་གཅིག་གཏུག་རོགས་བྱས་ན་ཁོ་
སྐད་གྲགས་ཆེ་རུ་འགྲོ་གི་རེད་དགོངས་ནས་ཁྱེད་རང་ཡི་དམ་དུད་འགྲོའ ་ི མགོ་ཅན་དེ་
མ་བརྟེན། དུད་འགྲོའ ་ི མགོ་ཡིས་ཆོས་གསུང་ཤེས་ཀྱི་མ་རེད། དེ་ལས་ངའི་པ་ཕའི་ཡི་
དམ་ཀྱེ་པ་རྡོ་རྗེ་དེ་ཡག་པོ་ཡོད་རེད་ཞུས་གནང་པ་རེད། དུད་འགྲོ་མགོ་ཅན་དང་མིའི་
མགོ་ཅན་ཟེར་ཡག་མེད། ཡི་དམ་རང་གིས་བརྟེན་སྟངས་འགྲིག་ན་དེས་འགྲིག་གི་ཡོད་
ཟེར་དེ་ནས་རྩོད་པ་ཤོར་སོང་བ་རེད། དེ་ནས་རྭ་ལོས་ད་འདི་མེད་པ་མ་བཟོས་ན་གྲོངས་
འཇུག་དེ་ཡང་མི་ལ་སྤེལ་ས་རེད་བསམ། ཉིན་མ་གཅིག་སྟོན་མོ་ཆེན་པོ་ཡོད་ས་གཅིག་
ལ་རྭ་ལོ་ཕེབས་སྡད་ཡོད་རེད། དེའི་ཞོག་པ་དར་མ་མདོ་སྡེ་སྔ་པོ་ཡར་ལངས་ནས་ལྟ་
དུས་མ་གིའི་སྒོ་འགྲམ་ཨ་མ་རྒན་འཁོགས་གཅིག་གིས་ཇ་བསྐོལ་ཏེ་བྲེལ་ལ་ཚ་འདོག་
245
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཁ་པོ་མེ་དམར་ལྷེ་ལྷེ་བྱས་སྦུད་པ་རྒྱབ་ཀྱི་ཡོད་རེད། ཨ་མ་ལགས་བྲེལ་ལ་དེ་འདྲ་ག་
རེ་ཡིན་པ་ཟེར་དུས་ཨ་མས་ང་དེ་རིང་ལྟད་མོ་ལ་འགྲོ་དགོས་ཡོད་བྱེད་པ་རེད། ལྟད་མོ་
ག་རེ་རེད་ལྟད་མོ་ཆེན་པོ་ཞེ་དྲག་ཡོད་རེད་བྱེད་པ་རེད། ཡག་ཟེར་དེ་ནས་ཡར་ཡོང་
ནས་ཡབ་ལ་ང་དེ་རིང་ལྟད་མོ་ལ་བཏང་རོགས་གྱིས་ཞུས། ད་མ་འགྲོ་ཁྱོད་ལ་བར་ཆད་
ཆེན་པོ་ཡོད་ཟེར། སྐུ་མཁྱེན་བཏང་རོགས་གྱིས་ད་རེས་མ་བཏང་ཐབ་མེད། ཨ་མ་རྒས་
འཁོགས་ཡན་ཆད་བྲེལ་ལ་བྱེད་ནས་འགྲོ་ཡི་འདུག་ན། ང་ལོ་ཆུང་མ་འགྲོ་ན་ག་རེ་བྱེད་
ཞུས། རྩ་བ་ནས་བཤད་མ་ཐུབ་ད་ཡིན་གཅིག་མིན་གཅིག་འགྲོ་དགོས་ན་གྲལ་མགོ་རྩ་
བ་ནས་སྡད་མ་འགྲོ་གྲལ་ཞུགས་དེ་བར་སྡོད་ཟེར། ཁྱོད་ཀྱིས་ཁས་ལེན་དམ་བཅའ་ཁ་
ཤས་བྱེད་དགོས་རེད།
ང་ལ་གསུང་རོགས་དེ་རང་བྱས་ཆོག་ང་གྲལ་ཞུགས་བསྡད་ཆོག་ཟེར་མི་ལ་སྐད་
ཆ་དྲང་པོ་རྩ་བ་ནས་མ་ཤོད་ཟེར་ལགས་སོ་ཞུས། དེ་ནས་ཕེབས་ཏེ་མི་མང་པོ་ཡོད་སར་
ཕེབས་ཡོང་དུས་དར་མ་མདོ་སྡེ་ཕེབས་བྱུང་ཟེར་ནས་གཅིག་མར་གཤིགས་གཉིས་
མར་གཤིགས་གྲལ་འགོ་རྭ་ལོ་དང་གྲལ་འཛིན་རེད་སོང་བ་རེད། རྭ་ལོས་བར་མཚམས་
ཤིག་ལ་ཁྱེད་རང་ལྷའི་བསྐྱེད་རིམ་ལ་ཐུགས་གཡེངས་པའི་དུས་ཡོད་པས་བྱེད་པ་རེད།
ང་རྟ་ཞོན་དུས་ཡབ་ལ་རྐང་པ་བཅུག་ནས་རྟའི་སྒང་དུ་མ་སླེབ་པའི་བར་ལ་གཡེངས་
འགྲོ་ཡི་ཡོད་ཟེར། དེ་མིན་ལྷའི་རྣལ་འབྱོར་ལ་རྩ་བ་ནས་གཡེངས་ཀྱི་མེད་བྱེད་པ་རེད།
ཡག་བསམ་ད་ལྟའི་ལོག་འགྲོ་དུས་དར་མ་མདོ་སྡེས་རྟ་ཞོན་གྲབས་བྱེད་དུས་རྭ་ལོས་
རྟའི་འོག་ནས་ཀྲས་རི་ཁ་ཤས་ཤིག་ལ་སྤྲུལ་ཤག་ནས་ཁོས་ཡབ་ལ་རྐང་པ་བཅུག་པ་
ཙམ་ནས་ཀྲས་རི་དེ་ཚོ་པར་རར་འཕུར་ཡོང་རྟ་དེ་འདྲོག་རྐང་པ་ཡབ་ནང་ཐོགས་ཡབ་
དྲད་བཏང་སྟེ་བཀྲོངས་པ་རེད། དབུ་ཆག་ནས་རུས་གོ་གཟབ་ཡོང་བ་རེད་རྭ་ལོའ ་ི སྤྲུལ་
པ་ཀྲས་རི་དེས་རུས་པ་གཅིག་བསྒྲུགས་ནས་ཁྱེར་ཡོང་ཟས་ཞགས་པ་རེད། རུས་
246
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

འཁོགས་མ་ཚང་དུས་གྲོངས་འཇུག་བྱས་ནས་ཡར་ལངས་ཐུབ་པ་མ་རེད། ད་ད་རེས་
གནས་ཚུལ་དེ་འདྲ་བྱུང་སོང་ཟེར་ནས་ཞུས་དུས་རུས་འཁོགས་ཚང་གི་ཨ་འདུག་ལྟ་
ཤོག་གསུངས་ནས་ག་ཚོད་བཙལ་ནའང་དབུ་ཡི་དུམ་བུ་གཅིག་མ་ཚང་བ་བྱས་ད་བྱེད་
ཡག་རྩ་བ་ནས་མི་འདུག་ཟེར།
ད་དེ་བར་རོ་གཅིག་བཙལ་འགྲོ་ཤོག་ཟེར་རྭ་ལོས་ཞག་པོ་བདུན་གྱི་རིང་ལ་མི་
ཤི་ཡག་མེད་པ་བྱིན་གྱིས་བརླབས་ཤག་པ་རེད་བྱས་ཙང་རོ་མ་རྙེད་པ་རེད། འང་གུའི་
རོ་གཅིག་ལས་མ་རྙེད་པ་རེད། དེ་ལ་ཞུགས་ཤོག་གསུང་ནས་དེ་ལ་ཞུགས་བྱས་འང་
གུ་བྱས་ནས་སྡད། དེ་ནས་རོ་ག་པ་འདུག་གཟིགས་དུས་རྒྱ་གར་ན་དུར་ཁྲོད་གཅིག་
གི་ནང་དུ་རྒྱལ་པོའ ་ི བུ་གཅིག་གི་རོ་བྱུང་ནས་དེར་གྲོངས་འཇུག་གྱིས་ཟེར་ནས་བཏང་
བཞག་པ་རེད་དེ་འདྲའི་གཅིག་བྱུང་ཡོད་རེད། ཡང་མིད་ལ་རལ་པ་ལ་གྲོངས་འཇུག་
ཡོད་ཙང་སྦྱིན་བསྲེགས་བྱེད་པ་རེད། རྭ་ལོས་མིད་ལ་སངས་རྒྱས་ཡིན་ཙང་བསྲེགས་
མ་ཐུབ་པ་རེད། མར་ཁ་སྦུབ་བཞག་ན་ཡང་ཡར་འདུག་གི་ཡོད་རེད། མགུར་འཐེན་
བཞིན་འཐེན་བཞིན་ཀྱག་ཀྱག་གནང་བྱེད། རྭ་ལོས་ངས་ཁྱེད་བསྲེག་དགོས་ཡག་དེ་
ཁྱེད་ལ་གྲོངས་འཇུག་ཡོད་ཙང་དེ་ཡིན། གཞན་ཁྱེད་བསྲེག་སྦྱོར་བྱེད་དགོས་ཡག་གང་
ཡང་མེད། གྲོངས་འཇུག་དེས་འགྲོ་བ་མང་པོ་ལ་གནོད་ཀྱི་འདུག། མི་བསླུ་ཡག་གི་རྐྱེན་
བྱེད་ཀྱི་འདུག་ཟེར། མིད་ལས་དེ་ག་རང་རེད་གྲོངས་འཇུག་གཞན་ལ་མི་སྤེལ་ཡག་ངས་
ཁྱེད་རང་ལ་ཁས་ལེན་གྱི་ཡིན་གསུངས། དེ་ནས་འཕོ་བ་གྲོངས་འཇུག་གི་གདམས་པ་
ཉེ་བརྒྱུད་དེ་ཆད་པ་རེད། རྭ་ལོ་ཙཱ་བ་དེ་ཏལ་ཙམ་མ་འགྲིག་ནའང་བསད་བཞག་མཁན་
ཞེ་པོ་གཅིག་ཡོད་རེད། དེ་འདྲ་ག་རེ་ཡིན་ནམ་སྡིག་པ་རྭ་ཉག་འདྲ་པོ་བསམ་གྱི་རེད་དེ།
གཞན་དང་མི་འདྲ་བ་གཅིག་ག་རེ་བསད་བཞག་ནའང་དག་ཞིང་དུ་བསྐྱལ་བཞག་མཁན་
འདྲ་པོ་
247
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

(དར་མ་མདོ་སྡེ་ལ་སོགས་པ། །
མདོ་སྡེ་འཛིན་པ་བཅུ་གསུམ་བསད། །
མི་བསད་བཅུད་ལེན་བྱེད་པ་དེ། །
རྭ་རྒན་ང་ཡི་ཁྱད་ཆོས་ཡིན།།)
ཟེར་རྡོ་རྗེ་འཇིགས་བྱེད་དེ་འཆི་བདག་གཤིན་རྗེའི་གཉེན་པོ་ཡིན་ཙང་རྡོ་རྗེ་འཇིགས་
བྱེད་ཀྱི་རྣལ་འབྱོར་ལ་བརྟེན་ནས་ག་ཚོད་བསྒྲལ་བཞག་ནའང་ཚེ་ལ་མ་གནོད་པའི་ཐོག་
ནས་ལོ་བརྒྱ་དང་ལྔ་བཅུ་བཞུགས་པ་རེད། ད་དུང་རྒས་པའི་དྲི་མ་ཡོད་མ་རེད་མཆུ་ཏོ་
དམར་པོ་ཡོད་རེད། སྐུ་ཤ་གཞོན་ཉམས་ཡོད་རེད། ད་ང་ཚོས་ཅི་འགྲོས་མི་འགྲོས་མི་
ཤད་འཕོ་བའི་འཁྲིད་ལུང་ཐེབས་ཆག་འགྲིག་སོང༌། སྦྱང་གི་ཡིན་ན་དཔེ་ཆའི་ཐོག་ནས་
གཅིག་སྦྱངས། རེད་ན་རེད་པ་རེད་མ་རེད་ན་འདོན་པ་གཅིག་གི་ཐོག་ནས་ར་སྤྲོད་བཏང་
ཆོག ། ཡབ་ཀྱི་འཕོ་བ་དེའང་གལ་ཆེན་པོ་ཡོད་རེད། རྗེས་མ་འབྲུམ་བུ་རག་སོང་ན་
འབྲུམ་བུ་ཨ་རག་ལྟ། འབྲུམ་བུ་ཟེར་ཡག་དེ་བཙན་དུག་ཡོད་སའི་ས་ཆ་དེ་ལ་སྦྲང་བུས་
བཙན་དུག་མེ་ཏོག་ལས་སྦྲང་རྩི་ལེན་དུས་མེ་ཏོག་དང་མེ་ཏོག་བླུགས་ས་དེ་ལེན་ཡོང་
དུས་(X)

བསླབ་བྱ།

༈ ཉམས་ལེན་ཞེ་དྲག་མ་ཐུབ་ནའང་ཐོས་པ་ཙམ་གྱིས་ཕན་ཡོན་ཆེན་པོ་བྱུང་ཡོད་རེད།
ཁོ་རང་ཆོས་རེད་སྡད་ཡོད་རེད། དེ་བཞིན་དུ་ཐོས་པའི་རྗེས་སུ་བསྒྲུབ་པ་བྱེད་ན་དེ་བས་
ཀྱང་རེད། (X)ཆོས་ཐོས་པ་དེ་ཡང་ཡང་ནས་ཀྱང་དུ་ཐོས་དགོས། བཟོག་པོ་འདྲ་དེ་འདྲ་
མ་ཐུག་རོགས་བྱེད་ན་ཆོས་ཤོད་མཁན་ག་འདྲས་ཡིན་ནའང་བཤེས་གཉེན་འབྲོམ་སྟོན་
248
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པ་ཡིན་ན་བླ་མ་མང་པོའ ་ི ཞབས་ལ་གཏུགས་ཀྱི་ཡོད་མ་རེད། ལེགས་པའི་ཤེས་རབ་


ཀྱིས་ཆོས་བཤད་ཚོད་ལས་གསན་གྱི་ཡོད་རེད། ཁོང་འཇམ་པའི་དབྱངས་རེད། མ་ཚད་
པ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ལ་བྱང་སྡད་ཡོད་རེད། སུ་འདྲ་གཅིག་ལས་ཞུས་
ནའང་དག་སྣང་སྦྱང་ཐུབ་ཀྱི་ཡོད་རེད། ལམ་འགག་ལ་ཕེབས་ཡོང་དུས་གནས་བསྐོར་
བ་འདྲ་པོ་དེ་འདྲ་གཅིག་གིས་ཆོས་བཤད་སྡད་ས་གཅིག་ལ་ཕེབས་འགྲོ་དུས་ལམ་ཁ་ལ་
ཏལ་ཙམ་བཞེངས་དབུ་ཞྭ་དེ་ཏལ་ཙམ་ཕུད་ནས་གསན་པ་རེད། གཅིག་གི་དེ་ཉན་རྒྱུ་
ཡོད་མ་རེད་ཞུས་པས། མ་རེད་མ་རེད་ང་ལ་ཕན་པའི་སྐད་ཆ་གཅིག་ཡོང་གྲབས་ཡོད་
རེད་གསུང་གི་ཡོད་རེད། ཚིག་རེ་རེ་ཙམ་གྱིས་ཀྱང་ཕན་ཐོགས་ཀྱི་ཡོད་རེད། དེ་ཡིན་
ཙང་མཁས་པ་ཆོས་ཀྱིས་མི་ངོམས་རྒྱ་མཚོ་ཆུ་ཡིས་མི་ངོམས་ཟེར་རེད། ཐོས་པས་
ངོམས་པ་བྱེད་རྒྱུ་ཡོད་མ་རེད། ད་འགྲིག་སོང་ཟེར་ཡག་གི་ངོམས་ཡག་ཡོད་མ་རེད།
བསམ་པ་མ་གཏོགས་ཐོས་པ་ཡག་པོ་འཚལ་དགོས་རེད། ཐོས་པ་དེ་ཡང་ཐོས་རྐྱང་ལ་
མ་བཞག་བྱེད་བསྒྲུབ་པ་བྱེད་དགོས་རེད།
ཐོས་པའི་རྗེས་སུ་བསྒྲུབ་པ་སྙིང་པོ་བགྱིས། །
གསུངས་པ་རེད། ཐོས་པ་དེ་ཡང་ག་པ་ཡིན་ན་གང་ཡིན་ན་ཐོས་ཉན་བཞག་ན་དེ་ག་རང་
མི་གཙང་བའི་ནང་ཡང་རིན་པོ་ཆེ་རྙེད་རྒྱུ་ཡོད་རེད། ང་རང་ཚོ་ལ་ཆོས་རྣམ་དག་ཞེས་
པ་དགོས་ད་དགོས་པ་རེད་དེ་ཆོས་རྣམ་དག་ཟེར་ཡག་དེ་ག་རེ་རེད་ཟེར་ན། གང་ཟག་རྩ་
བ་ཆེན་པོ་བླ་མའི་མིང་ཡོད་མཁན་གཅིག་གཅིག་གི་གསུངས་རེད་ད། གཉིས་གཉིས་ཀྱི་
གསུངས་རེད་ད་ཟེར་ཡག་དེས་ཕན་པ་མ་རེད། སུས་གསུངས་དང་མ་གསུངས་སངས་
རྒྱས་ཀྱི་གསུངས་རེད་ཟེར་ཡག་ཡང་ཡོད་མ་རེད། གང་ཟག་ལ་མི་རྟོན་ཆོས་ལ་རྟོན།
།ཟེར་དུས་གསུངས་མཁན་སུ་ཡིན་ན་མིན་ཆོས་རྣམ་དག་ཞིག་དགོས་ཀྱི་ཡོད་རེད་
(དགེ་སློང་དག་གམ་མཁས་རྣམས་ཀྱིས། །
249
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །
ལེགས་པར་བརྟགས་ལ་ང་ཡི་བཀའ། །
བླངས་བར་བྱ་ཡི་གུས་ཕྱིར་མིན།།)
གསུངས་པ་ནི་སངས་རྒྱས་ཀྱི་གསུངས་པ་རེད་ཟེར་ནས་ཁས་བླང་རྒྱུ་མེད། བརྟག་
དཔྱད་བྱེད་ཤོག་གསུངས་པ་རེད། གསེར་དེ་བསྲེགས་བཅད་བརྡར་གསུམ་གྱིས་
བརྟགས་དགོ ས ་པ་ནང་བཞི ན ་བསྲེ ག ས་བཅད་བརྡར་གསུམ་གྱི ས ་བརྟག་ཡག་དེ ་
སངས་རྒྱས་ཀྱི་གསུངས་ལ་གཞལ་བྱའི་གནད་གསུམ་བརྟགས་ལུགས་ལ་སྦྱར་བསྡད་
པ་རེད། མཐོང་བ་མངོན་གྱུར་ཅུང་ཟད་ལྐོག་གྱུར་ཤིན་ཏུ་ལྐོག་གྱུར་གྱི་ཆ་གསུམ་པོ་དེ་
ལ་རྗེས་དཔག་གསུམ་གྱིས་བརྟགས་ལུགས་དེ་གསུངས་ཡོད་རེད། དེ་འདྲའི་ཡིན་ཙང་
དང་པོ་གསུངས་མཁན་སུ་ཡིན་ན་མིན་ན་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཟེར་ཡག་
དེ་རེད། གང་ཟག་ལ་ཡིད་ཆེས་བྱེད་རྒྱུ་ཡོད་མ་རེད་ཤོད་མཁན་ཐེབས་ཆག་ཅིག་ཡིན་
ནའང་ཁའི་ནང་ཆོས་ཡག་པོ་ཡོང་གི་རེད། ཤོད་མཁན་གཅིག་གཅིག་རེད་དག་ཟེར་
ནས་ཆ་བཞག་རྐྱང་བྱེད་རྒྱུ་ཡོད་མ་རེད། འོ་ན་ཆོས་ལ་རྟོན་ལུགས་ག་འདྲས་རེད་ཟེར་
ན། ཆོས་དེ་རྣམ་པར་དག་པ་རེད་ཨ་འདུག་དོན་དག་དེ་ག་རེ་རེད་འདུག་ལྟ་དོན་དག་
དངོས་གནས་ལ་སྒྲ་ཇི་མ་ཇི་བཞིན་གཅིག་ཡོང་གི་འདུག་ན་འགྲིག་གི་ཡོད་རེད། ཡང་
དགོས་དབང་གིས་བཤད་བཞག་པ་ཁྱོག་བཤད་འདྲ་པོ་ཡོད་ན་དེ་རང་དེ་འདྲ་མ་རེད།
སྐབས་སྟོབས་ཀྱི་གཅིག་ཡིན་པ་རེད་ཇི་བཞིན་རང་ཡིན་ཚོད་མ་རེད་ཟེར་ནས་ཁག་
ཁག་བཞག་དགོས་རེད། དེ་ཡིན་ཙང་ངེས་དོན་ལ་རྟོན་དགོས་པ་རེད་དྲང་དོན་ལ་མི་
རྟོན་ངེས་དོན་ལ་རྟོན། ད་ངེས་དོན་གྱི་གནས་ལུགས་བཙལ་ཡོང་དུས་ང་རང་ཚོ་སོ་སོ་
སྐྱེ་བོའ ་ི སྒོ་ལྔའི་རྣམ་ཤེས་ཀྱིས་ངེས་དོན་གནས་ལུགས་ཤེས་ཀྱི་མ་རེད། དབང་ཤེས་ལྔ་
ལ་གང་སྣང་བ་དེ་འཁྲུལ་པ་རེད། བདེན་པར་གྲུབ་པ་ཤ་སྟག་སྣང་གི་ཡོད་ཙང་དེའི་སྣང་
250
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བ་ལ་ཆ་བཞག་ཡག་ཡོད་མ་རེད། ཡིད་ཤེས་ཀྱིས་རྗེས་སུ་དཔོག་ནས་ཤེས་པ་དེ་ལ་ཆ་
བཞག་དགོས་རེད། དེ་ཡིན་ཙང་རྣམ་ཤེས་ལ་མི་རྟོན་ཡིད་ཤེས་ལ་རྟོན་ཟེར་རེད། རྟོན་
པ་བཞི་དང་མི་རྟོན་པ་བཞི་གསུངས་ཡོད་རེད་དེ་ཚོ་རེད། ད་རེས་ང་ཚོས་བཤད་ཡག་
གི་ཆོས་འདི་ལ་བརྟགས་དཔྱད་བྱེད་དགོས་ཡག་ཡོད་མ་རེད་ཡིན་ནའང་ཤོད་མཁན་ལ་
ནོར་འཁྲུལ་ཕྲན་བུ་ཕྲན་བུ་ཡོང་གི་རེད་སྐབས་སྐབས་ཁ་ནོར་བ་འདྲ་པོ་བསམ་པ་ནོར་
བ་འདྲ་པོ་དེ་འདྲ་ཡོང་གི་རེད་མ་གཏོགས་དཔེ་ཆའི་ནང་ཡོད་པ་ལ་ནོར་འཁྲུལ་ཡོད་མ་
རེད། ཡང་དཔེ་ཆ་མི་མཐུན་པ་ཡོད་རེད། དེ་ཡོང་ཡག་དེ་ག་རེ་རེད་ཟེར་ན་
(ཁས་ལེན་མཐུན་ན་མཁས་པ་མིན། །
རྟོགས་པ་མ་མཐུན་གྲུབ་ཐོབ་མིན།།)
བྱེད་པ་རེད་གྲུབ་པ་ཐོབ་ཡོང་དུས་རྟོགས་པ་མཐུན་དགོས་རེད། ཚང་མས་སྟོང་ཉིད་
མངོན་སུམ་དུ་མ་རྟོགས་ན་གྲུབ་ཐོབ་མ་རེད། སྟོང་ཉིད་རྟོགས་ན་རྟོགས་ལུགས་གཅིག་
པ་རེད། གཅིག་གིས་ཁས་ལེན་པ་དེ་རྗེས་བཟློས་བྱས་ནས་ཁས་ལེན་ན་མཁས་པ་མ་
རེད་བྱེད་པ་རེད། ཁས་ལེན་མཐུན་ན་ཁས་པ་མིན་བྱེད་པ་རེད་སོ་སོས་རྣམ་དཔྱོད་ཀྱི་
རྩལ་གཏོན་ནས་མ་འདྲ་ཙམ་གཅིག་བཤད་དགོས་ཀྱི་ཡོད་རེད། ང་རང་ཚོས་མ་འདྲ་བ་
བཤད་ཡག་ཡོད་མ་རེད་དེ་སྔོན་རྒྱ་གར་ནང་དཔེ་ཆ་གཅིག་གི་འགྲེལ་པ་བརྩམས་པ་
ཡིན་ན་སྔ་མའི་དཔེ་ཆ་དེ་དང་མ་འདྲ་ཙམ་བཤད་སྲོལ་ཁག་ཁག་གཅིག་དགོས་རེད། དེ་
མེད་ན་རྗེས་བཟློས་བྱེད་ནས་རྩོམ་ན་དོན་དག་ཡོད་མ་རེད། བོད་ལ་དེ་འདྲ་མ་རེད་བོད་
ཀྱི་བསྟན་བཅོས་རྗེས་བཟློས་ཡིན་བྱེད་པ་རེད། ཡིན་ནའང་ཁྱབ་པ་གར་ཡོད་དཔེར་ན་
སེ་ར་བྱེས་སྨད་གཉིས་ཡིག་ཆ་འགལ་བ་ལྟག་སྤྲོད་ཡོད་རེད། སེ་ར་བྱེས་དེ་བླ་མ་རྗེ་
བཙུན་པའི་ཡིག་ཆ་རེད། བླ་མ་རྗེ་བཙུན་པ་དེ་ཞེ་པོ་གཅིག་བྱུང་ཡོད་རེད། མཁས་གྲུབ་
ཁོང་གི་དགེ་ཕྲུག་རེད། ཁོང་གིས་སྨད་ཀྱི་ཡིག་ཆ་བརྩམས་པ་རེད། ཁྱོད་རང་གིས་ང་
251
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཡི་ཡིག་ཆ་ཕྱོགས་སྔ་ལ་བཞག་ནས་བརྩམ་ཤོག་ཟེར་ནས་བླ་མས་བཀའ་གནང་བ་རེད་
ཁོང་གིས་བླ་མའི་བཀའ་བཅག་རྒྱུ་མེད་པ་ཡིན་ཙང་རྗེ་བཙུན་པ་ཕྱོགས་སྔར་བཞག་
ནས་རྩོམ་སྟེ་རྗེ་བཙུན་པའི་ཡིག་ཆར་སྐྱོན་བརྗོད་ཤ་སྟག་འདྲ་པོ་གཅིག་ཡོད་རེད། ཁས་
ལེན་དོན་ལ་གནས་ཡག་རྗེ་བཙུན་པའི་ཡིག་ཆ་གནས་ཆེ་བ་རེད། ཡིན་ནའང་ཡིག་
ཆའི་ནང་ཕན་ཚུན་ཕར་ཚུར་རྩོད་དུས་འཛིན་འཚམ་དམ་པོས་དཀའ་ལས་ཁག་པོ་ཡོད་
རེད། དེ་འདྲའི་མི་མཐུན་པ་དགོས་ཡག་དེ་རྩོད་པ་འཕེལ་པོ་གཞུང་དོན་ངེས་པོ་གཞུང་
ལ་གོ ་ བ་རྒྱ་ཆེ ན ་པོ ་ལེན་ལུགས་ཡོང་པའི་ཆེ ད ་བྱས་ནས་རྗེ ས ་འཇུག་གི ་ དགོ ས ་པ་
ཡིན་ཟེར་བ་རེད། དེ་འདྲ་ཡིན་ཙང་རྩོད་པ་རྒྱབ་བྱས་ཞེ་དྲག་ཡག་པོ་ཡོང་གི་ཡོད་རེད་
དེ། དེ་མ་ཤེས་པ་བྱེད་ང་ཚོའི་ཡིག་ཆ་ཡིན་ཁོ་ཚོའི་ཡིག་ཆ་རེད་ཟེར་གྲྭ་ཚང་ཕྱོགས་
རིས་བྱས་ཏེ་ཡིག་ཆ་འཛིན་ཨེ་ཐུབ་མི་ཐུབ་བྱེད་ཡག་དེ་ལ་འགན་ཉེས་ན་ཆོས་སྤོང་གི་
ལས་ལ་འགྲོ་ཡག་ཡོད་རེད། ཆོས་སྤོང་ལས་ཕལ་ཆེ་བ་མཚན་ཉིད་པ་ལ་ཡོང་གི་ཡོད་
རེད། ཆོས་སྤོང་གི་ལས་དེ་ཧ་ཅང་གི་ཉེས་དམིགས་ཆེན་པོ་(གང་ཞིག་ལས་ནི་ཆོས་
ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཕ་མ་དགྲ་བཅོམ་བསད་དང་མཚམས་མེད་བྱེད་
པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམ་ན་དེ་ལས་མྱུར་ཏུ་ལྡང་གྱུར་ཅིག) ཞེས་རྗེ་
བཙུན་བྱམས་པ་མགོན་པོས་ཆོས་སྤོང་གི་ལས་བཤགས་ཐབས་མེད་པའི་བཟོ་འདྲ་པོ་
གསུངས་ཡོད་རེད། རྩ་བ་ནས་བཤགས་ཐབས་མེད་པ་ག་ལ་ཡིན་དེ་ཆོས་སྤོང་གི་ལས་
ཀྱིས་ཆོས་སྤོང་བ་ཡིན་ཙང་ཆོས་ཚུལ་བཞིན་བསམ་བློ་མི་བཏང༌། ཆོས་ཚུལ་བཞིན་མ་
བསམ་ན་ཆོས་སྤོང་གི་ལས་དག་གི་མ་རེད་དེ་ལ་དགོངས་པ་རེད། ད་འོ་ན་ཆོས་སྤོང་གི་
ལས་ཀྱི་རྒྱུ་ག་རེ་རེད་ཟེར་ན་སྐྱེ་བ་སྔ་མ་བསོད་ནམས་མེད་པ་དང་གཅིག་གྲུབ་མཐའ་
ངན་པ་ལ་ཞེན་འཁོགས་བྱེད་པ་ཐོག་མ་ནས་གྲུབ་མཐའ་ངན་པ་ལ་ཁ་སྦྱར་ནས་སོ་སོའ ་ི
ཡིག་ཆ་སྡུག་པ་གཅིག་དང་ཐུག། གྲུབ་མཐའ་ངན་པ་ལ་ཁ་སྦྱར་བ་དང་གཉིས། ཤེས་
252
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རབ་མེད་པ་དང་གསུམ། དེ་འདྲ་ཁ་ཤས་གསུངས་ཡོད་རེད། འདུག་སེ་གསུངས་ཡོད་


རེད། ཆོས་རའི་ནང་ལ་དེ་འདྲ་བཤད་པ་མཛད་ཡོང་དུས་རྟགས་བསལ་བཏང་ཡག་མི་
འདུག་བསམ་བྱས་གཡུགས་བཞག་གི་ཡོད་རེད། དཔེ་ཆ་བ་ཁ་ཤས་ཉམས་ལེན་ལྟེ་བ་
དོན་ཡོང་དུས་དེ་ལ་རྩོད་ཡག་ཅི་མི་འདུག་བསམ་བྱས་གཡུགས་བཞག་གི་ཡོད་རེད།
མ་མཐུན་པ་གཅིག་ཡོད་ན་དེ་ཚུར་སྒྲུབས་བྱས་རྩོད་པ་མི་མཐུན་པ་ཤ་སྟག་བསྒྲུབ། རྩོད་
པ་ཡོད་ས་ཤ་སྟག་བསྒྲུབ། གཞུང་ཁོད་སྙོམས་པོ་མ་བྱུང་བ་བྱེད། ཕར་ཕྱིན་འགོ་ནས་
མཐའི་བར་དུ་རྩོད་ཉམས་ལེན་གྱི་གནད་དེ་བཤད་ཡག་མེད་པ་བྱེད། དེ་འདྲ་བྱས་ན་སོ་
སོར་གྱོང་ཞེ་དྲག་རག་པ་རེད། དཔེ་ཆ་ཕྱོགས་རིས་མེད་པ་གཅིག་བར་མཚམས་མ་
ལུས་པ་གཅིག་ལྟ་དགོས་ཀྱི་ཡོད་རེད། དེ་ལྟ་ཡོད་ན་རྗེས་མ་ལམ་རིམ་འདྲ་དང་དཔེ་ཆ་
གཅིག་འཁྲིད་ཡོང་དུས་མེ་དང་སྤུ་ཕྲད་པ་འདྲ་པོ། རབ་བྱུང་ན་དཔེ་ཆ་ལྟ་དུས་ནས་ལམ་
རིམ་བསམ་བློ་གཏོང་གིན་གཏོང་གིན་ཁྲིད་ཀྱིན་ཁྲིད་ཀྱིིན་ཐོས་བསམ་བསྒོམ་གསུམ་
ཡ་མ་བྲལ་བ་དེ་ཡང༌། ངག་དབང་བྱམས་པ་རིན་པོ་ཆེ་སློབ་གཉེར་མཛད་སྐབས་ཕར་
ཕྱིན་ནས་ཡར་ཕེབས་དུས་ནས་ལམ་རིམ་ཤར་བསྒོམ་བྱེད་བཞིན་བྱེད་བཞིན་བྱེད་ནས་
བྱང་ཆུབ་ཀྱི་སེམས་ཕུན་སུམ་ཚོགས་པ་འཁྲུངས་ནས་རྦད་ངུ་བསྡད་དགོས་ཀྱི་ཡོད་
རེད། འགྱེད་ལེན་ས་དང་གྲྭ་ཚང་ནང་འགྲོ་དུས་ནག་ཁུང་གཅིག་ནང་འཛུལ་ས་ཨ་རག་
ལྟ་ན་མ་ཏོགས་ཐང་དཀར་ས་སྡད་ཀྱི་ཡོད་མ་རེད། ངུ་ཤོར་ནས་དེ་འདྲ་ཡོད་རེད་སྐྱེས་
བུ་དམ་པ་ཚོ། དེ་འདྲ་ཉིན་མོའ ་ི སྐར་མ་ལྟ་བུ་དཀོན་པའི་དུས་རེད་དེ། ད་མི་ཚོ་ག་རེ་
ཡིན་ན་མིན་ན་རང་གི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཞག་རྩི་འདྲ་པོ་ཕྲན་བུ་ཨ་འདུག་
ལྟ་ན་མ་གཏོགས་བྱང་ཆུབ་ཀྱི་སེམས་དེ་མེད་ན་ཅི་བྱེད་འདི་བྱེད་ཡོད་མ་རེད། ཆོས་
གཅིག་བྱེད་ཀྱི་ཡིན་ན་ཆོས་ཀྱི་སྒོ་འདྲ་པོ་དེ་སྐྱབས་འགྲོ་རེད། དཔེར་ན་སྒོ་ནང་ནས་མ་
འགྲོ་བ་ཁང་པའི་ནང་མི་སླེབས་པ་བཞིན་དུ་བསྟན་པ་ལ་འཇུག་པའི་སྒོ་དམ་པ་སྐྱབས་
253
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

འགྲོ་བྱེད་པ་རེད། སྐྱབས་འགྲོ་དེ་ཡང་གཟབ་གཟབ་བྱེད་དེ་ཁ་ཙམ་ཚིག་ཙམ་མ་ཡིན་
པ་དངོས་གནས་ཡག་པོ་གཅིག་བྱེད་ཐུབ་ན་དེ་རང་གིས་ཆོག་པ་འདྲ་རེད། བྱང་ཆུབ་ཀྱི་
སེམས་ཡག་པོ་གཅིག་མ་བསྒོམས་ན་ཐེག་ཆེན་ལམ་གྱི་གཞུང་ཤིང་རེད། བྱང་ཆུབ་ཀྱི་
སེམས་ཉམས་སོང་ན་སངས་རྒྱས་ཀྱི་གཙུག་ཏོར་འཁྲུངས་ནའང་ཐེག་པ་ཆེན་པོ་ནས་
བུད་སོང་བ་རེད་གཞན་ཕན་པ་མ་རེད། བྱས་ཙང་དེ་གཉིས་ངེས་པར་དུ་དགོས་པ་ཡིན་
ཙང༌།
(བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །
ཐུབ་དབང་རྣམས་ཀྱི་འདི་ཉིད་ཕན་པར་གཟིགས།།)
གསུངས་པ་རེད། ད་ང་ཚོར་དགོས་ཡག་དེ་ཁྱད་མཚར་པོ་མགོ་ལ་རྭ་ཅོ་སྐྱེས་དགོས་
མཁན་འདྲ་པོ་ཁྱད་མཚར་པོ་གཅིག་སང་ཉིན་གནངས་ཉིན་གཅིག་རེད་འགྲོ་བ་རེད་ཟེར་
ཡག་འདྲ་པོ་བྱུང་ན་དགའ་པོ་ཡོད་རེད། དེ་འདྲ་ལ་དགའ་པོ་བྱེད་རྒྱུ་ཡོད་མ་རེད། སྔོན་མ་
བྱུང་བ་ཞིག་བྱུང་ན་ཡག་རྟགས་རང་ཡིན་གྱི་མ་རེད། སྐྱེས་བུ་དམ་པ་སྔ་མ་ཚོ་དང་དགེ་
བའི་བཤེས་གཉེན་སྔ་མ་ཚོ་ལ་མ་བྱུང་བ་གཅིག་སོ་སོས་སློབ་གཉེར་བྱེད་མ་དགོས་
པ་བསྒོམ་རྒྱབ་མི་དགོས་མཁན་གཅིག་ལ་ལམ་སང་གཅིག་འདོན་གཅིག་བྱེད་པ་ཙམ་
གྱིས་གཅིག་ཡོང་གི་འདུག་ན་ནི་ཡང་ན་རྟོགས་པ་སྡུག་པ་གཅིག་སྐྱེས། ཡང་ན་ནི་སྨྱོ་
གྲབས་ཡོད་རེད། གཅིག་ཐོས་པ་དེ་གར་ལམ་སང་ཙོག་ཙོག་བྱས་ནས་སྒོམ་དེ་རིང་
གཅིག་བསྒོམས་སང་ཉིན་ང་ག་རེ་རེད་འདུག་ཅིག་ལྟ། གང་ཡང་རེད་ཡོད་མ་རེད་པ།
ཡང་བསྒོམ་ཏལ་ཙམ་གཅིག་རྒྱབ་གནངས་ཉིན་ག་རེ་རེད་འདུག་གཅིག་ལྟ། གང་ཡང་
རེད་མེད་ན་མར་ལོག་ཡོང་གྲབས་ཡོད་རེད། བླ་མ་ཞང་གིས།
(དེ་མ་ཐག་ཏུ་གྲུབ་རྟགས་འདོད། །
བཤོལ་ལ་ཁེལ་གྱི་སྔ་ལྟས་ཡིན། །
254
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

སྙུགས་བསྲིངས་དགོས་པས་དཔྱིད་ཚུགས་བགྱིས།།)
བསྒོམས་ལོང་མ་བྱུང་གོང་ནས་གྲུབ་རྟགས་གཅིག་ཨ་འདུག་ལྟ་ད་ད་རེས་བསྒོམ་སང་
ཉི ན ་བསྒོ མ ས་གནངས་ཉི ན ་ཞོ ག ས་པ་ཐོ ག ་ཁ་ཁྱགས་རུམ་ནང་དོ ན ་ནས་དྲོ ད ་སྐྱེ ས ་
ཨ་འདུག་ལྟ་མ་སྐྱེས་ན་གཡུགས་བཞོག་གྲབས་ཡོད་རེད། ཆོས་ཟེར་ཡག་དེ་སྙུགས་
བསྲིངས་ནས་ཡུན་རིང་པོ་ཚེ་དང་བསྒྲུབས་པ་མཉམ་པ་བྱེད་དགོས་ཡག་ཅིག་ཡིན་པ་
ལ། འདོད་ཐག་ཉེ་པོ་བྱེད་རྒྱུ་ཡོད་མ་རེད་གསུངས་པ་རེད།
(སྙུགས་བསྲིངས་འདོད་ཐག་མ་ཉེ་མཛོད། །
ལ་འུར་ཕྱེ་ལྟོ་མ་འགམས་མཛོད།།)
བྱེད་པ་རེད། དེ་བོད་པའི་སྐད་ཆ་རེད། གྲོད་པ་ལྟོགས་སོང་ན་པག་ཟ་ཤོག་རྩམ་པ་འགམ་
མ་བསྡད་བྱེད་པ་རེད། རྩམ་པ་འགམས་ན་ཕན་གྱི་ཡོད་མ་རེད། སྐྱེས་བུ་དམ་པ་འབྲུག་
པ་གཙང་པ་རྒྱ་རས་ཀྱིས་གསུངས་རེད། ལྟེ་བ་ང་རང་ཚོ་ཚེ་གཅིག་གི་ཉམས་ལེན་
བསྡུས་ན་མིག་བརྒྱང་བསྲིང་ཡིད་རྒྱ་བསྐྱེད། ཁོང་སྲང་ལྷོད་བྱེད་པ་རེད། མིག་རྒྱང་
བསྲིང་ཟེར་ཡག་དེ་ཕུགས་ཀྱི་བསམ་བློ་བཏང་ས་སངས་རྒྱས་ཀྱི་གོ་འཕང་དེ་ལ་བལྟ་
དགོས་པ་རེད། སངས་རྒྱས་ཀྱི་གོ་འཕང་དེ་རང་གི་འཐོབ་བྱ་མཐར་ཐུག་ལས་ཀ་དངོས་
གནས་དྲང་གནས་ཀྱི་དམིགས་ཡུལ་དེ་རང་མ་གཏོགས་པ་ང་ལ་ལས་ཀ་གཞན་མེད་
བསམ་པ་བྱེད། ཐག་རིང་ས་དེར་དམིགས་སོ་བཙུགས་ནས་བསྒྲུབ་བྱ་མཐར་ཐུག་བྱེད་
དགོས་ཀྱི་ཡོད་རེད། དེ་ལྟ་བུ་དེ་ཐེག་པ་ཆེན་པོ་པ་རེད་པ་རེད། ཡིད་རྒྱ་བསྐྱེད་ཟེར་ཡག་
དེ་སེམས་ཁོང་དོག་པོ་མ་བྱེད་བྱེད་པ་རེད། སངས་རྒྱས་ཀྱི་གོ་འཕང་བསྒྲུབས་ག་ནས་
ཐུབ་མ་བསམ་པ་བྱས་ལྷོད་ཤིག་ཤིག་ངང་ནས་སློབ་དགོས་ཡག་དེ་ཚོ་རིམ་པ་བཞིན་
དུ་བསླབས་བཞིན་བསླབས་བཞིན་བྱས་ན་ཡོང་འཚམ་ཞིག་ལ་སླེབས་ཀྱི་རེད་བྱེད་པ་
རེད། ཤིག་དང་ལྗི་བ་གཉིས་མིའི་སྤྱི་བོར་སུ་སླེབས་མགྱོགས་ན་དེས་ཟ་རྒྱུ་བྱས་གཞན་
255
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དག་དེས་ཟ་རྒྱུ་མེད་པ་བྱས་དེ་སུ་མགྱོགས་ལྟ་དུས་ཤིག་མགྱོགས་པའི་གཏམ་བརྒྱུད་
ཡོད་པ་བཞིན་རེད། ཡིད་རྒྱ་བསྐྱེད། ཁོང་སང་ལྷོད། དེ་འདྲ་ཡིན་བྱེད་པ་རེད། མ་གཞི་
ནས་ང་ཚོ་ད་རིང་སང་ཉིན་དམ་པའི་ཆོས་ལ་ཧུར་ཐག་ཉམས་ལེན་བྱེད་མཁན་དཀོན་པོ་
དཀོན་པོའ ་ི དུས་རེད།
འཚོ་བ་འདྲ་པོ་གཅིག་རང་དོན་གཉེར་བྱས་རང་གཞན་ཚང་མ་སུ་ཡིན་ནའང་ལྟོ་
གོས་ཀྱིས་གདུངས། ཕྲ་ལ་ཕྲན་བུ་བྱུང་བ་ཡིན་ནའང་ཆོས་ཕྱོགས་དགེ་སྦྱོར་ལ་བཏང་
མ་ཐུབ་གསག་བསྡད། གྱོད་ཁ་མཆུ་ལ་ཐུག། གྱོང་ཆག་སྒོ་ལ་ཐུག། རྐུན་མས་ཁྱེར་
སྲོག་བཅད་སའི་རྒྱུ་བྱེད། དེ་འདྲ་མ་བྱུང་བ་ཡིན་ཡང་ཁ་ལྟ་ངོ་ཤེས་ལ་སྤྲད། གྲོགས་
དགའ་མཛའ་ལ་སྤྲད། དེ་འདྲའི་མིན་ས་ཞིག་ལ་འཕྲོ་རླགས་བཏང༌། རང་ལ་མེད་མི་ལ་
མེད་ཕུགས་ལ་མི་ཕན་དེ་འདྲ་ཞིག་ལ་འགྲོ་ཡི་ཡོད་རེད་མ་གཏོགས། གཞན་ཡིན་ནའང་
ང་རང་ཚོ་དངོས་གནས་དྲང་གནས་བྱེད་ན་དགེ་ལུགས་པའི་དགེ་བཤེས་རྣམ་པ་ཚོ་དང་
ཆོས་པ་ཚོས་བྱེད་ཡག་དེ་ཕུགས་ནོར་བཅུ་བྱེད་པ་རེད། དེ་ཕུགས་ཀྱི་ནོར་འདྲ་པོ་དེ་
རེད། མི་གྲལ་ནས་བུད་དེ། ཁྱི་གྲལ་བསྙེགས། ལྷ་གྲས་ཐོབ། དེ་ལ་བུད་བསྙེགས་ཐོབ་
གསུམ་ཟེར་རེད། ཕ་མ་གཉིས་ལ་བུ་གསུམ་ཡོད་ན་གདུག་ཤོས་དེ་གྲྭ་པ་བྱེད་བཅུག་གི་
རེད། བུ་ཡག་ག་དེ་ནང་ལ་ཉར་བསྡད་ཀྱི་རེད། བྱས་ཙང་ཁོ་མི་གྲས་ནས་མ་ཚུད་པར་
བུད་སོང་བ་རེད། ཁོ་གྲྭ་པ་བྱས་ནས་ཆོས་འདྲ་བྱེད་རྒྱུ་བྱུང༌། སྡུག་དཀའ་ལས་བརྒྱབ།
འདོད་ཆུང་ཆོག་ཤེས་བརྟེན། ཁྱི་དང་འདྲ་འདྲ་བྱས་ཟས་སྤྲང་ཟས་བརྟེན། ཆོས་ཡག་པོ་
གཅིག་བྱེད་རོགས་བྱས་ན་ཡོང་འཚམ་གཅིག་ལ་ཡང་ཨེ་ཐོབ་མི་ཐོབ་བྱེད་ནས་བུ་དེ་
ནང་ལ་སླེབས་ཡོང་དུས་ཕྱག་འཚལ་ཕྱག་དབང་ཞུ་འདིར་ཕེབས་དེར་ཕེབས་ཟེར་ནས་
མ་རག་པའི་སྡུག་བསྔལ་ཡོད་རེད། ཁོ་ལྷ་འདྲ་པོ་རེད་ཚར་རེད། མི་གྲལ་ནས་བུད་ཁྱི་
གྲལ་བསྙེགས་ལྷ་གྲལ་ཐོབ། བུད་སྙེགས་ཐོབ་གསུམ་ཟེར་ཡག་དེ་རེད། དེ་ཡང་བློ་ཕུགས་
256
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་གྲོག་


པོ་སྐམ་པོ་ལ་གཏད་པ་སྟེ་གཏད་པ་བཞི་རེད། དེ་ཡང་ཐེབས་མེད་རྡོ་རྗེ་སྔོན་ལ་བཏང༌།
ཁྲེལ་མེད་རྡོ་རྗེ་རྗེས་ལ་བཞག། ཡེ་ཤེས་རྡོ་རྗེ་རང་དང་འགྲོགས་པ་སྟེ་རྡོ་རྗེ་སྤུན་གསུམ་
རེད། དང་པོ་ཐེབས་མེད་རྡོ་རྗེ་ཟེར་ཡག་དེ་བདག་གིས་ཚེ་འདི་བློས་བཏང་ནས་ཆོས་
སྒྲུབ་པ་ལ་སུས་བཤོལ་ནའང་བཤོལ་ཐེབས་མི་ཐུབ་པར་དབེན་གནས་སུ་སོང་ནས་
ཆོས་རྣམ་དག་བྱེད་པ་ཞིག་དགོས་པ་རེད། ཁྲེལ་མེད་རྡོ་རྗེ་ཟེར་ཡག་དེ་ཚེ་བློས་བཏང་
ནས་འགྲོ་ན་མི་ཚོས་ཁོ་སྤྲང་འཁྱམས་ཐ་ཆད་རེད་ཟེར་བ་སོགས་ཞེ་ཁྲེལ་འཕྱ་སྨོད་གང་
འདྲ་ཞིག་བྱས་ཀྱང་མཛའ་བཤེས་ཀྱི་ངོ་བསྲུང་བྱེད་པ་ནི་ཆོས་སྒྲུབ་པའི་བར་ཆད་ཡིན་
སྙམ་དུ་བློས་བཏང་བ་ཞིག་དགོས་པ་རེད། ཡེ་ཤེས་རྡོ་རྗེ་རང་དང་འགྲོགས་ཟེར་ཡག་
དེ་དེ་ལྟ་བུའི་སྒྲུབ་པ་ཉམས་ལེན་རྣམ་པར་དག་པ་བྱེད་ན་གྲུབ་པ་ཐོབ་ཡོང་གི་ཡོད་རེད།
དེ་བཞིན་བློ་ཕུགས་ཆོས་ལ་གཏད་པ་ནི་ཆོས་དེ་མ་བྱེད་པར་གཞན་གང་ཡང་བྱེད་ཡག་
མེད་བསམ་པ་བྱེད། ཆོས་ཕུགས་སྤྲང་ལ་གཏད་པ་ནི་ཆོས་བྱེད་དགོས་རེད་དེ་མཆོད་
ཆས་ཟ་རྒྱུ་སོགས་གསོག་ནས་ཆོས་བྱེད་བསམ་མཁན་དེ་ལ་ཆོས་མི་ཡོང་བ་རེད།
ཁོ ས ་གཅི ག ་གསོ ག ་གཉི ས ་གསོ ག ་བྱེ ད ་པའི ་ རི ང ་ལ་དུས་ཚོ ད ་རྫོ ག ས་འགྲོ །
ཆོས་བྱེད་རྒྱུ་མ་བྱུང་དེ་ནས་ཤི་རན་པ་རེད། ཆོས་བྱེད་ན་ཁ་ཐུག་ཕར་བྱེད་ཟ་རྒྱུ་མེད་
ན་སློང་འགྲོ་ཆོག་པ་རེད། སྤྲོད་མཁན་རག་གི་རེད་བསམ་ནས་ཆོས་སྒྲུབ་པ་ནི་ཆོས་
ཕུགས་སྤྲང་ལ་གཏད་ཟེར་ཡག་དེ་རེད། སློངས་ནས་མ་རག་ན་ཤི་གི་རེད་དེ་ཤི་ནའང་ཤི་
བསམ་པ་བྱེད་པ་ནི་སྤྲང་ཕུགས་ཤི་ལ་གཏད་ཟེར་ཡག་དེ། ཤི་ས་དེ་ཡང་མིས་མི་མཐོང་
ས་སེམས་ཁྲལ་བྱེད་མཁན་མེད་པ་གྲོག་རོང་སྐམ་པོ་གཅིག་གི་ནང་དུ་ཤི་འགྲོ་བསམ་
པ་དེ་ནི་ཤི་ཕུགས་གྲོག་པོ་སྐམ་པོ་ལ་གཏད་ཟེར་ཡག་དེ་རེད། ཕུགས་ནོར་བཅུ་པོ་དེ་
དགོས་རེད་དེ་ལ་ཡང་བཤད་པ་རྒྱ་ཆེན་པོ་བྱེད་ན་མང་པོ་ཡོད་རེད། དེ་ལ་ཕུགས་ནོར་
257
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བཅུ་ཡི་བསླབ་བྱ་ཟེར་བ་དམིགས་བརྩེ་མའི་ལས་ཚོགས་ཆོས་ཚན་གཅིག་གི་ནང་དུ་
ཡོང༌། དེ་སང་ང་ཚོར་ལས་ཚོགས་དཔེ་ཆ་དེ་ཡོད་མ་རེད། བོད་ལ་ལུས་པ་རེད། དེ་སྒོ་
མང་མཁན་ཆེན་གསུངས་འབུམ་པར་བཏབ་ཡོད་རེད་ཟེར་གྱིན་འདུག། ཡོད་ན་དེ་ནང་
ཡོང་གི་རེད་དེ་མཁན་ཆེན་གསུངས་འབུམ་སྒོ་མང་གྲྭ་པ་ཚོས་ཉར་བསྡད། ང་ཚོའི་ལག་
པ་ནང་སླེབས་མ་སོང༌། དེ་འཚོའི་ནང་ལྟ་བཞིན་ལྟ་བཞིན་བྱེད། དངོས་གནས་ཡག་པོ་
གཅིག་མ་བྱས་ན་ང་ཚོའི་མགོ་གོག་དེ་ཡོད་ན་ཡོད་པས་མ་ཚད་པའི་ཆོས་ཞུ་ས་ཡོད་
དྲག་ཙང་དེར་མགོ་འཁོར་རྒྱུ་ཅ་ལག་ལ་མགོ་འཁོར། ད་ནམ་རྒྱུན་ང་ཚོས་བསམ་བློ་
བཏང་ས་གྲྭ་ས་གྲྭ་ཚང་ཐོབ་ས་ཐོབ་ཁུངས་ཁ་དགའ་ངོ་ཤེས། དགེ་རྒན་དགེ་ཕྲུག། སྤུན་
སྤུན་མཆེད་གཉེན་གཉེན་ཚན། ད་ཕྱི་རྒྱལ་ལ་སླེབས་ཚར་དུས་ཕ་གི་ནས་ཚུར་ཡི་གེ་
ཞེ་དྲག་བཏང་ཡོང་གི་རེད། ཕྱི་རྒྱལ་ལ་ཡོད་མཁན་ཚོ་པད་ཤག་དཀྱིལ་འཛུལ་བསྡད་
ཡོད་པ་འདྲ་བསམ། དུས་རྒྱུན་ཡི་གེ་མི་བཏང་མཁན་ཚོས་ཀྱང་བཏང་ཡོང་གི་རེད།
ཡིག་ལན་གཅིག་བཏང་དགོས་རེད་དེ་ད་གཅིག་མ་བྱས་ཐབས་མེད་ཡིན་ཙང་གཅིག་
དགོས་ཀྱི་ཡོད་རེད་བསམ་ནས་གཅིག་བྱེད་ཁག་བྱེད། དེ་ཆོས་ནི་རེད་ཀྱི་ཡོད་མ་རེད།
འཇིག་རྟེན་ཡང་རེད་ཀྱི་ཡོད་མ་རེད། དེ་འདྲ་འདྲ་པོ་གཅིག་རེད། དེས་མགོ་བསྐོར་དེ་
ཡང་ཚར་ཡག་ཡོད་མ་རེད་ཝ། འཇིག་རྟེན་མཐུན་འཇུག་ལ་ཚར་ཡག་ཡོད་མ་རེད།
ད་རེས་གཅིག་སྤྲད་ན་སང་གནངས་དེ་ལས་མང་ཙམ་གཅིག་སྤྲད་དགོས་རེད། དེ་ལ་
ཚར་རྒྱུ་རྩ་བ་ནས་ཡོད་མ་རེད་ཆུའི་གཉེར་མ་ནང་བཞིན་རེད། དེ་འདྲའི་དེ་འདྲའི་ངང་
ནས་མིའི་ཚེ་རྫོགས་ཆོས་བྱེད་རྒྱུ་མ་བྱུང་བ་བྱེད། སྨོན་འགྲོ་ཆོས་གྲགས་འདྲ་པོ་ཡོང་
གི་རེད། སྨོན་འགྲོ་ཆོས་གྲགས་ཟེར་མཁན་དེ་མི་དྲག་ཆེན་པོ་གཅིག་ཡིན་པ་རེད། མི་
ཚོས་གྲོས་དྲི་ས་བློས་བཀལ་ས་མི་མགོ་བཏོན་མཁན་དེ་འདྲ་རེད་དེ། ཁོས་ཆོས་རྩ་བ་
ནས་བྱེད་རྒྱུ་མ་བྱུང་བ་བྱས་མི་དྲག་བྱེད། ཉིན་གཅིག་ཁོ་ཚ་བའི་ནད་ཀྱིས་ཐེབས་ཏེ་ཤི་
258
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རན་པ་རེད། དེ་ནི་ཁོས་ཞེ་དྲག་གི་སེམས་ཁྲལ་བྱེད་དེ་ད་འགྲོ་ས་དམྱལ་བ་མ་གཏོགས་
མི་འདུག་བསམ་ནས་འགྲེ་ལོག་བརྒྱབ་བྲང་འཁོགས་སྒང་ལ་སྦར་རས་བརྒྱབ་ནས་རྨ་
འདྲ་བཟོ་བཞག་པ་རེད། མི་ཚོས་ཨ་ཙེ་མི་དྲག་ག་གཅིག་གིས་དེ་འདྲ་བྱེད་དོགས་མེད་
བྱེད་པ་རེད། ཁྱོད་ཚོས་ང་མི་དྲག་ག་གྲལ་ལ་བཏང་ཙང་དེ་འདྲ་རེད་ཟེར། ད་དུང་དེ་འདྲ་
མ་གནང་ཟེར་ནས་མི་ཚོས་ཨུ་ཚུགས་བརྒྱབ་ཙང་ངའི་བསམ་དོན་འགྲུབ་རོགས་བྱས་
ན་གཞན་བསམ་ཡག་གང་ཡང་མེད། ང་སྨོན་འགྲོ་ཆོས་གྲགས་མིན་རོགས་བྱེད་ན་
བསམ་གྱིན་འདུག་བྱེད་པ་རེད། ཁོས་མི་དྲག་བྱེད་པ་དེས་འཕུང་བཞག་བསམ་པ་དྲན་
ནས་དེ་མ་གཏོགས་དྲན་ཡག་མེད་པ་རེད། སྨོན་འགྲོ་ཆོས་གྲགས་ཟེར་བའི་ལོ་རྒྱུས་
ལམ་རིམ་ནང་དུ་ཡོང༌། ད་སྨོན་འགྲོ་ཆོས་གྲགས་བཤད་བསྡད་པ་མ་གཏོགས་ང་ཚོ་ཚང་
མ་དེ་འདྲ་རེད། སྐྱིད་པོ་བྱུང་དུས་སྐྱིད་ནས་ཆོས་ཞུ་བྱེད་ཀྱི་མ་རེད། སྡུག་པོ་བྱུང་དུས་
སྡུག་ནས་ད་གནས་སྐབས་ཆོས་ཅི་ད་ཡོང་བ་མི་འདུག་ཟེར་ནས་ཆོས་མི་ཞུ། དེ་ནས་ཡ་
ངེ་ཡེང་ངེ་བྱེད་སྐྱིད་པོ་འདྲ་ཨ་བོ་ཙེ་བྱུང་སོང་ན་ཁ་གང་སྐར་མ་ཡོད་མཁན་དེའི་འཁྲིས་
ལ་ཡོང་མཁན་ཡང་ཡོད་རེད། ཡང་ཧ་ཧ་ཧོ་ཧོ་ཟེར་ཁག་བྱས་རྩེད་མོ་འདྲ་རྩེ་ཁག་བྱེད།
དེ་འདྲ་དེ་འདྲའི་ངང་ལ་མི་ཚེ་འཁྱོལ་ཆོས་བྱེད་རྒྱུ་མ་བྱུང༌། མ་ཤེས་པ་མ་རེད་མ་
བྱེད་པ་རེད། ཤེས་པ་དེ་བྱེད་རོགས་བྱེད་ན་བསྐྱེད་རིམ་རྫོགས་རིམ་རྒྱ་ཆེན་པོ་བསྒོམ་
དགོས་མ་རེད་མ་ཎི་དམིགས་བརྩེ་མ་དེ་ཚོ་བཏོན་བཞག་གི་ཡིན་ན་ཡག་པོ་ཡོད་རེད།
གཅིག་བྱེད་ས་སླེབས་ན་ནི་ཡང་ཁ་ཤས་དགེ་བཤེས་འདྲ་སོང་ཙང་ཆོས་ཆེན་པོ་གཅིག་
བྱེད་དགོས་རེད། ཨ་པོ་ང་དགེ་བཤེས་ཀྱི་བསྒྲུབ་པ་དེ་ཆེ་ཙམ་བྱེད་དགོས། ང་གྲྭ་པ་རྒན་
པ་ཡིན་ང་ཐོབ་ཐང་ཡོད་མཁན་ཡིན། ཆོས་རྩ་གེ་རྩིག་གེ་བྱེད་རིན་མི་འདུག་ཟེར། ཟེར་
བ་རེད་ང་ཚོའི་རྒན་ཡོངས་འཛིན་ལ་ཡང་ཚ་བོ་གཅིག་ཡོད། སྔ་མ་ཁོས་དགེ་བཤེས་
བཏང་ཁག་བྱེད་པ་རེད་ཆོས་ཤེས་ཀྱི་མ་རེད། རྒན་གྱིས་མ་ཎི་ཞེ་དྲག་གསུང་གི་ཡོད་
259
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རེད། རྒན་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེའི་ཡོངས་འཛིན་རེད། ངའི་ཨ་མའི་ཞང་པོ་


རེད་ནམ་མ་ལངས་ཙམ་ལ་སྨན་བླ་ཚར་གཅིག་གསུང་གི་རེད། དེ་ནས་ག་རེ་གསུང་གི་
ཡོད་ན་རྣལ་འབྱོར་མ་བསྡུས་བསྡུས་ཤིག་གསུང་གི་རེད། དེ་ནས་ཉིན་གང་ཕལ་ཆེར་མ་
ཎི་དེ་ཞེ་དྲག་གསུང་གི་རེད། བྱས་ཙང་ཁོས་ཉི་མ་གཅིག་རྒན་ཟེར་གྲགས་ཟེར་རེད། ཨ་
ཟེར་དུས་རྒན་མ་ཎི་བགྲང་བསྡད་ཆོག་ན་དཔེ་ཆ་ལྟ་ནས་ག་རེ་བྱེད་ཨ་ཟེར་གྲགས་ཟེར་
རེད། མ་ཎི་ཆོས་ཀྱི་སྙིང་པོ་ཡིན། །གྲྭ་པས་བགྲང་ན་ཞབས་འདྲེན་ཡིན། །ཟེར་རེད་བ་
ཟེར་གྲགས་ཟེར་རེད། རྒན་གྱིས་ཨ་ཁྱོད་སྐད་ཆ་དེ་མ་ཤོད་ཆོས་ཀྱི་སྙིང་པོ་ཡིན་དེ་མ་
ལབ། ཡང་ན་གྲྭ་པས་བགྲང་ན་ཞབས་འདྲེན་ཡིན་མ་ལབ། སྙིང་པོ་ཡིན་ན་གྲྭ་པས་བྱེད་
དགོས་ཡག་གཅིག་རེད་གསུངས་པ་རེད། ཁོས་དེ་འདྲ་ལབ་བྱུང་ད་གསུང་གི། དེ་འདྲའི་
བྱེད་རིན་མ་ཆོག་ཆེ་ཙམ་གཅིག་བྱེད་དགོས་བསམ། དེ་བྱེད་པ་ལ་རྡོ་རྗེ་དྲིལ་བུ། ནང་
མཆོད་ཀ་པཱ་ལ། མཆོད་ཆས་མང་ཙམ་དགོས་བསམ་བྱས་གཅིག་བཟོ་བསྡད་དགོས་
རེད། ཚར་རྒྱུ་མེད་པ་ཞིག་མི་ལ་ཕར་བཟོ་རྒྱུ་སྤྲད་ཚུར་མ་རག། དེ་འདྲ་སང་འགྱངས་
གནང་འགྱངས་ཤོར། གཅིག་རག་པ་ཡིན་ནའང་འདོད་པ་མ་ཕོག་གང་ཡང་ཡོད་མ་རེད།
མཎྜལ་བཟོ་བཅུག་བཟོ་ཚར་ནས་ཕུལ་ཀྱི་མ་རེད། བསྡུས་བཞག་གི་རེད་ལག་པ་ཐུགས་
ས་མེད་ས་གཅིག་ནང༌། མཆོད་ཀོང་ཆེན་པོ་དེ་འདྲ་བཟོས། མཆོད་མེ་ཕུལ་པ་མ་རེད།
འབྲུ་འདྲ་བླུགས་ནས་བཞག་གི་རེད། ད་དེ་ག་རེ་ཡིན་ཟེར་དགོས་རེད་ཨང༌། དེ་ལས་
པད་ཤག་དངུལ་ཁང་ནང་དུ་བཅུག་བཞག་ན་སྐྱེད་ཁ་ཕྲན་བུ་ཡོང་གི་རེད་པ། དེ་ནི་བྱེད་
ཀྱི་ཡོད་མ་རེད།
[འདིའི་མཐར་མང་ཙམ་ཆད་པ་འདྲ་འདུག ཕྲན་གྱི་ལག་ཏུ་སྒྲ་འཁོར་དང་པོ་ནས་བཅུ་པའི་བར་མ་གཏོགས་འབྱོར་མ་སོང་།]

ཨོཾ་སྭ་སྟི། དེ་ཡང་སྲིད་ན་རྙེད་པར་དཀའ་བའི་སྐྱབས་རྗེ་རྡོ་རྗེ་འཆང་ཉིད་ཀྱི་
གསུང་བཤད་འདི་ལྟ་བུ་ནི་མིག་ལིང་ཏོག་གི་མ་བཀབ་པ་རྣམས་ལ་སྐོམ་པ་ཆུ་འདོད་
260
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ལྟར་ཕན་རེའི་བསམ་པས་དྲངས་ཏེ་ཁྲི་མིང་པ་གྱི་ན་བ་བདག་གིས་ངལ་བ་ཅུང་ཟད་
བགྱིས་པའི་དགེ་བ་འདིས་བདག་སོགས་ཚེ་རབས་ཐམས་ཅད་དུ་བླ་མ་ཧེ་རུ་ཀ་ཡབ་
སྲས་ཀྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །
འཕྲོས་བཤད། 46

མགོན་པོ་ཕྱག་དྲུག་གི་བྱུང་བ་ནི་(ཁོང་བསྐྱེད་ཆོག་གི་དབང་དུ་བྱས་ནའང་ཐ་
མལ་པ་འདྲེ་ལ་སྐྱེས་ནས་བཏུལ་བའི་བཟོ་འདྲ་པོ་ཡོད་མ་རེད།) སྤྱན་རས་གཟིགས་
ཀྱི ས ་ལྷོ ་ ཕྱོ ག ས་རི ་ བོ ་ པོ ་ ཏ་ལར་འགྲོ ་ དོ ན ་མཛད་མཛད་ནས་ད་ཁམས་གསུམ་གྱི ་
སེམས་ཅན་སྟོང་གྲབས་ཡོད་འགྲོ་དགོངས་ནས་མངོན་ཤེས་ཀྱིས་གཟིགས་པ་ན་ཉུང་རུ་
ཙམ་མ་འགྲོ། ཚར་གསུམ་གཟིགས་པའི་མཐར་ཉུང་རུ་མ་འགྲོ་བའི་ཐོག་ད་དུང་སེམས་
ཅན་ཚོ་དམུ་རྒོད་འདུལ་དཀའ་བ་གདུག་ཏུ་ཕྱིན་པ་གཟིགས་ཙང༌། ད་སེམས་ཅན་འདུལ་
ཐུབ་པ་མི་འདུག་བྱང་ཆུབ་སེམས་སྟོང་ནས་ཉན་ཐོས་ཀྱི་མྱང་འདས་ལ་གནས་ན་དགའ་
བ་འདུག་དགོངས་པ་ན། སེམས་བསྐྱེད་དེ་ཐེག་ཆེན་དམ་བཅའ་ཡིན་ཙང་དབུ་ཚལ་པ་
བརྒྱར་གས་པ་ན། འོད་དཔག་མེད་ཞལ་གཟིགས་ནས་ཁྱེད་ཀྱིས་སེམས་མ་སྟོང༌། སྔར་
གྱི་སེམས་དེ་བསྐྱེད་ཤོག་གསུངས། སྔར་གྱི་སེམས་བསྐྱེད་ཐུབ་པ་མི་འདུག་ག་རེ་བྱེད་
དགོས་ཞུས་དུས་གང་ཡང་བྱེད་ཀྱི་མ་རེད། འགྲོ་དོན་རོགས་པ་ངས་བྱེད་གསུངས་ཏེ་
དབུ་ཚལ་པ་བཅུ་ལ་བསྒྱུར་ནས་དབུ་བཅུར་གྱུར་དེའི་སྟེང་དུ་འོད་དཔག་མེད་ཀྱི་དབུ་
གཅིག་བཅས་སྤྱན་རས་གཟིགས་ཞལ་བཅུ་གཅིག་ཏུ་གྱུར། དེ་ཞི་བས་འདུལ་ཐུབ་པ་མི་
འདུག་དྲག་པོས་འདུལ་བར་དགོངས་ནས་ཐུགས་ཀ་ནས་ཧཱུཾ་ནག་པོ་སྤྲུལ། དེ་ཡོངས་སུ་
གྱུར་པ་ལས་མགོན་པོ་ཕྱག་དྲུག་པར་གྱུར་སོང་བ་རེད། དེ་ནས་ཕྱོགས་བཅུའི་སངས་
རྒྱས་རྣམས་ཀྱིས་རིགས་ཀྱི་བུ་ཐུགས་དེ་ལྟར་བསྐྱེད་པ་ལེགས་གསུངས་ནས་ཚང་
མས་སྤྱན་རས་གཟིགས་ཕྱག་དྲུག་པའི་དབང་བསྐུར་དེའི་ཤིས་བརྗོད་ཞེ་པོ་བྱས་ཏེ་དུར་
261
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཁྲོད་བསིལ་བའི་ཚལ་དུ་གྲུབ་ཆེན་ཤ་བ་རི་དབང་ཕྱུག་རྩར་ཕེབས་པ་ན་ས་རྣམ་པ་དྲུག་
གཡོས་ཌ་མ་རུ་འཁྲོལ་ལོ་ལོ་བྱེད་པ་ན་གྲུབ་ཆེན་གྱིས་གང་ཡིན་བལྟས་པས་མགོན་པོ་
ཕེབས་ཡོང་བ་རེད། རིགས་ཀྱི་བུ་ངའི་སྒྲུབ་ཐབས་གཟུང་ཤིག་གསུངས་ནས་ཤ་བ་རི་
ལ་གནང་པ་རེད། ཤ་བ་རི་ཁོང་གིས་མེ་ཏྲི་ཀ་པ་ལ་ལ་གནང་དེས་ར་ཧུ་ལ་ལ་གནང་ར་
ཧུ་ཆེན་པོས་མཁས་གྲུབ་འཁྱུང་པོ་ལྷས་པ་ལ་གནང༌། འཁྱུང་པོ་ལྷས་པ་རྒྱ་གར་དུ་ཤ་
བ་རིའི་ཞབས་ལ་ཐེང་གསུམ་གཏུགས། ཤ་བ་རིས་མན་ངག་གནང་ཡང་མགོན་པོའ ་ི
ཆོས་སྐོར་ཆ་ཚང་མ་གནང༌། ཡང་རྗེས་མ་གཅིག་ཕེབས། དེ་དུས་ཤ་བ་རི་སྤྱོད་པ་ལ་
གཤེགས་པའི་ཁ་ཐུག་རེད། སངས་རྒྱས་རིན་བསྡད་ཡོད་རེད། རྩད་གཅད་ནས་ཕེབས་
དུས་ཁོང་རི་གཅིག་གི་སྒང་ལ་བྲག་ཕུག་ནང་བཞུགས་ཏེ། ད་རེས་འགྲུལ་པ་ཡོང་གི་
ཡོད་གསུངས་ནས་རི་དྭགས་ཤ་བ་མང་པོ་བསད་དེ་བྲག་ཕུག་ནང་ཤ་ཁྲག་དམར་ཚལ་
དགུ་ཚལ་བྱས། བུད་མེད་དང་བུ་ཕྲུག་མང་པོ་བྱས་ཏེ་བཞུགས་ཡོད་རེད། དེ་ནས་མན་
ངག་ཞུས་སྤྱོད་པ་དེ་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་རེད། དེ་ནས་སངས་རྒྱས་ཡག་
ལ་ཟླ་བ་བཅོ་བརྒྱད་མ་གཏོགས་འགོར་བ་མ་རེད། ར་ཧུ་ལ་བོད་ནང་ཚུར་ཕེབས་ད་དུང་
མན་ངག་ལྷག་མ་ལུས་ཡོད་པ་དེ་གྲུབ་ཆེན་ར་ཧུ་ལ་ཆེན་པོས་ཚུར་བསྐྱེལ་སར་ཕེབས་
པ་རེད། མན་ངག་སྒོ་བསྐྱེད་བྱེད་པ་ཡིན་བྱེད་པ་རེད། ཡིན་ཡང་ངས་མན་ངག་བསྐྱེལ་
སར་ཡོང་པ་ཡིན་གསུངས་རོགས་བྱེད་ཀྱི་ཡོད་མ་རེད། ཁྱུང་པོའ ་ི རྣལ་འབྱོར། ཁྱུང་པོ་
རི་ལ་བསྒོམ་རྒྱབ་ནས་བཞུགས་དུས་ཞོགས་པ་སྔ་པོ་གཅིག་ལ་སྒོ་རྡུང་ཡོང་པ་རེད།
མཚམས་གཡོག་གིས་བླ་མ་བསྒོམ་བརྒྱབ་བསྡད་ཡོད་རེད་གཏུག་ས་ཡོད་མ་རེད། ཟེར་
དུས་ང་ས་ཐག་རིང་པོ་ནས་ཡོང་བ་ཡིན་ཟེར་ཙང་བླ་མ་ལ་ཞུས་པ་རེད། བླ་མས་ཡར་
གཏོང་ཤོག་གསུངས་པ་རེད། ཁོང་ཡར་ཕེབས་ནས་རྒྱ་གར་ནས་ཉི་མ་ཤར་དུས་ཡོང་བ་
ཡིན། བོད་ས་རོང་དོག་པོ་ཡིན་ཙང་ནམ་ལངས་དུས་སླེབས་བྱུང་བྱེད་པ་རེད། ང་ཐག་
262
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རིང་པོ་ནས་ཡོང་ཙང་རླུང་འཕར་ཤག་རླུང་སངས་བྱེད་དགོས་ཀྱི་འདུག་བྱེད་པ་རེད།
རླུང་གི་བསྟར་ག་བྱུག་པ་བྱུགས་ཤིག་བྱས་ཙང་ཁྱེད་རང་གི་བྱུག་པ་ཕན་གྱི་མ་རེད།
རྣལ་འབྱོར་པའི་བྱུགས་པ་རྣལ་འབྱོར་པས་བྱེད་གསུངས་ཏེ་ནམ་མཁར་སྐྱིལ་
ཀྲུང་བཞུགས་ཏེ་བ་སྤུའི་བུ་ག་ནས་ཀུན་ད་ལྟ་བུའི་བྱང་སེམས་སྤྲོ་བསྡུ་མཛད། ང་ཁྲག་
འཕར་ཤག་བསྟར་ག་བྱེད་དགོས་ཀྱི་འདུག་བྱེད་པ་རེད་སྨན་པ་སྐད་གཏོང་བྱས་ཙང་
ཁྱེད་ཀྱི་སྨན་པས་ཕན་གྱི་མ་རེད། ང་རང་གི་བསྟར་ག་ང་རང་གིས་བྱེད་གསུངས་ཏེ་ནམ་
མཁར་འཕར་ནས་བ་སྤུའི་བུ་ག་ཚང་མ་ནས་ཁྲག་བཙགས་པ་རེད། དེ་འདྲ་མཛད་ཙང་ད་
འདི་བསམ་གྱིས་མི་ཁྱབ་པ་རེད་འདུག། བསམ་ནས་གསོལ་བ་བཏབ་པ་ན་ཆོས་སྐོར་
ལྷག་མ་ལུས་པ་དེ་གནང་བྱས་འདུག་སེ་བྱུང་བ་རེད། ཁྱུང་པོ་ལྷས་པ་ནས་ཤང་པ་རིན་
ཆེན་རྣམ་བདུན་ཞེས་གྲུབ་ཆེན་རྐྱང་རྐྱང་གཅིག་ཕེབས་པ་རེད། མཐའ་མ་ནམ་མཁའི་
རྣལ་འབྱོར་པ་ཆེན་པོའ ་ི མདུན་ནས་རྗེ་རིན་པོ་ཆེ་དང་མཁས་གྲུབ་རིན་པོ་ཆེ་གཉིས་
ཀས་གསན་གནང་ཡོད་པ་རེད།། །།

འཕྲོས་བཤད། 53

དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པ་དོན་དམ་པའི་ཆོས་དཀོན་
མཆོག་གཅིག་པུ་ལ་གོ་རྒྱུ་མ་རེད་སྐྱབས་གནས་མཐར་ཐུག་གི་ཆོས་ཡིན་ཙང་འགོག་
ལམ་གཉིས་རེད། མཐོང་སྤང་ཡན་ཆད་སྤངས་པའི་བྲལ་བ་དེ་ལ་འགོག་ལྡན་ཟེར་བ་རེད།
མཐོང་ལམ་བར་ཆད་མེད་ལམ་སྐབས་སུ་མཐོང་སྤང་འགག་འགྲོ་བ་རེད། རྣམ་གྲོལ་ལམ་
ཐོབ་དུས་སྤངས་པའི་བྲལ་བ་འགོག་ལྡན་ཐོབ་ཡོང་བ་རེད། དེ་དུས་རྣམ་གྲོལ་ལམ་དེས་
འགོག་ལྡན་དེ་རྟོགས་ཡོང་བ་རེད། སྔ་ལོགས་བར་ཆད་མེད་ལམ་གྱིས་དེ་རྟོགས་ཡོད་མ་
རེད། དེ་ནས་ཡར་སྒོམ་ལམ་ས་དང་པོ་ནས་བཅུ་པའི་བར་སྒོམ་སྤང་སྤངས་པའི་སྤངས་
263
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པ་དགུ་མཐོང་སྤང་སྤངས་པའི་སྤངས་པ་གཅིག་བཅས་སྤངས་པ་རེ་རེ་ཐོབ་ཡོང་དུས་རེ་
རེ་གསར་དུ་རྟོགས་ཡོང་བ་ཡིན་ཙང་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་ཆོས་
ཉིད་མཐོང་བ་ལ་ཁྱད་པར་མེད་ཀྱང་ཆོས་སྐུ་མཐོང་བ་ལ་ཁྱད་པར་ཡོད་བྱེད་པ་རེད། དེ་
ལ་བརྟེན་ནས་ང་ཚོའི་ཡིག་ཆ་ནང་འགོག་ལྡན་སྟོང་ཉིད་མ་ཡིན་བྱེད་པ་རེད། སྤྱིར་ཡིག་
ཆ་ཕལ་ཆེ་བ་ལས་འགོག་ལྡན་སྟོང་ཉིད་ཡིན་པ་གསུངས་པ་རེད། སྟོང་ཉིད་ཡིན་ནའང་
མཐོང་ཆེ་ཆུང་ཡོད་རེད། ཆོས་ཅན་དྲི་མས་ཇི་དག་ཏུ་འགྲོ་དུས་སེམས་ཇི་བཟང་དུ་ཕྱིན་
ཏེ་མཐར་རིམ་པས་འགོག་ལྡན་ངོ་བོ་ཉིད་སྐུ་དང༌། སེམས་རྣམ་མཁྱེན་དུ་གྱུར་ནས་དག་
པ་གཉིས་ལྡན་གྱི་ཆོས་སྐུ་མཐར་ཐུག་ཏུ་འགྱུར་རྒྱུ་རེད་བྱེད་པ་རེད། གཞུང་སྤྱི་ཐད་
ནས་དེ་རེད། དེ་དངོས་གནས་ཡིན་པ་འདྲ་པོ་ཡོད་རེད། ཡིན་ཡང་རྩོད་ཡོང་དུས་ཆོས་
ཉིད་མཐོང་བ་ལ་ཁྱད་པར་མེད་ཀྱང་ཆོས་སྐུ་མཐོང་བ་ལ་ཁྱད་པར་ཡོད་བྱེད་པ་ཡིན་ཙང་
ལབ་ཁག་པོ་ཡོད་རེད། ཡིན་ནའང་དེ་འདྲའི་དཀའ་ལས་རྒྱབ་མཁན་དེང་སང་ཡོད་མེད་
མི་ཤེས་ཡོད་ནའང་འདི་གར་སླེབས་ཡོད་ཀྱི་མ་རེད། མིས་དྲི་བ་བཏང་མཁན་མེད་དུས་
དབྱུག་བཞག་གི་རེད། དགོས་པ་མི་འདུག་བསམས་ཀྱི་རེད། ད་ག་རེ་ཡིན་ནའང་དེ་
འདྲའི་སེམས་དེ་རྟོགས་པའི་ཡོན་ཏན་དང་སེམས་ཀྱི་སྟེང་གི་བྲལ་བ་དེ་སྤངས་པའི་ཡོན་
ཏན་བྱས་ནས་སྤངས་རྟོགས་གཉིས་དེ་ཆོས་དཀོན་མཆོག་རེད།
ཆོས་དཀོན་མཆོག་ལ་སྐྱབས་འགྲོ་བྱེད་དུས་སྤངས་རྟོགས་གཉིས་པོ་དེ་གླེགས་
བམ་གི ་ རྣམ་པར་ཤར་བ་ལ་གསལ་བཏབ་རྒྱུ་རེ ད ་མ་གཏོ ག ས་ཆོ ས ་དཀོ ན ་མཆོ ག ་
གཟུགས་སུ་མ་གྲུབ་པ་རེད། ང་རང་ཚོས་སློབ་སྦྱོང་བྱ་སའི་དཔེ་ཆ་དེ་ཚོ་ལུང་གི་ཆོས་
དཀོན་མཆོག་རེད། དེ་ནི་སྟོན་པ་བསྟན་པ་བསླབ་དོན་གྱི། །ཐེག་པ་གསུམ་དང་བྱེད་
གསུམ་དང༌། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་
པ་ཡིན། །ཞེས་ཐེག་པ་གསུམ་གྱི་དབང་དུ་བྱས་ནས་སྐྱབས་གསུམ་རྣམ་པར་གཞག་
264
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ལུགས་གཅིག་བཤད་པ་རེད། དེ་བཞིན་སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་


འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་
སྐྱབས་མཆོག་མ་ཡིན་ཏེ། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་གསུངས་པ་
རེད། དེ་ཚོ་ཤེས་ན་ཡག་པོ་རེད། ཡང་དེ་ཚོ་མི་ཤེས་ན་དགེ་བཤེས་དེས་དེའང་ཤེས་ཀྱི་
མི་འདུག་ཟེར་རྒྱུ་ཡོད་མ་རེད། ཤེས་ཡག་ཁག་པོ་རེད་ཤེས་མཁན་གཅིག་གིས་བལྟས་
ནས་བཤད་རྒྱུ་རེད། ཡང་ངས་བརྗེད་ཤག་ཟེར་བ་ཡོང་གི་རེད་བརྗེད་ཀྱི་རེད། དགེ་
བཤེས་པོ་རྒན་ཆགས་པར་ཟླ་གསུམ་ཡིན། པོ་རྒན་དགེ་བཤེས་ཆགས་པར་ཚེ་གང་
ཡིན་བྱེད་པ་རེད། སྤང་ཕྱིར་ཟེར་དུས་གཟིངས་ལྟར་སྤང་བར་བྱ་བ་ཡིན་པའི་ཕྱིར། འདུ་
བྱེད་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར། མཐར་ཐུག་གི་ཚེ་འགགས་ནས་མེད་པའི་ཕྱིར།
ཤེས་སྒྲིབ་ཀྱི་འཇིགས་པ་དང་བཅས་པའི་ཕྱིར། ཞེས་པ་རྣམས་རྒྱུ་མཚན་རེད། གཏན་
གྱི་སྐྱབས་མཆོག་མ་ཡིན་ཏེ། །ཞེས་པ་བསྒྲུབ་བྱའི་ཆོས་རེད། ཆོས་རྣམ་གཉིས་དང་
འཕགས་པའི་ཚོགས། །ཞེས་པས་ཤེས་འདོད་ཆོས་ཅན་བསྟན་པ་རེད།
སྐྱབས་གསུམ་རྩོད་པ་ཡག་པོ་བྱས་ནས་དཀོ ན ་མཆོ ག ་གསུམ་གྱི ་ ཡོ ན ་ཏན་
ཤེས་དགོས་པ་རེད། སངས་རྒྱས་དཀོན་མཆོག་གི་ཡོན་ཏན་འདུས་མ་བྱས་སོགས་
བརྒྱད། ཆོས་དཀོན་མཆོག་གི་ཡོན་ཏན་བསམ་མེད་གཉིས་མེད་སོགས་བརྒྱད། དགེ་
འདུན་དཀོན་མཆོག་གི་ཡོན་ཏན་རིག་གྲོལ་སོགས་ཡོན་ཏན་བརྒྱད། དེ་ཚང་མས་ཡོན་
ཏན་བརྒྱད་དང་ལྡན་པའི་ཕྱིར་ཟེར་ནས་ཁའི་རྩེ་ལ་འཁྱེར་བསྡད་ཡག་དེ་ཚོ་རེད། རེ་རེ་
ནས་བཞག་ཤོག་ཟེར་ན་གཞག་རྒྱུ་ཡོད་མེད་མི་ཤེས། དཀོན་མཆོག་གི་ཡོན་ཏན་དེ་ཚོ་
ཡག་པོ་ཤེས་དགོས་རེད། ཕན་འདོགས་ཆེན་པོ་ཡོད་རེད། ལྷག་པར་ཡོན་ཏན་དེ་ཚོ་
ཡག་པོ་རྩིས་ཀྱི་ཡིན་ན་ཚེ་བསྒྲུབས་རེད་ཀྱི་རེད་ཟེར་ཡོང༌། དད་པ་ཆེ་རུ་འགྲོ་ཡག་དང་
བག་ཆགས་བཞག་ཡག་དང་བསོད་ནམས་གསོག་ཡག་སོགས་ཁྱད་པར་ཆེན་པོ་ཡོད་
265
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པ་རེད།།
༈ ད་འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པའི་དོན་སོ་
སྐྱེའི་ས་ལས་འཕགས་ནས་འཕགས་ལམ་ཐོབ་ཅིང་དགེ་བ་ལ་འདུན་པས་ན་འཕགས་
པའི་དགེ་འདུན་དང༌། རྣམས་ཞེས་པ་ནི་མང་ཚིག་སྟེ་མདོ་ལུགས་དང་སྔགས་ལུགས་
ཀྱི་དགེ་འདུན་ཐམས་ཅད་དོ། སོ་སྐྱེ་དགེ་སློང་བཞི་ཚོགས་ན་དགེ་འདུན་ཡིན་པས་དགེ་
འདུན་དཀོན་མཆོག་གི་འདུ་ཤེས་བཞག་དགོས། གཉིས་གསུམ་གཅིག་ཙམ་དགེ་འདུན་
མ་རེད་དེ་ལ་དད་པ་བྱེད་དགོས། ན་བཟའ་ལྷན་པ་དམར་སེར་ཚུན་ཆད་ལའང་དད་
པ་བྱེད་དགོས་གསུངས་པ་ཡིན་ཙང་རང་གིས་བསོད་ནམས་གསོག་གི་རེད། དཀོན་
མཆོག་ལ་སྐྱབས་འགྲོ་བྱེད་པ་ན་རྒྱུ་ཚང་དགོས་པ་ཡིན་ཙང༌། འཁོར་བའི་སྡུག་བསྔལ་
ལས་ཐར་བའི་ཐར་པ་ཙམ་ཐོབ་ནའང་ཕན་གྱི་མ་རེད། ཞི་མཐའ་ལ་ལྷུང་བ་ཡིན་ཙང་སྲིད་
ཞིའི་མཐའ་གཉིས་ཀ་ལ་འཇིགས་པའི་འཇིགས་སྐྲག་གཅིག་དགོས་རེད། འཇིགས་པ་
དེ་ལས་སྐྱོབས་པའི་ནུས་པ་དེ་དཀོན་མཆོག་ལ་ཡོད་པར་ཡིད་ཆེས་པའི་དད་པ་དང༌།
ཐེག་པ་ཆེན་པོའ ་ི སྐྱབས་འགྲོ་ཡིན་ཙང་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དགོས་པ་
རེད། རྒྱུ་དེ་དག་ཚང་བའི་སྒོ་ནས་དེ་གསུམ་གྱིས་ཀུན་ནས་བསླངས་ཏེ་ད་ག་རེ་བྱས་
ནའང་སྐྱི ད ་སྡུག་ལེ ག ས་ཉེ ས ་གང་བྱུང་ནའང་དཀོ ན ་མཆོ ག ་ལས་རེ ་ ས་གཞན་མེ ད ་
བསམ་སྟེ་སྙིང་ཐག་པ་ནས་དཀོན་མཆོག་ལ་བློས་ལིང་དུ་བསྐིལ་བ་མ་གཏོགས་དཀོན་
མཆོག་གིས་སྐྱབས་ཨེ་ཡོང་བསམ་པ་བྱེད་རྒྱུ་ཡོད་པ་མ་རེད། འཕན་པོའ ་ི བུད་མེད་ཁ་
བྱང་ལགས་ཀྱི་སྐྱབས་འགྲོ་ལྟ་བུ་མ་བྱེད། ཨ་མས་སྔགས་པ་གཅིག་གདན་འདྲེན་ཞུས་
ཏེ་ནང་ལ་བཞག་ནས་ང་ཚོའི་སྐྱབས་གནས་ཞུས་ས་སྔགས་པ་ལགས་མ་གཏོགས་
མེད། ཕྱི་མ་ངན་སོང་ལ་མི་འགྲོ་བ་གཅིག་གནང་རོགས་ཞེས་རྟག་པར་ཞུས་ཀྱི་ཡོད་པ་
རེད། ཉིན་གཅིག་ཨ་མ་ཞིང་ཁ་ལ་ལས་ཀར་འགྲོ་རན་པ་ན་ཨ་མས་མོ་རང་གི་བུ་མོ་ལ་
266
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བུ་མོ་མ་ཡོང་ནང་ལ་བསྡད་སྔགས་པ་ལགས་ཀྱིས་རྐུན་མ་རྐུ་ཡོང་བྱེད་པ་རེད། བུ་མོ་
ཡོང་ཉེ་འདོད་ནས་ཐོག་ཁ་ནས་སྐད་རྒྱབ་པ་རེད། ཨ་མ་ང་ཡོང་གི་ཡིན་བྱེད་པ་རེད། ཨ་
མས་མ་ཡོང་བྱེད་པ་རེད། ང་ཡོང་གི་ཡིན་སྔགས་པས་རྐུན་མ་བརྐུ་པ་མི་འདུག་བྱེད་པ་
རེད། དེ་འདྲ་མི་ཉན་བྱེད་པ་རེད། དཀོན་མཆོག་ལ་སྐྱབས་སུ་འགྲོ་ཚར་དུས་དེ་འདྲ་བྱེད་
ན་ཁ་ཙམ་ཚིག་ཙམ་གྱིས་སྐྱབས་འགྲོ་རེད་སོང་བ་རེད། སྐྱབས་འགྲོ་དེ་ཡག་པོ་བྱས་
དེ་གསོལ་བ་བཏབ་ན་དཀོན་མཆོག་རང་ལ་མར་ཐིམ་གྲབས་འདྲ་པོ་རང་ཡང་དཀོན་
མཆོག་ལ་ཡར་ཐིམ་འགྲོ་གྲབས་འདྲ་པོ་དེ་འདྲའི་མྱོང་བ་ཡོང་རྒྱུ་ཡོད་གསུངས། མདུན་
གྱི་སྐྱབས་ཡུལ་ཚང་མས་རང་ལ་མར་གཟིགས་ཏེ་ཐུགས་ཤིན་ཏུ་དགྱེས་པའི་རྣམ་པར་
གསལ་བཏབ་དགོས་པ་རེད། དགོངས་པ་འགལ་བསྡད་པའི་བཟོ་ལྟ་འདྲ་པོ་གསལ་
བཏབ་རྒྱུ་ཡོད་པ་མ་རེད། རྗེས་སུ་བཟུང་ནའང་འདྲ་མ་བཟུང་ནའང་འདྲ་དགྱེས་པའི་
རྣམ་པར་གསལ་བཏབ་རྒྱུ་རེད།
༈ རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་
འགྲོ་བྱེད་དུས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་འཕྲིན་ལས་དང་བཅས་པའི་ཡོན་ཏན་
རྣམས་ཤེས་དགོས་རེད། མངོན་རྟོགས་རྒྱན་ལས།
(ས་དགུ་འདས་ནས་ཡེ་ཤེས་ནི། །
གང་གིས་སངས་རྒྱས་སར་གནས་པ། །
དེ་ནི་བྱང་ཆུབ་སེམས་དཔའི་ས། །
བཅུ་པ་ཡིན་པར་ཤེས་པར་བྱ།།) ཞེས་བྱང་སེམས་ས་བཅུ་པ་
བ་དེ་ལ་སངས་རྒྱས་ཀྱི་ཐ་སྙད་ཡོད་ཀྱང་རྫོགས་པའི་སངས་རྒྱས་མ་རེད། རྫོགས་པའི་
སངས་རྒྱས་བཅོམ་ལྡན་འདས། སངས་རྒྱས་ཀྱི་སྐུའི་ཡོན་ཏན་མཚན་བཟང་པོ་སུམ་
ཅུ་རྩ་གཉིས་དཔེ་བྱེད་བརྒྱད་ཅུ་སོགས་དེ་འདྲ་རེད། གསུང་གི་ཡོན་ཏན་ནི་སེམས་
267
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཅན་བརྒྱ་སྟོང་མང་པོས་དྲི་བ་མི་འདྲ་བ་དུས་གཅིག་ཏུ་བཀོད་ནའང་གསུང་གཅིག་གིས་
སེམས་ཅན་སོ་སོའ ་ི བསམ་པ་དང་མཐུན་པའི་ལན་གོ་ཐུབ་ཡག་གི་ནུས་པ་ཡོད་པ་དེ་
འདྲ་དང༌། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་དེ་འདྲ་རེད། ཐུགས་ཀྱི་ཡོན་
ཏན་གྱི་དབང་དུ་བྱས་ནའང་སངས་རྒྱས་ཀྱི་མཁྱེན་པའི་ཚད་ཡོད་མ་རེད། སངས་རྒྱས་
ཀྱིས་མཁྱེན་ཨེ་ཡོང་མི་ཡོང་བསམ་པ་ཡོང་གི་རེད་དེ་མི་མཁྱེན་པ་ཡོད་མ་རེད། འཛམ་
བུ་གླིང་གི་རྩེ་ཤིང་ནགས་ཚལ་ལོ་མ་དང་མེ་ཏོག་འབྲས་བུ་སོགས་གང་ཡོད་པ་དེ་མེར་
བསྲེགས་ཏེ་ཐལ་ལ་རྒྱ་མཚོའི་ནང་བླུགས་ནས་ལོ་བརྒྱ་བརྒྱ་ལ་དཀྲུག་དཀྲུག་བཏང་
ནས་དེ་ནས་ཡར་རྡུལ་ཕྲ་མོ་གཅིག་བླང་སྟེ་འདི་ལུང་པ་གང་གི་ཡིན་དྲིས་ན་ལུང་པ་
འདིའི་ཤིང་སོགས་ག་རེ་གི་རྡུལ་ཡིན་དང་མིན་ཐོགས་པ་མེད་པ་གསལ་པོ་གསུང་ཆོག་
ཆོག་ཡོད་པ་དེ་འདྲ་རེད། དེ་ཡང་དུས་རྟག་ཏུ་མངོན་སུམ་དུ་གཟིགས་བསྡད་པ་ལག་
མཐིལ་ནང་སྐྱུ་རུ་ར་གཞག་པ་ལྟ་བུ་ཟེར་བ་དེ་འདྲ་རེད། ཡང་མཁྱེན་པ་ཡོད་ནའང་བརྩེ་
བ་མེད་ན་ཕན་གྱི་མ་རེད་བརྩེ་བ་ནི་ང་ཚོས་སོ་སོ་ལ་བརྩེ་བ་ལས་ལྷག་པ་སངས་རྒྱས་
ཀྱིས་ང་ཚོར་བརྩེ་བ་ཡོད་རེད། འཇུག་པ་ལས།
(དུག་བཟོས་ཉེན་པའི་བུ་ལ་མ་ཡི་སྡུག་བསྔལ་མིན།།)
གསུངས་འདུག་དཔེར་ན་ཨ་མ་གཅིག་ལ་བུ་གཅིག་པོ་ཡིད་དུ་འོང་བ་ཤིན་ཏུ་ནས་ཀྱང་
གཅེས་པར་འཛིན་བསྡད་ཡག་གཅིག་གིས་དུག་བཟོས་ཏེ་ན་ནས་ཤི་གྲབས་བྱེད་ཀྱི་
ཡོད་ན་མ་དེ་ལ་བརྩེ་བ་ག་ཚོད་ཡོང་གི་རེད་ཤ་ཚ་ག་ཚོད་ཡོད་རེད། དེ་ལྟ་བུའི་ཨ་མ་
དེའི་བུ་གཅིག་པོ་ལ་བརྩེ་བ་ལས་སངས་རྒྱས་ཀྱིས་ང་ཚོ་སེམས་ཅན་རེ་རེ་ལ་ཡང་བརྩེ་
བ་བརྒྱ་འགྱུར་སྟོང་འགྱུར་འབུམ་འགྱུར་ལས་ལྷག་པ་ཡོད་རེད། ༧རྒྱལ་མཆོག་བསྐལ་
བཟང་གི་ཁྱད་པར་འཕགས་བསྟོད་ལས།
(སྐྱེ་བོ་གང་དག་རང་སྡུག་ཉིད་ཀྱང་རེས་འགའ་ཁྲོ་པའི་དབང་གྱུར་ཏེ། །
268
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གསོད་པར་བརྩམ་མོད་ཁྱོད་ཀྱིས་འགྲོ་རྣམས་བུ་དང་འདྲ་བར་རྟག་དགོངས་ནས། །
གནོད་འགྱུར་ཆ་ཙམ་ཐུགས་ཀྱི་དགོངས་པ་རིང་མོ་ཞིག་ནས་བཏང་བས་ན། །
བདག་འདྲ་རང་ལ་བརྩེ་བ་དེས་ཀྱང་ཁྱོད་ཐུགས་སྙིང་རྗེའི་ཆར་མི་འཕོད།།)
གསུངས་པ་རེད། སེམས་ཅན་སུ་ཡིན་ནའང་རང་ལས་བརྩེ་བ་ཆེ་བ་རང་ལས་གཅེས་པ་
རང་ལས་གལ་ཆེ་བ་མེད་པ་དེ་འདྲ་རེད་དེ། ཡང་སྐབས་འགར་རང་ལ་ཁྲོས་ཏེ་དུག་ཐུང་
བ་གཡང་དུ་མཆོང་བ་རང་ལ་མཚོན་བསྣུན་པ་སོགས་བྱས་ནས་རང་ཉིད་གསོད་པར་
བརྩམ་གྱི་ཡོད་རེད། སངས་རྒྱས་ཀྱིས་སེམས་ཅན་འབུ་གྲོག་མ་གཅིག་ཚུན་ཆད་ནའང་
བསད་རྒྱུ་ཕར་བཞག་གནོད་པ་ཕྲ་མོ་ཙམ་ཡང་བྱེད་རྒྱུའི་དགོངས་པ་འཁོར་ཡག་མེད་
པར་བསྐལ་པ་མང་པོ་ཕྱིན་ཚར་རེད། ང་ཚོས་རང་ལ་བརྩེ་བ་དེས་སངས་རྒྱས་ཀྱིས་ང་
ཚོར་བརྩེ་བ་དེའི་ཆ་ཤས་ཙམ་ཡང་ལོང་གི་མེད་པ་དེ་འདྲའི་བརྩེ་བ་ཆེན་པོ་ཡོད་རེད།
དེ་འདྲ་ཡིན་ཙང་ཉིན་མཚན་དུས་དྲུག་ཏུ་གཟིགས་པ་དྲུག་གི་སྒོ་ནས་སེམས་ཅན་རྣམས་
ལ་གཟིགས་ནས་བཞུགས་ཡོད་རེད། སངས་རྒྱས་ཀྱི་དགོངས་པ་བཞེས་ཡག་དེ་ལ་ཚེ་
འདིའི་དོན་ཙམ་མིན་པ་མཐར་སངས་རྒྱས་ཀྱི་ས་ལ་བཀོད་ཡག་གི་དགོངས་པ་གཅིག་
ཡོད་རེད། སངས་རྒྱས་ཀྱི་འཕྲིན་ལས་དེ་ལ་ཉི་ཤུ་རྩ་བདུན་ཡོད་པ་དེ་ཚོ་ཤེས་དགོས་
རེད། དེ་དག་གྲངས་ཀ་རྩིས་དགོས་རེད། སངས་རྒྱས་ཀྱི་ཡོན་ཏན་ཡང་མི་ཤེས་སངས་
རྒྱས་ཀྱི་འཕྲིན་ལས་ཀྱང་མི་ཤེས་སངས་རྒྱས་ནག་ཁུང་ནང་འཛུལ་སྡད་པ་གཅིག་ལ་
སྐྱབས་འགྲོ་བྱེད་པས་ཕན་གྱི་མ་རེད། དགེ་བཤེས་ཚོར་སྐད་ཆ་འདྲ་དྲིས་འཕྲིན་ལས་
ཉེར་བདུན་རྗེ་བཙུན་བྱམས་པའི་གསུང་མངོན་རྟོགས་རྒྱན་ལས།
(འགྲོ་རྣམས་ཞི་བའི་ལས་དང་ནི། །
བསྡུ་རྣམ་བཞི་ལ་འགོད་པ་དང༌།) །ཞེས་སོགས་བྱུང་བ་ལྟར་ཐོག་
མར་འགྲོ་བ་རྣམས་ཞི་བའི་ལས་ལ་བཀོད་པའི་ཐབས་མཛད་པ་དེ་ཡང་ཐེག་པ་གསུམ་
269
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གྱི་ཞི་བ་གསུམ་ཡོད་པའི་ནང་ནས་ཐེག་པ་ཆེན་པོའ ་ི ཞི་བ་ལ་བཀོད་པའི་ཐབས་མཛད་
པ་རེད། དེ་ཡང་ཐོག་མར་འཕྲིན་ལས་མཛད་ཡག་དེ་ངན་སོང་ལས་ཡར་འདྲེན་ནས་
མངོན་མཐོ་ཙམ་ལ་འགོད་པ་ཡིན་ནའང་དེའི་རྒྱབ་དེ་ལ་དགོངས་པ་མཐར་གཏུགས་
ན་སངས་རྒྱས་ཀྱི་ས་ལ་འགོད་ཡག་གཅིག་ཡོད་རེད། གནས་སྐབས་སེམས་ཅན་སོ་
སོའ ་ི བློ་དང་འཚམ་པའི་དོན་ལོག་པ་ཡིན་ནའང་གསུང་གི་རེད། སངས་རྒྱས་ཀྱི་གསུང་
དེ་ཡན་ལག་དྲུག་ཅུ་རྩ་བཞི་དང་ལྡན་པ་ཡིན་ཙང་གསུང་གོ་ཡོང་དུས་རྣ་བར་འགྲོ་པོ་
གཞན་དང་མི་འདྲ་བ་ཉན་འདོད་པོ་གཅིག་ཡོད་རེད། དོན་དག་ག་རེ་གསུངས་ནའང་རང་
གི་བློ་ལ་བབ་པ་གཅིག་ཡོད་རེད། དེ་ཡང་དེ་འདྲ་གསུངས་བྱུང་བསམ་སྟེ་རྨི་ལམ་འདྲ་
པོ་བརྗེད་ཀྱི་ཡོད་པ་མ་རེད། དོན་དག་གཞན་དག་གཅིག་ལ་དགོངས་ཡོད་ན་དུས་ལ་
བབ་དུས་གོ་ཡོང་གི་རེད། གོ་ཡོང་དུས་ཉམས་སུ་ལེན་ནས་མཐོ་རིས་དང་ཐར་པ་ཐོབ་
ཀྱི་རེད། དཔེར་ན་མ་སྐྱེས་དགྲ་ལ་
ཕ་དང་མ་གཉིས་གསད་བྱ་ཡིན། །
ཞེས་གསུངས་པ་རེད། མ་སྐྱེས་དགྲས་ལྷས་བྱིན་གྱི་ཁ་ལ་ཉན་ནས་ཕ་བསད་པ་རེད།
ལྷས་བྱིན་གྱིས་མ་སྐྱེས་དགྲ་ལ་ཁྱེད་རང་གིས་ཕ་བསད། ངས་སངས་རྒྱས་བསད་ཟེར་
ཏེ་ཁོ་གཉིས་གྲོས་བྱེད་པ་རེད། ལྷས་བྱིན་གྱིས་གླང་པོ་ཆེའི་སྣ་ལ་མཚོན་ཆ་བསྒྲོགས་
ནས་བཏང་བ་འདྲ་པོ་དུག་བཏང་བ་འདྲ་པོ་རྡོ་སྒྱོགས་འཕེན་པ་སོགས་གང་བྱས་ཀྱང་
སངས་རྒྱས་ལ་གང་ཡང་མ་ཐུབ། རྗེས་མ་མ་སྐྱེས་དགྲས་ཕ་བཙོན་ནང་བཅུག་པ་རེད་
བཙུན་མོ་ཕྲེང་ལྡན་མས་བཙོན་ཁང་ནང་འགྲོ་ནས་ཟ་རྒྱུ་སྤྲོད་ཀྱི་ཡོད་རེད། དེ་སྤྲད་མི་
ཆོག་བྱེད་པ་རེད་ལྟོག་བཀག་རྒྱབ་ནས་བསད་དགོས་བསམ་པ་རེད། བཙུན་མོས་གྲོག་
དུང་གྱོན་ཡོད་ཙང་གྲོག་དུང་ནང་རྩམ་པ་བླུག་ནས་སྤྲད་ཀྱི་ཡོད་རེད། ད་དུང་ཤི་མི་འདུག་
ག་རེ་ཡིན་འགྲོ་རྒྱལ་པོའ ་ི རྩར་སུ་འགྲོ་གི་འདུག་དྲིས་དུས་བཙུན་མོ་འགྲོ་གི་འདུག་བྱས་
270
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཙང་ད་ནས་བཙུན་མོ་ཡང་འགྲོ་མི་ཆོག་ཟེར་བཀག་པ་རེད། ད་དུང་ཡང་གཤག་རོགས་
མ་བྱེད་པ་རེད། ག་རེ་བྱེད་ཀྱི་འདུག་དྲིས་དུས་རྒྱལ་པོས་སྒེའུ་ཁུངས་ནས་བལྟ་ཀྱི་
འདུག་བྱེད་པ་རེད། སྒེའུ་ཁུངས་ཁ་ཐད་དེར་བྱ་རྒོད་ཕུང་པོ་རི་ཡོད་པ་རེད། དེར་སངས་
རྒྱས་ཕར་ཚུར་ཕེབས་པ་ཁོས་མཐོང་གི་ཡོད་ཙང་སངས་རྒྱས་ལ་དད་པ་བྱས་ནས་ཁོ་
དགའ་བ་ཡིན་ཙང་རེག་པའི་ཟས་ཀྱིས་འཚོ་བ་རེད། མུ་གེ་བྱུང་བའི་སྐབས་སུ་ཕ་མས་
རྐྱལ་པ་ནང་ཐལ་བ་བླུགས་ནས་བཀལ་བཞག་པ་བུ་ཕྲུག་ཚོས་མཐོང་ནས་རྩམ་པ་མང་
པོ་ཡོད་བསམ་ནས་ལྟོག་ཤི་རྒྱབ་པ་མ་རེད། རེག་པའི་ཟས་སུ་གྱུར་བ་རེད། རེག་པའི་
ཟས་ཀྱིས་འཚོ་ནས་རྒྱལ་པོ་མ་ཤི་བ་ཡིན་ཙང་ད་སྒེའུ་ཁུང་བཀག་བཅུག་པ་རེད། ད་
རྒྱལ་པོ་གཤག་གྲབས་བྱེད་ཀྱི་ཡོད་རེད། མ་སྐྱེས་དགྲ་ཡི་བུའི་ལུས་ལ་ཕོལ་མིག་གི་ན་
ཚ་བྱུང་བ་རེད། ན་ཚ་དེ་འཇམ་བཅོས་མི་རུང་ཟེར་བ་རེད། ཁོ་བརྟོལ་ནས་ཁྲག་བཏོན་
དགོས་པ་རེད། བརྟོལ་ནས་ཁྲག་དོན་ཙང་བུ་ངུས་པ་རེད། མ་སྐྱེས་དགྲས་བུ་ངུས་མ་
བཅུག་བྱེད་པ་རེད། བཙུན་མོས་གང་ཡང་སྐྱོན་གྱི་མ་རེད། ད་ཁྱེད་རང་གི་ཁས་བུའི་
ཁྲག་འཇིབས་ཤོག་བྱེད་པ་རེད། ངས་ཁྲག་གཙོག་པ་འཇིབ་འདོད་པ་མི་འདུག་བྱེད་པ་
རེད། ཁྱེད་རང་ཆུང་ཆུང་སྐབས་ལུས་ལ་ན་ཚ་དེ་བྱུང་དུས་ཁྱེད་ཀྱི་ཕའི་ཁས་འཇིབས་པ་
རེད་བྱས་ཙང་ངའི་ཕ་དེ་འདྲ་བྱམས་པོ་ཡོད་རེད་པས་བྱེད་པ་རེད་ཡོད་རེད་བྱེད་པ་རེད་
བྱས་ཨེ་ཡོད་ཟེར་དུས་བྱས་སོང་བྱེད་པ་རེད། དེ་འདྲ་ཡིན་ན་ངས་ཕ་བཙོན་ཁང་ནང་
བཅུག་ན་འགྲིག་གི་མ་རེད། བཙོན་ཁང་ནས་བཏོན་ཤོག་བྱེད་པ་ཡིན་ཙང་ཞབས་གྲས་
ཚང་མས་དགའ་སྟེ་རྒྱུག་སོང་བ་རེད། ཕ་མ་ཤི་གོང་དུ་གསོད་འདོད་ལོག་པ་ཡིན་ཙང་
མཚམས་མེད་ཀྱི་ལས་བྱུང་བ་མ་རེད།
(མཛོད་ལས།
སྔ་དང་མཉམ་དུ་ཤི་བ་ལ། །
271
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དངོས་མེད་ལུས་གཞན་སྐྱེས་ཕྱིར་རོ།) །
གསུངས་པ་རེད། མ་སྐྱེས་དགྲས་ཚེ་དེ་ལ་དགྲ་བཅོམ་ཐོབ་པ་རེད།
(མཛོད་རྩ་བ་ལས།
མཚམས་མེད་བྱེད་པའི་འདི་ལ་མིན།།)
གསུངས་པ་རེད། དེ་ནས་ཞབས་གྲས་ཚོ་དགའ་ནས་རྡེབ་སྒྲ་འོ་སྒྲ་བྱས་ཏེ་བཙོན་ཁང་
དུ་འབྱོར་ཡོང་ཙང་བསད་སར་སླེབས་སོང་བསམ་ནས་སྐྲག་པ་རེད། སངས་རྒྱས་ནི་
ཕ་ཤི་རན་སོང་དགོངས་ནས་ཉན་ཐོས་འོད་སྲུང་ཆེན་མོ་ལ་མ་སྐྱེས་དགྲ་ལ་སོམས་ཤིག་
གསུངས་པ་རེད། བསམ་བློ་བཏང་ཤོག་བྱེད་པ་རེད། འོད་སྲུང་ཆེན་པོ་རྫུ་འཕྲུལ་ཀྱིས་
བྱ་རྒོད་ཕུང་པོ་རི་དེ་ནས་མེད་པ་བྱས་ནས་བཙོན་ཁང་ཕ་ཡི་མདུན་ནས་དོན་ཡོང་བ་
རེད། སངས་རྒྱས་ཀྱིས་གསུང་གི་འདུག་ཁྱེད་ལ་ལན་བསྐུར་སོང་རང་གིས་བསགས་
པའི་ལས་དེ་རང་གི་ཕུང་པོ་ལ་སྨིན་གྱི་རེད། ས་ལ་མི་སྨིན་རྡོ་ལ་མི་སྨིན་ཟིན་པའི་ཕུང་
པོ་འབའ་ཞིག་ལ་སྨིན་པས་བདག་གིར་གྱིས་ཤིག་ཅེས་གསུང་གི་འདུག་བྱས་ཙང་ཨ་
ཙེ་འདི་འདྲ་འདྲ་པོ་ལན་གཅིག བསྐུར་ཆོས་གཅིག་གསུངས་འདུག། བསམ་ནས་དད་
པ་དང་དགའ་བ་ཚད་མེད་སྐྱེས་ཏེ་མ་ཤིའི་གོང་དུ་ལྷ་ཡི་སྣང་བ་ཤར་ནས་འདོད་པའི་ལྷ་
རྒྱལ་ཆེན་རིགས་བཞིའི་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་དུ་རྒྱལ་པོ་རྣམ་ཐོས་སྲས་
ཀྱི་བུ་ལ་སྐྱེས་སོང་བ་རེད། སྲས་རྒྱལ་བ་ཕྱོགས་གླང་ཟེར་བ་དེ་རེད། དེང་སང་རྣམ་ཐོས་
སྲས་ཀྱི་བུམ་སྒྲུབ་བྱེད་དུས་རྒྱལ་བ་ཕྱོགས་གླང་ཟེར་བ་དེ་མ་སྐྱེས་དགྲའི་ཕ་དེ་རེད།
སངས་རྒྱས་ཀྱི་དགོངས་པ་དེ་འདྲ་གཅིག་ཡོད་རེད། སེམས་ཅན་གཅིག་གི་དོན་དུ་ཡང་
རྟག་ཏུ་དགོངས་པ་མ་གཏོགས་གཞན་དུ་གཡེང་བ་ཡོད་མ་རེད། སེམས་ཅན་སུ་འདྲ་
གཅིག་ཡིན་ནའང་དུས་སུ་ཕན་པ་དང་དགོས་པ་ཞིག་ཡོད་ན་སྐད་ཅིག་ཀྱང་ཕྱི་འགྱང་
འགྲོ་བ་ཡོད་མ་རེད། ཕྱི་གཤོལ་གྱི་ལེ་ལོ་ཡོད་མ་རེད། བསྙེལ་བ་མི་མངའ་བའི་ཆོས་
272
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཉིད་ཐུགས་བརྗེད་ཡག་མེད་པ་རེད། སངས་རྒྱས་ལ་ཟག་མེད་ཡེ་ཤེས་ཀྱི་སྡེ་ཚན་ཉི་ཤུ་
རྩ་གཅིག་ཡོད་རེད། སངས་རྒྱས་ཀྱིས་སེམས་ཅན་གཅིག་དང་མང་པོའ ་ི དོན་མཛད་པ་
ལ་སྐུ་མཉེལ་ལོད་ཁྱད་པར་ཡོད་མ་རེད་འབད་མེད་ལྷུན་འགྲུབ་རེད། མ་སྐྱེས་དགྲས་ཕ་
བསད་ཚར་དུས་ད་ཕ་དྲིན་ཆེན་དེ་བསད་ཚར་སོང་བསམ་མྱ་ངན་བྱས་བསྡད་དུས་ཨ་
མས་སངས་རྒྱས་སྐུ་མདུན་སོང་ཤིག། །མྱ་ངན་བྱེད་པས་ཕན་གྱི་མ་རེད་བྱེད་པ་རེད།
འགྲོ་མི་ནུས་ང་ཕ་བསད་མཁན་སྡིག་ཅན་གཅིག་ལ་སངས་རྒྱས་ཀྱིས་ཡ་གནང་གི་མ་
རེད་བྱེད་པ་རེད། སངས་རྒྱས་ཀྱིས་དྲག་ཞན་མཐོ་དམན་སུ་འདྲ་ཡིན་ནའང་ཡ་གནང་
གི་རེད། འགྲོ་ཤོག་ཟེར་ནས་ཨུ་ཚུག་བྱས་ཙང་ཕྱིན་པ་རེད། སངས་རྒྱས་ཀྱི་ཐུགས་རྗེ་
དང་གདུལ་བྱའི་བསོད་ནམས་སྨིན་པ་དུས་ལ་བབ་པ་ཡིན་དུས་སངས་རྒྱས་ཀྱིས་རྒྱལ་
པོ་ཆེན་པོ་བྱོན་པ་ལེགས་གསུངས་པ་རེད། ང་ལ་གསུང་གི་ཡོད་ཀྱི་མ་རེད་ཕ་བསད་
མཁན་ཡིན་ཙང་གཞན་དག་གཅིག་སླེབས་པ་མིན་འགྲོ་བསམ་བྱས་ཕར་ཚུར་བལྟ་དུས་
གཞན་སུ་ཡང་སླེབས་ཡོད་མ་རེད། ཡང་རྒྱལ་པོ་ཆེན་པོ་བྱོན་པ་ལེགས་གསུངས་པ་
རེད། ད་ང་ལ་གསུངས་པ་འདྲ་བསམ་ཡར་མཇལ་དུས་སངས་རྒྱས་ཀྱིས་ཁོ་ལ་མར་
གཟིགས་ནས་བཞུགས་ཡོད་པ་རེད། སུས་མཇལ་ནའང་དེ་ལ་གཟིགས་བསྡད་པ་རྒྱབ་
མདུན་གཡས་གཡོན་ག་ནས་མཇལ་ཀྱང་དེ་ལ་ཐུགས་མཉེས་པའི་སྒོ་ནས་གཟིགས་
བསྡད་པ་འདྲ་པོ་གཅིག་ཡོད་རེད། གླང་ཆེན་གྱི་ལྟ་སྟངས་ཟེར་བ་དེ་རེད།
(གླང་ཆེན་བལྟ་སྟངས་སྔན་མཛད་ནས།)
གསུངས་ཡོད་རེད། དེ་འདྲའི་གཟིགས་པ་རྣམ་པ་བརྒྱད་ཡོད་རེད། ཐག་རིང་ལ་སྤྱན་
ཡར་བརྫེ་བ་དང་ཐག་ཉེ་ལ་སྤྱན་མར་ཟུམ་པའི་སྒོ་ནས་གཟིགས་པ་འདྲ་པོ་དེ་འདྲ་ཡོད་
མ་རེད། སེམས་སྡུག་བསྔལ་བའི་སྒང་ལ་ཆོས་བཤད་ན་གོ་ཡི་ཡོད་མ་རེད། ད་ཕ་བསད་
པའི་སྡུག་བསྔལ་དང་རྒྱལ་པོ་ཆེན་པོ་བྱོན་པ་ལེགས་གསུངས་ཙང་དགའ་བ་སྐྱེས་པའི་
273
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དགའ་སྡུག་ཆ་མཉམ་པའི་སྐབས་ལ་
(ཕ་དང་མ་ནི་གསད་བྱ་ཞིང༌། །
རྒྱལ་པོ་གཙང་སྦྲ་ཅན་གཉིས་དང༌། །
ཡུལ་འཁོར་འཁོར་དང་བཅས་བཅོམ་ན། །
མི་དེ་དག་པ་ཉིད་དུ་འགྱུར། །
ཞེས་གསུངས་ཙང་། ད་ངས་ཕ་བསད་པ་འགྲིག་པ་འདྲ་བསམ་ནས་མར་ཡོང༌། སངས་
རྒྱས་ཀྱི་གསུང་དེ་སྙན་དྲག་ནས་བརྗེད་ཀྱི་ཡོད་མ་རེད། ཡོང་མཚམས་ཕ་མ་གཉིས་
གསད་བྱ་ཡིན་གསུངས་པ་དེ་ཕ་མ་རེད་མི་འདུག། བདག་འཛིན་མ་རིག་པ་རེད་འདུག།
དེ་མེད་པ་བཟོ་དགོས་ཤག་བསམ་དེ་མེད་པ་བཟོས་ན་ཀུན་ཉོན་ཕྱོགས་ཀྱི་རྒྱུ་འབྲས་ཀྱི་
རྟེན་འབྲེལ་འགགས་ཏེ་ཐར་པ་འཐོབ་པར་འགྱུར་བ་གོ་ཞིང༌། བདག་འཛིན་མ་རིག་པ་
མེད་པ་བཟོ་བ་ལ་བདག་མེད་རྟོགས་དགོས་པ་མཐོང་ནས་བདག་མེད་རྟོགས་པའི་ཤེས་
རབ་བསྒོམས་ཏེ་ཚེ་དེ་ལ་དགྲ་བཅོམ་ཐོབ་སོང་བ་རེད། དེ་འདྲ་བྱུང་བ་རེད།
(ཁྱོད་ཀྱིས་ཇི་སྙེད་བཀའ་སྩལ་པ། །
རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག)
འདྲ་མི ་ འདྲ་ག་རེ ་ གསུངས་ཀྱང་བརྩམ་གཞི ་ རྟེ ན ་འབྲེ ལ ་ཉི ད ་ལས་བརྩམས་པ་མ་
གཏོགས་གཞན་ཡོད་མ་རེད། དེ་ག་རེ་རེད་ཟེར་ན་ཞི་བ་མྱང་འདས་འཐོབ་པའི་ཆེད་དུ་
རེད།
(དེ་ཡང་མྱ་ངན་འདའ་ཕྱིར་ཏེ། །
ཞི་འགྱུར་མི་མཛད་ཁྱོད་ལ་མེད།) །
བྱེད་པ་རེད། སངས་རྒྱས་ཀྱི་འཕྲིན་ལས་དེ་འདྲ་རེད་བསམ་ནས་དད་པ་བྱེད། སྐྱབས་
འགྲོ་བྱེད་དུས་སངས་རྒྱས་ཀྱི་སྐུའི་ཡོན་ཏན་མཚན་དང་དཔེ་བྱད། གསུང་གི་ཡོན་
274
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཏན་གསུང་དབྱངས་ཡན་ལག་དྲུག་ཅུ། ཐུགས་ཀྱི་ཡོན་ཏན་དེ་ལ་ཟག་མེད་ཡེ་ཤེས་སྡེ་
ཚན་ཉེར་གཅིག་ནི། བྱང་ཕྱོགས་སོ་བདུན། ཚད་མེད་པ་བཞི། རྣམ་པར་ཐར་པ་བརྒྱད།
མཐར་གནས་སྙོམས་འཇུག་དགུ། ཟད་པར་བཅུ། ཟིལ་གནོན་བརྒྱད། ཉོན་མོངས་མེད་
པའི་ཏིང་ངེ་འཛིན། སྨོན་གནས་མཁྱེན་པ་དང༌། མངོན་ཤེས་དྲུག་དང༌། སོ་སོ་ཡང་དག་
པར་རིག་པ་བཞི་དང༌། ཡོངས་དག་བཞི་དང༌། དབང་བཅུ་དང༌། སྟོབས་བཅུ་དང༌། མི་
འཇིགས་པ་བཞི་དང༌། བསྲུང་བ་མེད་པ་གསུམ་དང༌། དྲན་པ་ཉེ་བར་བཞག་པ་གསུམ་
དང༌། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང༌། བག་ཆགས་ཀྱང་དག་པར་བཅོམ་པ་དང༌།
ཐུགས་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་དང༌། ཐམས་ཅད་ཤེས་པ་
ཉིད་དེ། (རབ་འབྱོར་འདི་དག་ནི་ཟག་པ་མེད་པའི་ཆོས་ཐམས་ཅད་ཅེས་བྱའོ།།)

དེ་འདྲའི་མཁྱེན་པའི་ཡོན་ཏན་དེ་ཚོ་དྲན་ན་སོ་སོའ ་ི བག་ཡོད་བསྟན་ཡག་ལ་
ཁྱད་ཡོད་རེད། ངས་འདི་འདྲས་བྱས་ན་མི་འགྲིག་སངས་རྒྱས་ཀྱིས་མཁྱེན་གྱི་རེད་
བསམ་པ་བྱེད། སངས་རྒྱས་ལ་ཡོན་ཏན་དེ་ལྟ་བུ་ཡོད་ནའང་མཛད་ཐབས་མེད་ན་རང་
རང་སོ་སོའ ་ི སྐྱོན་རེད་མ་གཏོགས་སངས་རྒྱས་ཀྱི་སྐྱོན་མ་རེད། དཔེར་ན། ཉི་མ་ཤར་
ཡོང་དུས་རིས་མེད་བྱས་ནས་ཤར་བ་རེད། བྲག་ཕུག་ཁ་བྱང་བསྟན་ན་ཉི་མ་ཕོག་གི་མ་
རེད། དེ་བྲག་ཕུག་གི་སྐྱོན་རེད་མ་གཏོགས་ཉི་མའི་སྐྱོན་མ་རེད། སངས་རྒྱས་ལ་ཐབས་
ཡོད་མེད་དེ་རང་ལ་རག་ལས་པ་ཡིན་ཙང་གསོལ་བ་སྨོན་ལམ་བཏབ། ཚོགས་གསོག་
སྒྲིབ་སྦྱངས་བྱས་དེ་འདྲ་ཐུབ་པ་ཡིན་ན་སངས་རྒྱས་ལ་ཐབས་ཡོད་པ་ཆགས་ཡོང་གི་
རེད།། །།

275
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

འཕྲོས་བཤད། 74

དྲུག་སྡེའི་གྲས་རེད། ཚུབ་སྡེར་རེད་དྲན་རྒྱུ་མང་པོ་རེ་ལབ་རྒྱུ་མང་པོ་ཆོས་
བཤད་དགོས་ནའང་མཁས་པ་ཞེ་དྲག་ཡོད་རེད། ཉི་མ་གཅིག་བྲམ་ཟེའི་བུ་མོ་གཅིག་
ལ་འོ་བྱེད་པ་རེད། བུ་མོས་སྐད་རྒྱབ་ནས་མ་རུང་པ་བྱས་སོང་ཟེར་བ་རེད། བྲམ་ཟེའི་
ཕ་དེས་འཆར་ཀ་ལ་རྒྱུག་པ་གཞུས་བྱས་རྒྱལ་པོ་རྩར་ཁྲིད་དགོས་ཟེར་ནས་ཁྲིད་དུས་
འཆར་ཀ་ཤཱཀྱའི་རིགས་ཤུགས་ཆེན་པོ་ཞེ་དྲག་ཡོད་རེད། མཉན་ཡོད་སྒོ་རྩར་སླེབས་
དུས་སྒོའ ་ི ཐེམ་པའི་སྒང་ལ་བསྡད་ནས་འགྲོ་རོགས་མི་བྱེད། བྲམ་ཟེ་ལྔ་བརྒྱ་ཐམ་པས་
འཐེན་ཀྱང་འཐེན་མ་ཐུབ་པ་རེད། དེའི་ཉིན་མོར་རྒྱལ་པོ་རྩར་འགྲོ་ན་དགྲ་བཅོམ་ཐོབ་
གྲབས་ཡོད་རེད། དེ་དུས་དུས་ལ་བབ་པ་རེད། དེའི་བར་དུ་མ་ཐོབ་པ་དེ་དུས་ལ་མ་བབ་
པ་རེད། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ནས་འཆར་ཀའི་ཤུགས་ཆུང་རུ་བཏང་བ་
རེད། བྱས་ཙང་ཆལ་ལེ་ཆོས་ལེ་བྱས་ནས་ཁྲིད་ཡོང་རྒྱལ་པོའ ་ི ཕོ་བྲང་རྩར་སླེབས་དུས་
ཁོས་འཕར་ཚག་གཅིག་རྒྱབ་བྱས་རྒྱལ་པོའ ་ི ཕོ་བྲང་འགུལ་བཅུག་བཞག་པ་རེད། དེ་
ནས་རྒྱལ་པོ་ལ་གཏུགས་ཏེ་ཁོས་ངའི་བུ་མོ་མ་རུང་པ་བྱེད་སོང་ཟེར། རྒྱལ་པོས་ཞིབ་
དཔྱད་བྱེད་འཆར་ཀ་ལ་རྒྱལ་པོས་ཞིབ་དཔྱད་བྱེད། བཙུན་མོ་ཕྲེང་ལྡན་མས་བུ་མོར་
ཞིབ་དཔྱད་བྱས་དེ་མ་རུང་པ་བྱས་མི་འདུག་ཟེར་བྱེད་པ་ག་རེ་ཡོད་རེད།
ཕ་མས་བུ་ཕྲུག་ལ་འོ་བྱེད་ཀྱི་ཡོད་རེད། ཟེར་ནས་འཆར་ཀ་དཀར་པོ་བཏང་
བཞག་པ་རེད། ཆད་པ་དངོས་གནས་བཅད་དུས་བྲམ་ཟེ་ཁོས་དགེ་སློང་ལ་རྒྱུག་པ་
གཞུས་འདུག་ལག་པ་ཡ་གཅིག་བཅད་ཤོག །བུ་མོ་དེས་མ་རུང་པ་བྱས་སོང་ཟེར་
ནས་སྐད་རྒྱབ་པའི་ཉེས་པ་རྟ་རྒོད་ཀྱི་མཇུག་མ་ལ་བཏགས་ནས་རྩ་གཤག་བཏང་ཤོག་
བྱེད་པ་རེད། འཆར་ཀས་རྒྱལ་པོ་ལ་ཡང་བསྐྱར་ཞུས་པ་རེད། བྲམ་ཟེ་ཡང་གསོད་རྒྱུ་
276
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རེད་བུ་མོ་ཡང་གསོད་རྒྱུ་རེད། དེ། ང་དགེ་སློང་གཅིག་ལ་ཐུག་སོང་ཙང་མི་མ་བསད་


རོགས་གནང་བྱེད་པ་རེད། ད་འགྲིག་ག་དགེ་སློང་སྒང་ལ་རྒྱུག་པ་གཞུས་པ་དེ་ཁྱེད་
ཀྱིས་བཟོད་ནའང་ངས་མི་བཟོད། དེ་ལ་ཉེས་པ་གཅིག་མ་བཏང་པ་ཐབས་མེད། ཁྱེད་
ལ་ཁྲེལ་མེད་ནའང་ང་ལ་ཁྲེལ་ཡོད་བྱེད་ནས་ཕ་གཤན་པའི་ལག་ན་སྤྲད་ནས་ལག་པ་ཡ་
གཅིག་བཅད་ཤོག་བྱེད་པ་རེད། གཤན་པས་མར་ཁྲིད་ནས་ལག་པ་བཅད་གྲབས་བྱེད་
དུས་ངའི་ལག་པ་གཡས་པ་མ་བཅད་རོགས་གཡོན་པ་བཅད་རོགས་བྱས་ཙང་གཡོན་
པ་བཅད་ནས་རྒྱལ་པོ་ལ་སྤྱན་འབུལ་ཞུས་དུས་རྒྱལ་པོས་ཁོས་རྒྱུག་པ་ཞུས་ས་ལག་
པ་གཡས་པས་ཞུས་ཡོད་ཀྱི་རེད། མ་གཏོགས་གཡོན་པས་ཞུས་ཡོད་ཀྱི་མ་རེད་གཡོན་
པ་བཅད་པ་ག་རེ་ཡིན་པ་ཟེར་དུས་ཁོས་གཡོན་པ་བཅད་ཀྱིན་ཟེར་གྱི་འདུག་བྱེད་པ་
རེད། དེ་ཁོ་རང་གིས་ལབ་པ་རེད། ངས་ཁྲིམས་གཡས་པ་ལ་ཕོག་པ་རེད། གཡས་པ་
བཅད་ནས་ཁྱེར་ཤོག་བྱས་ཙང་ཡང་མར་ཁྲིད་ནས་ལག་པ་གཡས་པ་བཅད་ནས་ཁྱེར་
ཡོང་བ་རེད། བྱས་ཙང་ལག་པ་གཉིས་ཀ་ཤོར་སོང་བ་རེད། འཆར་ཀས་ལབ་རྒྱུ་མང་
པོ་བཟོས་ཙང་སངས་རྒྱས་སྐུ་མདུན་བཅར་མ་ནུས་པ་རེད། ཤཱ་རིའི་བུ་ཡིན་ནམ་སུ་
ཡིན་ནམ་གཅིག་གི་རྩར་ཕྱིན་ནས་ཆོས་བཤད་རོགས་ཞུས་པ་རེད། ཆོས་ཁོ་རང་ལ་ག་
རེ་ཡིན་ནའང་བཤད་ཡག་ཡོད་རེད་དེ། སོ་སོའ ་ི བློ་དང་འཚམ་པའི་འདུལ་བའི་སྐལ་བ་
ཡོད་མཁན་གཅིག་གི་རྩར་ཕྱིན་པ་རེད། བཤགས་པ་བྱེད་ཤོག་གསུང་ཙང་ཆིལ་ལྷམ་
ཕུད་ཙོག་ཙོག་བྱས་བསྡད་ནས་ཕྱིར་བཅོས་བྱེད་པ་རེད།
དེ་ནས་གདན་སྒང་དུ་ཡར་དཀྱིལ་ཀྲུང་བཅའ་སྟེ་བསྡད་ཆོས་གསུང༌། བསམ་བློ་
བཏང་ཡོང་དུས་སྟོང་ཉིད་མངོན་སུམ་དུ་རྟོགས་ནས་འཆར་ཀས་དགྲ་བཅོམ་ཐོབ་སོང་
བ་རེད། ཁོང་གིས་ད་སངས་རྒྱས་ཀྱི་བཀའ་དྲིན་གྱིས་ཁམས་གསུམ་གྱི་འདོད་ཆགས་
ལས་བྲལ་སོང༌། སྲིད་པ་འདི་ལས་སྲིད་པ་གཞན་མི་ཤེས། ལམ་ཡོངས་སུ་རྫོགས་སོང་
277
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བསམ་དགའ་ནས་ད་ངས་སངས་རྒྱས་ལ་དྲིན་ལན་ག་རེ་འཇལ་དགོས་ཀྱི་འདུག་བལྟ་
དུས་སངས་རྒྱས་ལ་སེམས་ཅན་ཀྱི་དོན་བྱེད་ཡག་མ་གཏོགས་མི་འདུག་ན། སངས་
རྒྱས་རྩར་འགྲོ་མ་འགྲོ་མི་འདུག། ད་སེམས་ཅན་གྱི་དོན་བྱེད་དགོས་པ་འདུག་བསམ་སྟེ་
དེ་ནས་བཟུང་ཉི་མ་རེ་རེར་སེམས་ཅན་རེ་རེ་དགྲ་བཅོམ་ལ་བཀོད། མཚམས་མཚམས་
སེམས་ཅན་བཅུ་ཙམ་དགྲ་བཅོམ་ལ་བཀོད། སྐབས་གཅིག་སེམས་ཅན་སྟོང་ཕྲག་དགྲ་
བཅོམ་ལ་བཀོད་བྱས་དེ་འདྲའི་འགྲོ་དོན་རྒྱ་ཆེན་པོ་མཛད་པ་རེད། ཁྱིམ་པ་འདུལ་བའི་
མཆོག་ཏུ་ལུང་བསྟན་པ་རེད། ཡང་ཁྱིམ་བདག་དང་ཆུང་མ་གཉིས་དགྲ་བཅོམ་ཐོབ་ཡག་
གི་ལས་ཡོད་ཀྱང་ཁོ་གཉིས་ཕན་ཚུན་ཆགས་པས་གཟིར་ནས་དགྲ་བཅོམ་ཐོབ་ཐུབ་ཀྱི་
ཡོད་མ་རེད། ཁོང་གིས་དེ་གཟིགས་ནས་དེ་གཉིས་འདུལ་ཡག་དགོངས་ཏེ་ཕེབས་པ་
རེད། ཁྱིམ་བདག་གིས་སྒོ་འགྲམ་དུ་གཅིན་པ་བཏང་བསྡད་ཡོད་རེད། འཕགས་པ་ངའི་
ནང་ལ་མ་ཕེབས་བྱེད་པ་རེད་ཡ་ཡ་གསུངས་པ་རེད། འཕགས་པས་གཅིན་པ་རྫོགས་
རྒྱུ་མེད་པ་བྱིན་གྱིས་བརླབས་བཞག་ཙང༌། ད་འཕགས་པ་ནང་ལ་ཕེབས་བྱེད་པ་རེད་
ཕེབས་ནས་ཆུང་མ་དེ་མཐོང་བ་འདྲ། ལམ་སང་བྱིན་གྱིས་བརླབས་ནས་ཆུང་མ་ཤེལ་
དམ་ནང་བཞིན་ཁོང་པ་ནང་གང་ཡོད་པ་ཚང་མ་མཐོང་ཡག་གཅིག་བཟོས་པ་རེད། དེ་
ནས་མར་ཕེབས་པ་ན་ཁོའ ་ི གཅིན་པ་རྫོགས་པ་རེད། ཁྱིམ་བདག་གིས་ངའི་ཆུང་མ་
མཐོང་སོང་བས། ག་འདྲས་འདུག་བྱེད་པ་རེད། ཁྱེད་རང་གིས་མཐོང་བ་དེ་ག་རང་འདུག་
གསུངས་པ་རེད།
དེ་ནས་ཁྱིམ་བདག་ཡར་ཁྱིམ་ནང་འགྲོ་དུས་ཆུང་མ་ལ་མིག་གིས་བལྟ་ག་པ་
ལོ། ཚང་མ་ཕྱི་ལྟས་ནང་གསལ་བྱས་དེ་འཁྲིས་ལའང་འགྲོ་མི་ནུས་པ་བྱས་བསྡད་ཡོད་
རེད། དེ་ནས་འཕགས་པ་ལ་ཡར་ཕེབས་རོགས་ཞུས་ནས་བཤགས་པ་ཕུལ་གསོལ་བ་
བཏབ་ཙང་ཆུང་མ་སྔ་མ་ནང་བཞིན་བྱིན་གྱིས་བརླབས་པ་རེད། ཆོས་གསུང་རོགས་
278
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཞུས་པ་རེད་ཆོས་གསུངས་པས་ཁྱིམ་བདག་ཕོ་མོ་གཉིས་ཀས་དགྲ་བཅོམ་ཐོབ་སོང་བ་
རེད། ཡང་ཁྱིམ་བདག་གཏུམ་མོ་ཟེར་བ་ཨ་མ་ཁོང་ཁྲོ་ཚ་པོ་ཞེ་པོ་གཅིག་ཡོད་རེད། ལོ་
རེར་འདུས་པ་ཉི་མ་བདུན་བདུན་ཡོད་རེད། འདུས་པ་ཆེན་པོ་ཡིན་ཙང་ཨ་མས་རྒྱག་
རེས་རྒྱབ། རྒྱལ་པོས་བཙོན་ཁང་ནང་བཅུག། འདུས་པ་དེ་ཚུགས་གྲབས་བྱེད་དུས་
ཕ་བུ་གཉིས་བྲོས་འགྲོ་དགོས་རེད། ཨ་མ་རྩར་གཡོག་མོ་གཅིག་བཞག་བྱས་འདུས་
པ་ཚར་དུས་ཕ་བུ་གཉིས་ཚུར་ཡོང་ནང་ལ་མ་འགྲོ་བ་བྱས་རྒྱལ་པོའ ་ི སྒོ་འགྲམ་དུ་ཕྱིན་
ནས་ཞབས་གྲས་ཚོར་ཁྱིམ་བདག་གཏུམ་མོ་ག་པ་ཡོད་རེད་དྲིས་ཀྱི་ཡོད་རེད། དེ་དུས་
བཙོན་ཁང་གི་མིང་ལབ་དུས་གཏུམ་མོ་བླུ་ཡག་གི་ཐབས་ཤེས་བྱེད་དགོས་ཀྱི་ཡོད་རེད།
དེ་ནས་ཀྱང་ཕ་བུ་གཉིས་བྲོས་ཚར་རེད། མོ་རང་ནང་ལ་ཡོད་རེད་འཕགས་པ་འཆར་ཀ་
བསོད་སྙོམས་ལ་ཕེབས་ཀྱི་ཡོད་པ་གཏུམ་མོས་རིག་པ་རེད། ཤཱཀྱའི་དགེ་སློང་ཕེབས་
ཡོང་གི་འདུག་བསམ་མར་ཡོང་ནས་སྒོ་རྒྱབ་པ་རེད།
དེ་ནས་ཡར་འགྲོ་དུས་འཆར་ཀ་མོའ ་ི གཞུག་ལ་ཕེབས་ཡོང་བ་རེད། ག་པ་འགྲོ་
འགྲོ་སར་ཕེབས་ཡོང་དུས་ཨ་མས་ཅི་བྱེད་འདི་བྱེད་མ་བྱུང་བ་རེད། མཐའ་མ་མཐའ་མ་
མོས་འཁུར་བའམ་བག་ལེབ་བཟོ་བསྡད་ཡོད་རེད། འཆར་ཀ་ཡར་ཕེབས་ནས་གཟིགས་
བཞུགས་པ་རེད། ཁྱེད་ཀྱིས་ང་ལ་ལྟ་ནས་ག་རེ་རེད། ཁྱེད་ལ་འཁུར་དགོས་ཀྱི་ཡོད་རེད་
པས་བྱེད་པ་རེད། དགོས་ཀྱི་ཡོད་བྱེད་པ་རེད་སྤྲོད་ཀྱི་མ་རེད་ཁྱེད་ཀྱི་མིག་ཕོར་པ་ཙམ་
ལྟས་ནའང་སྤྲད་ཀྱི་མ་རེད་བྱེད་པ་རེད། སྤྱན་ཕོར་པ་ཙམ་གཟིགས་པ་རེད་ཁྱེད་ནམ་
མཁའ་ལ་འཕར་ནའང་སྤྲད་ཀྱི་མ་རེད་བྱེད་པ་རེད། ནམ་མཁའ་ལ་འཕར་བ་རེད། ཡང་
ཁྱེད་དུམ་བུ་གཉིས་ལ་བྱེ་ནའང་སྤྲད་ཀྱི་མིན་བྱེད་པ་རེད། ལམ་སང་སྐུ་གཟུགས་དུམ་
བུ་གཉིས་ལ་ཕྱིན་སྟེ་མར་ས་སྟེང་སྒང་དུ་འགྱེལ་འགོག་པ་ལ་མཉམ་པར་གཞག་སྡད་
པ་རེད། ཨ་མས་ད་བྱས་མ་སོང་ཡང་ཁོ་དེར་ཤི་ཚར་སོང༌། ད་རོ་དེ་སྦ་བཞག་ན་མ་
279
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གཏོགས་བཙུན་མོ་ཕྲེང་ལྡན་མ་དང་རྒྱལ་པོ་གཉིས་ཀྱིས་སྙད་བཏགས་ཀྱི་རེད་བསམ་
རོ་དེ་བསྡུས་འགྲོ་རོ་ཕར་ལྟར་བཞག། ན་བཟའ་ཙམ་ཡང་བསྒུལ་སྐྱོད་བཏང་མ་ཐུབ་པ་
ཁོང་གིས་བྱིན་གྱིས་བརླབས། དེ་ནས་བཟོད་པ་གསོལ་དགོས་བྱུང་བ་རེད། བཟོད་པ་
གསོལ་དུས་ཡར་བཞེངས་ཡོང་བ་རེད། ད་ཁྱེད་ལ་འཁུར་ར་ཕུལ་དགོས་ཟེར། ཡག་
སྤྲད་ཤོག་གསུང༌།
འཆར་ཀ་ལ་སྤྲོད་ཡག་འཁུར་ར་བླུག་ཡག་ཐུག་པ་འདྲ་དེ་ཉུང་ཉུང་ཞིག་བླུག་པ་
རེད་ཉུང་ཉུང་བླུག་དུས་ཉིལ་རེ་རེ་བྱས་འཁུར་སླང་ཁང་ཡོང་གི་ཡོད་རེད། དེ་ཨ་ག་རྒྱབ་
ཕར་བཞག་ཡང་ཆུང་ཆུང་ཞིག་བླུག་གི་ཡོད་རེད། དེ་ཡང་འཁུར་སླང་ཁང་ཡོང་ནས་ཆུང་
ཆུང་རྩ་བ་ནས་བཟོ་མ་ཐུབ་ཙང་ཨ་མ་འུ་ཐུགས་ནས་ཆེན་པོ་གཅིག་སྤྲད་པ་རེད། ཁྱོད་
ཀྱིས་དེ་འདྲ་རང་བློས་བཏང་པས་གསུངས་པ་རེད། མི་སྤྲད་རང་སྤྲད་རེད་ཆེན་པོ་མ་
གཏོགས་བཟོས་ས་རག་གི་མི་འདུག་བྱེད་པ་རེད། ཡག་གསུང་ཨ་མས་འཁུར་བ་ལེན་
པ་ན་འཁུར་བ་ཚང་མ་རྒྱུག་ཡོང་བ་རེད། ཁོང་གི་རྫུ་འཕྲུལ་རེད་པ་འཁུར་བ་ཚང་མ་
རྒྱུག་ཡོང་ནས་སྤྲད་དགོས་བྱུང་བ་རེད། ཁྱོད་ཀྱིས་དེ་འདྲ་སྤྲད་ཀྱི་ཡིན་པས་གསུང་མ་
སྤྲད་རང་སྤྲད་རེད། ང་ལ་དབང་མི་འདུག་བྱེད་པ་རེད། ད་འོ་ན་ང་མི་གཅིག་ལ་འཁུར་
བ་འདི་འདྲས་མི་དགོས་སངས་རྒྱས་འཁོར་དང་བཅས་ཕེབས་ཀྱི་ཡོད་རེད། དེར་ཕུལ་
འགྲོ་ཤོག་ཁྱེད་རང་གིས་ཕུལ་གསུངས་པ་རེད། སངས་རྒྱས་ལ་ཉན་ཐོས་ལྔ་བརྒྱ་ཙམ་
ཡོད་རེད་འདང་གི་མ་རེད་བྱེད་པ་རེད། འདང་ཚོད་ཕུལ་ཆོག་རེད་མ་འདང་ན་གཡུགས་
ཆོག་རེད་གསུངས། དེའི་སྒོ་འགྲམ་ཕེབས་བྱས་ཁྱིམ་བདག་གཏུམ་མོ་ཁྱེད་རང་ཕུལ་
མཁན་གྱིས་ཨ། ང་འདིར་བསྡད་དགོས་གསུང་ཁོང་གིས་འཁུར་བ་ཕྱི་ལོགས་ཉར་ཨ་
མ་ལག་བདེ་རྒྱུག་བཅུག་ནས་འཁུར་བ་རེ་རེ་འཁྱེར་ནས་ཕུལ་བཅུག་པ་རེད། ཚང་མ་
ལ་འདངས་སོང་བ་རེད། ལྷག་མ་ཡོད་རེད་བྱིན་གྱིས་བརླབས་པ་རེད། ཕུལ་ཚར་དུས་
280
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

འཕགས་པ་ཁྱེད་རང་འདིར་མ་བཞེས་ཕར་ནང་ལ་ཕེབས་ཕ་གི་བཞེས་ཤོག་ཟེར་ཏེ་ཁོ་
རྣམ་གཉིས་ནང་ལ་ཕེབས་ནས་འཁུར་བ་བཞེས་ཡོང་བསྔོ་བྱེད། དེ་ནས་ཆོས་གཅིག་
གསུངས་ཨ་མས་རྒྱུན་ཞུགས་ཡིན་ནམ་གང་ལྟར་བདེན་པ་མཐོང་བ་རེད། འཕགས་
ལམ་ཐོབ་འགྲོ་དུས་ཞེ་དྲག་གི་སྤྱོད་ལམ་གཙང་བ་མཛེས་པོ་ཡིད་དུ་འོང་བ་ཞི་ཞིང་དུལ་
བ་དེ་འདྲ་ཤིག་ཆགས་འགྲོ་བ་རེད། ད་ཕ་རྒན་དེ་ཚུར་ལོག་ཡོང་བ་རེད། ཚོགས་འདུས་
ཚར་ནས་དེ་བར་གཅིག་ལ་བསྒུགས་བསྡད། བུ་དེ་ལ་ཨ་མ་ག་པ་ཡོད་མེད་རྩད་གཅོད་
འགྲོ་ཤོག་རྒྱལ་པོའ ་ི སྒོ་འགྲམ་ཞབས་གྲས་ཚོར་སྐད་ཆ་དྲིས་བྱེད་པ་རེད། དྲིས་འགྲོ་
གཏུམ་མོ་རྩ་བ་ནས་གོ་རྒྱུ་མི་འདུག་བྱེད་པ་རེད། ཚུར་ཕ་རྒན་རྩར་ཡོང་ཞབས་གྲས་
ཚོར་ཨ་མ་རྩ་བ་ནས་བཤད་ཡག་མི་འདུག་བྱེད་པ་རེད་བྱས་ན་ཨ་མ་ཤི་བ་མིན་འགྲོ་ན་
བསྡད་མེད་འགྲོ་ནང་ལ་གཅིག་ལྟ་ཤོག་ཟེར། ནང་ལ་བལྟ་འགྲོ་དུས་ཨ་མ་ཞི་ཞིང་གཙང་
མ་ཨ་མའི་ཁ་ནས་སྐད་ཆ་འཇམ་པ་སྤྱོད་ལམ་དུལ་བ་ཡག་པོ་བྱས་བསྡད་ཡོད་པ་རེད།
ཕར་འགྲོ་ཕ་རྒན་ལ་ཨ་མ་ཡག་པོ་བྱས་བསྡད་ཤག་དུས་རྒྱུན་དང་མི་འདྲ་བ་སྤྱོད་ལམ་
གཙང་བ་དང་བ་འདྲེན་པོ་ཞེ་པོ་ཆགས་ཤག་བྱེད་པ་རེད། ཕ་བུ་གཉིས་ཚུར་ཡོང་ཕ་བུ་
གཉིས་ལ་ཁ་ལག་འདྲ་སྤྲད་བྱེད་པ་རེད། དུས་རྒྱུན་ཁྱེད་རང་འདི་འདྲའི་མེད་པ་ད་རེས་
ཁྱེད་གཞན་དང་མ་འདྲ་བའི་སྤྱོད་ལམ་མཛེས་པོ་དང་བ་འདྲེན་པོ་ཞེ་པོ་ཆགས་ཤག་ག་
རེ་བྱེད་པ་རེད་ཟེར། ང་སྤྱོད་ལམ་མཛེས་པོ་དང་བ་འདྲེན་པོ་མ་བྱས་རང་བྱས་འཕགས་
པ་འཆར་ཀས་ང་བཏུལ་བ་རེད་ཟེར། ཨ་ལེད་ང་མི་ཚེ་གཅིག་ལ་འཇམ་རྩུབ་ག་རེ་བྱས་
ནའང་བརྟུལ་མ་ཐུབ་པ་དེ་འཕགས་པ་འཆར་ཀས་བརྟུལ་པ་ཡིན་པ་རེད།
ད་འོ་ན་སང་ཉིན་འཕགས་པ་འཆར་ཀ་གདན་འདྲེན་ཞུས་ཤོག་ཞལ་ལག་ཕུལ་
དགོས་ཟེར། སང་ཉིན་འཕགས་པ་འཆར་ཀ་གདན་འདྲེན་ཞུས་ཀྱང་ཆོས་གསུངས་ཕ་བུ་
གཉིས་ཀས་བདེན་པ་མཐོང་། གསུམ་ཆར་དགྲ་བཅོམ་ཐོབ། འོ་ད་དེ་འདྲ་བྱེད་པ་རེད།
281
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དགྲ་བཅོམ་ཐོབ་མཁན་ཚོ་རབ་བྱུང་ཡིན་ན་ནི་ཕྱིར་བཅོས་བྱེད་དགོས་ཀྱི་འདུག །བཅུ་
བདུན་སྡེ་ཆུ་རྒལ་ཚར་སོང་ན་ལམ་སང་ཕྱིར་བཅོས་བྱེད་བཅུག་པ་རེད། བཅུ་བདུན་
སྡེ་ཟེར་ཡག་ཕ་བུ་བཅུ་བདུན་ཡོད་རེད། ལོ་ཉི་ཤུ་མ་ལོན་གོང་ནས་དགེ་སློང་བསྒྲུབས་
བཞག་རེད། ཉི་ཤུ་ལོན་པའི་བཅས་པ་མ་མཛད་གོང་ནས། དེ་བར་སྐད་ཆ་མང་པོ་ཡོད་
རེད། འཆར་ཀ་ཡིས་ཁོ་ཚོར་སྡུག་པོ་བཏང་བསམ་ནག་བྱེད། ཁོ་ཚོས་དྲུག་སྡེའི་འོག་ལ་
སྒུར་མ་དགོས་ཙམ་གཅིགབྱེད་ཟེར། དཔེ་ཆ་བལྟ་བློ་འཛིན་བྱེད་སྐྱོར་དགོང་དྲོ་མཆོད་
མེ་གཅིག་དཀྱིལ་དེར་བཞག། དཔེ་ཆ་སྐྱོར་བསྡད་དུས་འཆར་ཀས་ལྭ་བ་གཅིག་གྱོན་
མགོ་ཐུམས་རྒྱབ་ག་ལེ་དེ་ནས་འཛུལ་ཡོང་དཀྱིལ་དེར་ལངས་ནས་འདྲེ་བྱུང་ངོ་ཟེར་
ནས་མཆོད་མེ་བསད་བཞག་གི་རེད། ཁོ་ཚོ་སྐྲག་ཐག་ཆོད་ནས་སྐད་ངན་རྒྱབ་ནས་ཕར་
བྲོས་འགྲོ། ཡང་དགོང་དག་རེད་དུས་གྲྭ་ཕྲུག་ཚོས་ང་ཚོ་རྩར་འདྲེ་སླེབས་ཡོང་གི་འདུག་
ག་རེ་བྱེད་དགོས་རེད་ཟེར། གྲྭ་པ་གཅིག་གིས་འཆར་ཀས་བསམ་ནག་བྱེད་པ་ཡིན་པ་
རེད་བསམ་ཁྱེད་ཚོས་འདྲེ་དེ་ཟིན་ཐུབ་པ་མི་འདུག་གས་ཟེར། ཟིན་ཐུབ་ཡག་མི་འདུག་
ནག་གུང་ནང་བརླགས་འགྲོ་གི་འདུག་ཟེར། ཟིན་འདོད་འདུག་གས་ཟེར་འདོད་ཀྱི་འདུག་
ཟེར། འོ་ན་ཁྱེད་རང་ཚོས་ཕྱོགས་བཞི་ལ་མཆོད་མེ་བཞི་སྤར་འཁོགས་མ་བཞི་མར་
བཀབ་བཞག་ཤོག །དཀྱིལ་ལ་མཆོད་མེ་དུས་རྒྱུན་དེ་སྤར་ཞོག་དེ་ནས་དཔེ་ཆ་སྐྱོར་
བསྡད་འདྲེ་དེ་སླེབས་ཡོང་གི་རེད། དེ་དུས་ཁོས་མཆོད་མེ་དེ་བསད་སོང་ན་ལམ་སང་
མི་རེ་རེ་གིས་མཆོད་མེ་རེ་རེའི་འཁོགས་མ་དེ་ཕྱེ་གཞན་པ་ཚོས་སྒོ་བཀག ། དེ་ནས་
ཟིན་ཤོག་བྱེད་པ་རེད། འཆར་ཀ་དགྲ་བཅོམ་མ་ཐོབ་གོང་རེད་ལྭ་བ་གྱོན་མགོ་ཐུམས་
རྒྱབ་བྱས་ཡོང་ནས་མཆོད་མེ་དེ་བསད་ཁག་བྱེད་པ་རེད། གྲྭ་ཕྲུག་ཚོས་འདྲེ་བྱུང་འདྲེ་
བྱུང་ཟེར་ནས་མཆོད་མེ་བཞི་དེ་ཡར་སྤར་ཚུར་ཟིན། བརྡུང་བཞག་པ་རེད་མ་བརྡུངས་ང་
འཆར་ཀ་ཡིན་བྱེད་པ་རེད། འཆར་ཀ་མ་རེད་འདྲེ་རེད་ཟེར་ནས་ཡག་ཐག་ཆོད་བརྡུངས་
282
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བཞག་པ་རེད། སང་ཉིན་ཁོང་ཞེ་དྲག་སྙུང་ཙང་ཞག་རྩི་འདྲ་བྱུག་ཕྱི་ལོགས་ཉི་མ་ནང་
གདན་སྒང་དུ་འདྲིལ་ལོག་རྒྱབ་བྱས་བཞུགས་བསྡད་ཡོད་པ་འདྲ། དགེ་སློང་ཚོས་ག་རེ་
བྱས་སོང་ཟེར་ཀུ་རེ་ཅུང་ཟད་ཀྱི་ཕྱིར་མྱ་ངན་འདི་འདྲས་བྱུང་བྱེད་པ་རེད། རྩེད་མོ་ཏོག་
ཙམ་གཅིག་རྩེ་ཁག་བྱེད་དཀའ་ངལ་འདི་འདྲ་བྱུང་སོང་བྱེད་པ་རེད། དེ་འདྲའི་དེ་འདྲའི་
བྱེད་ནས་བཅུ་བདུན་སྡེའི་ནང་ཉེ་བར་འཁོར་དགྲ་བཅོམ་ཐོབ་ཚར་རེད། གཞན་པ་བཅུ་
དྲུག་གིས་ཐོབ་ཡོད་མ་རེད། ཁོང་རྣམ་ཚོ་འཆམ་འཆམ་ཕེབས་ཆུའི་ཁ་ལ་ཉེ་བར་འཁོར་
ཀྱིས་ཆུ་བཞེས་ནས་ཡར་བཞུགས་བསྡད་པ་རེད། ཕྲུག་གུ་དེ་ཚོ་རྩལ་ཆེན་པོ་ཡག་པོ་
ཡོད་རེད། ཆུའི་ནང་དུ་བརྐྱལ་རྒྱབ་ནས་ལག་པ་བརྡབས། ལག་པ་བརྡབས་པའི་སྐད་དེ་
ལ་རྔའི་སྐད། རྫ་རྔའི་སྐད། རྔ་ཟླུམ་གྱི་སྐད། གླང་པོ་ཆེའི་ངུར་སྒྲ་དེ་འདྲའི་ཟ་ངེ་ཟིང་ངེ་
བྱེད་སྐད་རྒྱབ་ནས། རྒྱལ་པོ་གསལ་རྒྱལ་ཀྱི་ཕོ་བྲང་ནང་ཡང་གསལ་ཐག་ཆོད་གོ་བྱས་
རྒྱལ་པོས་བཙུན་མོ་ཁྱེད་རང་བལྟོས་ཤིག་ཕར་གི་ཆུའི་ནང་དུ་ཡོད་པ་དེ་ཚོའི་སྤྱོད་པ་
ལ་བལྟོས་ཤིག་གསུངས། བཙུན་མོ་ཕྲེང་ལྡན་མས་དགེ་སློང་ཚོར་དད་པ་ཞེ་དྲག་བྱེད་
ཀྱི་ཡོད་ཙང་རྒྱལ་པོ་ཨ་ཙི་ཡིན་དང་ཡིན་ཕ་གི་དེ་ཚོ་ཕྲུ་གུ་ཆུང་ཆུང་ཤ་སྟག་རེད། ཕ་
གི་རྩེད་པ་ལ་ང་ཡ་མཚན་གྱི་མི་འདུག་ཁོང་རྣམ་པ་ཚོ་ལོ་ཆུང་ཆུང་རེད་འདོད་པ་སྤངས་
ཐུབ་པ་དེ་ལ་ང་ཞེ་དྲག་ཡ་མཚན་གྱི་འདུག་བྱེད་པ་རེད། ཡ་མཚན་རྒྱུ་ཞིག་ལ་རྒྱལ་པོ་
ཁྱེད་རང་འཆི་བདག་ཕོ་ཉ་སླེབས་ལ་ཉེ་ནའང་འདོད་པ་ལས་ཐུགས་མ་ལོག་པ་དེ་ལ་ང་
ཡ་མཚན་གྱི་འདུག་བྱེད་པ་རེད། རྒྱལ་པོ་དེས་ཏོག་ཙམ་ཞལ་རས་འགྱུར། ལབ་ཡག་
མ་རྙེད་འཚེར་པོ་བྱུང་བ་རེད། རྒྱལ་པོ་ལ་ལན་དེ་སློག་བྱས་ད་དེ་འདྲ་རང་རྩེད་རྒྱུ་མི་
འདུག། སངས་རྒྱས་ལ་བཅས་པ་གཅིག་མཛད་རོགས་ཞུ་དགོས་བསམ་བྱས་གཡོག་
མོ་གཅིག་ལ་ཉན་ཐོས་ཚོ་ལ་ཆུ་ལ་རྩེ་བ་ཧ་ཅང་ཐལ་ཆེ་བ་ཡང་མིན་ཙམ་གཅིག་གི་
ཁྲིམས་སུ་བཅའ་བ་ཅུང་ཟད་གཅིག་དགོངས་པ་བཞེས་རོགས་གྱིས་ཞུ་སར་བཏང་བ་
283
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རེད། ཉེ་བར་འཁོར་ཀྱིས་མངོན་ཤེས་ཡོད་ཙང་རྒྱལ་པོ་མ་དད་པ་སྐྱེས་སོང་བསམ། ད་
འགྲིག་ག་ཡར་དུག་ལོག་གྱོན་ཤོག་ཟེར། ད་ཚུར་ཤོག་ངས་ཆོས་བཤད་དགོས་ཟེར་
ལྷམ་མ་གྱོན་ཕྱག་འཚལ་ཤོག་ཟེར། ཕྱག་འཚལ་ད་བཤགས་པ་བྱེད་ཤོག་གསུང་ཕྱིར་
བཅོས་བྱེད་གཅུག་ཕྱིར་བཅོས་ཚར་དུས་ཆོས་གཅིག་གསུངས་པ་རེད། བཅུ་དྲུག་ཚང་
མས་དགྲ་བཅོམ་ཐོབ། ད་རེས་རྫུ་འཕྲུལ་བསྟན་ནས་འགྲོ་གི་ཡིན་གསུང་རྒྱལ་པོ་དད་
པ་མེད་ཙང་བརྟུལ་དགོས་ཀྱི་ཡོད་རེད། བཅུ་དྲུག་དང་ཉེ་བར་འཁོར་དང་བཅས་བཅུ་
བདུན་པོ་ཚང་མ་ནམ་མཁའ་ལ་བྱ་འཕུར་བ་ནང་བཞིན་བྱས་རྒྱལ་པོའ ་ི ཕོ་བྲང་ཐོག་ནས་
མར་ལྡིང་ནས་འགྲོ་བ་རེད།
རྒྱལ་པོས་ཕྲེང་ལྡན་མ་ལ་འདི་ཚོ་སུ་རེད་བྱེད་པ་རེད། འདི་ཚོ་ཆུའི་ནང་རྩེ་མོ་
རྩེད་མཁན་དེ་ཚོ་རེད་ཟེར། ཨ་ག་རེ་བྱེད་པ་རེད། དེ་འདྲ་རང་མི་འདུག་ཨ་ནི་ག་རེ་
བྱེད་པ་རེད། རྒྱལ་པོ་ཁྱེད་རང་རྟག་པར་བསོད་སྙོམས་སྐབས་ཕེབས་ཀྱི་འདུག་ག །
སངས་རྒྱས་ཀྱི་གསུང་གོ་མ་སོང་ངས་བྱེད་པ་རེད། ཨ་ག་རེ་ག་རེ་གསུང་གི་འདུག་
བྱེད་པ་རེད། སངས་རྒྱས་ཀྱིས་ང་ཡི་ཉན་ཐོས་རྣམས་འདུག་པ་ན་འདོད་ཆགས་དང་
བཅས། ལྡང་བ་ན་འདོད་ཆགས་དང་བྲལ་གསུངས་ཀྱི་མི་འདུག་ཀས་ཁྱེད་རང་གིས་མ་
གསན་པ་རེད་ཟེར། དེ་ནས་གཞི་ནས་ཡག་ད་ཉན་ཐོས་ལ་མ་དད་པ་བྱེད་རྒྱུ་མི་འདུག་
བསམ་བྱས་འགྱོད་པ་དང་དད་པ་སྐྱེས། ཁོང་དེ་ནས་དགྲ་བཅོམ་ཐོབ་པ་རེད། ཕྱིར་
བཅོས་བྱེད་དགོས་ཡག་དེ་ངེས་པར་དུ་རེད། ད་ང་རང་ཚོ་བཤགས་སྦྱང་གལ་ཆེ་བ་
རེད། དུག་གསུམ་གྱིས་བཅས་པས་རྟོགས་པ་སྐྱེ་བ་ལ་སྒྲིབ་པ་རེད།
(ལྷག་པར་ལས་སྒྲིབ་སྦྱོང་བ་གནད་ཆེ་བས། །
རྒྱུན་དུ་སྟོབས་བཞི་ཚང་བར་བསྟེན་པ་གཅེས།) །
གསུངས་ཡག་དེ་གང་ལ་ཡིན་ནའང་ལས་སྒྲིབ་སྦྱངས་དགོས་པ་རེད། ལས་སྒྲིབ་མ་
284
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

སྦྱངས་ན་སྐྱེ་བ་ཕྱི་མ་རྣམ་སྨིན་ཡོན་ཏན་བརྒྱད་ལྡན་ཐོབ་ཀྱི་ཡོད་མ་རེད། ཚེ་འདི་ལ་ཕོ་
བཟོ་ནས་ལམ་སྣ་ཟིན་རོགས་བྱེད་ན་ཨང་དང་པོ་བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་
ཆད་སྐྱེས་ན་ལམ་སྣ་ཟིན་པ་རེད། ལམ་སྣ་ཟིན་ཀྱང་བརྟན་པོ་ཡོད་མ་རེད་ཡང་དམྱལ་བ་
ནང་སོང་ན་ཚར་པ་རེད། ཡིན་ཙང་ལམ་སྣ་ཟིན་སྐྱེ་བ་ཕྱི་མ་མིའི་ལུས་རྟེན་རྣམ་སྨིན་ཡོན་
ཏན་བརྒྱད་དང་ལྡན་པ་གཅིག་ལེན་དགོས་པ་རེད། རྣམ་སྨིན་ཡོན་ཏན་ངོ་ཤེས་དགོས་
རེད། ཡོན་ཏན་རེ་རེ་ལ་ཕན་ཡོན་རེ་རེ་ཡོད་རེད་དེ་བྱུང་ན་ཆོས་དེ་མ་ཡོང་ཐབས་མེད་
འདྲ་གཅིག་ཡོད་རེད། དེ་འདྲ་ཡིན་ཙང་ཡོན་ཏན་བརྒྱད་ཀྱི་རྒྱུ་ལ་བསླབ་དགོས་རེད།
(ལམ་མཆོག་བསྒྲུབ་ལ་མཚན་ཉིད་ཚང་བའི་བརྟེན། །
མ་རྙེད་བར་དུ་ས་ཆོད་མི་འོང་བས། །
དེ་ཡི་མ་ཚང་མེད་པའི་རྒྱུ་ལ་བསླབ།) །
ཞེས་ལམ་མཆོག་བསྒྲུབ་པ་ལ་མཚན་ཉིད་ཚང་བའི་རྟེན་མ་རྙེད་ཀྱི་བར་དུ་ག་
ཚོད་བསྒོམ་རྒྱབ་ཁག་བྱེད་ནའང་ས་ཆོད་ཡོང་གི་མ་རེད་ཟེར།
(སྒོ་གསུམ་སྡིག་ལྟུང་དྲི་མས་སྦགས་པ་འདི། །
ལྷག་པར་ལས་སྒྲིབ་སྦྱོང་བ་གནད་ཆེ་བས།) །ཞེས་ང་རང་ཚོའི་སྒོ་
གསུམ་སྟེ་ལུས་ངགཡིད་གསུམ་ལ་སྡིག་པ་དང་ལྟུང་བས་གོས་ནས་ཞག་རྩིས་འཚོས་
སྡད་པའི་བཟོ་འདྲ་པོ་རེད་བསྡད་ཡོད་རེད། དེ་ཡིན་ཙང་སྡིག་ལྟུང་སྦྱོང་བ་གལ་ཆེན་པོ་
མཐོང་ནས་ཉི་མ་རེ་རེ་ལ་སྟོབས་བཞིའི་བཤགས་སྡོམ་རེ་མ་མཐའ་ནས་མ་ཆད་པ་བྱེད་
དགོས་པར་གསུངས་པ་རེད།
(རྒྱུན་དུ་སྟོབས་བཞི་ཚང་བར་བསྟེན་པ་གཅེས། །
རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །
ཐར་འདོད་ཁྱོད་ཀྱང་དེ་བཞིན་བསྐྱང་འཚལ་ལོ།) །
285
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གསུངས་པ་རེད། དེ་ཚོ་ཐུགས་ལ་བཞག་རྡོར་སེམས་བསྒོམ་བཟླས་དགོས་པ་ཨ་ཡིན་
མ་ཡིན་དོན་དུ་སྟོབས་བཞི་ཚང་བའི་བཤགས་སྡོམ་བསྟེན་དགོས་པ་རེད། རྡོར་སེམས་
བསྒོམ་བཟླས་དེ་ད་བཞག་རྒྱུ་བྱས་ཤེས་མི་ཤེས་ཞེ་དྲག་མི་འདུག་གནད་འགག་དེ་འདྲ་
གཅིག་རང་རེད།། །།

མཎྜལ།93

འགྲོ ་ མགོ ན ་ཆོ ས ་རྒྱལ་འཕགས་པ་ནི ་ རྒྱ་ནག་གོ ང ་མའི ་ དབུ་བླ་ཕེ བ ས་དུས་
བྱབས་ཁྲུས་གནང་དགོས་ཙང་མདུན་ལྕོག་སྒང་ལ་བུམ་པ་འདྲེད་བརྡབ་ཤོར་བའི་རྐྱེན་
གྱིས་བུམ་པར་ཞབས་རྭ་སྒར། ཆུ་བླུག་བདེ་བའི་ཆེད་དུ་བུམ་པར་མཆུ་ཏོ་སྒར་གནང་
བ་རེད། མཎྜལ་ཚོམ་བུ་ཉེར་ལྔའི་སྟེང་ཀུན་རིག་དཀྱིལ་འཁོར་ཀྱི་བྱང་ཕྱོགས་མཆོད་
ལྷ་སྒེག་སོགས་ལྷ་མོ་བརྒྱད་དང་གླིང་བཞིའི་ཁྱད་ནོར་བཞི་སོགས་བསྣོན་ནས་ཚོམ་བུ་
སོ་བདུན་མ་བཟོས་གནང་བ་རེད། ཁོང་རྒྱ་ནག་གོང་མའི་དབུ་བླ་ཕེབས་ཡག་དེ་ཁོང་
གི་སྔོན་ལ་བླ་མ་གཅིག་གིས་རྒྱ་ནག་གོང་མ་དེ་དབང་དུ་བསྡུ་ཐུབ་ན་བསྟན་པ་དར་
བ་འདུག་དགོངས་ནས་ཚོགས་བདག་བསྒྲུབས་ཏེ་འགྲུབ་པ་རེད། ཚོགས་བདག་ཞལ་
གཟིགས་དུས་རྒྱ་ནག་གོང་མ་དབང་དུ་འདུ་བའི་དངོས་གྲུབ་གཅིག་དགོས་ཞུས་པ་རེད།
ཚོགས་བདག་གིས་དངོས་གྲུབ་སྟེར་བ་ལ་ཁོ་རང་ལ་བསོད་ནམས་མེད་པ་རེད། བསོད་
ནམས་མེད་ན་དངོས་གྲུབ་རག་གི་མེད་པ་རེད། བླ་མ་བསོད་ཅན་ཡིན་པ་ན་གཅིག་ཡིན་
པ་རེད་བླ་མ་དེ་བསོད་ནམས་ཆེན་པོ་ཡོད་པ་འདྲ་དེ་དགོངས་པ་རྫོགས་བཅུག་ནས་
དེའི་རྣམ་པར་ཤེས་པ་དེ་ས་སྐྱ་ཁོ་རང་ཚོའི་གདུངས་བརྒྱུད་དུ་འཁྲུངས་བཅུག་ནས་དེ་
འགྲོ་མགོན་ཆོས་རྒྱལ་འཕགས་པ་རེད། ཁོང་ཆུང་དུས་ནས་ཚོགས་བདག་གི་ཞལ་
286
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བསྟན་ནས་རི་རབ་ཀྱི་རྩེ་ལ་ཁྲིད་སོང་བ་རེད། ད་འཛམ་བུ་གླིང་ལ་མར་ལྟོས་ཤིག་ག་
འདྲས་འདུག་གསུངས་པ་རེད། ཁོང་ཆུང་ཆུང་ཡིན་ཙང་ས་སྐྱ་ལ་ཏོག་ཙམ་གཟིགས་རྒྱ་
ནག་སྔོ་སིང་སིང་ཡོད་ཙང་ཏོག་ཙམ་གཟིགས་གཞན་དག་ལ་མ་གཟིགས་པ་རེད། དེ་
ནས་འཛམ་བུའི་གླིང་ནང་མར་བསྐྱལ་པ་རེད། ས་སྐྱ་གཟིགས་པའི་རྐྱེན་གྱིས་བོད་ཁྲི་
སྐོར་བཅུ་གསུམ་ས་སྐྱས་དབང་དུ་བསྡུས། རྒྱ་ནག་ལ་གཟིགས་པའི་རྐྱེན་གྱིས་རྒྱ་ནག་
གོང་མའི་དབུ་བླར་ཕེབས་རྒྱུ་བྱུང་བྱས་འདུག་སེ་རེད།། །།

འཕྲོས་བཤད།
འོ ་ ན་དཔག་བསམ་ཤི ང ་དེ ་ ང་ཚོ ་ འཛམ་བུ་གླི ང ་ནང་ལོ ང ས་སྤྱོ ད ་བྱ་ཡག་མི ་
འདུག་ཟེར་ན། ཡོད་མ་རེད། རྒྱ་མཚོའི་ནང་ལ་ཡོད་ཙང་ང་ཚོས་ལོངས་སྤྱོད་མི་ཐུབ་པ་
རེད། ཤིང་འཛམ་བུ་ཀྲི་ཆ་ཟེར་ཡག་དེ་ཡིན་གྱི་རེད། ཞོགས་པ་སྔ་པོ་ཉི་མ་ཕོག་མ་ཕོག་
གོང་ལ་འོད་ཆེན་པོ་ཡོང་ཡག་དེ་ཤིང་འཛམ་བུ་ཀྲི་ཆ་ལ་འོད་ཕོག་གི་ཡོད་རེད། ཁོའ ་ི
འབྲས་བུ་དེ་ཕལ་ཆེར་འབྲུ་ཁལ་གཅིག་བླུགས་སའི་རྫ་མ་ཙམ་གཅིག་ཡོད་པ་མིན་འགྲོ་
དེ་འདྲ་གཅིག་ཡོད་རེད། དེ་མར་རྒྱ་མཚོའི་ནང་ལ་ཟག་འགྲོ་དུས་འཛམ་ཟེར་ཀྱི་ཡོད་
རེད། མཚོའི་ལྦུ་བ་ཡོད་རེད་དམ་ཁོ་མར་འོག་ལ་འཛུལ་འགྲོ་དུས་ལྦུ་བ་ཡིས་ལྦུའོ་ཟེར་
གྱི་རེད་པ། བྱས་ཙང་འཛམ་བུ་གླིང་གི་མིང་ཁོ་ལ་བརྟེན་ནས་བཏགས་པ་རེད། ཀླུ་ཡི་
རྒྱལ་པོ་ཚོས་ཉ་ལ་སྤྲུལ་ནས་ཤིང་ཐོག་དེ་ལེན་ནས་ཟ་ཡི་ཡོད་རེད་ཀླུ་དྲག་ག་ཚོས། ཀླུ་
དང་མ་ཐུག་པ་ཚོ་ཆུའོ་སེ་ཏ་དང་ཕྲད་སོང་ན་སེ་ཏས་འཁྱེར་ཡོང་གི་རེད། ཁྱེར་ཡོང་
ནས་མཚོ་མ་དྲོས་ནང་སླེབས་ཡོང་གི་ཡོད་རེད། དེར་སླེབས་ནས་བསྐོར་ར་བདུན་རྒྱབ་
ཀྱི་རེད། ཁ་ཤས་གསུམ་ཟེར་བ་འདྲ་པོ་རེད། དེ་འཛམ་བུ་ཆུ་བོའ ་ི གསེར་རེད། གསེར་
ལ་གྱུར་སོང་བ་རེད། མཚོ་མ་དྲོས་དེ་ཕྱོགས་བཞི་ལ་ཆུའོ་བཞིས་བསྐོར་བསྡད་ཡོད་
287
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རེད་རེད་དེ་དེ་རིང་སང་ཉིན་ཆུའོ་བཞི་ཉེ་ལམ་འདྲ་རེད་བསྡད་ཡོད་རེད། མཚོ་མ་དྲོས་
དེ་མཚོ་མ་ཕམ་རེད། དེ་མ་ཡིན་པ་ཡོད་མ་རེད་འཛམ་བུ་གླིང་ནང༌། ད་སྣོད་བཅུད་ཀྱི་
འགྱུར་བ་འགྲིབ་འགྲོ་དུས་དེ་འདྲ་རེད་འགྲོ་བ་རེད་སྔོན་མ་དགྲ་བཅོམ་པ་ལྔ་བརྒྱ་ཕེབས་
ས་ཀྱང་མ་དྲོས་པའི་མཚོའི་འགྲམ་དེར་ད་ལྟ་ཞབས་རྗེས་ཀྱང་ཡོད་རེད། མཚོ་མ་ཕམ་
འཁྱགས་བག་རྒྱབ་ཡོང་དུས་དཀྱིལ་དེར་ཡར་རྡོག་རྡོག་རེད་ཡོང་གི་ཡོད་རེད། དེ་ཆུའོ་
རྣམ་བཞིས་བསྐོར་ཀྱི་ཡོད་པ་དེས་རྐྱེན་གྱིས་འཁྱགས་བག་རྒྱབ་ཡོང་དུས་ཆུ་ཡར་
འབུར་འབུར་བྱེད་པ་ཡིན་ཟེར་བ་རེད། ཁ་འབབ་རྣམ་བཞི་དེ་གླང་ཆེན་ཁ་འབབ་རྟ་ཁ་
འབབ་རྨ་བྱ་ཁ་འབབ་སེང་གེ་ཁ་འབབ་ཟེར་བ་བཞི་པོ་དེའི་ཁ་རེ་རེ་ནང་ནས་ཆུ་རེ་རེ་
འབབས་ཏེ་སྐོར་ར་བསྐོར་ནས་འགྲོ་དགོས་པ་རེད། དེང་སང་ཁ་འབབ་བཞི་ཡོད་རེད་
དེ་ཐག་རིང་ཐུང་ཏོག་ཙམ་ཡོད་རེད་ང་རང་ད་འགྲོ་མ་མྱོང་དེ་འདྲ་དེ་འདྲ་འདུག་ཟེར་
རེད། བྱེ་མ་དེ་ཡ་མཚན་ཞིག་ཡོད་འདུག་དཀར་སེར་དམར་ལྗང་མཚོན་སྣ་མང་པོ་རྡུལ་
མཚོན་བཟོ་འདྲ་པོ་དེ་འདྲ་ཁྱེར་ཡོང་གི་འདུག། མཚོ་མ་ཕམ་བྱེ་མ་རེད་ཟེར་ནས། ཡང་
མཚོ་མ་ཕམ་ཉ་ཤ་རེད་ཟེར་ནས་ཉ་ཆུང་ཆུང་དེ་འདྲ་ཁྱེར་ཡོང༌། དེ་ང་ཚོ་ཆུ་བསག་དུས་
ཟས་ན་ཕན་ཡོང༌། མཚོ་མ་ཕམ་དེ་སྟོད་གངས་རིན་པོ་ཆེ་མཇལ་འགྲོ་དུས་དེའི་འཁྲིས་
ལ་ཡོད་རེད། སྔ་མ་སངས་རྒྱས་ཞལ་བཞུགས་དུས་མཚོ་མ་ཕམ་དེ་མ་དྲོས་མཚོ་རེད།
དེའི་མཚོ་བདག་ཀླུ་མ་དྲོས་པ་ཡོད་རེད། དེ་ཡོད་ཙང་ཁོ་ཡི་བསོད་ནམས་འཛམ་བུ་ཀྲི་
ཆའི་ཤིང་གི་འབྲས་བུ་འཛམ་བུ་ཆུ་གསེར་ཁྱེར་ཡོང༌། དེ་བཞིན་ཆུ་བོ་གངྒའི་དངུལ་གྱི་
བྱེ་མ་བཏོན། ཆུ་བོ་སེ་ཏས་གསེར་གྱི་བྱེ་མ་བཏོན། ཆུ་བོ་པག་ཆུ་སོགས་ཆུ་བོ་ཆེན་པོ་
བཞིས་རིན་པོ་ཆེ་བཞི་བཏོན། འཛམ་བུ་གླིང་གི་ས་འོག་ལའང་རིན་ཆེན་མང་པོ་བཏོན་
བྱས་འདུག་སེ་རེད།
(མ་དྲོས་མཚོ་ལ་ཀླུ་དབང་ཀླུ་བདག་མེད་གྱུར་ན། །
288
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དེ་ལ་རིན་ཆེན་གཟུགས་མང་ཡོད་པ་ག་ལ་འགྱུར། །
ཟེར་ཡག་འདྲ་པོ་དང༌།
འཛམ་བུ་གླིང་ན་ཆུ་ཀླུང་ཇི་སྙེད་ཅི་མང་མཆིས། །
མེ་ཏོག་འབྲས་དང་ནས་དང་ནགས་ཚལ་བསྐྱེད་བྱེད་པ། །
དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན།།
འཛམ་བུ་གླི ང ་ན་མེ ་ ཏོ ག ་དང་འབྲས་བུ་སོ ག ས་ཚང་མ་ལ་མཚོ ་ མ་དྲོ ས ་དེ འི ་ བདག་
འབྲས་ཡིན་ཁོའ ་ི བསོད་ནམས་ཡིན་ཟེར་རེད།
སྔོན་སངས་རྒྱས་ཀྱིས་ལུང་བསྟན་ཕེབས་དུས་མཚོ་ནང་པདྨ་ཞེ་དྲག་ཡོད་པ་
རེད། པདྨའི་རྩ་བ་དེ་ཞིམ་པོ་ཞེ་དྲག་ཡོད་རེད། དགེ་སློང་ཚོས་པདྨའི་རྩ་བ་ཏོག་ཙེ་ཏོག་
ཙེ་བཞེས་དེ་མཉེས་པོ་བྱུང་བ་ཡིན་ཙང་དགེ་སློང་ཚོ་ཚུར་ལོག་ཕེབས་ནས་གཉན་ཡོད་
ན་བཞུགས་དུས་མུ་སྟེགས་པའི་ཞབས་ཕྱི་ཚོས་པདྨའི་རྩ་བ་བཀོག་ནས་གཉན་ཡོད་
ཀུན་དགའ་ར་བ་ན་ཕུལ་ཡོང་བའི་ལོ་རྒྱུས་འདུལ་བ་ནང་ལ་ཡོང༌། དེང་སང་མཚོ་མ་
དྲོས་ནང་ལ་པདྨའི་རྩ་བ་མེད་པ་མ་ཟད་པདྨའི་ལོ་མ་ཡང་ཡོད་མ་རེད། སྣོད་བཅུད་ཀྱི་
འགྱུར་བ་ཟེར་ཡག་དེ་ཁོ་རང་རང་ངོས་ནས་འགྲིབ་ཡོད་དང་མེད་ང་རང་ཚོས་མཐོང་གི་
ཡོད་མ་རེད། མ་དྲོས་མཚོ་ལ་མཚོ་གཡོག་ལྔ་བརྒྱ་ཟེར་མཚོ་ཁོ་རང་ལ་དཔག་ཚད་ལྔ་
བཅུ་མཚོ་གཡོག་ལྔ་བརྒྱ་ལ་དཔག་ཚད་རེ་རེ་ཡོད་རེད། བྲག་གསེར་ཀྱི་བྱ་རྗེས་ཅན་ལ་
བྲག་གཡོག་ལྔ་བརྒྱ། བྲག་དེ་ལའང་དཔག་ཚད་ག་ཚོད་ཡིན་ན་གཅིག་ཡོད་རེད། ཤིང་
ས་ལའི་ཕྲེང་བ་ལ་ཤིང་གཡོག་རིམ་པ་བདུན་ཤིང་ཁོ་རང་གི་ཡལ་ག་ཕར་བརྐྱངས་པ་
ལ་ཧ་ལམ་རྒྱང་གྲག་གཅིག་ཡིན་ནམ་གཅིག་དེའི་མཐར་ཕྲེང་བ་རིམ་པ་དང་པོ་དེ་ཐུག་
དེའི་མཐར་རིམ་པ་ཕྱི་མ་ཕྱི་མ་བྱེད་ནས་ཕྲེང་བ་རིམ་པ་བདུན། འོ་ད་དེ་འདྲ་ཡོད་ལྷའི་
དབང་པོ་བརྒྱ་བྱིན་གྱི་གླང་པོ་ཆེ་ས་ལ་རབ་བརྟན་དབྱར་ཟླ་གསུམ་དཔྱིད་ཟླ་གསུམ་
289
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དགུན་ཟླ་གསུམ་མཚོ་མ་དྲོས་པ་དང་བྲག་གསེར་ཀྱི་བྱ་ལྕིབས་སམ་བྱ་རྗེས་ཅན་དང་
དེ་བར་བསྡད་ཀྱི་ཡོད་རེད། ཟླ་བ་གསུམ་གྱི་རིང་ལྷ་གནས་སུ་བསྡད་ཀྱི་ཡོད་རེད། དེ་
ཚོ་སྔོན་མའི་ལོ་རྒྱུས་རེད་སངས་རྒྱས་ཀྱི་གསུང་ལ་བསླུ་བ་ཡོད་མ་རེད། དེང་སང་མི་
འདུག་ཟེར་ཀྱི་རེད་ཡོད་མ་རེད། མཚན་རིག་པ་བདེན་པ་རེད་བསོད་ནམས་འགྲིབ་པ་
རེད། དེང་སང་གྲུ་བཏང་འགྲོ་དུས་ཆུ་སྲིན་ཆེན་པོ་དེ་ཚོ་ཡང་མཐོང་གི་མི་འདུག་རིན་པོ་
ཆེའི་རི་དང་གསེར་གྱི་རི་དེ་ཚོ་ཡང་མཐོང་གི་མི་འདུག་གང་ཡང་མི་འདུག །དེ་ཕར་ལྟར་
བཞག་ནས་མ་མཐོང་བ་ལ་ཆ་བཞག་ན་ལྷ་སའི་ཇོ་བོ་མ་མཇལ་མཁན་ག་འདྲས་བྱུང་
སོང༌། སྔོན་མ་རྨ་རིག་གི་དཔོན་པོ་གཅིག་ལྷ་སར་མཆོད་འབུལ་བྱ་ས་ཡོང་ནས་ལམ་
འགག་ལྷོར་རྫོང་གི་གཤམ་དེར་རི་རྩར་བསྡད་དུས་ཇག་པ་མི་རྟ་བཅོ་བརྒྱད་སླེབས་
སོང་པ་རེད། ཁོ་རང་ལ་རོགས་པ་གཅིག་ལས་མེད་པ་རེད། ཇག་པས་བརྡུངས་གྲབས་
བྱེད་དུས་ཁྱོད་ཚོས་མ་བྱེད་ངས་ལྷ་སར་ཇོ་བོའ ་ི སྐུ་མདུན་ཐོད་པ་གཏུག། སེ་འབྲས་
དགའ་གསུམ་མཇལ་མཆོད་འབུལ་བྱེད་འགྲོ་མཁན་ཡིན། རྟ་དྲེལ་དེ་གའི་ནང་ལ་དྲེལ་
ཡག་ག་གཅིག་རྒྱབ་ཆ་རང་འགྲིག་ཁྱེར་ནས་འགྲོ་ཤོག་ཟེར་དུས་མིན་ཚང་མ་དགོས་
ཡོད་ཟེར་ནས་མ་ཉན་ཙང་ཇག་པ་བཅོ་བརྒྱད་གྲི་རྒྱབ་ནས་བསད་བཞག་པ་རེད།
དེ་ནས་རྟ་སྒྲོའ ་ི ནང་ལ་མིའི་ལག་པ་དང་རྐང་པ་བཅུག་རྟ་སྒྲོའ ་ི ཁར་ལག་པ་རྐང་
པ་ཏོག་ཙེ་དོན་བཅུག །སང་ཉིན་རྟ་ཞོན་བྱེད་དེ་ནས་ཡོང་དུས་ང་རྨ་རིག་པ་མི་ཤ་ཟ་
མཁན་ཡིན་ཟེར་རྟ་སྒྲོ་ནང་ལུག་ཤ་ཡོད་རེད་ལུག་ཤ་ཏོག་ཙེ་བཀོག་ནས་ཟས་ཙང་ད་
རྨ་རིག་ཟེར་ངན་དེས་མི་ཤ་ཟས་ཀྱི་ཡོད་འདུག་ཟེར་མི་ཚོ་སྐྲག་ཐག་ཆོད་པ་རེད། རྗེས་
མ་དེ་ནས་གྲྭ་རྒྱུན་ཡར་ཡོང་མཁན་ཚོར་ཕ་ཡུལ་ག་པ་ཡིན་ཟེར་དུས་རྨ་རིག་ཡིན་ཟེར་
ཀྱི་ཡོད་རེད། དེ་ནས་ཡར་བོད་ལ་ཡོང་ནས་ཇོ་བོ་མ་མཇལ་བ་རེད། མཆོད་མེ་ཡང་མ་
མཇལ་ནག་གུང་རེད། འོན་རྒྱལ་སྲས་སྐུ་ཕྲེང་བཞི་པ་རེད། དེ་དུས། འོན་རྒྱལ་སྲས་སྐུ་
290
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

མདུན་བཅར་ང་སྡིག་པ་ཆེན་པོ་ཡིན་སྡིག་པ་སྦྱངས་ཡག་གི་ཐབས་གསུང་རོགས་ཞུས་
པས་སྟོང་མཆོད་ཕུལ་གསུངས། སྟོང་མཆོད་གཅིག་ཕུལ་ཇོ་ཁང་ནང་ལོགས་སྟོང་མཆོད་
གཉིས་ཕུལ། ཇོ་ཁང་ནང་མཆོད་མེ་རེ་རེ་གཉིས་རེ་ཙམ་མཇལ། སྟོང་མཆོད་གསུམ་
ཕུལ་ཇོ་བོའ ་ི བཞུགས་ཁྲི་སྒང་ལ་ཟངས་འདྲ་པོ་གཅིག་ཁ་སྦུབ་ཤག་པ་གཅིག་མཇལ། དེ་
མ་གཏོགས་མ་མཇལ་པ་རེད། ད་ཁྱོད་ཚེ་འདི་ལ་མཇལ་ཡག་མི་འདུག། གཏོང་སྒོ་ཡག་
པོ་བཏང་ཤོག་སྐྱེ་བ་ཕྱི་མར་མཇལ་ཡག་གི་སྨོན་ལམ་རྒྱབ་ཤོག་གསུངས་པ་རེད། བླ་
བྲང་ཕྱག་མཛོད་ལ་ཇོ་དར་ཀྱི་གཏོང་རྩ་བཙུགས། ཁོ་རང་ཚོའི་ལུང་པ་ནང་མི་ཤི་འགྲོ་
དུས་ཇོ་དར་ཟེར་ཡག་བཙུགས་དགོས་རེད། རིགས་གསུམ་མགོན་པོའ ་ི དར་ལྕོག་ཆུང་
ཆུང་དེ་འདྲ་རྒྱུག་པ་མགོ་ལ་བཏགས་ནས་རི་སྒང་ལ་ཁ་ཤས་བཙུགས་དགོས་རེད། དར་
ལྕོག་ཟེར་ཡག་དེ་དར་དཀྲོགས་ཡིན་བྱེད་པ་རེད། འཁྲིས་དེ་པར་འང་གུ་ཡོང་གི་ཡོད་
ན་སྐྲག་ནས་འདྲོག་འགྲོ་བ་རེད། ད་རིང་སང་ཉིན་ལོ་རེ་བླ་བྲང་ཕྱག་མཛོད་ཚོས་ཚེར་
རུམ་ཉ་རུམ་ལམ་འགག་འོག་དེར་དར་ལྕོག་བཙུགས་ཡག་བསྐུར་ཀྱི་ཡོད་རེད། ང་ན་
ནིང་ཕ་ཡུལ་འགྲོ་དུས་དར་ལྕོག་མང་པོ་འདུག །ད་དེ་ནས་མར་འགྲོ་ནས་ཤིང་ནགས་
གསེབ་ནས་ཡར་འཛུལ་ཆུ་ཚོལ་ལ་དེ་མར་རྒྱབ་ནས་བྱ་ཡི་ཟམ་པ་སླེབས་པ་རེད། ཟམ་
པ་དེའི་གཡས་གཡོན་དེ་ནས་ཆུ་ཚོལ་ལ་རྒྱབ་ནས་རྨ་རི་བ་སྐོར་སླེབས་ཀྱི་རེད་དེ་ལམ་
འགག་རེད། ཁོས་ཇོ་བོ་མ་མཇལ་བ་རེད། ང་གྲྭ་སར་སྡོད་དུས་ཕལ་ཆེར་ཆབ་མདོའ ་ི ས་
མཚམས་ཡིན་པ་རེད་ཨ་མ་གཅིག་དང་འགྲུལ་པ་དེ་འདྲ་ལྷ་ས་མཇལ་ཡོང་པ་རེད། ཀོང་
པོ་བར་ལ་རྒྱབ་ཚར་དུས་ཨ་མ་མིག་ན། སྡུག་རུ་འགྲོ་འོད་ཟེར་རྒྱང་ལ་སླེབ་དུས་མིག་
རྦད་ལོང༌། དེ་ནས་མར་ཁྲིད་ཡོང་རིན་ཆེན་གླིང་ལ་སླེབས་དུས་གཟེར་རྒྱབ་ཤན་མོན་
གྲོ་གོང་འགག་དེ་བར་སླེབས་པ་རེད། དེ་ནས་འགྲུལ་པ་ཚོ་ཡོང་རྟོགས་ལྡན་ཟེར་ཁན་
བླ་རྒན་གཅིག་ཡོད། དེས་ང་ལ་སྐད་ཆ་དྲིས་དེ་མར་ཁྲིད་དགོས་ཨ་ཡིན་ཟེར་ཀྱི་འདུག
291
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

།ཁྲིད་མ་ཡོང་ད་དུང་ཤི་ཡོང་བྱེད་པས་འགྲུལ་པ་ཐོན་ཚར་དུས་དྲག་པ་རེད། ཡང་མར་
ཡོང་དགའ་ལྡན་གྱི་ལྟག་དེ་བར་སླེབས་དུས་མིག་ལོང་པ་རེད། ལྷོ་བྲག་འབུམ་པ་མཇལ་
མ་ཐུབ་པ་རེད། དགའ་ལྡན་རྒྱང་མཇལ་དེ་མ་ཐོབ་པ་རེད་ཡང་དེར་ཉལ་བསྡད། འགྲུལ་
པ་ཚོ་ལྷ་ས་མཇལ་ཉོ་ཆས་རྒྱབ་དགོས་ཡག་དེ་ཚོ་རྒྱབ་ཡར་ཡོང་བྱས་ཨ་མ་ཁྲིད་ནས་
ཡར་རིན་ཆེན་གླིང་སླེབས་དུས་ཨ་མ་མིག་ན་ཚ་དྲག་པ་རེད། དེ་ནས་ཡར་འོད་ཟེར་
རྒྱང་སླེབས་དུས་མིག་ཡར་དྲག་པ་རེད་དེ་འདྲ་རེད། མཇལ་བའི་སྐལ་བ་མེད་པ་རེད།
བྱས་ཙང་མིག་གིས་མ་མཐོང་བ་ཙམ་ལ་མི་འདུག་ཟེར་ཡག་ཡོད་མ་རེད། དེ་འདྲ་མང་
པོ་བཤད་ཡག་ཡོད་རེད། དེ་ཚོ་སེམས་ལ་བཞག་ནམ་ཞིག་ཉེ་བར་མཁོ་ཀྱི་རེད། རིན་
པོ་ཆེའི་རི་མི་འདུག་གཅིག་མི་འདུག་གཉིས་མི་འདུག་ཟེར་ཀྱི་རེད། ཡོད་ཚད་མཐོང་
དགོས་པ་མ་རེད། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །ཀུན་གཞི་ནང་ལ་ཡོད་པ་དངོས་
པོ་གཅིག་ཡིན་ནའང་བདག་རྐྱེན་ཐ་དད་པའི་དབང་གིས་མཐོང་ཚུལ་མི་འདྲ་བ་ཡོད་
རེད། གཟུང་བྱ་ཐུན་མོང་བ་མེད་གསུངས་ཡོད་རེད། ད་དེ་ཚོ་ཐུགས་ལ་བཞག་ང་ཚོས་
དགོས་ལེ་མི་དགོས་ལེ་སྒྲུང་བཤད་བཞིན་བསྡད་པ་རེད།། །།

འཕྲོས་བཤད།

[སྒྲ་འཁོར་དྲུག་པའི་འགོའ ་ི གསུང་བཤད།]

བདེ་མཆོག་གི་སྐབས་སུ་ཨཱ་ལི་དང་ཟླ་བའི་ཁ་དོག་དཀར་བའི་ཆ་ནི་མེ་ལོང་
ལྟ་བུའི་ཡེ་ཤེས། ཀཱ་ལི་དང་ཟླ་བའི་ཁ་དོག་དམར་བའི་ཆ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས།
རང་ནམ་མཁའི་ནཱ་དས་ཟླ་བ་དཀར་ལ་དམར་བའི་མདངས་ཅན་མཐོང་བ་ན་དེའི་དབུས་
སུ་ནཱ་ད་བཞུགས་པས། རིམ་གྱིས་རྒྱུ་རྡོ་རྗེ་འཛིན་པའི་རང་བཞིན་ཅན་དུ་རྫོགས་པ་ནི་
སོ་སོར་རྟོགས་པའི་ཡེ་ཤེས། ཧཱུཾ་ཡིག་ལས་འོད་ཟེར་སྤྲོ་བསྡུ་བྱེད་པ་བྱ་བ་གྲུབ་པའི་ཡེ་
292
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཤེས། ཟླ་བ་དབྱངས་གསལ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས་རྟེན་བརྟེན་པའི་
དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཆོས་དབྱིངས་ཡེ་ཤེས་དེ་རེད། འདིར་ཡང་དེ་ནང་
བཞིན་བྱེད་དགོས་པ་རེད། འོ་ན་མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་མ་འོངས་
པ་ན་རང་གི་འཐོབ་རྒྱུའི་ངོ་བོ་དབྱངས་གསལ་མེད་པ། བདེ་མཆོག་གི་སྐབས་ཡིན་ན་
དབྱངས་བཅུ་དྲུག་གི་ངོ་བོ་ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་
ཨ᫸བཅས་དབྱངས་བཅུ་དྲུག་པོ་གཅིག་ཚུར་བསྐོར། ཡང་ཨ་ཨཱ་ཞེས་སོགས་བཅུ་དྲུག་
པོ་གཅིག་ཕར་བསྐོར་ཏེ་དབྱངས་དཀར་པོ་སུམ་ཅུ་སོ་གཉིས། མ་འོངས་པ་ན་འཐོབ་
བྱའི་མཚན་སོ་གཉིས། དེའི་ཕྱི་རོལ་དུ་དཔེ་བྱད་བརྒྱད་ཅུའི་ངོ་བོ་གསལ་བྱེད་སུམ་ཅུ་
སོ་གཉིས་སྒང་ལ་དྲུག་སྣོན་པ་རྒྱག་རྒྱུ་རེད། སྣོན་ས་ཡི་གེ་ཁོ་རང་གི་མཚམས་སུ་སྣོན་
རྒྱུ་རེད་ཊ་ཋ་ཌ་ཌ་ཌྷ་ཌྷ་ཎ། ཏ་ཐ་ད་ད་དྷ་དྷ་ན། ཡ་ཡ་ར་ལ་ལ་ཝ། སྣོན་ས་ཡི་གེ་ཁོ་རང་
ཡོད་སའི་མཚམས་ལ་རྒྱག་ཤོག་ཅེས་ཊིཀའི་ནང་ལ་ཡོད་རེད། འདུལ་འཛིན་གྱི་གསུང་
ནང་ཡོང་བ་ཡོད། ང་མཁན་པོ་སྐབས་གསེར་གདུང་ཐོག་ལ་སྟོང་མཆོད་ཕུལ་ས་འགྲོ།
མཁན་པོ་གཉིས་གྲལ་འགོ་དེར་སྡོད་དགོས་རེད། ཚོགས་ཚོགས་ཆོས་ཀློག་ཡག་གཅིག་
འདུག། མར་གི་ནས་ཡར་བཀྲམ་ཡོང་ནས་ང་ལ་རྒྱུད་གཅིག་ཁེལ་ཤག། རྒྱུད་དེ་ཀློག་པ་
ཡིན་པས་དབྱངས་གསལ་ནང་སྣོན་པ་རྒྱག་ས་དེ་རང་གི་གྲལ་མཚམས་སུ་རྒྱག་དགོས་
ཡག་དེ་རྙེད་སོང་རྒྱུད་དེ་ང་ལ་ཞེ་པོ་གཅིག་ཕན་འདོགས་བྱུང༌། དེ་ངས་བརྗེད་མ་སོང༌།
སྣོན་པ་རྒྱག་ས་དཔེ་ཆ་ནང་ལ་གསལ་པོ་ཡོད་རེད། ཁུངས་རྒྱུད་གང་ལས་གཏུགས་ས་
གསལ་པོ་ཡོད་མ་རེད།
ད་རེས་འདི་ལ་ཡང་མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་དགོས་པ་ཡིན་
ཙང་འདོ ན ་ཆ་ལྟར་སྟོ ང ་པའི ་ ངང་ལས་ཨེ ་ ཨེ ་ ལས་ཆོ ས ་འབྱུང་དམར་པོ ་ གྲུ་གསུམ་
གཉིས་བརྩེགས་ཀྱི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དཀར་ལ་དམར་བའི་མདངས་
293
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཅན་གྱི་སྟེང་དུ་ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྣ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་
ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་པའི་བར་སྔགས་ཕྲེང་དེ་རེད། མཚན་སོ་གཉིས་དང་དཔེ་
བྱད་བརྒྱད་ཅུ། ཟླ་བའི་དཀྱིལ་འཁོར་ལ་དཀར་ལ་དམར་བའི་མདངས་ཅན་དེ་སངས་
རྒྱས་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་ཀྱི་ངོ་བོ་རེད། དེའི་སྟེང་དུ་ཡིག་འབྲུ་སོ་
གཉི ས ་པོ ་ དེ ་ རང་གི ་ མ་འོ ང ས་པ་ན་འཐོ བ ་བྱ་མཚན་སོ ་ གཉི ས ་ཡི ན ་བསམ་པ་བྱེ ད ་
དགོས་རེད། ད་ཡིག་འབྲུ་སོ་གཉིས་དེ་ལ་གསལ་བྱེད་དང་དབྱངས་གཉིས་ཕྲལ་དགོས་
རེད། ཨོཾ་གསུམ་བྱེད། སརྦ་དེ་ལ་ས་ར་བ་-༣-། བུདྡྷ་དེ་ལ་བུ་ད་ཧ-༣-། ཌཱ་ཀི་ནཱི་
ཡེ-༣-། བཛྲ་དེ་ལ་བ་ཛ་ར་-༣-། ཝརྣ་ནཱི་ཡེ་དེ་ལ་ཝ་ར་ཎ་ནཱི་ཡེ་-༣-། བཛྲ་དེ་ལ་
བ་ཛ་ར་-༣-། འདུག་སེ་ཡི་གེ་ཕྲལ་བཞག་ན་བཞི་བཅུ་རེད་འགྲོ་བ་རེད། ཡི་གེ་བཞི་
བཅུ་དེ་སྲོག་ལྡན་ཡིན་པའི་དབང་དུ་བྱས་ནས་སྲོག་བཞི་བཅུ་ཡི་གེ་བཞི་བཅུ་བྱས་ནས་
བརྒྱད་ཅུ་རེད་པ་རེད། བཀོད་དགོས་མ་རེད་དོན་ལ་ཡོད་བསྡད་ཙང་དེས་འགྲིག་པ་
རེད། དེ་རང་གི་མ་འོངས་པ་ན་འཐོབ་རྒྱུའི་དཔེ་བྱད་བརྒྱད་ཅུ་པོ་ཡིན་བསམ་པ་བྱེད། དེ་
ཤེས་དགོས་པ་རེད། སྒོམ་དུས་སུ་གྲངས་ཀ་རྩིས་དེ་འདྲ་བྱེད་རྒྱུ་ཡོད་མ་རེད།
དུས་རྒྱུན་ཡི་གེ་ཕྲལ་སྟངས་དེ་ཤེས་པ་བྱས་ཚང་བཞག་འདུག་འགྲིག་འདུག་
བསམ་པ་བྱེད། རང་གི་འཐོབ་བྱ་མཚན་སོ་གཉིས་དང་དཔེ་བྱད་བརྒྱད་བཅུ་པོ་དེ་ཨོཾ་
གསུམ་མའི་ཡེ་གེ་ལ་ཤར་ནས་འདུག་བསམ་པ་བྱེད། ཨོཾ་གསུམ་མའི་ཡི་གེ་དམར་པོ་
དང་ཟླ་བའི་དཀར་ཆ་དེ་སངས་རྒྱས་ཡབ་ཡུམ་གྱི་བྱང་སེམས་དམར་པོ་ཟླ་བའི་དཀར་
ཆ་དེ་བྱང་སེམས་དཀར་པོ་དེ་འདྲའི་བྱང་སེམས་དཀར་དམར་ཀྱི་དབུས་སུ་སྐྱེ་བ་ལེན་
པ་ཁ་དོག་དཀར་ཆ་དེ་མེ་ལོང་ཡེ་ཤེས་ལས་བྱང་ཆུབ་པ། དམར་ཆ་དེ་མཉམ་ཉིད་ཡེ་
ཤེས་ལས་བྱང་ཆུབ་པ། རང་བཾ་ཡིག་དེ་མར་ཟླ་བའི་དབུས་སུ་ཞུགས་པ་དེ་མངལ་དུ་
སྐྱེ་བ་ལེན་པ་མཚོན་པ་དང་སོར་རྟོགས་ཡེ་ཤེས་ལས་བྱང་ཆུབ་པ། བཾ་ཡིག་སྔགས་
294
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཕྲེང་དང་བཅས་པ་ལས་འོད་ཟེར་སྤྲོ་བསྡུ་བྱེད་པ་དེ་བྱ་གྲུབ་ཡེ་ཤེས། དེ་རྣམས་ཡོངས་
སུ་གྱུར་པ་ལས་རྟེན་བརྟེན་པའི་དཀྱིལ་འཁོར་དུས་གཅིག་ཏུ་གྲུབ་པ་དེ་ཆོས་དབྱིངས་
ཡེ་ཤེས་ལས་བྱང་ཆུབ་པ་བྱས་ནས་མངོན་བྱང་ལྔ་ཚང་སོང་བ་རེད། དེ་ཧ་གོ་དགོས་པ་
རེད། མངོན་བྱང་ལྔ་པོ་དེས་མངལ་གྱི་གནས་སྐབས་ནར་ནར་པོ། ལྟར་ལྟར་པོ། གོར་
གོར་པོ། ཕྲང་འགྱུར། རྐང་ལག་འགྱུར་སོགས་ལྔ་པོ་དེ་མཚོན་པ་རེད། དེ་ཀས་འདྲ་པོ་
འདྲ་པོ་ཆོས་མཐུན་སྦྱར་རྒྱུ་ཡོད་པ་གཅིག་དགོས་ཀྱི་ཡོད་རེད། རྟེན་དང་བརྟེན་པའི་
དཀྱིལ་འཁོར་དུས་གཅིག་ཏུ་རྫོགས་པར་གྱུར། ཅེས་པ་ན་དཀྱིལ་འཁོར་ཡོངས་རྫོགས་
ཕྲ་ལམ་མེར་གྲུབ་སོང༌། རང་རྣལ་འབྱོར་མའི་སྐུ་བརྒྱན་ཆ་ལུགས་ཡོངས་སུ་རྫོགས་
པར་གྱུར་ཏེ་སངས་རྒྱས་རྣལ་འབྱོར་མ་སྤྲུལ་པའི་སྐུ་རགས་པ་སོ་སོ་སྐྱེ་བོས་མཇལ་
ཆོག་པ་རགས་པའི་སྤྲུལ་སྐུ་དེ་ང་ཡིན་བསམ་བྱས་ང་རྒྱལ་བཟུང་དགོས་རེད། ཡིན་རྒྱུ་
ཐ་མལ་པ་རེད་དེ་མ་ཡིན་ཡིན་ཁག་བྱེད་པ་ཡིན་བསམ་རྒྱུ་ཡོད་མ་རེད། དངོས་གནས་
ཡིན་བསམ་དགོས་པ་རེད་སྣང་བས་མི་བཅིང་ཞེན་པས་བཅིང༌། །བྱེད་པ་རེད། སྣང་རྒྱུ་
ཐ་མལ་པ་སྣང་ཡོད་རེད་དེ་གནད་འགག་ཡོད་མ་རེད། ཞེན་འཁོགས་ལ་ཐ་མལ་པའི་
ཞེན་པ་ཡོད་ན་གྲ་མ་འགྲིག་ཚར་རེད།
ད་འོ་ན་སངས་རྒྱས་དངོས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་ལ་
དངོས་སུ་གྱུར་སོང༌། ད་ག་འདྲ་སེ་བསྡད་འདུག་ཟེར་ན། རྡོ་རྗེ་ས་གཞི་ར་བ་གུར་བླ་རེས་
ཕྱི་རོལ་དུ་མེ་སྤུངས་སྣ་ལྔ་མདའ་ཡི་དྲ་བ་དང་བཅས་པའི་སྲུང་འཁོར་ཡོངས་སུ་རྫོགས་
པ། དེའི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད། དུར་ཁྲོད་བརྒྱད་པོ་རེ་རེའི་ནང་དུ་ཤིང་རེ་རེ།
ཤིང་གི་རྩ་ལ་ཕྱོགས་སྐྱོང་རེ་རེ། ཤིང་གི་རྩེ་ལ་ཞིང་སྐྱོང་རེ་རེ། ཆུ་རེ་རེ། ཀླུ་རེ་རེ། སྤྲིན་
རེ་རེ། རི་རེ་རེ། མཆོད་རྟེན་རེ་རེ། མེ་རེ་རེ། གྲུབ་ཆེན་རེ་རེ། རོ་སྤྱོད་ལམ་རྣམ་བཞི་
བྱེད་པ་རེ་རེ། དེ་འདྲ་བྱེད་ནས་བཅུ་གཅིག་བཅུ་གཅིག་ཚང་དགོས་རེད། དེས་བསྐོར་
295
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བའི་དབུས་སུ་ཆོས་འབྱུང་གྲུ་གསུམ་གཉིས་བརྩེགས་ཟུར་གཅིག་རང་གི་མདུན་ཤར་
དུ་བསྟན་པ། ཆོས་འབྱུང་གྲུ་གསུམ་ཕྱེད་ཁ་ཙམ་གྱི་ཚད་ནས་སྣ་ཚོགས་པདྨ་དང་ཉི་
མའི་གདན་གྱི་སྟེང་དུ་འཇིགས་བྱེད་དང་དུས་མཚན་མ་མནན་པ་ཞབས་མནན་གཉིས་
པོ་དེ་བདེ་མཆོག་དང་གཅིག་པ་རེད། བདེ་མཆོག་གི་སྐབས་སུ་གཡོན་གྱིས་དུས་
མཚན་མ་མནན་པ་རེད། ད་འདིར་ཞབས་གཡས་རྐྱང་གིས་དུས་མཚན་མ་དམར་མོ་
མནན་དགོས་རེད། ཞལ་ཚུར་ལོག་དུས་ཕར་ལོག་པ་དང་ལྡོག་ཕྱོགས་ཆགས་སོང་བ་
རེད། འཇིགས་བྱེད་དང་དུས་མཚན་མ་གཉིས་ཕྱག་གཉིས་རེ་རེད། བདེ་མཆོག་སྐབས་
ཞབས་མནན་ལ་ཕྱག་བཞི་རེ། རྣལ་འབྱོར་མའི་སྐབས་མནན་བྱེད་ལ་ཕྱག་གཉིས་ལས་
མེད་ཙང་མནན་བྱ་ལ་ཕྱག་གཉིས་ལས་མང་བ་བྱེད་པ་མ་རེད། མནན་བྱེད་ལས་མནན་
བྱ་ཕྱག་མང་བ་བྱེད་ན་རྟེན་འབྲེལ་ཆུག་སོང་བ་རེད། ཞབས་མནན་རྫིག་པོ་མནན་བྱེད་
ལྷ་ལ་ཡར་ཚད་ཚད་བཏང་མཁན་འདྲ་པོ་དེ་འདྲ་བཟོ་རྒྱུ་ཡོད་པ་མ་རེད། དྭགས་པོ་ལྷ་རྗེ་
ལ་སློབ་མ་ཁམས་པ་སྤུན་གསུམ་ཟེར་ཡག་སློབ་མ་གསུམ་ཡོད་རེད། དེ་ཀས་ཁམས་ལ་
མར་ཕྱིན་ནས་ཀྱང་སྟེང་གི་མར་རི་ཙོག་ཙོག་གཅིག་གི་སྒང་ལ་ལྷ་ཁང་གཅིགབཞེངས་
ཡོད་རེད། རྗེས་མ་རྐུན་མ་ཇག་པ་མང་པོ་བྱས་ལྷ་ཁང་མེར་བསྲེགས་བཏང་པ་རེད།
དེའི་གཡས་གཡོན་དེ་ནས་གྲོང་ཚོ་བཞི་ཡོད་རེད། དེ་དག་ཏུ་ཕྲུག་གུ་སྐྱེས་ནས་མགོ་
ཐོན་མཁན་བྱུང་མི་འདུག །ང་ཁམས་ལ་འགྲོ་དུས་སྲི་མནན་བྱེད་རོགས་ཟེར་གྱི་འདུག།
ཡང་སྟེང་དགོན་པ་དེ་ཡ་མཚན་པོ་འདུག། དེ་ནང་མིག་རྒྱུན་ཡག་ག་ཡག་ག་དེ་ཚོ་
བླངས་ན་ཡག་པོ་འདུག །ང་ཚོ་གྲ་ས་ཡིན་ན་སྐུ་རིམ། བྱེད་པ་ཡིན་ཟེར་དུས་གྲོང་ཆོག་
བ་ལས་ལྷག་ཙམ་གྱི་ལས་བྱེད་ཚོས་རྙག་པག་དཀྲུགས་ནས་བྲེལ་ལ་ཚུབ་ཚུབ་བྱེད་རྒྱུ་
ཡོད་རེད་དམ། ཡང་སྟེང་དེ་འདྲ་མི་འདུག་ཕྱག་མཛོད་ཚོ་སོ་སོས་རྩམ་པ་ཚོགས་ཁུག་
འཁྱེར་ཡོང༌། ཇ་འཐུང་ཆོག་གིས་མ་གཏོགས་གཞན་སོ་སོའ ་ི ཟ་རྒྱུ་རེད། གྲོང་ཆོག་པ་ལ་
296
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཤ་སྐལ་སྤྲད་བཞག་གི་འདུག། ཤ་ཆེན་པོ་སྤྲད་ཀྱི་འདུག་ཤ་སྐལ་སྤྲད་ཙམ་པ་རྒྱབ། རྩམ་


པ་སྤྲད་བཞག་པ་དེ་ནས་ཟ། ཇ་བླུག་བཞིན་བླུག་བཞིན་བྱེད་དེ་འདྲ་རེད། ཤ་ཟ་ཡག་མ་
རེད་ཤ་རྗེན་པ་སྤྲད་བཞག་གི་རེད། གྲོ་མ་མར་ཁུ་སྤྲད་པ་རེད་པག་དེ་ཟ་ཡག་མར་ཁུ་ཞེ་
དྲག་ཡོད་རེད་གྲོ་མ། དེ་ལྐུགས་རྟགས་ནི་ལྐུགས་རྟགས་ཟེར་དགོས་རེད་དེ་ཡག་པོ་ནི་
ཡག་པོ་རེད། ང་ཚོ་སྲི་མནན་ཚོགས་པའི་རིང་ལ་རྩམ་པ་དོ་པོ་ཉི་ཤུ་རྩ་བརྒྱད་ཡོད་རེད་
ངས་རྩིས་པ་ཡིན། རྩམ་པ་དེ་འདྲ་བཏགས་ནས་ག་རེ་བྱེད་ཡག་ཡིན་ཟེར་དུས་མ་རེད་
མི་མང་གིས་ཞལ་འདེབས་རྒྱག་ཡོང་པ་རེད་ཟེར། ད་ག་རེ་བྱེད་ག་ཟེར་དུས་གཏོར་མ་
ཆེན་པོ་བཟོ། ཞབས་བརྟན་པ་ཚོ་ལ་རྩམ་ཕོག་རྒྱག་དེ་འདྲ་རེད་ཟེར། གཏོར་མ་ཆེན་པོ་
ཚད་ཀྱི་མ་རེད་ཞལ་ཟས་ཆེན་པོ་བཟོས་ནས་ལྷ་ལ་ཕུལ་བྱེད་པ་ཡིན། དེ་འདྲ་སེ་བྱེད་པ་
རེད་དེ་མ་གཏོགས་ཟ་ཆོག་གི་མི་འདུག་ཡང་གཅིགབྱེད་དུས་དེ་འདྲའི་ལས་བྱེད་དེ་ཚོ་
ཧ་ཅང་སྤུས་དག་རེད།
ང་ཚོས་སྲི་མནན་བྱེད་པའི་དགོང་དྲོ་དེ་ཕྱི་པོ་བྱེད་སོང་མནན་བསྲེགས་འཕང་
གསུམ་ཚང་བ་བྱེད། མནན་ཞུབས་དེ་སྲི་དོང་ནང་ལ་འཛུལ་བཅུག །དུར་ཁྲོད་སྒང་ལ་
ཧུམ་བསྲེགས་བྱེད། ཧུམ་བསྲེགས་ཀྱི་སོལ་ལ་ཚང་མ་ཚུར་རུབ་རུབ་བཟོས་ཧུམ་
བསྲེགས་བྱེད་པའི་ལིངྒ་དེའི་སོལ་ལ་དེ་དོང་ནང་བླུག་པ་ཡིན་པས་ས་དོང་ཆུ་ཕྱེད་ཁ་
ཙམ་ཡར་སླེབས་བཞག་རིའི་མདུན་ལ་རེད་དེ་བར་ཆུ་ཡོང་ས་འདྲ་ཡོད་པ་ཡིན་ནམ། དེ་
ཡི་ལོར་ཕྲུག་གུ་བཞི་སྐྱེས་བཞག་ཕན་པ་འདུག །དེའི་དགོང་མོ་ལྷ་ཁང་དེ་ནང་བསྡད་པ་
རེད་འགོ་བྱེད་པ་ཚོ་དང་ང་ཚོ་དེར་འགྲོ་ལྷ་ཁང་ནང་སླེབས་ནས་རྩམ་པ་འཁྱེར་རྒྱུ་བརྗེད་
པ་རེད། རྩམ་པ་ལུས་ཇ་མར་དེ་ཚོ་ཡག་པོ་འཁྱེར་འདུག་བག་ལེབ་སྲེག་གྲོ་མ་མར་ཁུ་
བཙོས་བྱས་འདུག་སེ་བསྡད་པ་རེད། སང་ཉིན་ཡང་དེར་ཧུང་བསྲེགས་ཡོད། ལྷ་ཁང་
ཆེན་པོ་དེར་ཧུང་བསྲེག་མར་འདུག་སེ་བཀྲམ་བསྡད་དུས་ལྕགས་ཁར་མ་བླུགས་གོང་
297
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

སྦྱིན་བསྲེགས་བླུགས་དགོས་པ་རེད་མཚན་ནག་གུང་རེད་འང་གུ་གཅིག་འཕུར་འོང་
ནས་མར་མར་བབ་སྟེ་ངའི་མགོ་ལ་ཐུག་གྲབས་ཐུག་གྲབས་བྱེད་པ་ཚར་མང་པོ་བྱུང་
བཞག། ཡོང་མཚམས་བརླག་སོང་ཟེར་གྱི་འདུག་ག་པ་ཕྱིན་པ་ཡིན་ནམ། དེའང་ཡག་
རྟགས་འདྲ་པོ་ཡིན་ནམ། ལྷ་ཁང་ནང་ལ་ལྷ་ཆེན་པོ་ཞེ་དྲག་བྱས་མི་ཚོགས་ཚོགས་ས་
ཞེ་དྲག་མི་འདུག་ལྷ་ཆེན་པོ་བྱས་ཞབས་མནན་དེ་ཚོ་གཅིག་རྫིག་བདོ། ལྷ་བཟོ་ཡག་པོ་
ཞེ་དྲག་རེད་ལྷ་ཁོ་རང་ལས་ཀྱང་ཁྲོ་བོ། མིག་དེ་ཚོ་ཡར་སྦྲད་བསྡད་མཁན་འདྲ་པོ་ད་དེ་
འགྲིག་མི་འདུག་ཟེར་ཤེས་མ་སོང༌། མནན་བྱེད་ལས་མནན་བྱ་རྫིག་པ་བྱེད་ན་མི་རུང་
བྱེད་པ་རེད། ཞབས་མནན་ལ་ཕྱག་མཚན་མེད་པ་ཐལ་མོ་སྦྱར་ནའང་འགྲིག་གི་ཡོད་
རེད། འཇིགས་བྱེད་དུས་མཚན་གཉིས་པོ་དེ་ལྷ་དབང་ཕྱུག་ཡབ་ཡུམ་གཉིས་རེད།
༈ དབང་ཕྱུག་ཡབ་ཡུམ་གཉིས་རྟུལ་མཁན་དེ་བདེ་མཆོག་རེད། སྔོན་མ་དབང་
ཕྱུག་ཡབ་ཡུམ་གཉིས་རི་རབ་ཀྱི་རྩེ་མོ་ལ་བསྡད་ནས་འཛམ་བུ་གླིང་ལ་ཞེ་དྲག་གི་དབང་
བསྒྱུར་ཏེ་ཡུལ་ཉེར་བཞིའི་ནང་ཁོ་རང་ལ་མགོ་བཏགས་ཡོང་མཁན་ཚོའི་མགོ་ལེན་
བྱས་ལྷ་བཞི་དྲི་ཟ་བཞི་གནོད་སྦྱིན་བཞི་དང་མིའམ་ཅི་བཞི་ཟེར་བ་འདྲ་པོ་ཀླུ་བཞི་ཟེར་
ཡག་འདྲ་པོ་དེ་ཚོ་ཡུལ་སོ་སོའ ་ི ནང་དུ་བཞག་མིང་དེང་སང་མཁནྜ་ཀ་པ་ལ་དང༌། རབ་
གཏུམ་མ་ཟེར་བ་དེ་ཚོ་རེད། རྦེད་ནག་ཕྱོགས་པ་བྱས་དབང་ཕྱུག་ཁོ་རང་ལ་ཡང་ཆུང་
མ་བརྒྱད་རི་རབ་ཀྱི་རྩེ་ལ་བསྡད་དེ་འདྲ་བྱེད་ནས་དུས་ལ་མ་བབ་བར་དུ་སངས་རྒྱས་
ཚོས་ཀྱང་འདུལ་བ་གནང་གི་ཡོད་མ་རེད། དུས་ལ་བབ་ཡོང་དུས་ཧེ་རུ་ཀས་བཏུལ་པ་
རེད། གཙོ་བོ་དབང་ཕྱུག་ཡབ་ཡུམ་གཉིས་ཞབས་འོག་ཏུ་མནན་པ་རེད། དེ་ཡང་དབང་
ཡོད་བཏང་ནས་མནན་པ་མ་རེད། ཞབས་མནན་ཟེར་བ་ཕལ་ཆེ་བ་རང་གི་ལུས་གདན་
དུ་འབུལ་བ་རེད་བསམ་བཞིན་དུ་གདན་བྱེད་པ་རེད། འདུལ་བྱ་ཡབ་ཡུམ་གཉིས་ས་
འོག་ནས་སངས་རྒྱས་ཚར་པ་རེད་ཟེར་ཀྱི་ཡོད་རེད། འོ་ན་དེང་སང་དབང་ཕྱུག་ཡབ་
298
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཡུམ་གཉིས་ཡོད་མ་རེད་པས་ཟེར་ན། ཡོད་རེད་དཔེར་ན་ང་ཚོའི་ལས་ལས་གྲུབ་པའི་
བརྒྱ་བྱིན་དེ་ལ་སུམ་ཅུ་རྩ་གསུམ་ནང་ལྷའི་དབང་པོ་བརྒྱ་བྱིན་གཅིག་ཡོད་རེད། དེས་ང་
ཚོར་གནོད་བྱེད་ཀྱི་མ་རེད།
[ཤར་ཕྱོགས་བརྒྱ་བྱིན་གླང་པོ་ཆིབས།།]
ཞེས་པ་ཕྱོགས་སྐྱོང་བཅུའི་གཙོ་བོ་བྱེད་མཁན་བརྒྱ་བྱིན་གཅིག་ཡོད་རེད། ལྷ་ཡི་
བདུད་ཀྱི་གཙོ་བོ་དེ། འཇིགས་བྱེད་གཏོན་དུས་སྔོན་འགྲོ་གཏོར་མ་ཕུལ་ནས་འཕྲིན་
ལས་བཅོལ་ས་གཅིག་ཡོད་རེད་དེ་དཀར་ཕྱོགས་པ་དེ་རེད། ཡང་དཀྱིལ་འཁོར་འདོན་
དུས་ཕུར་གདབ་བྱ་ས་གཅིག་ཡོད་རེད། དེ་ཕྱོགས་སྐྱོང་གྲས་རེད་དེ་ནག་ཕྱོགས་པ་
རེད། བརྒྱ་བྱིན་དེ་ལ་དཀར་ནག་གཉིས་ཡོད་པ་དེ་བཟོ་འདྲ་པོ་བྱེད། ཡང་རྒྱལ་མདོས་
བྱེད་དུས་སྔོན་དུ་རྒྱལ་གསོལ་བྱེད་ས་དེ་རྒྱལ་པོ་པེ་ཧར་ནང་མི་འཁོར་དང་བཅས་པ་
མདུན་དུ་བཞག་ནས་གསོལ་ཁ་དང་གསེར་སྐྱེམས་ཕུལ་པ་རེད། དེ་ནས་མདོས་ཁོ་རང་
ཡང་དབུས་སུ་རྒྱལ་པོ་པེ་དཀར་གླང་ཆེན་ལ་ཞོན་པ་ཁོ་རང་ཚོ་ནང་མི་དགུ་པོ་རི་རབ་
དགུ་ལ་བཞག་མཐར་ཕྱི་ལོག་ཕར་བསྐྱེལ་རྒྱུ་རེད། དེ་འདྲ་དཀར་ཆ་ནང་ཆ་ཡོང་དགོས་
ཀྱི་འདུག་ན་ལྷ་འདྲེའི་རྣམ་གཞག་ལ་མཐའ་ཨ་ཡོད། དེ་འདྲ་ཡིན་དུས་དབང་ཕྱུག་དུས་
མཚན་གཉིས་ཀྱང་ངོས་ཟིན་ན་ག་འདྲས་ཡིན་འགྲོ། དེ་རིང་སང་ཉིན་ཐ་མལ་སྐྱེ་བརྒྱུད་
བྱེད་ན་དབང་ཕྱུག་བསྒྲུབ་པ་རྒྱབ་ནས་རི་གངས་ཅན་ལ་བསྡད་ཡོད་རེད།
ལྷ་མོ་ཨུ་མ་ཡང་མཉམ་དུ་ཡོད་རེད་སྲས་ཚོགས་བདག་ཡང་རི་གངས་ཅན་ལ་
ཡོད་རེད། གཞོན་ནུ་གདོང་དྲུག་ཡང་ཡོད་འགྲོ་དེ་གང་ཤེས། སྲས་རྒན་པ་མཚོ་བདག་
རེད། དེ་ཧ་ཅང་གི་སྟོབས་ཆེན་པོ་ཁོའ ་ི མགོ་གླང་པོ་ཆེའི་མགོ་བྱེད་དགོས་ཡག་དེ།
དང་པོ་དབང་ཕྱུག་ལྷ་རེད་པ་ལྷ་ལ་གླང་པོ་ཆེའི་མགོ་ཡོད་ཀྱི་མ་རེད་དེ། ལྷ་མ་ཡིན་གྱི་
དམག་དང་འཐབ་ནས་མགོ་བཅད་སོང་བ་རེད། ཚུར་སླེབས་དུས་མགོ་མེད་པ་ཡིན་ཙང་
299
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ལྷའི་སྨན་པས་མགོ་གསར་པ་ཞིག་སྦྱར་ན་སྐྱོན་མེད་པར་སྨྲས་པས། དབང་ཕྱུག་གིས་
གཡོག་པོ་ཚོར་ལམ་དུ་སུ་ཐུག་སོང་ན་དེའི་མགོ་བཅད་ནས་འཁྱེར་ཤོག་བྱེད་པ་རེད།
ལམ་འགྲོ་མ་བྱུང་ནས་གླང་ཆེའི་ཕྲུག་གུ་ཐུག་བྱས་དེའི་མགོ་བཅད་ནས་འཁྱེར་ཡོང་
ཙང་དེ་སྦྱར་ནས་གླང་མགོ་རེད་སོང་བ་རེད། ཡིན་ནའང་ཁོ་དབང་ཆེན་པོ་ཞེ་དྲག་བྱས་
བགེགས་རྒྱལ་བྱེད་པ་རེད། ང་ཚོར་གནོད་པ་བཏང་མཁན་གཙོ་བོ་རེད་བསྡད་ཡོད་
རེད། འཛམ་གླིང་ནང་སྐོར་ཡང་འགྲོ་གི་ཡོད་རེད། ཉིན་རེར་ཐེངས་བཞི་རེ་འགྲོ་བ་རེད།
དེ་འགྲོ་བའི་སྐབས་ལ་གཡོག་པོ་ཚོས་གྲ་སྒྲིག་བྱས་ནང་ལོག་བསྒུགས་བསྡད་ཁོ་རང་
ཕེབས་ཡོང་གི་འདུག་ན་ཕྱི་ལོག་དོན་བྱས་བསུ་བ་བྱེད་དགོས་པ་རེད། ཡུན་རིང་པོའ ་ི
བར་དུ་ཁོས་གནོད་པ་བསྐྱེལ་བྱས་བསྡད་པ་རེད། ཉིན་མ་གཅིག་ཁོ་བརྟུལ་ཡག་གི་དུས་
ལ་བབ་ཡོང་དུས་ཁོ་སྐོར་ཡང་འགྲོ་བའི་བར་སྤྱན་རས་གཟིགས་ཀྱིས་ཁོ་འདྲ་པོ་གཅིག་
སྤྲུལ་ནས་ཡར་ཕེབས་སོང་བ་རེད། ཁོང་ཚོའི་བསམ་ན་ཁོ་ཚོའི་རྗེ་བོ་ཕེབས་སོང་
བསམ་ཡར་བསུ་བ་བྱེད་གདན་འདྲེན་ཞུས་པ་རེད།
ད་དེ་ནས་སུ་ཡོང་ན་མ་བཏང་སྒོ་ཡག་པོ་རྒྱབ་ཤོག་བྱེད་པ་རེད། སྤྱན་རས་
གཟིགས་གླང་མགོ་ཅན་ཚོགས་བདག་ཁོ་རང་འདྲ་པོ་བྱས་བཞུགས་བསྡད་ཡོད་རེད།
ཚོ ག ས་བདག་ཁོ ་ རང་ཡོ ང ་དུས་བསུ་མཁན་མེ ད ་ཙང་ཚི ག ་པ་ཟ་གཡོ ག ་པོ ་ དེ ་ བྱེ ད ་
བརྡུང་དགོས་གཏོར་དགོས་བསམ་ནའང་སྒོ་ཕྱེ་རོགས་མ་བྱས་ཙང་ཅི་བྱེད་འདི་བྱེད་
རེད་སྒོ་མ་ཕྱེ་ཙམ་སྒོ་བརྡུང་སུ་ཡིན་པ་ཟེར་དུས་ང་ཡོང་གི་ཡོད་ཁྱོད་ཚོས་སྒོ་ཕྱེ་ཡི་
མིན་པས་བྱེད་ཙམ་ཁྱོད་ངན་པ་ག་རེ་ཡིན་པ་ང་ཚོའི་རྗེ་བོ་ད་གིན་ནས་ཕེབས་སོང་ཁྱོད་
མར་རྒྱུགས་བྱེད་པ་རེད། ག་རེ་བྱས་ནའང་ཤུགས་ཆེ་ཆུང་ཤོར་ཙང་ཁོ་ཡར་འཛུལ་
ཡོང་ནས་བལྟ་དུས་ཁོ་རང་འདྲ་པོ་གཅིག་ཡ་གིར་བསྡད་ཡོད་རེད། དུས་ལ་བབ་པ་
ཡིན་ཙང་སྤྱན་རས་གཟིགས་ཀྱིས་ཁོ་བཏུལ་ནས་སངས་རྒྱས་ཀྱི་ས་ལ་བཀོད། ཁོའ ་ི
300
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

འཁོགས་པ་ནང་སྤྱན་རས་གཟིགས་ཀྱི་ཐུགས་དེ་ཞུགས་ནས་གཅིག་རེད་སོང་བ་རེད།
དེ་ནས་མཚོ་བདག་དེ་ནོར་ལྷ་རེད་སོང་བ་རེད། དེང་སང་ཚོགས་བདག་གི་དབང་ཞུས་
ཡག་ཡོད་རེད། ཚོགས་བདག་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབང་ཁ་ཤས་
ཡོད་རེད་ནོར་ལྷ་རེད། གཟུངས་ཞུགས་འབུལ་དུས་སྐུ་འདྲའི་ཞབས་བཀག་ལ་ཚོགས་
བདག་རེ་དགོས་ཀྱི་ཡོད་པ་དེ་སྤྱན་རས་གཟིགས་ཀྱིས་བཏུལ་ཚར་བའི་ཚོགས་བདག་
རེད། དེ་འདྲ་རེད་དེ་དེང་སང་ཡང་ཚོགས་བདག་གཅིག་རི་བོ་གངས་ཅན་ལ་བསྡད་རྒྱུ་
བསྡད་ཡོད་པ་འདྲ། ཁོ་ཚོས་སྡིགཔ་སྦྱོང་གི་ཡོད་རེད། དབང་ཕྱུག་གིས་སྡིག་པ་མང་
པོ་བསགས་ཚར་སོང་ད་སྡིག་པ་སྦྱོང་གི་ཡིན་བྱས་ཆུང་མ་དང་བུ་ཕྲུག་ཚང་མ་མཉམ་
དུ་འགྲོ་བ་རེད། ཁྱད་པར་འཕགས་བསྟོད་ལས། དཀའ་ཐུབ་པ་ཚང་མས་དཀའ་བ་སྤྱད་
བསྒོམ་རྒྱབ་འགྲོ་ས་ལ་ཆུང་མ་བུ་དང་བཅས་པ་མཉམ་དུ་འགྲོ་བ་རེད། བདག་ཅག་གི་
སྟོན་པས་ཆུང་མ་སོགས་ཚང་མ་སྤངས་ནས་ཕེབས་པ་རེད་ཅེས་འཕགས་བསྟོད་འགོ་
ཞུགས་ཚང་མས་ཕྱི་ནང་གི་སྟོན་པའི་ཁྱད་པར་བཤད་ཡག་དེ་རེད། ཁྱད་པར་འཕགས་
བསྟོད་དེ་སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད། ལྷ་ལས་ཕུལ་བྱུང་གི་བསྟོད་པ་དེ་
ཤེས་རབ་གོ་ཆས་མཛད་པ་རེད། ཁོང་གཉིས་སྤུན་མཆེད་རེད། ཁོང་ཚོ་སྤུན་གསུམ་
ཡོད་རེད། ཨ་མས་སངས་རྒྱས་མཇལ་མྱོང་ཡོད་རེད། རྡོ་རྗེ་གདན་ལྷ་ཁང་དང་ལྷ་
བཞེང་གྲབས་བྱེད་དུས་སློབ་དཔོན་གཉིས་ཀ་ནང་པ་མ་རེད་ཁོང་ཚོའི་ལྷ་ག་རེ་བཞེངས་
ཀྱི་ཡིན་པ་བྱེད་བུ་གཅིག་གིས་ཕྱི་པའི་གྲུབ་མཐའ་འཛིན་པ་མིན་འགྲོ། ཁོང་ཚོས་ཕྱི་ནང་
གི་ཆོས་ལ་རྩོད་སློབ་དཔོན་ཁོ་རང་གཉིས་ཕན་ཚུན་མི་མཐུན་པར་རྩོད་ཡོད་མ་རེད། ཁོ་
གཉིས་དཔེ་ཆ་ཡག་ཐག་ཆོད་རིག་པ་རྣོ་ཐག་ཆོད་ཞེ་པོ་གཅིག་མཁས་པ་ཆགས་ནས་
དཔེ་ཆ་ཞེ་དྲག་གཟིགས་ཙང་ཕྱི་པའི་གཞུངས་ནས་བཤད་པ་དེ་འདྲ་ཆགས་པོ་ཡོད་རེད་
དེ་ཕུགས་ཡག་པོ་མི་འདུག། ནང་པའི་གྲུབ་མཐའ་རང་བཟང་བ་འདུག་བྱས་ཐག་ཆོད་པོ་
301
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

མ་བྱུང་ཙང་ཨ་མས་བྱེད་ཡག་མ་རྙེད་དུས་རྐང་མགྱོགས་ཀྱི་རྩི་བྱུག་ནས་དབང་ཕྱུག་ལ་
དྲིས་སར་བཏང་པ་རེད། དབང་ཕྱུག་རི་གངས་ཅན་ལ་ཡོད་རེད། ལྷ་མོ་ཨུ་མས་མེ་ཏོག་
འཐུ་བསྡད་སར་སླེབས་པ་རེད། ཁྱོད་ཚོ་ག་པ་འགྲོ་བ་ཡིན་དྲིས་པ་རེད། ང་ཚོ་དབང་
ཕྱུག་མཇལ་སར་ཡོང་བ་ཡིན་མཇལ་ཡག་ཡོད་རེད་པས་ཟེར། ཡོད་རེད་དེ་རིང་དབང་
ཕྱུག་སྐུ་མདུན་ལ་དགེ་སློང་དགྲ་བཅོམ་པ་ལྔ་བརྒྱ་གདན་འདྲེན་ཞུས་ཏེ་ཞལ་ལག་ཕུལ་
གྱི་ཡོད། དེར་ཕུལ་ཡག་ངས་མེ་ཏོག་འཐུ་གི་ཡོད་ཟེར་དུས། ཁོང་ཚོས་ད་ནང་པ་ཡག་
པ་ཐག་ཆོད་ཤགས་བསམ་དེ་ས་ཡོང་འཚམ་ཅིག་ལ་ཚོགས་བདག་གིས་ད་ཡར་ཤོག་
ཟེར་མགྲོན་གཉེར་འདྲ་པོ་ཚོགས་བདག་གི་བྱེད་ནས་ཡར་བཅར་བྱེད་དབང་ཕྱུག་ལ་
ཆོས་ག་རེ་ཡག་གི་རེད་ཅེས་བཀའ་འདྲི་ཞུས། དབང་ཕྱུག་གིས་ཆོས་རང་བྱེད་ཐར་པ་
འདོད་ན་ནང་པའི་ཆོས་བྱེད་དགོས་རེད། ཚེ་འདི་མ་གཏོགས་མ་བསམ་པ་ཡིན་ན་ང་ལ་
བརྟེན་ན་ཐུགས་ཐག་ཉེ་པོ་ཡོད་རེད་ཟེར། ངས་ཀྱང་སྐྱེ་བ་ཕྱི་མ་བསམ་བྱས་དགྲ་བཅོམ་
པ་ཚོ་གདན་འདྲེན་ཞུས་ནས་སྡིག་པ་སྦྱང་ཀྱི་ཡོད་རེད་ཟེར། འདུག་སེ་གསུངས་པ་རེད།
དེ་ནས་རྒྱ་གར་རྡོ་རྗེ་གདན་དུ་མར་ཕེབས་སྟེ་གཙུག་ལག་ཁང་བཞེངས་པའི་ལོ་རྒྱུས་
མང་པོ་ཡོད་རེད། དེ་ནས་སངས་རྒྱས་ལ་བསྟོད་པ་མཛད་དེ་གཅིག་གིས་ཁྱད་པར་
འཕགས་བསྟོད་མཛད་དེ་མུ་སྟེགས་པའི་ལྷ་དང་དྲང་སྲོང་དང་གྲུབ་པ་ཐོབ་པ་དང་ཐར་པ་
འདོད་པ་ཚང་མ་ལས་མི་འདྲ་བའི་ཁྱད་པར་དུ་འཕགས་པའི་ཡོན་ཏན་བཤད། གཅིག་
གིས་ཡོད་དོ་མེད་དོ་མུ་སྟེགས་ཚང་མ་ལས་ཕུལ་དུ་བྱུང་བ་ཡིན་པའི་རྒྱུ་མཚན་བཤད་
ནས་ལྷ་ལས་ཕུལ་བྱུང་གི་བསྟོད་པ་མཛད། དེང་སང་བསྟོད་པ་དེ་གཉིས་བསྟན་འགྱུར་
ནང་བསྟོད་ཚོགས་ཀྱི་འགོ་འགོ་དེར་ཡོད་རེད།
༈ ཞབས་མནན་གཉིས་པོ་དེ་ཆགས་སྡང་གཉིས་རེད་ཞབས་གཡས་པ་ཐབས་
བྱམས་པ་དང་སྙིང་རྗེའི་རང་བཞིན་བཤད་ཀྱིས་རྐྱང་པས་དུས་མཚན་མ་གན་གྱལ་
302
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དུ་འདོད་ཆགས་སྐྱེ་བའི་གནས་ནུ་མའི་སྟེང་ནས་མནན། གཡོན་པ་ཤེས་རབ་ཀྱི་རང་
བཞིན་བསྐུམས་པས་འཇིགས་བྱེད་ཁ་སྦུབ་སྟེ་མགོ་རྒྱབ་ཏུ་བལྟབས་ཞེ་སྡང་སྐྱེ་བའི་
ཡུལ་དཔྲལ་བའི་སྟེང་ནས་མནན་པ། ཞབས་གཡས་པ་རྐྱང་པ་དེས་སངས་རྒྱས་འཁོར་
བ་ལས་གྲོལ་ཚར་ནའང་འཁོར་བ་ནང་བཞུགས་པ་དེ་ཐབས་སྙིང་རྗེས་བཅིངས་ནས་
བཞུགས་པ་མཚོན། གཡོན་པ་བསྐུམས་པས་ཤེས་རབ་ཀྱིས་འཁོར་བ་ལས་གྲོལ་བ་
མཚོན། (སྐབས་གསུམ་པ་ནང་ལ་
ཤེས་པས་སྲིད་ལ་མི་གནས་ཤིང༌། །
སྙིང་རྗེས་ཞི་ལ་མི་གནས་དང༌།)
ཞེས་སྲིད་མཐའ་འགོག་བྱེད་ཤེས་རབ་དང་ཞི་མཐའ་འགོག་བྱེད་སྙིང་རྗེར་བཤད་པ་
རེད། ང་ཚོ་གླིང་ག་གཏོང་འགྲོ་བ་ལས་ཀྱང་སངས་རྒྱས་བྱང་སེམས་རྣམས་སེམས་ཅན་
ཀྱི་དོན་དུ་དམྱལ་བ་ནང་ཕེབས་ཡག་དེ་སྤྲོ་བ་ཡོད་རེད། དེ་ཡིན་ཙང་གཡས་པ་ཐབས་
ཀྱི་རང་བཞིན་རྐྱང་པ་རེད། ཞེ་སྡང་སྐྱེ་བའི་གནས་སྙིང་ག་ཡིན་ཙང་འཇིགས་བྱེད་ཁ་
མར་སྦུབས་ཞེ་སྡང་སྐྱེ་བའི་ཡུལ་དཔྲལ་བ་ཡིན་པས་མགོའ ་ོ རྒྱབ་ཏུ་བལྟབས་ཏེ་དཔྲལ་
བ་དང་སྙིང་ག་ཁ་ཐུག་ཁེལ་ལེ་བྱས་ནས་དཔྲལ་བའི་སྟེང་ནས་མནན་པ་རེད། སྐུའི་རྣམ་
པ་དེ་ཡག་པོ་བསམ་བློ་བཏང་དགོས་རེད། ཧ་ཅང་རྒྱག་པ་མིན་པ་ཧ་ཅང་སྐམ་པོ་མིན་
པ་གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཅན།ཞལ་རས་ཆགས་ཉམ་གཙོ་བོ་འདོན་པ་ལ་
ཁྲོ་ཉམ་ཅུང་ཟད་ཡོད་པ། ཞལ་གདངས་པ་མིན་པ་བཙུམས་པ་ཡང་མིན་པ་མཚེམ་ཅུང་
ཟད་དོན་པ། སྤྱན་ཟིམ་མར་གཟིགས་པ་ཟེར་ཡག་དེ་ཆགས་པའི་གཟིགས་སྟངས་རེད།
གཏུམ་མོ་འབར་འཛག་གི་ཆགས་པས་སྐུ་མདོག་པདྨ་ར་ག་ལྟར་དམར་བ། ཞལ་གྱེན་དུ་
ཕྱོགས་ནས་ཐོད་ཁྲག་ཞལ་དུ་བསོལ་བ་ཐོད་ཁྲག་གི་ནང་དུ་རྒྱུ་མ་ཡོད་རེད། ཁྲག་གིས་
བདེ་བ་ཆེན་པོ་མཚོན། རྒྱུ་མ་ཡོད་ཡག་དེ་ག་རེ་རེད་ཟེར་ན། ཀ་པ་ལ་ནི་ཨེཎྜས་བཀང༌།
303
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

།ཞེས་པ་ཨེཎྜ་རྒྱུ་མ་ལ་ཟེར་བ་རེད།
ཕྱག་གཡས་པས་གྲི ་ གུག་ཐུར་དུ་རྐྱངས་ནས་འཛི ན ་པས་འཁོ ར ་བའི ་ རྩ་བ་
བཅད་པ་མཚོན། ན་རོ་མཁའ་སྤྱོད་ཀྱི་སྐུའི་རྣམ་འགྱུར་དེ་འདྲ་རེད། ༧ཞབས་མནན་
འཇིགས་བྱེད་དང་དུས་མཚན་གཉིས་རྐང་པ་མ་ཐུག་ཙམ་བྱེད། ཉི་མའི་དཀྱིལ་འཁོར་དེ་
ལྷ་ཆེ་ཆུང་ལ་དཔག་པའི་ལྷ་དེའི་འདོམ་གང་གི་ཚད་ཙམ་སྒོར་སྒོར། དེའི་འོག་སྣ་ཚོགས་
པདྨ། པདྨ་དང་ཉི་མ་འཇིགས་བྱེད་དང་དུས་མཚན་དེ་ཀས་གདན་བྱེད། དེ་ཚོའི་མཚོན་
དོན་བསྟོད་པ་ནང་ལ་གསལ་པོ་ཡོད་རེད་བཤད་དགོས་ཡག་མི་འདུག །མར་འདོན་
ཡོང་དུས་ང་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་སོང་བསམ། སངས་རྒྱས་དངོས་ཡིན་
བསམ་ཡིན་ལུགས་ག་འདྲས་རེད་བསམ་ན། དེ་ཡང་རྡོ་རྗེའི་ས་གཞི་ར་བ་གུར་བླ་རེ་
དང་བཅས་པའི་ཕྱི་རོལ་ཏུ་ཁ་དོག་སྣ་ལྔ་པའི་མེ་དཔུང་གཡོན་སྐོར་དུ་འཁྱིལ་ཞིང་འབར་
བ། དེ་ལྟར་འདོན་པ་ནང་བཞིན་བསམ་བློ་བཏང་གིན་བཏང་གིན་བྱས་རྡོ་རྗེ་ས་གཞི་སྐད་
ཆ་མ་བཤད་པ་རེད། ར་བའི་འོག་ཏུ་ཚུད་བསྡད་པ་ཡིན་ཙང་རྡོ་རྗེའི་ར་བ་དེ་ཟླུམ་པོ་རེད་
རྡོ་རྗེ་ཆེན་པོ་ཅིག་གི་དྲུག་ཅུ་རེ་བཞི་ཕྱོགས་ཕྱོགས་ལ་བསླང་བཞག་ཡོད་རེད། གུར་དེ་
ཡང་རྡོ་རྗེ་དྲུག་ཅུ་རེ་བཞི་ཐོག་འབུག་པ་ནང་བཞིན་བྱས་དཀྱིལ་དེར་ཡར་འབོག་འབོག་
ཡིན་རེད། བླ་རེ་དེ་རྡོ་རྗེ་དྲུག་ཅུ་རེ་བཞི་ར་བ་དང་བླ་རེས་གཉིས་ཀྱི་བར་ཁ་ཐུག་ཐད་
ཀར་བཀབ་ནས་ཡོད་རེད།
དཀྱིལ་དེར་སྣ་ཚོགས་རྡོ་རྗེ་རེ་རེ་ཡོད་རེད། རྡོ་རྗེའི་ས་གཞི་ལའང་དེ་ག་རང་
ཡོད་རེད། རྩེ་དེར་རྡོ་རྗེ་རྩེ་ལྔ་པའི་ཏོག་གཅིག་ཡོད་རེད། ཐག་རིང་ནས་བལྟས་ན་རྡོ་
རྗེ་ནག་རོབ་རོབ་མཐོང་རྒྱུ་ཡོད་པ་འཁྲིས་ནས་བལྟས་ན་ཚང་མ་ཤེལ་འདྲ་པོ་ཕྱི་བལྟས་
ནང་གསལ་རྡོ་རྗེ་ཆེ་ཆུང་ཚང་མ་ངོས་གཅིག་ཏུ་གྱུར་པ་བར་མཚམས་སུ་རླུང་སེལ་བུ་
ཙམ་ཡང་འཛུལ་ས་མེད་པ། གུར་དང་བླ་རེ་རྭ་བ་ས་གཞི་བཞི་ག་དུམ་བུ་གཅིག་ཏུ་གྲུབ་
304
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པ་བྱེད་པ་རེད། བསྐལ་པའི་མེ་རླུང་སོགས་གང་གིས་ཀྱང་གཞོམ་པར་མི་ནུས་པ་དེ་འདྲ་
རེད། ཕྱི་རོལ་ཏུ་མེ་དཔུང་སྣ་ལྔ་པས་གཡོན་སྐོར་དུ་འཁྱིལ་ཞིང་འབར་བ་བྱེད་པ་ནི་སྟེང་
དང་ལོག་ཀུན་ཏུ་མེ་འབར་ཟེར་ཡག་དེ་ལ་ཁྱད་པར་མེད་འགྲོ་བསམ་གྱི་འདུག
(རྡོ་རྗེ་ར་བ་ནང་དུ་སྟེ། །
དུར་ཁྲོད་བརྒྱད་ཀྱིས་སྐོར་བའོ། །
ཞེས་དང་ ཡང་ རྡོ་རྗེ་ར་བའི་ནང་དུ་སྟེ། །
དུར་ཁྲོད་བརྒྱད་ཀྱིས་སྐོར་བའོ།།)
ཞེས་ཚིག་དེ་འགྱུར་མི་འདྲ་བ་གཉིས་བྱུང་ཡོད་རེད། དེ་འདྲ་ཡིན་ཙང་འཇིགས་བྱེད་
སོགས་སུའང་དུར་ཁྲོད་དེ་རྡོ་རྗེའི་ར་བའི་ཕྱི་ནང་གང་དུ་བྱེད་ནའང་ཆོག །གསུངས་པ་
རེད། དུར་ཁྲོད་རྡོ་རྗེའི་ར་བའི་ནང་དུ་བྱེད་པ་རྣལ་འབྱོར་མ་ཁོ་ནའི་ཁྱད་ཆོས་མ་རེད།
དུར་ཁྲོད་བརྒྱད་ཀྱི་དཀྱིལ་དེ་ལ་ཤིང་རེ་རེ་ཡོད་པ་བྱེད། ཤིང་རེ་རེའི་རྩ་ལ་ཕྱོགས་སྐྱོང་
རེ་རེ། ཤར་དུ་བརྒྱ་བྱིན་གླང་པོ་ཆེ་ལ་ཞོན་པ། ལྷ་དབང་བརྒྱ་བྱིན་གྱིས་རྡོ་རྗེ་བསྣམས་
བསྡད་ཡོད་རེད། ཕྱོགས་སྐྱོང་ནང་གི་བརྒྱ་བྱིན་དེའང་རྡོ་རྗེ་བསྣམས་ཡོད་པ་འདྲ།
[སྐབས་འདིར་ལོ་རྒྱུས་དེ་ཟུར་བཀོད་ཟིན་] གསང་བ་འདུས་པའི་སྐབས་
(རྡོ་རྗེ་མཚོན་ཆ་སེར་པོ་ཆེ།) །
ཞེས་པ་རྒྱ་བྱིན་ལ་ཟེར་བ་རེད། དཀྱིལ་འཁོར་ཀྱི་མཐར་ཕྱོགས་སྐྱོང་དེ་ཚོ་སངས་རྒྱས་
ཀྱི་ཞལ་མཐོང་ནས་ལྷ་ལས་སྐྱེས། དཀྱིལ་འཁོར་གྱི་གཙོ་བོ་དང་ངོ་བོ་དབྱེར་མེད་པ་
གཙོ་བོའ ་ི རྣམ་རོལ་ཏུ་ཤར་བསྡད་པ་ཤ་སྟག་རེད། བརྒྱ་བྱིན་ལ་མིག་སྟོང་ཡོང་དགོས་
ཡག་དེ་དྲང་སྲོང་གིས་སྨོན་པ་འགྲུབ་པ་རེད། བརྒྱ་བྱིན་དྲང་སྲོང་ཞིག་གི་ཆུང་མ་ལ་
ཆགས་ནས་ཕྱིན་པའི་སྐབས་དྲང་སྲོང་གིས་ཁྱོད་ཀྱི་ལུས་ལ་མཚན་མ་སྟོང་འབྱུང་བར་
གྱུར་ཅིག་ཅེས་སྨོད་ཙང་མཚན་མ་སྟོང་བྱུང་བ་རེད། རྗེས་སུ་བརྒྱ་བྱིན་གྱིས་བཤགས་
305
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པ་ཕུལ་པས་ཀྱང་དྲང་སྲོང་གིས་མཚན་མ་སྟོང་དེ་མིག་སྟོང་དུ་གྱུར་ཅིག་ཅེས་སྨོན་པས་
མིག་སྟོང་ལ་གྱུར་པ་རེད།། །།

འཕྲོས་བཤད། 119

ཕྱོགས་སྐྱོང་ཚོ་ཕལ་ཆེར་ཕྱག་བཞི་ཡུམ་དང་བཅས་པ་བྱེད་དགོས་ཀྱི་ཡོད་འགྲོ་
བསམ་གི།
(ཤར་ཕྱོགས་བརྒྱ་བྱིན་གླང་པོ་ཆིབས། །
ཕྱག་ན་གསེར་གྱི་རྡོ་རྗེ་བསྣམས། །
བརྒྱ་བྱིན་འབུམ་གྱི་འཁོར་དང་བཅས།) །
ཞེས་མགོན་པོའ ་ི ནང་ལ་ཡོང༌། སྤྱིར་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྡོ་རྗེ་བསྣམས་ཡོད་
རེད། ཕྱོགས་སྐྱོང་བཅོ་ལྔ་ནང་གི་བརྒྱ་བྱིན་ལ་ཡང་རྡོ་རྗེ་འཁྱེར་ཡག་ཡོད་པ་འདྲ། རྡོ་རྗེ་
ཁྱེར་དགོས་ཡག་དེ་དཔེ་ཆ་བ་ཚོས་ཕར་ཕྱིན་ནང་རྩོད་བསྡད་ཀྱི་ཡོད་པ། རི་འཇོམས་
གྲོང་འཇོམས་སོགས་བརྒྱ་བྱིན་ལ་མིང་མང་པོ་བཏགས་ནས་
(མིང་གི་སྔ་རོལ་བློ་མེད་ཕྱིར། །
མང་བའི་ཕྱིར་དང་མ་ངེས་ཕྱིར། །
དེ་ཡི་བདག་ཉིད་བདག་མང་དང་། །
བདག་འདྲེས་འགལ་བས་འགྲུབ་པར་འགྱུར།།)
གཅིག་ཏུ་བྲལ་གྱི་བདག་མང་འགལ་བའི་རིགས་པ། བདག་འདྲེས་འགལ་བའི་རིགས་
པ་བྱས་དེ་འདྲའི་སྟོང་པ་ཉིད་སྒྲུབས་པའི་རིགས་པ་ལྔ་ཡོད་རེད། མི་གཅིག་ལ་མིང་
མང་པོ་བཏགས་ཡག་དང་མི་གཉིས་ལ་མིང་གཅིག་པ་ཡོང་ཡག་འདྲ་པོ་དང༌། བྲམ་ཟེ་
ཁྱིའུ་ཁ་ཆེ་སྣ་ཉག་ལ་སེངྒེ་བཏགས་པ་འདྲ་པོ་དེ་འདྲ་ཁྱེར་ཡོང་ནས་རྩོད་པ་བྱེད་ཀྱི་
306
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རེད། བརྒྱ་བྱིན་ལ་རི་འཇོམས་དང་གྲོང་འཇོམས་ཟེར་དགོས་ཡག་དེ་བརྒྱ་བྱིན་གྱི་རྡོ་
རྗེ་དེ་ཕ་ལམ་ཡིན་ཙང་རི་ལ་རྒྱབ་ན་རི་གཏོར་ཐུབ། གྲོང་ལ་རྒྱབ་ན་གྲོང་གཏོར་ནས་
བཅོམ་ཐུབ་པ་ཡིན་ཙང་འདུག་སེ་བརྗོད་ཀྱི་ཡོད་རེད། འོ་ན་བརྒྱ་བྱིན་གྱི་རྡོ་རྗེ་ཕ་ལམ་
དེ་ག་ནས་བྱུང་བ་རེད་ཟེར་ན། ད་འདི་ལ་ཕྱི་ནང་ཐུན་མོང་གི་སྐད་ཆ་བཤད་དགོས་
རེད། ཕྱི་ནང་མི་མཐུན་པ་དེ་ཕར་བཞག་མཐུན་པ་དེ་ཤོད་དགོས་རེད། རྡོ་རྗེ་ཕ་ལམ་
དེ་དྲང་སྲོང་(ཞོ་འཐུང་གི་རུས་པ་རེད་བྱེད་པ་རེད། ང་ཚོའི་དཔེ་ཆའི་ནང་ལ་ཡང་ཞོ་
འཐུང་རུས་པའི་རིས་ཀྱང་འཚུགས་པ་མེད་པའི་རིགས་ཀྱང་མཚུངས་པ་མེད།།) ཟེར་
ཞོ་འཐུང་རུས་པ་ཟེར་དུས་ཕ་ལམ་རེད། ཕ་ལམ་གྱི་རིགས་ཡིན་ན་སུ་ཞིག་གིས་ཚུར་
གནོད་མི་ཐུབ་པ་རེད་ཟེར་ས་སྙན་ངག་གི་བསྟོད་པ་ནང་ཁྱེད་རང་གི་སྐུ་ལ་ནག་ཕྱོགས་
མི་མཐུན་པའི་གནོད་པ་ཡོང་མི་སྲིད་པ་རེད་ཟེར་བ་དེ་འདྲ་ཡོང་གི་ཡོད་རེད། དྲང་སྲོང་
ཞོ་འཐུང་གི་རུས་པ་དགོས་ཡག་དེ་ག་རེ་བྱེད་པ་རེད་ཟེར་ན། ལྷ་མ་ཡིན་གྱི་གྲོང་ཁྱེར་
གསུམ་བརྩེགས་ཀྱིས་ལྷ་ལ་དགྲ་བྱས་ནས་ལྷ་ཡིས་ཐུབ་ཀྱི་ཡོད་མ་རེད། གྲོང་ཁྱེར་
གསུམ་བརྩེགས་ཟེར་བ་གྲོང་ཁྱེར་ལྟག་ཞབས་གསུམ་ཡོད་རེད་གསུམ་ཆག་ལ་མོག་
ཕྲུག་རྩིགས་པ་འདྲ་པོ་བྱེད་ནམ་མཁའ་ལ་འགྲོ་ནས་ལྷ་གནས་སུམ་ཅུ་རྩ་གསུམ་ཁ་ཐུག་
ལ་ཡོང་བྱེད། དམག་རྒྱབ་ནས་ལྷ་ཚོ་ཁག་པོ་བཟོ་བ་རེད། ལྷ་ཚོས་ཐབས་ཤེས་བཙལ་
བ་ན་དྲང་སྲོང་ཞོ་འཐུང་གི་རིགས་པ་ལས་མཚོན་ཆ་བཟོས་བྱས་གཏོར་ན་ཐུབ་ཀྱི་རེད་
ཟེར། དེ་ནས་དྲང་སྲོང་ཞོ་འཐུང་རྩར་རུས་པ་གནང་རོགས་གནང་ཟེར་ཞུ་འགྲོ་བ་རེད།
དྲང་སྲོང་ཞོ་འཐུང་གིས་རུས་པ་སྤྲད་དགོས་ཟེར། ང་མཚོན་ཆས་མ་བསོད་མཚོན་མ་
བསྣུན། ངའི་ཤ་དེ་བ་ཕྱུགས་ལ་ལྡག་བཅུག་ཤོག་ཟེར། བ་ཕྱུགས་ལ་ལྡགས་བཅུག་དྲང་
སྲོང་ཞོ་འཐུང་གི་སྐུ་གཟུགས་དེ་བ་ཕྱུག་ཀྱིས་བལྡགས་པ་རེད། ཤ་བལྡགས་རུས་པ་
ལུས་བསྡད་པ་རེད། རུས་པ་དེ་ལ་ལྷའི་བཟོ་བོ་བི་ཤོ་ཀ་རྨས་བརྒྱ་བྱིན་གྱི་ཕྱག་མཚན་
307
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རྡོ་རྗེ་དེ་བཟོས་པ་རེད། དཔེ་ཆ་ཁ་ཤས་ནང་རྡོ་རྗེ་རྩེ་བརྒྱ་ཟེར་ཡོད་རེད། དེ་སྙན་ངག་


གི་བརྒྱན་རེད་མ་གཏོགས་བརྒྱ་རང་ཨ་ཡོད། དེ་ནས་རྡོ་རྗེ་དེ་ཁྱེར་ཏེ་ལྷ་མ་ཡིན་གྲོང་
ཁྱེར་གསུམ་བརྩེགས་སྒང་ལ་གཅིག་རྒྱབ་ནས་གྲོང་ཁྱེར་གསུམ་བརྩེགས་ཚང་མ་ཕར་
རླགས་བཞག་པ་རེད། དེས་ན་རི་འཇོམས་གྲོང་འཇོམས་ཀྱི་མིང་འཐོགས་པ་རེད། ལྷ་མ་
ཡིན་ལས་ཁེ་རག་པ་རེད་རྡོ་རྗེའི་མཚོན་ཆ་ཡོད་ཙང༌། གསང་བ་འདུས་པ་ལས་རྡོ་རྗེའི་
ཚོན་ཆ་སེར་པོ་ཟེར། གསང་བ་འདུས་པའི་སྐབས་སུ་བརྒྱ་བྱིན་གྱི་མིང་ལ། རྡོ་རྗེ་འཆང་
གི་རྒྱུད་ལས་དབང་སྐུར་དུས་དཀྱིལ་འཁོར་གྱི་མཐའ་ཡི་ཕྱོགས་སྐྱོང་དེ་ཚོ་སངས་རྒྱས་
ཀྱི་ཞལ་མཐོང་བ་ལས་ལྷག་ཙེ་དཀྱིལ་འཁོར་གྱི་གཙོ་བོ་དང་ངོ་བོ་དབྱེར་མེད་པ་གཙོ་བོ་
ཡི་རྣམ་རོལ་དུ་ཤར་བསྡད་པ་ཤ་སྟག་རེད།
(རྡོ་རྗེའི་མཚོན་ཆ་སེར་པོ་མིག་སྟོང་པ།།)
མིག་སྟོང་པ་ཟེར་ཡག་བརྒྱ་བྱིན་ལ་མིག་སྟོང་ཕྲག་གཅིག་ཡོད་རེད། དེ་ཡོད་ཡག་དེ་
ག་རེ་རེད་ཟེར་ན་ཐ་མལ་སྐྱེ་བརྒྱུད་ཐུན་མོང་བ་བྱེད་ན། དྲང་སྲོང་དེ་ཚོ་དམོད་པ་ཚ་
པོ་ཞེ་དྲག་ཡོད་རེད། སྔགས་བགྲངས་དམོད་པ་ཨ་འགྲུབ་ལྟ་དགོས་རེད། མི་གཅིག་ལ་
ཁོ་ན་བར་གྱུར་ཅིག་ཟེར་ནས་ཁོ་ན་ཨ་འདུག་ལྟ། ཤི་བར་གྱུར་ཅིག་ཟེར་ནས་ཤི་གི་ཨ་
འདུག་ལྟ། འདུག་ན་ད་འགྲུབ་ཤག་ཟེར། དྲང་སྲོང་ཟེར་མཁན་དེ་མི་ལ་གནོད་པ་བསྐྱེལ་
སྡིག་པ་ལ་མི་འཛེམས་མཁན་ཅིག་རེད། སངས་རྒྱས་ཤཱཀྱ་ཐུབ་པ་ལ་མི་ལ་གནོད་པ་
བསྐྱེལ་ཡག་ཐུགས་ཀྱི་དགོངས་པ་ཙམ་ཡང་བཞེས་ཀྱི་ཡོད་མ་རེད། ཁྱད་པར་འཕགས་
བསྟོད་ནང་ཡོད་རེད། ཡང་རིག་སྔགས་འགྲུབ་པའི་ཚད་དེ་ཡིན་ཙང་དྲང་སྲོང་ཚོས་རིག་
སྔགས་འགྲུབ་བསྡད་ཡོད་རེད། དྲང་སྲོང་གཅིག་གིས་རི་ལ་དཀའ་ཐུབ་སྤྱད་བསྡད་ས་
ལ་ཆུང་མ་དེ་གཟུགས་བཟང་པོ་ཞིག་ཡོད་པ་ཡིན་པ་རེད། དྲང་སྲོང་གིས་ཡམ་ཤིང་
བསྒྲུབ་འགྲོ་མེ་ཏོག་བསྒྲུབ་འགྲོ་དྲང་སྲོང་གིས་སྦྱིན་སྲེག་ཤ་སྟག་བླུག་བསྡད་དགོས་
308
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རེད། ཡང༌། མེ་ལྷ་རལ་པ་ཅན་བྱེད་པ་རེད་མེ་ཡི་ལས་ཀ་ཤ་སྟག་དགོས་རེད། དྲང་སྲོང་


ཡམ་ཤིང་དང་མེ་ཏོག་བསྒྲུབ་འགྲོ་བའི་བར་བརྒྱ་བྱིན་ཆུང་མ་དེ་རྩར་ཡོང་གི་ཡོད་རེད།
ཉི་མ་གཅིག་བརྒྱ་བྱིན་ཡོང་གི་ཡོད་རེད། བརྒྱ་བྱིན་ཆགས་པའི་རྣམ་འགྱུར་ཞེ་པོ་བསྟན་
བྱས་ཆུང་མ་རྩར་མ་སླེབས་ཕར་ཙེ་ནས་ཡོང་དུས་ནས་ཆགས་པའི་རྐྱེན་གྱིས་ཐིག་ལེ་
ཅི་དག་མར་འཛག་རྐང་པའི་མདུན་ལ་ཐིག་པ་རྒྱབ་ནས་ཡོང་གི་ཡོད་རེད། དེ་དུས་དྲང་
སྲོང་བསྡད་ཡོད་པའི་ཁ་ཐུག་འཁེལ་པ་རེད། དྲང་སྲོང་ཚིག་པ་ཟ་བྱས་ཁྱོད་ཀྱི་ལུས་ལ་
མཚན་མ་སྟོང་འབྱུང་བར་གྱུར་ཅིག་བྱས་ནས་བརྒྱ་བྱིན་གྱི་ལུས་ལ་མཚན་མ་སྟོང་བྱུང་
བ་རེད། བརྒྱ་བྱིན་ཨ་ཡིན་མ་ཤེས་པ་བྱས་ཁོས་བརྒྱ་བྱིན་ལྟ་ཉན་བྱེད་ཉན་མེད་པ་བྱས་
དྲང་སྲོང་ལ་བཤགས་པ་བྱེད་པ་རེད་དེ། མཚན་མ་བྱུང་ཚར་རེད། ཡང་མཚན་མ་སྟོང་
དེ་མིག་སྟོང་དུ་གྱུར་ཅིག་ཟེར་དམོད་པ་བྱས་ནས་མིག་སྟོང་བྱུང་པ་རེད། ཤིང་དེའི་རྩེ་
ལ་ཞིང་སྐྱོང་རེད།། །།
འཕྲོས་བཤད། 121

ཁྱབ་འཇུག་གི་འཇུག་པ་བཅུའི་ནང་ནས་ཁྱབ་འཇུག་དང་ཁྱད་པར་མེད་པ་འདྲ་
པོ་ཁྱབ་འཇུག་ཀི་ཤན་ལས་ཟེར་བ་མི་གཅིག་དེ་རེད། ཁོས་དྲང་སྲོང་ལ་མངོན་ཤེས་
ཡོད་མེད་ཚོད་བལྟ་བྱེད་ནས་བྲོད་འཁོགས་སྒང་ལ་གཞོང་པ་བཞག། བྲོད་འཁོགས་རས་
ཀྱིས་བཀྲིས་ནས་ཕྱིན་ཏེ་ངའི་བྲོད་འཁོགས་ནང་ལ་ག་རེ་འདུག་ཤོད་རོགས་ཟེར་བ་རེད།
དྲང་སྲོང་གིས་ཁྱེད་རང་བྲོད་འཁོགས་ནང་ལ་ལྕགས་གཅིག་སྐྱེས་ཀྱི་རེད། ལྕགས་དེས་
ཁྱོད་ཀྱི་གཉེན་རྩ་ལག་དང་བཅས་པ་རྩ་མེད་བཏང་གི་རེད་ཅེས་དམོད་པ་རྒྱབ་བཞག་པ་
རེད། རྗེས་མ་ཁོ་ཡི་འཁོགས་པ་ནས་ལྕགས་རིང་པོ་ཁྲུ་གང་ཙེ་གཅིག་དོན་ཡོང་བ་རེད།
ལྕགས་དེ་མཚོ་ཁ་ལ་བདར་ནས་ཆུང་རུ་བཏང་བཅུག་པ་རེད། ལྕགས་བདར་མཁན་
དཀའ་ལས་ཁ་ནས་ལྕགས་མཚོའི་ནང་ལ་གཡུགས་བཞག་པ་རེད། དེ་ཉ་ཡིས་ཟས་ཉ་
309
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དེ་ཉ་པས་ཟིན་དུས་ཉའི་འཁོགས་པ་ནས་ལྕགས་དེ་དོན་ཡང་ནས་ལྕགས་དེ་ལས་མདའ་
ལྕགས་བཟོས་པ་རེད་མདའ་དེ་རི་དྭགས་རྒྱབ་མཁན་ཞིག་གི་ལག་ཏུ་སོན། ཀེ་ཤན་
ལགས་ཀྱི་བཙུན་མོ་སོགས་གཉེན་རྩ་ལག་དང་བཅས་པ་དགྲས་བཅོམ་ནས་མེད་པ་
བཟོས་ཏེ་ཁོ་རང་མ་གཏོགས་ལྷག་མེད་པ་རེད། ཀེ་ཤན་ཁོ་རང་ཡང་ཤིང་ནགས་གསེབ་
ཏུ་ཉལ་ཏེ་རྐང་པའི་མཐེ་བོང་འགུལ་ཙམ་འགུལ་བཏང་ཙམ་རྔོན་པས་རི་དྭགས་ཉལ་
བསྡད་ཤག་བསམ་མདའ་རྒྱབ་ཏེ་ཀེ་ཤན་ཀྱང་བསད་སོང་བ་རེད། འཇུག་པ་བཅུའི་ནང་
ལ་ཁྱབ་འཇུག་དངོས་དེ་ཉེ་དབང་རེད། ཁོས་ཞང་པོ་བསླུས་ཏེ་ཞང་པོ་ལ་མཆོད་པ་ཕུལ་
གྱི་ཡོད་རེད། ཁོའ ་ི ཞང་པོ་བྱ་ཁྱུང་རེད། ཉིན་གཅིག་ཞང་པོས་ད་ཁྱོད་ལ་དངོས་གྲུབ་ག་
རེ་དགོས་ཟེར་དུས་ལ་དགོས་ཡག་དེ་ཞང་པོ་རང་གིས་སྤྲད་མི་ཡོང་བྱེད་པ་རེད། སྤྲད་
དགོས་བྱས་ནས་ཁས་ལེན་པ་རེད། འོ་ན་ཞང་པོ་ཁྱེད་རང་མགོ་ལ་ར་ཡོད་པ་ཁ་ལ་མཆུ་
ཏོ་བྱས་རྫིག་པོ་གཤོག་པ་ཡོད་ཙང་མགྱོགས་པོ། ང་ལ་དེ་འདྲ་གཞོན་པ་དགོས་ཀྱི་ཡོད།
ཞང་པོ་ངའི་ཞོན་པར་གྱུར་ཅིག་ཅེས་སྨོན་པ་བཏབ་ནས་ཞང་པོ་ཉེ་དབང་གི་གཞོན་པར་
གྱུར་སོང་བ་རེད། (ཉེ་དབང་ནག་པོ་ནམ་མཁའ་ལྡིང་ལ་ཞོན་པ་) ཟེར་ཡག་དེ་དེ་འདྲ་
རེད། སྟེང་གི་ཕྱོགས་སྐྱོང་ཉི་མ་དང་ཟླ་བ་གཉིས་ཉི་མས་རྟ་བདུན་གྱིས་དྲངས་པའི་ཤིང་
རྟའི་གདན། ཟླ་བ་ཀུ་མུ་ད་ཡི་གདན། ཁྱབ་འཇུག་དེ་གསུམ་པོ་དེ་སྟེང་གི་ཕྱོགས་སྐྱོང་
གསུམ། ལྷ་མ་ཡིན་དབང་པོ་ཐག་བཟང་རི་དང་ས་ཡི་ལྷ་མོ་བསྟན་མ་གཉིས་འོག་གི་
ཕྱོགས་སྐྱོང་གཉིས། ནུབ་ཀྱི་ཕྱོགས་སྐྱོང་ཡོད་སའི་དེར་བཞག །བྱང་གི་གནོད་སྦྱིན་
ཟུར་ལ་ཚོགས་བདག་བཞག་དགོས་ཀྱི་ཡོང་བ་ཡོད།། །།
འཕྲོས་བཤད། 120

སློབ་དཔོན་རིན་པོ་ཆེས། ཀླུ་མལ་བྲོ་གཟི་ཅན་གྱི་གཉེར་པ་སྲན་ཕག་ནག་པོ་
བརྟུལ་གནང་བ་རེད། དེ་བརྟུལ་རོགས་བྱེད་ན་ཞེ་དྲག་ཡག་པོ་ཡོང་གི་ཡོད་པ་རེད།
310
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཁོས་ནད་ཡམས་བཏང་བཞག་པ་གཅིག་རེད་སྡུག་ཅག་ཅིག་ཡོད་རེད། དེང་སང་ཕྱིན་
ཆད་ཉེན་ཁ་ཡོང་སྡད་ཡག་དེ་གཉན་ནད་དེ་ལ་ཐུག་བསྡད་རེད། སློབ་དཔོན་རིན་པོ་ཆེ་
བསམ་ཡས་བྲག་ཕུག་ཆུང་ཆུང་གཅིག་ནང་བཞུགས་ཏེ་ཏིང་ངེ་འཛིན་ལ་མཉམ་པར་
བཞག་ནས་ལས་སྦྱོར་མཛད་དེ་ཁྱུང་བསྒྲུབས་ནས་ཁྱུང་གི་སྐུར་བཞེངས་ཏེ་སྲན་ཕག་
ནག་པོ་བཀུག་ནས་ཟ་ཡི་ཡོད་རེད། སྲན་ཕག་ནག་པོ་ཆེ་བ་ནི་སྦྲུལ་གཉའ་ཤིང་དང་འདྲ་
བ་རིང་པོ་གཅིག་ཡོད་པ་འདྲ། མཇུག་མ་ནས་ཡར་ཟ་ཀི་ཡོད་རེད། དེ་དུས་སྲན་ཕག་
ནག་པོའ ་ི བུ་མོ་གཉིས་ཡོང་ནས་ཁྲི་སྲོང་ལྡེའུ་བཙན་ཞོགས་པ་ཡར་མ་བཞེངས་གོང་
དུ་མུ་མན་གྱི་སྣོད་ཆས་ཀྱི་ནང་དུ་གསེར་གང་བླུགས་ནས་ཕུལ་བྱས་རྒྱལ་པོ་ད་ལྟ་རང་
ཕེབས་རོགས་གནང༌། སློབ་དཔོན་རིན་པོ་ཆེ་དགོངས་པ་འགལ་ནས་བཀའ་ཀྱོན་གནང་
གི་འདུག་ཞུས་ཙང་གཉིད་སད་ཡོང་བ་རེད། བུ་མོ་གཉིས་རླག་ཚར་རེད། མུ་མན་གྱི་
སྣོད་ཀ་དོ་རའི་ནང་དུ་གསེར་བླུགས་ཡོད་རེད། རྒྱལ་པོ་དགའ་ཐག་ཆོད་གསེར་བླུགས་
བཞག་ཡོད་ཙང་ལམ་སང་སྐད་རགས་བཅིངས་ནས་ཕེབས་སོང་བ་རེད། སློབ་དཔོན་
ཡོད་སར་སླེབས་དུས་སློབ་དཔོན་བཞུགས་སའི་བྲག་ཕུག་དེ་མཚོ་ཆགས་བསྡད་ཡོད་
རེད། ཕར་ལྟ་དུས་མཚོ་དེའི་དཀྱིལ་ནས་པདྨ་ཉི་མའི་གདན་ཡིན་པ་རེད། དེ་འདྲའི་སྒང་
ལ་བྱ་རྭ་ཅོ་ཡོད་པ་གཅིག་གིས་སྦྲུལ་ཆེན་པོ་གཅིག་ཟ་སྡོད་ཡོད་རེད། རྒྱལ་པོས་སློབ་
དཔོན་རིན་པོ་ཆེ་ཟེར་ནས་འབོད་གནང་པ་རེད། གསེར་དེས་དགའ་དྲག་ནས་བོད་ཀྱི་
བསོད་ནམས་ཡིན་ཀྱི་རེད་པ། སློབ་དཔོན་གྱི་ཏིང་ངེ་འཛིན་དཀྲོག་སྦྲུལ་ཕྱེད་ཁ་ཤོར་
བྱས་ཁྱུང་དེ་ཚུར་སློབ་དཔོན་རིན་པོ་ཆེ་རེད་ཡོང༌། མཚོ་དེ་བྲག་ཕུག་རེད་པ་རེད། ཨ་
ཁ་རྒྱལ་པོས་ང་ལ་གནོད་པ་སྐྱེལ་སོང༌། ཁྱེད་རང་དེ་འདྲ་སྔ་པོ་ཡོང་ནས་ག་རེ་བྱེད་
ཀས་ངས་སྲིན་ཕག་ནག་པོ་ཁ་བཏུལ་གྱི་ཡོད། དེ་ཤོར་སོང་གསུངས་པ་རེད། ང་ལ་
དེ་འདྲ་བྱུང་སོང་ཞུས་པས་ཨ་ཁ་གསེར་ལ་དེ་འདྲ་དགའ་པོ་ཡོད་ན་གཟི་བྱིན་ལ་གྲོགས་
311
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པོ་བཏང་ན་ཁོས་གསེར་ག་ཚོད་དགོས་ན་སྤྲོད་ཀྱི་རེད། མཉན་པ་སྲན་ཕག་ནག་པོ་དེ་
ཡག་པོ་མེད། ཁོས་སེམས་ཅན་ཚང་མར་གནོད་སྡད་ཀྱི་འདུག། ངས་ཁོ་མེད་པ་བཟོ་
བསམ་བྱུང༌། ད་དེ་ཤོར་སོང་གསུངས། རྒྱལ་པོས་བསྐྱར་དུ་བཏུལ་རོགས་གནང་ཞུས་
པས་ཁོ་ཤོར་ཚར་དུས་ཁུག་ཡག་ཁག་པོ་རེད་གསུངས། དེ་ནས་བསྒྲུབ་པ་ཐེངས་གཅིག་
གཉིས་མཛད་ཀྱང་མ་ཁུག་པ་ཡིན་བྱེད་པ་རེད། གཟི་བྱིན་དང་གྲོགས་པོ་བཏང་གསེར་
དགོས་དུས་གཟི་བྱིན་གྱིས་སྤྲོད་ཀྱི་ཡོད་རེད། ཁོས་བུ་ལ་སྤྲུལ་ནས་ཡོང་གི་ཡོད་རེད།
རྒྱལ་པོས་ངའི་གྲོགས་པོ་ཁྱེད་ཀླུ་མལ་གྲོ་གཟི་བྱིན་རེད། ཁྱེད་རང་གི་གཟུགས་པོ་དེ་
གང་འདྲ་ཡོད་ན་ངས་གཅིག་མཐོང་དགོས་ཀྱི་འདུག་ཟེར། རྒྱལ་པོས་ངའི་གཟུགས་པོ་
ལྟ་ལོ་པ་མ་རེད། རྩ་བ་ནས་མ་གཟིགས་ཟེར། མ་རེད་གྲོགས་པོ་སོང་ཙང་གཟུགས་པོ་
མ་མཐོང་ན་གྲོགས་པོ་ཡག་པོ་མ་རེད། ཡིན་གཅིག་མིན་གཅིག་མཐོང་དགོས་ཀྱི་འདུག་
ཟེར། ཨུ་ཚུགས་བྱེད་བྱེད་ཉི་མ་གཅིག་གཟི་བྱིན་གྱིས་རྒྱལ་པོས་ངའི་གཟུགས་པོ་
མཐོང་ན་ཞེད་མི་ཡོང་ངམ་ཟེར། གྲོགས་པོ་མཐོང་ན་ཞེད་མཁན་ག་པ་ཡོད་ཟེར།
ད་ཞེད་སྣང་རྩ་བ་ནས་མ་གནང་ཞེད་ནའང་སྐད་མ་གྲགས་རོགས་གྱིས་ང་ལ་
སྐད་ཐོས་མ་བཅུག་ཟེར། རྒྱལ་པོ་ཁྱེད་ཀྱིས་ཧས་པོ་རི་ནས་མར་གཟིགས་བཞུགས།
ང་མ་གི་གཙང་པོ་ནས་ཡར་སླེབས་ཡོང་ཟེར། རྒྱལ་པོ་རི་སྒང་ལ་བཞུགས། རི་ཆེན་པོ་
ཡོད་མ་རེད་དེའི་སྒང་ལ་དེང་སང་ལྷ་ཁང་གཅིག་ཡོད་རེད། རྒྱལ་པོས་མར་གཟིགས་
དུས། མ་གིའི་གཙང་ཆུ་ཁ་ནས་ཡར་གཙང་ཆུ་ཡང་ཕྲན་བུ་བཀག་བྱས་ཡར་དགའ་རབ་
སླེབས་ཡོང་དུས། སྦྲུལ་ཆེན་པོ་རི་དང་མཉམ་བསྡད་པ་འདྲ་པོ་གཅིག་སླེབས་ཡོང་ཙང་
རྒྱལ་པོ་ཞེད་ཐག་ཆོད་འཕར་ཚག་རྒྱབ་ནས་སྐད་ལོག་རྒྱབ་བཞག་པ་རེད། སྐད་དེ་ཁོས་
གོ་སོང་བ་རེད། ཡར་ཙམ་ཡོང་ནས་མར་བྲོས་སོང་བ་རེད། ཐོས་དུག་ཡོད་ཙང་རྒྱལ་
པོར་མཛེ་ཕོག་པ་རེད། རྒྱལ་པོར་མཛེ་ཕོག་ཚར་དུས་ཅི་བྱེད་འདི་བྱེད་མེད་གཟི་བྱིན་
312
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཡོང་རོགས་མི་བྱེད་ཁོ་ངོ་ཚ་ནས་གྲོགས་པོ་ལ་མཛེ་ཕོག་ཙང༌། ཡང་སློབ་དཔོན་རིན་
པོ་ཆེས་ཆོ་ག་མཛད་དགོས་བྱུང་ཡོད་རེད། ཀླུ་ཆེན་བརྒྱད་ཀྱི་ནང་ནས་ཆར་འབེབ་བྱེད་
དགོས་བྱུང་ན་གཅིག་ཝ་རུ་ཎ་བྱེད་དགོས་རེད། ནོར་བསྒྲུབས་བྱེད་དགོས་བྱུང་ན་ཝ་རུ་
ཎ་བཞག་ནས་ནོར་རྒྱས་བྱེད་དགོས་རེད། ནོར་རྒྱས་དེ་ནོར་བདག་རེད།། །།
འཕྲོས་བཤད། 123

ཁ་ཤས་ཀྱང་དོགས་པ་བྱས་ནས་སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་མཛད་
ཡག་ལ་ཐོགས་པ་མེད་པ་འབད་མེད་ལྷུན་གྲུབ་དེ་འདྲ་ཡིན་ན་ང་ཚོ་གཡུག་བཞག་པ་
ཡིན་ནམ་ག་རེ་རེད། བསམ་བྱས་དོགས་པ་ཡོང་ན། ང་ཚོ་སངས་རྒྱས་ཀྱིས་གཡུག་
བཞག་པ་མ་རེད། ང་ཚོས་འགྲོ་རོགས་མ་བྱེད་པ་རེད། སངས་རྒྱས་རྩར་ཡར་ཕྱི་ཐང་
ལོག་བསྡད་པ་རེད། ལྷ་ཡི་རྒྱལ་པོས་ཆར་འཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་
ལྟར། རེད། ཡང་སངས་རྒྱས་ཁ་ཤས་ཞོགས་པ་སངས་རྒྱས་ནས་དགོང་དག་མྱ་ངན་
ལས་འདས་བྱས་ཉི་མ་རེ་རེ་ལས་མ་བཞུགས། སངས་རྒྱས་སྟོང་གི་ནང་ལ་ཡོད་པ་ཁ་
ཤས་སྐུ་ཚེ་ཡུན་རིང་པོ་བཞུགས། སྤྱིར་ངས་མཛད་པ་སྐུ་ཚེ་རིང་པོའ ་ི བར་མཛད་པ་
འདྲ་པོ། ཚེ་ཐུང་ཐུང་དུས་ལ་མཛད་པ་འདྲ་པོ་ཡིན་ནའང་ཚེ་ལོ་བརྒྱ་པའི་དུས་སུ་ཤཱཀྱ་
ཐུབ་པ་མ་གཏོགས་སུ་གཅིག་སྟོང་གི་ནང་ལ་ཡོད་མ་རེད་གཞན་པ་ཡོང་གི་རེད། ཤཱཀྱ་
ཐུབ་པ་འདི་གཞན་དང་མི་འདྲ་བའི་བཀའ་དྲིན་ཆེན་པོ་རེད། གཞོན་ནུའི་དུས་ནས་ཁོང་
གི་ཐུགས་བསྐྱེད་ས་དེ་སྙིགས་མ་ལྔ་ལྷག་པར་བདོ་བ། སེམས་ཅན་ཡ་ང་བ་ག་ཚོད་
ཡིན་ནམ་དེ་འདྲ་གཅིག་བདོ་བའི་དུས་དང༌། སེམས་ཅན་གྱི་དོན་དག་ལ་ཐུགས་བསྐྱེད་
པ་རེད། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་འཇིག་རྟེན་དུ་ཕེབས་ནས་ཚེ་ལོ་ཕལ་
ཆེར་ཁྲི་དྲུག་བདུན་ཙམ་བཞུགས་པ་མིན་འགྲོ་ཞེ་དྲག་ཚེ་རིང་པོ་རེད། དེ་དུས་རྒྱལ་པོ་
རྩིབས་ཀྱི་མི་འཁྱུད་ཁོ་རང་བྱེད། བློན་པོ་བྲམ་ཟེ་རྒྱ་མཚོ་རྡུལ་བྱེད། རྒྱལ་པོ་ལ་སྲས་
313
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

སྟོང་ཕྲག་གཅིག་ཡོད་རེད། ཚང་མས་སངས་རྒྱས་ལ་མཆོད་པ་ཕུལ་ཏེ་སངས་རྒྱས་ཀྱི་
སྦྱིན་བདག་རང་བྱས་ནས་བཞུགས། གསོལ་བ་གསོལ་ཆས་ཨ་ལ་ལ་ན་བའི་སྨན་ཆས་
གོས་མེ་ཏོག་དང་བཅས་པ་ཚང་མས་བསྙེན་བཀུར་ནས་ལོ་ཁྲི་ཕྲག་ག་ཚོད་ཡིན་ནམ་
དེ་འདྲའི་རིང་ལ་བསྙེན་བསྐུར་ཞུས། དཔེ་མི་སྲིད་པའི་ཚོགས་བསགས་ཚར་དུས། ད་
རྒྱལ་པོ་ཁྱེད་རང་ཚོས་དགེ་རྩ་འདི་སྨོན་ལམ་བཏབ་ན་ཡག་པོ་འདུག་ཟེར་ནས། དགེ་
སློང་ཚོས་ཚུར་བསྐུལ་མ་གནང་སྨོན་ལམ་བཏབ་ཤོག་གསུངས།
དེ་ནས་རྒྱལ་པོ་ཁོ་རང་ཚོས་བཀའ་གྲོས་གནང་བྲམ་ཟེ་རྒྱ་མཚོ་རྡུལ་གྱིས་རྒྱལ་
པོ་ཁྱེད་རང་གིས་ག་པ་སྨོན་ལམ་བཏབ་ཀྱི་ཡིན་པ་ཞུས། རྒྱལ་པོས་ང་ད་ལྟ་བསམ་བློ་
འཁོར་མ་སོང༌། ཐག་ཆོད་མ་སོང༌། ཡང་མིན་ན་སྐྱེ་བ་རྗེས་མ་འཁོར་ལོ་བསྒྱུར་བའི་
རྒྱལ་པོ་བྱེད་དགོས་ཀྱི་ཨ་ཡིན། བརྒྱ་བྱིན་འདྲ་ཚངས་པ་འདྲ་བྱེད་དགོས་ཀྱི་ཨ་ཡིན།
དེ་འདྲ་གཅིག་བྱེད་དགོས་ཀྱི་ཡིན་པ་འདྲ་བྱེད་པ་རེད། བྲམ་ཟེ་རྒྱ་མཚོ་རྡུལ་གྱིས་ཨ་ཙི་
རྒྱལ་པོས་དེ་འདྲའི་དགོངས་པ་ཆུང་ཆུང་ཞིག་བཞེས་ནས་ག་རེ་ཡོང་གི་རེད། དེ་ཚོ་སྔོན་
ཆད་མང་པོ་བྱས་ཚར་པ་རེད་གང་ཡང་ཕན་ཐོགས་མེད་པ་ད་དུང་ཡང་བརྒྱ་བྱིན་དང་
ཚངས་པ་སོགས་བྱེད་པས་གང་ཡང་ཡོང་གི་མ་རེད། དེ་ལས་རྫོགས་པའི་བྱང་ཆུབ་ཏུ་
སྨོན་ལམ་བཏབ་དགོས་རེད་ཞུས་པ་རེད། རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་
ལས་སླ་པོ་མ་རེད། བསྐལ་པ་མང་པོའ ་ི རིང་ལ་དཀའ་ལས་བརྒྱབས། མགོ་བཅད་ནས་
སྦྱིན་པ་བཏང༌། རྐང་ལག་བཅད་ནས་སྦྱིན་པ་བཏང༌། བུ་བུ་མོ་འཁོར་ལོངས་སྤྱོད་ཚང་
མ་སྦྱིན་པ་བཏང་གིན་སྡོད་དགོས་རེད། ངས་དེ་འདྲ་ནུས་པ་མི་འདུག་ཟེར། བྲམ་ཟེས་
དེ་འདྲ་མ་གསུངས་མགོ་རྐང་ལག་སོ་སོས་སྦྱིན་པ་མ་བཏང་ན་ཡང་ལས་བསགས་ནས་
དམྱལ་བ་ནང་འགྲོ་ན་རྐང་ལག་ལས་ལྷག་པའི་གཟུགས་པོ་ཡོངས་རྫོགས་ཁྲོ་ཆུ་ཁོལ་མ་
ནང་ལ་འཛུལ། བཅད་དྲ་གཤག་གཏུབ། བསྐལ་པ་མང་པོ་མྱོང་དགོས། སྡུག་གྱོང་རེད་
314
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཕན་ཡག་ཡོད་མ་རེད། མགོ་རྐང་ལག་སོགས་སོ་སོས་གཏོང་བསམ་ན་བཏང་ཆོག །མི་


གཏོང་བསམ་ན་མ་བཏང་ཆོག་པ་རེད། གཤེ་གཤེ་བྱས་བྲམ་ཟེ་ཤོད་མཁས་པ་ཡོད་
རེད། དེ་ནས་རྒྱལ་པོ་ཐེ་ཚོམ་ཟ་སྟེ་བྲམ་ཟེ་བཤད་པ་དེ་རེད་རེད། ད་སང་ཉིན་ངས་ཞིང་
གདམ་གྱི་ཡིན། ཞིང་ཁམས་ཡག་པོ་གཅིག་ནང་སྨོན་ལམ་བཏབ་ཀྱི་ཡིན། ངའི་བསམ་
པ་དང་མཐུན་པ་བྱུང་ན་ཟེར། སངས་རྒྱས་ལ་ཞིང་བསྟན་རོགས་ཞུས་པས་ཞིང་ཁམས་
མང་པོ་བསྟན་ནས་འདི་ནང་འདི་འདྲ་རེད། འདི་ནང་འདི་འདྲ་གསུངས་ཙང་རྒྱལ་པོས་
དགོངས་པ་བཞེས་ནས་ཞིང་ཁམས་ཚང་མ་ནང་བསམ་བློ་བཏང་ཡང་བསམ་བློ་ཡག་པོ་
འཁོར་མ་ཐུབ་ཙང་། ད་ངའི་རྩར་སུ་ཡང་མ་ཡོང་ཟེར་ནས་ཞག་པོ་བདུན་ཡན་མན་ཙམ་
མཚམས་འདྲ་པོ་ཞུགས་ནས་བསམ་བློ་བཏང་དུས། ཞིང་ཁམས་ཁ་ཤས་ནང་སྐྱེས་ཡག་
ཁག་པོ་རྒྱུ་མ་ཚང་བ་བྱེད། ཁ་ཤས་ནང་ལ་སྐྱེས་ཚར་ནས་ཀྱང་མར་ལྷུངས། ཕན་མ་
ཐོགས་པ། ད་ཡར་སྐྱེས་སླ་བ་སྐྱེས་ནས་མར་ལྷུང་ཡག་མེད་པ་བརྟན་པོ་ཡག་ག་བྱེད་ཀྱི་
ཡིན་ན་ཚང་མས་བྱང་ཆུབ་ཀྱི་སེམས་ཐོབ་མཁན་བདེ་བ་ཅན་དེ་ཡག་འདུག་བསམ། ད་
ངས་ཞིང་གཟུང་གི་ཡིན་ཟེར་ཏེ་བདེ་བ་ཅན་གདམས་པ་གནང་བ་རེད། སྲས་དང་བཅས་
པ་ཚང་མས་སྨོན་ལམ་བཏབ་གནང་བ་རེད།
རྒྱལ་པོས་ངའི་དགེ་བའི་རྩ་བ་འདི་ལ་བརྟེན་ནས་མ་འོངས་པ་ན་བདེ་བ་ཅན་
དུ་སངས་རྒྱས་ཀྱི་མཛད་པ་མཛད་པར་གྱུར་ཅིག་ཟེར། དེང་སང་སངས་རྒྱས་སྣང་བ་
མཐའ་ཡས་རེད། སྲས་གཅིག་གིས་ངས་མ་འོངས་པ་ན་བདེ་བ་ཅན་གྱི་ཞིང་བཟུངས་
ནས་ཁོང་མྱ་ངན་ལས་འདས་པའི་སྐབས་ལ་ངས་ཁོང་གི་ཚབ་བྱེད་ཀྱི་ཡིན། མྱ་ངན་
ལས་མ་འདས་གོང་ལ་ཡ་གི་ཡོན་ཏན་རྣམ་པར་བཀོད་པའི་ཞིང་ཁམས་དེར་སྡོད་ཀྱི་
ཡིན། ཟེར་སྨོན་ལམ་བཏབ་ཚེ་དཔག་མེད་རེད། སངས་རྒྱས་སྟོང་རྩ་གཉིས་ཡོད་པའི་
ནང་བརྒྱད་ཁྲི་དུས་སུ་སངས་རྒྱས་ཀྱི་མཛད་པ་མཛད་པར་སྨོན་ལམ་བཏབ་མཁན་
315
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

སངས་རྒྱས་འཁོར་བ་འཇིག །གསེར་ཐུབ་དྲུག་ཁྲི་དུས་སུ་བཏབ། འོད་སྲུང་གིས་ཉིས་


ཁྲི་དུས་སུ་བཏབ། དེ་ནས་བཞི་ཁྲི་ལྔ་ཁྲི་འདྲ་པོ་དེ་འདྲ་མ་གཏོགས་ཚེ་ལོ་བརྒྱ་པའི་དུས་
སུ་སྨོན་ལམ་བཏབ་མཁན་རྩ་བ་ནས་མ་རག་ནས་སྲས་སྟོང་དེ་རྫོགས་སོང་བ་རེད།
བྲམ་ཟེ་སེམས་འཁྲལ་ཆེན་པོ་བྱུང་སྟེ་ཚེ་ལོ་བརྒྱ་པ་སྙིགས་མ་ལྔ་ཆེ་ཆེར་བདོ་བ་ནད་ཀྱི་
བསྐལ་པ་མཚོན་གྱི་བསྐལ་པ་དེ་འདྲ་མང་པོ་ཡ་ང་བ་བརྒྱད་དང་དེ་འདྲ་ལྷག་པར་བདོ་
བའི་དུས་སེམས་ཅན་ཤིན་ཏུ་ཉམ་ཐག་པ་དེ་ཚོ་ཁྱེད་ཚོས་བདག་པོ་མ་རྒྱབ་གཡུགས་
བཞག་པ་རེད། ཟེར་དེ་འདྲ་ཡིན་ཙང་ད་ང་བློ་བདེ་པོ་མི་འདུག་ཟེར་ནས་ཁོང་རྦད་དེ་
འདར་སེ་བརྒྱབ་ཆུ་ཤིང་བཞིན་དུ་འདར་ནས། སེམས་ཅན་དེ་དག་གི་དོན་དུ་ང་བློ་བདེ་
པོ་མ་བྱུང་ཟེར་རྒྱུ་མཚན་ཡང་དག་པ་བཤད་དེ་ངས་མ་འོངས་པ་ཚེ་ལོ་བརྒྱ་པའི་དུས་
སུ་སངས་རྒྱས་ཀྱི་མཛད་པ་མཛད་པར་གྱུར་ཅིག་ཟེར་ནས་སྨོན་ལམ་བཏབ་པ་གནང་
བ་རེད། སྨོན་ལམ་ལྔ་བརྒྱ་བཏབ་པ་རེད། ཚེ་རིང་པོ་ཡང་མིན་པ་ཐུང་ཐུང་ཡང་མིན་པ་
ལོ་བརྒྱད་ཅུ་འགྲོ་དོན་བྱེད་པར་གྱུར་ཅིག །ང་མྱ་ངན་ལས་འདས་ནས་དམ་པའི་ཆོས་ལོ་
སྟོང་གནས་པར་གྱུར་ཅིག །དམ་པའི་ཆོས་ནུབ་ནས་ཀྱང་སྐུ་གདུང་གིས་སེམས་ཅན་
གྱི་དོན་མཛད་པར་གྱུར་ཅིག །ནད་ཀྱི་བསྐལ་པ་མཚོན་གྱི་བསྐལ་པ་དེ་འདྲའི་སྐབས་
སུའང་སྐུ་གདུང་ས་འོག་ཏུ་མར་འཛུལ་ས་སྟེང་ཡར་དོན་བྱས་རིན་པོ་ཆེའི་ཆར་བབ་
པར་གྱུར་ཅིག །རིན་པོ་ཆེའི་སྨན་དུ་གྱུར་ཅིག་ཟེར་ཡག་འདྲ་པོ་མ་འོངས་པ་ན་ཞེ་དྲག་
གི་སྨོན་ལམ་ཡོད་རེད། དེ་ཤཱཀྱ་ཐུབ་པ་རེད། བྱས་ཙང་ཁོང་འདྲ་པོ་སངས་རྒྱས་མ་བྱུང་
བ་རེད། དེ་དུས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཧ་ལས་ནས་ཁྱོད་ནི་པད་དཀར་
ལྟ་བུའོ་གསུངས་དེ་བཞིན་གཤེགས་པ་གཞན་ནི་པདྨ་ལྟ་བུའོ་གསུངས་ནས་བསྔགས་
པ་བརྗོད། སྐྱེས་བུ་ཆེན་པོ་ཁྱེད་ཀྱིས་སྨོན་ལམ་ཇི་ལྟར་བཏབ་པ་འགྲུབ་པར་གྱུར་ཅིག་
ཅེས་བདེན་སྟོབས་བརྗོད། ཕྱོགས་བཅུ་ནས་མེ་ཏོག་འཐོར་འདུག་སེ་གནང་ཡོད་རེད།
316
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དེ་འདྲའི་སངས་རྒྱས་ཤཱཀྱ་ཐུབ་པས་ཚེ་ལོ་བརྒྱ་པའི་དུས་སུ་སངས་རྒྱས་པའི་མཛད་
པ་མཛད། ལོ་བརྒྱད་ཅུ་ཐམ་པ་འགྲོ་དོན་མཛད་གྱ་གཅིག་ལོར་དགོངས་པ་རྫོགས་པའི་
ཚུལ་གནང༌། དགོངས་པ་རྫོགས་ཁ་ལ་
(སེམས་ཅན་དོན་དུ་བདག་གིས་སྔོན། །
དཀའ་བ་གང་ཞིག་སྤྱད་གྱུར་དང༌། །
བདག་གི་བདེ་བ་བཏང་བ་ཡིས།) །
ཟེར་ཡག་གི་ངས་དཀའ་ཐུབ་སྤྱད་དཀའ་ལས་སྐྱོན་དེ་འདྲ་བྱས་བཞག་པ་དང༌། གཞན་
དོན་ཆེད་དུ་བུ་དང་བུ་མོ་ཆུང་མ་ལ་སོགས་པ་བཏང་བཞག་པ་དང་གཞན་དོན་དུ་དཀའ་
བ་སྤྱད་བཞག་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་ཏིང་ངེ་འཛིན་བསྒོམས་བཞག་པ་
དང༌། དེ་འདྲ་དཀའ་སྤྱད་བྱས་བཞག་པ་ཚང་མ་བསྟན་པ་གནས་པའི་རྒྱུ་བསྟན་འཛིན་
དགེ་འདུན་ཚོའི་འཚོ་བའི་དོན་དུ་ཚུར་བསྔོས་ནས་ཚེའི་བསོད་ནམས་ལོངས་སྤྱོད་ཀྱི་
བསོད་ནམས་ལ་བསྔོས་ནས་ཁོང་གི་ཚེ་ལྷག་མ་ལོ་ཉི་ཤུ་བཞག་པ་དེ་ཡང་ང་རང་ཚོ་
རྗེས་འཇུག་ཉན་ཐོས་ཚོའི་འཚོ་བས་འཕོངས་པ་མེད་པ་ང་རང་ཚོས་ལྟོ་ཆས་རག་ཡག་
ལྟོ་གོས་གཉིས་ཀྱི་དོན་དག་ལ་བསྔོ་བ་མཛད་བཞག་ཡོད་རེད། དེ་འདྲ་ཡིན་ཙང་སངས་
རྒྱས་ཤཱཀྱ་ཐུབ་པའི་ཉན་ཐོས་ཚོ་ཁྱིམ་པ་རྣམས་སེན་མོའ ་ི སྟེང་དུ་ཞིང་རྨོས་དགོས་
པ་འདྲ་པོ་མུ་གེ་བྱུང་ནའང་ཉན་ཐོས་རྣམས་འཚོ་བས་ཕོངས་པར་མི་འགྱུར་གསུངས་
པ་རེད། ཁྱིམ་པ་ཚོར་གཟའ་རྒྱུ་མེད་འཐུང་རྒྱུ་མེད་སེན་མོའ ་ི སྒང་ལ་ཞིང་ཁ་འདེབས་
དགོས་པ་བྱུང་ནའང་སངས་རྒྱས་ཀྱི་ཉན་ཐོས་ཚོ་འཚོ་བས་ཕོངས་མི་ཡོང་གསུངས་
ཡོད་རེད། འོ་ད་དེ་འདྲ་བཀའ་དྲིན་ཆེན་པོ་མཛད་པ་ཡིན་ཙང་ངས་རྒྱས་གཞན་དང་མི་
འདྲ་བ་ཕྱོགས་བཅུའི་སངས་རྒྱས་ཀྱི་ནང་ནས་སངས་རྒྱས་སྟོང་དེ་བཀའ་དྲིན་ཆེ་སྟེ། ང་
རང་ཚོའི་བསྐལ་པ་འདི་ལ་སངས་རྒྱས་ཀྱི་མཛད་པ་མཛད་པ་རེད། བསྐལ་པ་འདིའི་
317
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

སངས་རྒྱས་སྟོང་གི་ནང་ནས་ཤཱཀྱ་ཐུབ་པའི་མཛད་པ་འདི་རྦད་ང་ཚོ་སྙིགས་མའི་དུས་
མགོན་མེད་སྐྱབས་མེད་དམུ་རྒོད་འདུལ་དཀའ་བ་དེ་འདྲའི་སེམས་ཅན་གྱི་དོན་མཛད་
རྒྱུའི་ཞལ་བཞེས་གནང་བ་ཡིན་ཙང་སྙིང་སྟོབས་ཆེན་པོ་བྱས་ང་ཚོའི་དོན་དག་ལ་ཤིན་
ཏུ་ནས་བཀའ་དྲིན་ཆེན་པོ་ཡོད་པ་
(པད་དཀར་ལྟ་བུར་བསྔགས་པའི་དགོས་པའང་ཅི། །
འོན་ཀྱང་ཁྱོད་ཀྱི་འཕྲིན་ལས་གདུལ་བྱ་ལ། །
མ་བརྟགས་བཏང་སྙོམས་ཅུང་ཟད་མི་མངའ་བས། །
སྐལ་ངན་བདག་གི་ཉེས་པ་ཁོ་ནར་ཟད།) །
ཅེས་སོགས་སྐབས་གསུམ་པ་ནང་ལས་སངས་རྒྱས་ཐུགས་རྒྱུད་བསྐུལ་ཏེ་ཁ་མཆུ་འདྲ་
པོ་བཙུགས་ནས་ཡུད་ཞུས་ཡག་དེ་དེ་རེད།
(བདག་འཛིན་གཅོང་རོང་ཟབ་མོའ ་ི སྦུབས་སུ་ལྷུང༌།) །
ཞེ ས ་ང་རང་ཚོ འི ་ གནས་ཚུལ་དེ ་ བཤད་དེ ་ འདྲའི ་ སྐབས་སུ་ཁྱེ ད ་རང་གི ས ་ང་ཚོ ར ་
སྐྱབས་མ་ནུས་ན་ཁྱེད་རང་ལ་པད་དཀར་ལྟ་བུར་བསྔགས་དགོས་ཡག་དེ་ག་རེ་བྱེད་པ་
རེད་ཅེས་ཞུས་པ་རེད། ད་ཡིན་ནའང་དེ་འདྲ་རང་ཞུ་ཡག་མི་འདུག །ང་ཚོ་རང་གིས་མ་
བྱུང་བ་རེད་ཟེར་ནས་ཀྱང་
(འོན་ཀྱང་ཁྱོད་ཀྱི་འཕྲིན་ལས་གདུལ་བྱ་ལ། །
མ་བརྟགས་བཏང་སྙོམས་ཅུང་ཟད་མི་མངའ་བས། །
སྐལ་ངན་བདག་གི་ཉེས་པ་ཁོ་ནར་ཟད།)
དགོངས་དག་དགོངས་དག་ཞུས་པ་རེད། དེ་འདྲའི་ཡིན་ཙང་སངས་རྒྱས་ཤཱཀྱ་ཐུབ་
པ་དེ་གཞན་དང་མ་འདྲ་བ་རེད། མཛད་པ་རྒྱ་ཆེ་ཆུང་འདྲ་པོ་དང་གདུལ་བྱ་གྲངས་མང་
ཉུང་དང་སྐུ་ཚེ་ཡུན་རིང་ཐུང་འདྲ་པོ་དེ་ཚོ་ཕྱེད་ཁ་སངས་རྒྱས་ཀྱི་ཐུགས་བསྐྱེད་རེད།
318
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཕྱེད་ཁ་སེམས་ཅན་གྱི་བསོད་ནམས་རེད། དེ་འདྲ་ཡིན་ཙང་ང་རང་ཚོ་སྙིགས་མའི་
དུས་སུ་དང་པོ་ཐུགས་བསྐྱེད་དུས་དེ་འདྲའི་དམིགས་པ་བྱེད་པ་སྔགས་ཀྱི་སྐབས་སུ་
དཀྱིལ་འཁོར་རྒྱལ་ཆོག་གི་དམིགས་པ་ཡང་ནས་ཀྱང་དུ་བྱེད་པ་འདྲ་པོ་དུས་རྒྱུན་ནི་
སེམས་ཅན་མང་པོའ ་ི དོན་དུ་སྨོན་ལམ་རྒྱབ་པ་འདྲ་པོ་དེ་འདྲ་བྱས་ན་མ་འོངས་པ་ན་
རང་གི་རྒྱུད་སྨིན་ཐུབ་ཡག་དང་དེ་འདྲའི་དགོས་པ་མང་པོ་ཡོད་རེད། ད་སྤྲོས་བཤད་
བྱེད་རྒྱུ་མི་འདུག་ཉི་མ་མང་པོ་བཤད་ཡག་མེད་པ་རེད། དུས་ཚོད་རྫོགས་འགྲོ་དཔེ་
ཆ་མ་རྫོགས་པ་བྱེད། ཡིན་ནའང་འགྲིག་གི་རེད་པ་ཆོས་ཟེར་ཡག་དེ་མང་པོ་མ་ཐོས་
ནའང་འགྲིག་གི་རེད། ཆོས་དེ་རིན་པོ་ཆེའི་གཏེར་བརྡོལ་པ་ནང་བཞིན་ཡིན་ཟེར་རེད།
གཏེར་ཟེར་ཡག་དེ་མང་པོ་བྱུང་ནའང་ཚིམས་ཀྱི་རེད། ཉུང་ཉུང་བྱུང་ནའང་ཚིམས་ཀྱི་
རེད། མང་པོ་ཐོས་ནའང་རེད་ཉུང་ཉུང་ཐོས་ནའང་རེད་དེ་འདྲ་ཡིན་ཙང་ད་ཏལ་ཙེ་ཅིག་
འདིར་བཞུགས་མཁན་ཚོ་ཆོས་དེ་མང་ཙེ་གཅིག་མ་ཐོས་ན་ཐུགས་འདོད་གང་གི་མ་
རེད། འདོད་པ་ཁེངས་སོང་ན་སྒྲུབ་པ་ཞེ་དྲག་བྱེད་ཀྱི་རེད། དེ་ཡང་འདི་བར་ག་རེ་བྱེད་
ཡོང་ཅི་ཤེས། རང་གི་ཐུགས་ཀ་ནས་འོད་ཟེར་ཕར་སྤྲོས་སེམས་ཅན་མཐའ་ཡས་པ་ལ་
ཕོག་ནམ་མཁའ་མཐར་ཐུག་གི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་
པའི་དམིགས་པ་དེ་བྱེད། དེ་ཚར་ནས་སེམས་ཅན་ཐམས་ཅད་རྣལ་འབྱོར་མའི་སྐུ་ལ་
གྱུར་ནས་ཀུ་ས་ལིའི་ཚོགས་བསགས་སྐབས་སུ་སངས་རྒྱས་ཀྱི་ཞིང་དུ་གཤེགས་པའི་
དམིགས་པ་བྱེད་པ་རེད། ད་རེས་འདིར་དགོས་པ་མ་རེད་བཞག་བཞག་རྒྱུ་རེད་རང་
གནས་སུ། དེ་འགྲོ་བ་དག་པའི་རྣལ་འབྱོར་བསྡུས་བསྡུས་དེ་རེད།། །།

319
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་
འཕྲོས་བཤད། 172

བཅུ་གཅིག་པ་སྤྱོད་ལམ་གྱི་རྣལ་འབྱོར་སྐབས་གསུང་བཤད་དང་པོ།
(གོས་དང་ཕྱག་རྒྱ་ལྔ་ལ་སོགས། །
ཤེས་རབ་ཡན་ལག་ཕུར་བུ་གུར།) །
ཟེར་ཡག་གཅིག་ཡོད་རེད་པ་བདེ་མཆོག་ལེའུ་ལྔ་བཅུ་ང་གཅིག་གི་ནང་ནས་བཤད་
པའི་དེ་ཉིད་བཅུ་བཞི་དེ་འདི་ལ་ཚང་ལུགས་དེ་བཤད་དགོས་རེད། དེ་ལ་བཟོག་ཉམ་
ཆོད་ཡོང་བ་རེད། ང་ཚོས་རྣལ་འབྱོར་མ་དེ་ཞེ་པོ་གཅིག་གིས་ཡག་པོ་ཡིན་ཟེར། ཡག་
པོ་ཡིན་ལུགས་ག་རེ་རེད་ཟེར་ནའང་ཡག་པོ་ཡིན་བྱེད་པ་རེད། ད་ཟེར་ཁག་བྱས་བདེ་
མཆོག་གི་གནད་འགག་ཚང་མ་འདི་ལ་ཚང་བ་ཡིན་ཟེར། མན་ངག་འདུ་ཆེ་བ་ཡིན་ཟེར།
ལག་ཏུ་བླངས་བདེ་བ་ཡིན་ཟེར། བདེ་མཆོག་ནས་བཤད་པའི་མན་ངག་གཙོ་ཆེ་བ་བྱེད་
ཀྱི་ཡིན་ན་དེ་ཉིད་བཅུ་བཞི་ཡི་མཆན་བཏབས་ཡོད་རེད། དེ་ཉིད་བཅུ་བཞི་མཆན་ག་རེ་
རེད་ཟེར་ན།
(གོས་དང་ཕྱག་རྒྱ་ལྔ་ལ་སོགས།) །
ཟེར་གོས་ཀྱི་སྐད་དོད་རྒྱ་གར་གྱི་སྐད་ལ་ཝ་ས་སེ་རེད། ཝ་ས་སེའམ་ཝ་ས་ན་དེ་གནས་
ལའང་འཇུག་པ་རེད། གོས་དང་གནས་གཉིས་སྐད་དོད་གཅིག་པ་འདྲ་ཡོད་རེད། དེ་ཡིན་
ཙང་ཆོས་མཐུན་གྱི་འཚོ་བ་རྙེད་སླ་བའི་གནས་སུ་སྡད་དགོས་པ་རེད་ཆོས་བྱེད་མཁན་
དེ། ས་བཟང་བ་དང་གནས་བཟང་བ་ཟེར་ཡག་དེ་ཡུན་རིང་བསྡད་ན་ནད་མི་བསྐྱེད་
པའི་ས་བཟང་བ་དང་ཆོས་མཐུན་གྱི་འཚོ་བ་རྙེད་སླ་བའི་གནས་བཟང་བ་བྱས་དེ་འདྲའི་
ཁྱད་ཆོས་ཁ་ཤས་རྩི་རྒྱུ་ཡོད་རེད། ད་ང་རང་ཚོ་ཆོས་མཐུན་གྱི་འཚོ་བའི་དོན་དག་ལ་
ཞོགས་པ་ནས་སྔ་ལངས་རྒྱབ་རྒྱུག་ཤར་གློད་དེ་མི་གདོང་ལ་བལྟ་གིན་དཀའ་ལས་རྒྱབ་
བསྡད་དགོས་ཡག་ཅིག་ལ་སླད་པ་རེད། དེ་མ་བྱེད་ཀ་མེད་དམ་ཐབས་མེད་རེད། རྐྱེན་
320
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གྱིས་དེད་ཡོང་དུས་དེ་མ་གཏོགས་རང་དབང་མེད་པ་དཀའ་ལས་རྒྱབ་དགོས་རེད་ཕ་
གཞི་ཤོར་ཚར་ཙང༌། ཡིན་ནའང་ཆོས་ཚུལ་བཞིན་དུ་བསྒྲུབ་མཁན་ཡིན་ན་རང་རང་སོ་
སོ་བྱས་དེ་བར་བསྡད་གཞག་ན་རྒྱ་གར་ལ་བསྡད་ན་འཚོ་བ་ཡག་ཐག་ཆོད་ཡོང་གི་རེད་
དེ་མི་མང་པོ་དེ་འདྲ་མཉམ་དུ་ཚོགས་ན་དེར་མ་འགྲོ་ཀ་མེད་རེད། གྲྭ་པས་ཞིང་ཁ་བཏབ་
དགོས་ཡག་རྒྱལ་བ་རིན་པོ་ཆེའི་དགོངས་པ་རེད། བླ་མའི་དཀའ་བསྒྲུབས་པ་ཡིན་
བསམ་པ་འདྲ་བྱེད་ན་ཨ་འོ་ཙེ་མན་འགྲོ། རྒྱལ་བ་རིན་པོ་ཆེས་དེ་འདྲ་བྱེད་བཅུག་དགོས་
ཡག་དེ་རྒྱལ་བ་རིན་པོ་ཆེ་ལ་བོད་མི་ཚོའི་བདེ་སྡུག་སེལ་ཡག་གི་ཐུགས་འགན་ཡོད་
རེད། དེ་འགན་བཞེས་ཡོད་ཙང་ཁོང་གི་ཕྱག་ལས་རེད་ཁོང་གི་ཐུགས་འགན་རེད། དེ་
ཡིན་ཙང་དེ་བསྒྲུབ་ཡག་གི་དམིགས་པ་ལ་དེ་གནང་བ་ཡིན་ཙང་དེ་ང་ཚོས་བྱེད་དགོས་
རེད། དམངས་ཀྱི་དོན་དག་ཡིན་ཙང་ཞིང་ཁ་འདེབས་ཆོག་གི་ཡོད་ཀྱི་རེད། དགེ་འདུན་
སྡེའི་དོན་དག་ལ་དུས་རྒྱུན་ཞིང་ཁ་བཏབས་ཆོག་པ་རེད།
བོད་ལ་གཞིས་ཁ་ཟིན་ཆོག་ཡོང་ང། བོད་ལ་གཞིས་ཀ་ཟིན་རྒྱུག་པས་བརྡུང་
གྲ་པས་པགས་པ་རིམ་པ་དགུ་བཤུས། དེ་ལས་ཨ་འུ་ཙེ་ཅིག་གཞིས་ཀ་དེ་ཚོ་རྦད་
གནམ་གིས་ཆར་པ་བབས་རོགས་བྱེད། ས་ནས་སྟོན་ཐོག་འཁྲུངས་འགོ་ཚུར་སྨིན་ཡོང་
གི་ཡོད་ན་རྩད་མ་རྔས་མ་བཅུག་པ་བྱས་གཞིས་ཀ་རྩེད་མ་སྔོན་ལ་རྔ་དགོས་རེད་འ་དེ་
དག་དངོས་གནས་དྲང་གནས་རྦད་རྒྱ་མི་ལས་སྡུག་ཙེ་གཅིག། བཟོད་ཐབས་མེད་པ་
གཅིག་རེད་དེ་ཤོད་ས་ཡོད་མ་རེད། བཤད་ཆོག་པ་མ་རེད་བཤད་ན་རྦད་བཙོན་ཁང་
ནང་བཅུག་གི་ཡིན་ཟེར་གྱི་རེད། དེ་འདྲ་བྱས་ཡོང་ང། མི་སེར་ཚོས་ཞུ་འགྲོ་ཐུགས་
རྗེས་གཟིགས་རོགས་གནང་འབྲུ་རྦད་མར་ཟག་འགྲོ་གི་འདུག་གཙང་མ་འགྱོགས་པོ་
ཀློད་རོགས་གནང་ཟེར། ཡག་ཡག་མགྱོགས་པོ་ཀློད་དགོས་ཟེར་ཁག་བྱས་གནས་
སྐབས་དེ་འདྲ་བཀག་བཞག་དུས་རྗེས་མ་མཐུན་པོ་ཡོད་མཁན་ཚོས་མི་དམངས་ཚོས་
321
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གཞིས་ཀའི་རྩས་མ་རྔ་སར་རོགས་པ་འདྲ་བྱེད་ཡོང༌། དེ་འདྲ་བྱེད་མཁན་ཡོད་རེད་དེ་
ཨང་གི་དང་པོ་རེད། རང་གི་ཞིང་ཁ་རང་གིས་རྔས་ཆོག་རོགས་བྱེད་ན་ཆོག་གི་ཡོད་མ་
རེད། འབྲུ་དེ་དཀའ་ལས་རྒྱབ་བྱས་ཐལ་བའི་ནང་ནས་བཀྲུ་དགོས་ཀྱི་ཡོད་རེད། (དེ་ག་
ནང་བཞིན་འཛམ་བུ་གླིང་ན་X) ཟེར་བ་ནང་བཞིན་མད་གྲོ་གཟི་བྱིན་གྱི་མཐུ་ལ་བརྟེན་
ནས་ཆུ་མང་པོ་བབ་ཀྱི་ཡོད་རེད་དེ་ཆུ་མར་རྒྱུག་ཡོང་གི་ཡོད་རེད་དེ་ཞིང་ཁ་ནང་བཏང་
ཡག་གི་དབང་ཡོད་མ་རེད། ང་ལ་ཆུ་བདག་གི་ཡོད་ཟེར་ཕར་བདག་ཚུར་བདག་ཆུ་འགོ་
ལ་བརྟེན་ནས་རྒྱག་རེས་རྒྱབ་མི་བསད་དེ་འདྲ་བྱེད་ཀྱི་ཡོད་རེད། བོད་དེ་ལ་བསམ་བློ་
བཏང་ན་ད་སྔ་རྒྱུན་ནང་བཞིན་རང་བདག་ནི་ཡོང་གི་ཡོད་མ་རེད། ཡོང་ནའང་བྱེད་ཀྱི་
མ་རེད།
རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཞབས་པད་བརྟན་རོགས་བྱེད་ན་ཡིན་ནའང་ང་རང་
ཚོའི་རྣམ་དཔྱོད་དེ་བྱེད་བཅུག་གི་མ་རེད་ཅི་བྱེད་རོགས་བྱེད་ན་ད་གསར་པ་གཅིག་
ལ་སླེབ་ཀྱི་རེད་བསམ་པ་བྱེད་དགོས་རེད། མ་གཏོགས་སྔར་རྒྱུན་ནང་བཞིན་བྱེད་ན་
མཇལ་ཁ་ཡང་ཐོབ་ཁག་པོ་དེ་བར་ཅིག་ལ་བཀག་བཞག་ཀྱག་རྫུན་ཤ་གཅིག་བཤད་
མགོ་སྐོར། ཕྱི་ལོགས་མར་སྡད་མཁན་ཚོས་གང་ཡོང་ཡོང་བྱེད་པགས་པ་རིམ་པ་དགུ་
བཤུས་དེ་འདྲ་རེད་ཨ། ད་ཚུར་བསླེབས་ཡོད་པ་ཡིན་ཙང་ཞིང་ཁ་བཏབ་ཡག་དེ་ཚོ་ནི་
འཚོ་བའི་དོན་དག་རེད་འཚོ་བ་མེད་ན་སྡོད་ཐབས་ཡོད་མ་རེད། མ་བྱེད་ཐབས་མེད་
ཡིན་དུས་བྱེད་དགོས་ཀྱི་ཡོད་རེད། དེས་མ་འདང་པར་མི་མང་པོས་ཐབས་ཤེས་རྣམ་
པ་གང་དྲག་གནང་ནས་ཕར་ཚུར་བཏང༌། ད་ལས་ཀ་བྱེད་དགོས་ཀྱི་ཡོད་རེད། ལས་ཀ་
བྱས་ནས་ད་བོད་མི་ཟེར་མཁན་དེ་པད་ཤག་བྱུང་ན་རང་གིས་ཟ་དགོས་ཚོད་ཟ། ལྷག་པ་
དེ་དཀོན་མཆོག་ལ་མཆོད་པ་ཕུལ་དགེ་འདུན་ལ་འཚོ་བ་ཕུལ་ག་ནས་ཡིན་ནའང་ཡར་
མཆོད་མར་མཆོད་ཅིག་ལ་འགྲོ་བ་རེད། དེ་ཡིན་ཙང་བསོད་ནམས་གསག་ཡག་རང་
322
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རེད་མ་གཏོགས་འདི་འཚོ་བའི་དོན་དག་རེད་ཟེར་ནས་ལབ་ཆོག་གི་མ་རེད་རེད་སྡད་
ཡོད་མ་རེད། དེ་ཡིན་ནའང་བསག་ན་བསག་སྟངས་གཅིག་ཡོད་རེད། ཕྱུག་པོ་ལོངས་
སྤྱོད་གསོག་མཁན་དེ་ལ་རང་གིའང་སྐྱིད་པོ་བཏང་བྱས་ཟ་སྡད་ན་ཨའོ་ཙེ་རེད་འགའ་
ཞིག་གི་རང་གིས་ཀྱང་ཟ་མི་ནུས་གཞན་ལའང་མི་སྤྲད། རྦད་དེ་བསྲུངས་སྡད་དགོས་
མཁན་དེ་འདྲ་གཅིག་ཡོད་རེད། དེ་དུག་སྦྲུལ་གྱི་མགོའ ་ི ནོར་བུ་དང་གཅིག་པ་རེད་ཕན་
འདོགས་ཡོད་མ་རེད། ཁྱི་རྒན་སོ་མེད་ཀྱིས་རུས་འཁོགས་སྐམ་པོ་བསྲུངས་བྱེད་པ་
རེད། ཁྱི་རྒས་ནས་སོ་བུད་ཚར་དུས་ར་རོ་ལུག་རོ་འདྲ་པོ་སྐམ་པོ་དེ་འདྲ་རག་སོང་ན་
དེ་ཚུར་འཁྱེར་ཡོང་ནས་སྔས་མགོ་རྒྱབ་བྱེད་ཉལ་ནས་སུ་གཅིག་ཡོང་བཅུག་གི་མ་རེད།
བསྲུངས་སྡད་ཀྱི་ཡོད་རེད། ཁོས་ཟ་ཐུབ་ཀྱི་ཡོད་མ་རེད་སོས་འཕེར་ཀྱི་ཡོད་མ་རེད།
དེ་ནང་བཞིན་བྱེད་སྡད་ན་གང་ཡང་ཡོད་མ་རེད། བསགས་པའི་སྐབས་སུའང་ལས་རྒྱུ་
འབྲས་བརྙོགས་གཡོ་སྒྱུ་ཁྲམ་གསུམ་བྱེད། དེ་འདྲ་བསགས་ན་ནི་བསོགས་ནས་བསྡུས་
པ་དང་གསོག་ཡག་གི་དཀའ་ལས་གཉིས་པོ་དེ། དེ་འདྲ་ཡིན་ཙང་གསོག་དུས་ཀྱང་ཚུལ་
མཐུན་ཡག་པོ་བྱས་ཐོག་མར་གསོག་པའི་སྡུག་བསྔལ། བར་དུ་སྲུངས་བའི་སྡུག་བསྔལ།
མཐའ་མར་བརླགས་དོགས་པའི་སྡུག་བསྔལ་ཅ་ཟིང་པོ་ཡོད་རེད། སྡུག་བསྔལ་ཁྱད་དུ་
བསད་ནས་བྱེད་དགོས་རེད། ཡག་པོ་བྱེད་ཕྱག་མཆོད་འབུལ་འདྲ་ཕྲན་བུ་ཕྲན་བུས་
བྱེད་ཀྱི་ཡིན་ན་ཞར་དང་ཞོར་ལ་དགེ་བ་གཅིག་ཡོང་བ་ཡིན་ཙང་ཨའུ་ཙི་ཡོད་རེད། མ་
བྱེད་མཁན་དེ་ལ་རྒྱུ་ཆེན་པོ་ཡོད་ནའང་ཕྱུག་པོ་མཐའ་མའི་རྒྱུ་དེ་གནས་མ་ཡིན་པ་
གཅིག་ལ་ཤོར་ཡོང་ཟེར། ཡང་ན་ནི་གྱོད་ཁ་མཆུ་ལ་ཤོར། ཡང་ན་ནི་དཔོན་པོས་ཆག་
སྒོ་ལ་ཤོར། དེ་མིན་ན་མི་མ་ཡིན་ཟས་ནས་ཁོ་ལ་གྱོང་ཆག་སྒོ་གཅིག་དང་ཕྲོགས་མཁན་
དང་མིག་ཆེན་པོ་བལྟས་ནས་གཅིག་འགྲིག་མི་འདུག་ཟེར་མཁན་གཅིག་མ་གཏོགས་
ཡོད་མ་རེད་ཁག་པོ་ཡོད་རེད། ཕྱུག་པོ་འབྲིང་དེ་ཨའོ་ཙེ་དེ་ལས་ཕྲན་བུའི་དྲག་གི་རེད།
323
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གྲོགས་དགའ་ས་འདྲ་པོ་གཉེན་ཉེ་དུ་དེ་འདྲའི་གསོ་ས་བྱེད་ཀྱི་རེད། ཕྱུག་པོ་ཡག་ག་
དེས་རྒྱུ་ཅ་ལག་ཕྲ་ལ་ཕྲན་བུ་ཡོད་དུས་ཆོག་ཤེས་བྱས་རང་གིའང་ཟ། སྐྱིད་པོ་བཏང་
ཕྱག་མཆོད་འབུལ་ཡང་བྱེད། དེ་འདྲ་བྱེད་ཀྱི་ཡིན་ན་ཤི་དུས་འཁྱེར་འགྲོ་ཆོག་པ་རེད།
མ་ཤི་གོང་ནས་བཏང་བཞག་ཡོད་རེད་སུས་ཀྱང་འཁྱེར་འགྲོ་བ་མ་རེད། དེ་འདྲ་ཡིན་
ཙང་ཕན་འདོགས་ཆེན་པོ་ཡོད་རེད། རྒྱུ་བསགས་དུས་ཆེན་པོ་དགོས་པ་མ་རེད། ཆུང་
ཆུང་གཅིག་ཡིན་ནའང་ཕན་ཐོག་པ་རེད། མེ་ཏོག་རྐང་གཅིགདཀོན་མཆོག་ལ་དམིགས་
ནས་མཁའ་ལ་གཏོར་བའི་བསོད་ནམས་ཀྱི་ཕུང་པོ་ཚད་བཟུང་མི་ཐུབ་ཟེར། སངས་
རྒྱས་ཀྱིས་ཀྱང་ཚད་བཟུང་མི་ཐུབ་ཟེར་མདོ་ནང་ཡོད་རེད་དེ་འདྲ་རེད། དེ་འདྲ་ཡིན་
ཙང་མཆོད་པ་ཟེར་ཡག་དེ་ཆུང་ཆུང་ཞིག་ལས་མེད་ནའང་ཕུལ་དགོས་པ་རེད། ང་རང་
ཚོ་ཆེན་པོའང་བློས་བཏང་མི་ཐུབ། ཆུང་ཆུང་བྱེད་རིན་མ་ཆོག་པ་བྱེད་དེ་མི་ཚེ་འཁྱོལ་
འགྲོ་གི་རེད། གང་ལ་གང་འཚམ་གཅིག་ཕྲན་བུ་ཕྲན་བུ་དུས་རྒྱུན་བྱས་བཞག་གི་ཡིན་
ན་བྱེད་པ་ཡིན་བསམ་པའི་ང་རྒྱལ་མེད་པ་གསོག་ནས་བསྟན་རྒྱུ་ཡོད་པ་ཡག་པོ་ཡོང་
གི་ཡོད་རེད། དཀོན་མཆོག་མཆོད་པ་གཙོ་བོ་རེད། ཞོགས་པ་ནས་རྟག་པར་མཆོད་པ་
གཅིག་ཕུལ། མཆོད་པ་ཡིན་ཟེར་ནས་ཆུ་ཁོ་རང་ཕུལ་བཞིན་བསྡད་པས་ཡག་པོ་དང་
རེད་དེ། འགའ་ཞིག་གིས་ཆུ་ཕུལ། འགའ་ཞིག་འབྲས་ཕུལ། འབྲས་དཀོན་མཆོག་གིས་
ཟས་མ་འགྲོ་ཙམ་རྗེས་མར་ཟ་ཆོག་གི་རེད། འབྲས་བཙོས་ནས་འབྲས་སིལ་ཕུལ་ན་ཁོ་
ཕན་མ་འཐོག་པ་རེད་འགྲོ་ཙང་བཙོས་ནས་ཕུལ་པ་མ་རེད།
དེའང་སེམས་ཀྱི་ཟུར་དེ་ལ་ཕྲན་བུ་གཅིག་ཡོད་རེད། དེ་ཡིན་ཙང་ཁ་དང་ལག་
པའང་འཁྲུ་དཀོན་མཆོག་གི་མདུན་དུ་ཕྱག་དང་མཆོད་པ་སོགས་བྱེད་དུས་ཁ་ལས་དྲི་
མ་མེད་པ་བྱེད་ན་ཡག་པོ་ཡོད་རེད། སྣོད་སྤྱད་ནང་ལྟོ་ཆས་དེ་བླུགས་བྱིན་རླབས་རྒྱབ་
དཀོན་མཆོག་ལ་ཕུལ། དེ་ཚར་ནས་མཆོད་རོ་ཟ་ཆོག་ཡག་གི་སྔགས་གཅིག་ཡང་ཡོད་
324
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རེད། དེ་མ་བྱུང་ནའང་འགྲིག་རེད་བྱིན་བརླབས་ཡིན་བསམ་ནས་ཟ་ཤག་ན་འགྲིག་པ་
རེད། དེ་དཔེ་ཆ་མང་པོ་ནང་གསུངས་ཡོད་རེད། མཆོད་པ་རྒྱ་ཆེན་པོ་རེད་པ་རེད། རང་
གི་ཟ་ཡག་ལས་ལྷག་པ་གཅིག་དཀོན་མཆོག་ལ་ཕུལ་བཞག་པ་རེད། ཡང་འགའ་ཞིག་
གིས་ཟ་ཡག་དེ་ཀས་ཡར་བཤམས་དེ་ནས་ཉུང་ཉུང་ལེན་ནས་ཟུར་དེར་སྒྲིགས་འཁོར་
ལོ་ཡིན། ནོར་བུ་ཡིན། བཙུན་མོ་ཡིན། བློན་པོ་ཡིན། གླང་པོ་ཡིན། རྟ་མཆོག་ཡིན།
དམག་དཔོན་ཡིན། བྱས་རྒྱལ་སྲིད་སྣ་བདུན་བཟོ་འདྲ་བྱས་བཞག་ནས་ཅིག་ཅིག་ཡིན་
བྱས་ནས་གཤམ་དེ་ནས་ཕྱག་འཚལ་བསམ་བློ་བཏང་འཁོར་ལོ་རིན་པོ་ཆེ་ནོར་བུ་རིན་
པོ་ཆེ་ཟེར་ཡག་དེ་འདྲའི་འདོན་པ་བཏོན་བྱས་ཕུལ་མཁན་ཡོད་རེད། དེ་འདྲ་ཕུལ་ནའང་
ཡག་པོ་ཡོད་རེད། ཡང་དེ་ཡིན་མ་ཟེར་ནའང་དེ་ཡིན་ཟེར་དུས་འདྲ་མ་ཆགས་ཙེ་གཅིག་
རེད། དཀོན་མཆོག་ཡེ་ཤེས་སྤྱན་ལྡན་གྱི་མདུན་ནས་འཁོར་ལོ་མ་ཡིན་པ་གཅིག་འཁོར་
ལོ་ཡིན་ཟེར་དཀོན་མཆོག་མགོ་སྐོར་བཏང་པའི་བཟོ་འདྲ་པོ་བྱས་མི་ཡིས་ལྟས་ན་འདྲ་
ཆགས་པོ་རང་མ་རེད། ཡིན་ནའང་ཆོག་པ་རེད་ཡག་པོ་རེད་པ། ཐ་མ་ཐ་མ་ཡིན་ནའང་
ཕྱི་ལོགས་ཕར་འགྲོ་དུས་སྤང་སྔོ་སེང་སེང་ཤིང་བཟོ་ལྟ་ཡག་པོ་འདྲ་པོ་མེ་ཏོག་ཕྲ་ཆེམ་
ཆེམ་འདྲ་པོ་ག་རེ་མཐོང་ནའང་བསམ་བློ་བཏང་བྱས་དེ་དཀོན་མཆོག་ལ་ཕུལ། སྡོད་
ནས་གྲུབ་པའི་མཆོད་པ་གཅིག་ཀྱང་ཕུལ་རྒྱུ་ཡོད་རེད། སྟོང་གསུམ་གྱི་སྟོང་ཆེན་པོའ ་ི
འཇིག་རྟེན་གྱི་ཁམས་ཐོག་མར་ཆགས་དུས་འཛམ་བུ་གླིང་དང་རི་རབ་བཅས་བྱེ་བ་
ཕྲག་བརྒྱ་བརྒྱ་བྱས་ཆགས་ཡོད་རེད་དམ། དེ་འདྲའི་ཡིན་ཙང་ཤར་གྱི་ཉི་ཟླ་དེ་རང་བྱུང་
གི་སྣང་གསལ་རེད། ནུབ་ཀྱི་གངས་རི་ཞལ་ཟས་ཡིན་བྱེད་པ་རེད། ལྷོར་སྤོང་ངད་ལྡང་
བའི་རི་དེ་ལ་ཙན་དན་ཡོད་རེད་ལྷོའ ་ི ཙན་དན་དེ་དྲི་བྱེད། བྱང་གི་ཁ་འབབ་དེ་དྲི་ཆབ་
བྱེད། འོག་གི་གསེར་གྱི་ས་གཞི་དེ་མེ་ཏོག་བྱེད། སྟེང་གི་གཡུ་འབྲུག་དེ་སྙན་པའི་རོལ་
མོ་བྱེད། རང་བྱུང་གི་མཆོད་པ་རྣམ་པ་ལྔ་བྱེད་པ་རེད། དེ་འདྲ་ཡོད་རེད་མདོར་ན་སྟེང་
325
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ལྷ་ཡི་ལོངས་སྤྱོད་འོག་ཀླུ་ཡི་ལོངས་སྤྱོད་ཚང་མ་བདག་པོས་བཟུང་བ་མེད་པ་དང་ཆབ་
གཅིག་བླ་མ་དཀོན་མཆོག་གསུམ་ལ་ཕུལ་ཁྱེད་རྣམ་པ་གསུམ་ལ་བཞེས་པའི་མཐུ་ནི་
ཡོད་ཙང་ངས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕུལ་བ་ཡིན། ཁྱེད་རྣམས་ཀྱིས་ཀྱང་
སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཞེས་རོགས་གནང་ཟེར་བྱེད་ནས་འདུག་སེ་ཕུལ་
ཆོག་པ་རེད།
(བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །
མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས།།)
རང་ལ་ཕུལ་བའི་ནུས་མཐུ་མེད་ནའང་དཀོན་མཆོག་ལ་བཞེས་པའི་མཐུ་ཡོད་པ་ཡིན་
ཙང་འདུག་སེ་ཕུལ་ཆོག་པ་རེད། དཔེ་ཆ་ག་འདྲས་གཅིག་ལྟ་ནའང་ཕྱག་མཆོད་དགེ་
སྦྱོར་བྱ་ཡག་གི་ཁུངས་གཅིག་ཡོད་རེད། ཚོགས་བསགས་སྒྲིབ་སྦྱངས་ངེས་པར་དུ་
བྱེད་དགོས་པ་འདོན་པ་འདོན་སྔགས་བགྲངས་ཕྱག་འཚལ་དཀོར་སྦྱོང་བྱེད། མཆོད་
པ་ཕུལ་བ་དེ་སེར་སྣའི་གཉེན་པོ་རེད། སེར་སྣའི་གཉེན་པོ་ཏོག་ཙམ་བསྟེན་ཐུབ་ན་ཡི་
དྭགས་ལ་སྐྱེས་ཀྱི་མ་རེད་མིར་སྐྱེས་ནའང་དབུལ་པོ་ཆགས་ཀྱི་མ་རེད། དཀོན་མཆོག་
ལ་ཆུང་ཆུང་ཞིག་ལས་ཕུལ་རྒྱུ་མེད་ནའང་ལོངས་སྤྱོད་ཆེན་པོ་ཡོང་རྒྱུ་ཡོད་རེད། ཆོས་
བྱེད་དགོས་ཡག་དེ་ངས་ཁ་སེང་ཞུས་ཡིན་པ། རྒན་འཁོགས་ཚོ་ཡིན་ནའང་མ་ཤི་གོང་
ནས་རབ་བྱུང་ན་དགེ་ཚུལ་སློང་གི་སྡོམ་པ་འདྲ་གཅིག་བླངས་ཐུབ་ན་ག་ཚོད་འགྱངས་
ནའང་རྒྱལ་བ་བྱམས་པའི་བསྟན་པ་ལ་གྲོལ་ཡག་ཅིག་ཡིན་པ་རེད། བྱི་དུ་ལེ་ཟེར་
མཁན་ཁྱིམ་བདག་མི་རྒན་ཐབས་སྡུག་ཞེ་པོ་གཅིག་ཟ་རྒྱུ་འཐུང་རྒྱུ་ཡང་དཀོན་པོ་ཁོའ ་ི
སྐྱེ་དམན་དེ་ནི་གསོན་འདྲེ་ནང་བཞིན་གཏུམ་མོ་ག་རེ་བྱས་ནའང་མ་འགྲིག་ཟེར་སྡོད་
མཁན་གཤེ་གཤེ་བཏང་མཁན་བརྡུང་བསྡད་མཁན་གཅིག་ཡོད་རེད། མ་འཁུར་རང་
འཁུར་རེད་རྒན་འཁོགས་སོ་སོས་མགོ་མ་འཐོན་པ་བུ་གཅིག་ཀྱང་ཡོད་མ་རེད། བུ་མོ་
326
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

བདུན་ཡོད་རེད། བུ་མོ་རེ་རེ་ཡིས་ཁྱོ་ག་རེ་རེ་འཁྲིད་ཡོང༌། མཚམས་མཚམས་རྒྱམ་


འབྲེ་བརྒྱབ་ས་ནི་ཚང་མས་ཕ་རྒན་རེད། སྟོན་ཁ་སྟོན་ཐོག་བསྡུ་རན་དུས་ཕ་རྒན་ལ་གླང་
གཡར་ས་འགྲོ་ཤོག་ཟེར། ཕ་རྒན་གྱིས་མི་ཚང་གཅིག་ལས་གླང་གཅིག་གཡར་ནས་
འཁྲིད་ཡོང་ཕ་རྒན་གྱིས་ནང་ལ་མགོ་འཁོར་ནས་བསྡོད་བར་དུ་གླང་གོག་བརླགས་སོང་
བ་རེད། གླང་གོག་མ་རྙེད་ཙང་ཚང་མས་གཤེ་གཤེ་བཏང་ཙང་ཕ་རྒན་ནམ་ལངས་ནས་
འགྲོ་ས་མེད་ནའང་འཐོན་འགྲོ་དགོས་བྱུང་བ་རེད། ཕ་རྒན་ཐོན་ནས་སྐལ་བ་ཡོད་མཁན་
ཞིག་ཡིན་པ་འདྲ་འདུག། གཅིག་དང་ཕྲད་ནས་སངས་རྒྱས་ཀྱིས་རབ་ཏུ་བྱུང་བཅུག་པ་
རེད། རབ་ཏུ་བྱུང་ནས་རྒན་འཁོགས་གིས་འཇོན་ཚོད་ཞེ་དྲག་ཐུབ་ཡག་གང་ཡོད་དེ་
སངས་རྒྱས་ཀྱིས་ཐབས་ཁས་པ་གནང་སྟེ་དགྲ་བཅོམ་ཐོབ་སོང་བ་རེད། དེ་འདྲའི་སོང་
ཙང་རབ་ཏུ་བྱུང་ཐུབ་པ་འདྲ་པོ་ཡིན་ན་དེང་སང་དགྲ་བཅོམ་པ་ཐུབ་ཡག་རང་གང་ཤེས་
ཏེ། མྱང་འདས་ཐར་པ་ཆ་མཐུན་གྱི་དགེ་རྩ་གསོག་གི་རེད་པ། དེ་འདྲ་རེད་ཆོས་ཤེས་
མཁན་ཚོགས་རྒན་ཆོས་བྱེད་སྐྲ་ཕུད་བཞེས་རོགས་གནང་ཟེར་དུས་འགའ་ཞིག་གིས་
སྐྲ་ཕུད་མ་རེད་སྐྲ་ལྷག་རེད་ཟེར་མཁན་ཡོང༌། ལྷག་ཡིན་ནའི་ཡིན་ཕུད་ཡིན་ནའི་ཡིན་
གང་ལྟར་གཅིག་ཐུབ་པ་རེད། ཕྱག་འདྲ་འཚལ་ཐུབ་ན་ང་རྒྱལ་གྱི་གཉེན་པོ་རེད། ང་
རྒྱལ་གྱི་གོང་བུའི་སྒང་ལ་ཡོན་ཏན་གྱི་ཆུ་བོ་མི་སྡད། ཟེར་རེད། ཆར་པ་བཏང་དུས་སྒོང་
སྒོང་སྒང་ལ་ཆུ་སྡད་ཀྱི་ཡོད་མ་རེད། ཆར་པ་ཡར་མཐོ་ས་སྒང་ལ་བཏང་ཡོང་གི་རེད་དེ་
རྩ་མར་གིའི་སྐོང་སྐོང་ནང་ནས་སྐྱེས་ཡོང་གི་རེད། ང་རྒྱལ་གྱིས་ཡར་བསྒོངས་བསྒོངས་
སྒང་ལ་དཀོན་མཆོག་གི་བྱིན་རླབས་ཆགས་པ་མ་རེད། མཆོད་པ་དེ་སེར་སྣའི་གཉེན་པོ་
རེད། དེ་བཞིན་དུ་ཡན་ལག་བདུན་པ་ཚང་མ་ལ་དེ་འདྲའི་གཉེན་པོ་འགྲོ་ཡག་འདྲ་ཡོད་
རེད་དམ། དེ་ཚོ་ཅི་ཐུབ་གང་ཐུབ་བྱེད། ད་དེ་ཡན་ཆད་འགྲིག་རེད།། །།

327
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་
འཕྲོས་བཤད།

༈ བུད་མེད་རྣལ་འབྱོར་མར་སྤྲུལ་པའི་རྟགས་ནི། ཐ་མལ་མིན་པའི་བུད་མེད་དང་ཕྲད་
སོང་ན་དེ་རྣལ་འབྱོར་མའི་སྤྲུལ་པ་ཡིན་པ་དེ་གདོང་པ་དམར་ཤས་ཆེན་པོ། རབ་བྱུང་
ན་དཔྲལ་བ་དང་མགྲིན་པ་དག་ལ་སིནྡྷ་རའི་དགའ་འཁྱིལ་འཁོར་སྡད་པ་དེ་འདྲའི་འདུག་
ན་ཐེ་ཚོམ་བྱེད་རྒྱུ་ཡོད་མ་རེད། སྐྲ་དམར་སེར་དེ་འདྲ་ཡོང་གི་ཡོད་རེད། ཡིན་ནའང་ངོ་
ཤེས་ཡག་ཁག་པོ་རེད། ཐེ་ཚོམ་བྱེད་པའི་རིང་ལ་བརླགས་འགྲོ་བ་འདྲ་པོ་དེ་འདྲའི་མང་
པོ་ཡོང་གི་ཡོད་རེད། ང་ཚོ་རྒྱུད་པའི་དགེ་བཤེས་གཅིག་གིས་རྟག་པར་ཟེར་གྱི་ཡོད།
དགེ་བཤེས་གཅིག་ཚོགས་ལ་འགྲོ་དུས་ཇ་དང་པོ་བཏང་དུས་པག་ཟས། ཇ་གཉིས་
པར་ཞག་ཞེ་དྲག་ཡོད་ཙང་ཕུད་མཆོད་ཞག་དང་བསྒྲིལ་ནས་འཁྱེར་ཡོང༌། རྭ་མོ་ཆེའི་
སྒོ་འགྲམ་དེ་ནས་ལྐུགས་མོ་བཟོ་འདྲ་པོ་སློང་སྡོད་མཁན་ཨ་མ་རྒན་མོ་དེ་འདྲའི་ཁ་ཤས་
ཡོད་རེད། ཚོགས་མར་བྲོལ་ཡོང་དུས་རྟག་པར་དེར་སྤྲད་ཀྱི་ཡོད་རེད། དགེ་བཤེས་
དེའི་ཉམས་ལེན་མཁའ་སྤྱོད་མ་ཡིན་པ་འདྲ། ཉིན་གཅིག་ཞག་པག་འཁྱེར་ཡོང་དུས་
རྒན་མོ་དེ་སྐད་ཆ་ཤོད་ཐུབ་མཁན་ཞིག་ཡིན་པ་རེད། དགེ་བཤེས་ལགས་ད་ཞག་པག་
བསྣམས་མ་ཕེབས་ཨང༌། ང་འགྲོ་གྲབས་ཡོད་དགེ་བཤེས་ལགས་ཕེབས་ཀྱི་ཡིན་པས་
ལབ་པ་རེད། རྨོ་རྒན་མོ་འགྲོ་ས་མེད་པ་ག་པ་འགྲོ་ཡག་ཡིན། ཞག་པག་འཁྱེར་མ་ཡོང་
ག་རེ་ཟེར་གྱི་ཡོད་ལབ་པ་རེད། ད་ཞག་པག་མི་དགོས་ཞེ་དྲག་ཞུས་ཚར་ཕེབས་ཀྱི་ཡིན་
ན་ངས་ཁྲིད་དགོས་ལབ་པ་རེད། དགེ་བཤེས་ག་རེ་ལབ་ཀྱི་ཡོད་ན་བསམ་དོགས་པ་
ཙམ་ཡང་མེད་པར་ལོག་འགྲོ་བ་རེད། ཡང་སང་ཉིན་དེར་ཞག་པག་འཁྱེར་འགྲོ་དུས་རྒན་
མོ་ཡོད་མ་རེད་དེ་འདྲ་བྱུང་བ་རེད། ཡང་དེའི་གཤམ་དེ་བར་བེང་བེང་ཟེར་མཁན་ལྐུག་
མོ་སྒྲིགས་སྡད་མཁན་དེ་འདྲ་ཡོད་རེད། གཡུ་ཐོག་དེ་བར་ཡིན་པ་འདྲ་དེ་བར་ཡང་ཡོད་
རེད། དེ་ནས་བླ་མ་གཅིག་གི་རྩར་ཕྱིན་བྱས་ང་ལ་དེ་འདྲ་གཅིག་བྱུང་ཟེར་ནས་གནས་
328
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཚུལ་ཞུས་དུས་བླ་མ་དེས་དགེ་བཤེས་མགོ་ཕྲག་པོ་གྲོགས་ཁའི་ནང་བྱུང་བ་ལྕེས་སྦུད་
རྒྱག་བརྒྱབ་ཟེར་ཡག་དེ་རེད་དེ་འདྲ་ཡོང་ད་མ་འགྲིག་པ་རེད། ད་དོ་དགོང་བར་སྐོར་
ནང་ལ་སྒུགས་སྡོད་ཡང་ཡོང་གི་རེད་དེ་ཕལ་ཆེར་བཅོ་ལྔ་བཅུ་གསུམ་བཅུ་གཅིག་དགུ་
བདུན་དེ་བར་གཅིག་ཡོང་གི་རེད་ཟེར། ཆས་གོས་ལྷ་སའི་སྐྱེས་དམན་ཚོ་དང་མི་འདྲ་
ཙམ་གཅིག་ཡོད་རེད་ཟེར། གཞས་བཏང་གི་འདུག་སྟེ་དེ་ཡང་མི་འདྲ་ཙམ་གཅིག་བཏང་
གི་ཡོད་རེད་ཟེར། ག་ནས་བལྟས་ནའང་བལྟ་ཤེས་ན་མི་འདྲ་ཙམ་གཅིག་ཡོད་རེད་ཟེར།
དེ་འདྲ་བྱུང་ན་ཁྱེད་རང་གིས་ཟིན་ཤོག་ཟེར། དེ་བར་མི་མང་པོ་ཡོད་འདོག་ཁ་པོ་རེད། སུ་
གཅིག་ལ་ངོ་ཚ་མི་དགོས་ཟིན་ཤོག་ཟིན་ཚར་ནས་མ་བཏང་ག་རེ་ཟེར་ན་ཡང་ང་འཁྲིད་
རོགས་ཟེར་ཤོག་ཟེར་པ་རེད། དེ་ནས་ཁོ་ཀ་གླིང་སྒོ་བཞི་མཆོད་རྟེན་འོག་འཛུལ་སྡད་
ཡིན་པ་རེད། མི་ཚོ་ཀ་གླིང་སྒོ་འགགས་ལམ་དོག་ས་དེ་ནས་ཡོང་དགོས་ཀྱི་ཡོད་ཙང་
བུ་མོ་བདུན་དེ་ནས་ཡོང་པ་རེད་ཨ་ཡིན་མ་ཡིན་བསམ་རྒྱབ་ལོགས་ཕར་བལྟས་སྡད་
དུས་མར་མར་བལྟ་དུས་ཡོད་མ་རེད་ཡང༌། དེ་འདྲས་འདུག་དེ་བརླགས་སོང་ཞུས་པས་
ཨ་ཁག་དེ་འདྲ་བྱེད་ཀྱི་རེད་བྱེད་པས་དེ་ཞེ་དྲག་ཞེ་དྲག་སྡོད་ཀྱི་མ་རེད། ད་ཡིན་ནའང་
ཁྱེད་རང་གསོལ་བ་ཡག་པོ་བཏབ་སྒུག་བསྡད་ཤོག་བྱེད་པ་རེད། དེ་ནས་སང་དགོང་
སྒུག་བསྡད་པ་རེད་བུ་མོ་ལྔ་ཡོང་པ་རེད་སྔ་མ་ནང་བཞིན་དེ་ལས་ཁག་ཁག་ཅིག་རེད།
ཡང་ཡིན་འགྲོ་མིན་འགྲོ་ག་རེ་བྱེད་དགོས་བསམ་བཞིན་བསམ་བཞིན་ལ་ལོག་སོང་བ་
རེད། གནང་དགོང་ད་རེས་གཟབ་གཟབ་མ་བྱེད་ན་ད་ཡོང་གི་མ་རེད་དག་བྱེད་པ་རེད།
བུ་མོ་གསུམ་ཡོང་པ་རེད་དེ་ནས་ཚུར་ཡོང་དུས་མ་འདྲ་ཙམ་གཅིག་འདུག། ད་འདི་ཡིན་
པ་ཐག་ཆོད་བསམ་བྱས་ལམ་སང་གཅིག་འཇུས་པ་རེད་འཇུས་ཙང་ཨ་ཙེ་གྲྭ་པས་འདི་
འདྲའི་བྱེད་ཀྱི་འདུག་གང་ཡིན་པ་རེད་ཟེར་ནས་སྐད་རྒྱབ་པ་རེད། ག་རེ་མི་དགོས་ག་རེ་
ཟེར་ནའང་ཟེར་ང་འཁྲིད་རོགས་བྱེད་ཟེར་ནས་བར་སྐོར་སྐོར་ར་གཅིག་མི་མང་པོའ ་ི ནང་
329
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དུ་ཁྲིད་ནས་གཡུ་ཐོག་བར་དུ་འཁྲིད་པ་རེད་ས་རུབ་ཚར་པ་རེད། གཡུ་ཐོག་ལ་སླེབས་
དུས་དེ་ནི་གཞི་ནས་ཁྱོད་ཁ་སང་ཁ་ཉིན་ངས་འགྲོ་ཟེར་དུས་ཁྱོད་མ་འགྲོ་མཁན་གཅིག་
རེད། ད་ཁག་པོ་རེད་ད་རེས་ཁྱོད་ངས་ཁྲིད་ཐུབ་མ་སོང་ཟེར། ཁྱོད་ཀྱིས་ཡག་པོ་བལྟོས་
ཤིག་གསུངས་པ་རེད་བལྟས་དུས་རྣལ་འབྱོར་མ་དངོས་འདྲ་པོ་གཅིག་མཇལ་པ་ཡིན་
པ་རེད། ད་ཡིན་ནའང་ཁྱེད་ཀྱིས་ཉམས་ལེན་ལ་བརྩོན་པ་གྱིས་ལྷ་དང་བླ་མ་ལ་གསོལ་
བ་བཏབ་ཤོག་ཁྱོད་ཤི་དུས་ངས་གཟབ་གཟབ་བྱས་ནས་སྐད་བཏང་ས་ཡོང་དགོས། ཚེ་
འདི་ལ་ཁ་སང་མ་ཡོང་པ་ཡིན་ཙང་ད་སླེབ་ཀྱི་མ་རེད་དག་གསུངས་བྱས་ཡལ་སོང་བ་
རེད། ཡིན་ནའང་དོན་དག་བྱུང་བ་རེད་ཤི་དུས་འཁྲིད་འགྲོ་ཀྱི་རེད། དགེ་བཤེས་ཉམས་
ལེན་བྱེད་མཁན་གཅིག་རྒྱུད་སྨད་ནང་འཛུལ་པའི་སྐད་ཆ་ཡོད། རྒྱུད་སྨད་ཡིན་པ་ཡོད་
འཛུལ་ས་ཟ་ཁང་གཅིག་གི་ནང་ལ་འགྲོ་གནས་ཚང་མ་རྙེད་ནས་ཟ་ཁང་ནང་གནས་ཚང་
གཡར་འགྲོ་ཟ་ཁང་བདག་པོ་ཨ་མ་གཅིག་དང་བུ་མོ་གཅིག་ཡོད་པ་འདྲ། ཨ་མ་དེས་
འགྲིག་གི་རེད་འདི་གར་སྡད་ཞལ་ལག་ཡང་འདིར་མཆོད་ཟེར་བ་ཡིན་ཙང་ཟ་ཁང་ནང་
ཟ། ཚོགས་ནས་འགྱེད་བྱུང་བ་དེ་ཟ་ཁང་ཨ་མ་ལ་སྤྲད་རྩིས་མ་རྒྱབ་པ་བྱས་རྩིས་རྒྱབ་ན་
དག་གི་མ་རེད་བསམ་བྱས་དེ་འདྲའི་བྱས་ཧ་ལམ་ལོ་འཁོར་འཁོར་ཙམ་མིན་འགྲོ། ཉིན་
གཅིག་བུ་མོ་དེས་ན་གི་འདུག་ཟེར་དོ་དགོང་ང་ན་གི་འདུག་དགེ་བཤེས་ལགས་ང་ལ་
རོགས་པ་བྱེད་རོགས་བྱེད་ཐོག་ཁར་ཉལ་བར་ཕེབས་ཨ་བྱེད་པ་རེད། དགེ་བཤེས་ཀྱང་
མིན་པ་གཅིག་གོ །
ང་ཐོག་ཁར་ཉལ་བར་ཡོང་གི་མིན་ཟེར་འགྲོ་རོགས་མ་བྱེད་པ་རེད། དེ་ནས་ཕྱི་
པོ་ཆགས་དུས་བཟོ་ལག་གཅིག་ནང་མར་ཁུ་གང་བླུགས་དེ་ནང་སྐྱོག་གཅིག་བླུགས་
བྱས་དགེ ་ བཤེ ས ་ལགས་སང་ཉི ན ་སྔ་པོ ་ གསེ ར ་ཀོ ང ་བརྗེ ་ སར་ཕེ བ ས་རོ ག ས་བྱེ ད ་
ཐོག་ཁར་ཕེབས་མི་དགོས་གསེར་ཀོང་བརྗེ་རོགས་གནང་ཟེར། བཟོ་ལག་མར་ཁུ་གང་
330
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དེར་བཞག་པ་རེད། སང་ཉིན་སྔ་པོ་ཡར་ལངས་ཁྲུས་བྱས་གསེར་ཀོང་བརྗེ་སར་འགྲོ་
མཆོད་མེ་ཕུལ་ཚུར་ལོག་ཡོང་དུས་ཟ་ཁང་ཡོད་མ་རེད། ཟ་ཁང་འདིར་ཡིན་བསམ་བྱེད་
མར་ཡོས་འགྲོ་དུས་དེར་མི་ཚང་གཅིག་ཡར་ཡོང་དུས་ཡ་གི་མི་ཚང་གཅིག་ཡ་མཚན་
བསམ་བྱེད། ཐོག་ཁ་འགྲོ་ས་གཅིག་ཡོད་བསམ་དུས་དེ་ནི་ཡོད་མ་རེད། ཨ་མ་དང་བུ་
མོ་གཉིས་ཀ་མཁའ་སྤྱོད་མོའ ་ི སྤྲུལ་པ་བྱས་སྤྲུལ་པ་བསྡུས་བཞག་པ་འདྲ་འདུག་ཁང་པ་
ཡང་མེད་པ་འདྲ་འདུག །རྩ་བ་ནས་བཟོ་ལག་དང་སྐྱོགས་སྤྲད་ས་མ་རག་འཛུལ་ས་མེད་
འདི་བར་ཟ་ཁང་གཅིག་ཡོད་རེད་དེ་ག་པ་རེད་ཟེར་ནས་དྲིས་དུས། རྩ་བ་ནས་འདི་བར་
ཟ་ཁང་ཡོད་མ་རེད་ཟེར་སྔ་མ་ནས་ནི་ཡོད་མ་རེད། ཁ་སང་ཁ་ཉིན་ཡོད་ཟེར་དུས་ཁྱེད་
རང་ནོར་བ་རེད། གཞན་པ་གཅིག་ཡིན་འགྲོ་ཟེར་རྩ་བ་ནས་མ་རྙེད་པ་རེད།
ཡང་བླ་མ་གཅིག་གི་རྩར་འགྲོ་བཟོ་ལག་སྒོ་འགྲམ་བཞག་ད་དེ་འདུལ་བྱེད་སོང་
ཨ་མ་དང་བུ་མོ་གཉིས་ཀ་བརླགས་ཚར་ཤགས་ཁང་པ་ཡང་མི་འདུག་ག་རེ་བྱེད་དགོས་
རེད་ཞུས་ཨ་ཁག་གསུངས་ད་ཚར་པ་རེད་ཟེར། ཁྱེད་ཕར་འགྲོ་ཟ་ལག་དེ་ག་རེ་རེད་བལྟ་
ཤོག་གསུངས། ཕར་ཕྱིན་ནས་བལྟ་དུས་བཟོ་ལག་དང་སྐྱོགས་གཉིས་གསེར་ཡིན་པ་
འདྲ་འདུག། ད་དེ་རེད་དངོས་གྲུབ་གསེར་དང་བརྗེ་བ་རེད། ཁྱོད་ལ་གསེར་དེ་རག་པ་
རེད། དངོས་གྲུབ་དེ་རེད་གསུངས། ད་ག་རེ་བྱེད་ཀྱི་རེད་ང་སྐྱེ་བ་ཕྱི་མ་འཁྲིད་ཀྱི་རེད་
པས་ཞུས་སྐྱེ་བ་ཕྱི་མ་ག་པ་ཡོད་རེད། ཁྱོད་རང་མོའ ་ི ཁ་ལ་མ་ཉན་པ་རྟེན་འབྲེལ་འཆུག་
པ་རེད། ད་ངས་གསེར་དེ་ག་རེ་བྱེད་དགོས་རེད། ག་རེ་བྱེད་ནའང་བྱེད་མི་ཚང་མ་རྒྱུ་ལ་
དགའ་བ་ཡིན་ཙང་ཁྱོད་ལའང་རྒྱུ་དགོས་ཀྱི་ཡོད་པ་ཡིན་ཀྱི་རེད་པ། ད་ཁྱེད་ཀྱིས་གསེར་
དེ་འཚོ་བ་བྱས་ཉམས་ལེན་ཡག་པོ་བྱས་གཟབ་གཟབ་ཧུར་ཐག་བྱེད་ཤོག །ཡང་ཁྱོད་
ཀྱིས་གསེར་དེ་བག་མེད་ལོངས་སྤྱོད་གང་བྱུང་མ་བྱུང་བྱས་སྡད་ན་གང་ཡང་ཡོང་གི་མ་
རེད་ད་དངོས་གྲུབ་དེ་རང་རེད་གསུངས། དེ་འདྲ་བྱུང་ཡོད་རེད། འོན་རྒྱལ་སྲས་སྐུ་གོང་
331
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

མ་དེ་ལྐུགས་པ་འདྲ་གཅིག་ཡོད་རེད། བླ་མ་རྩ་བ་ཆེན་པོ་འོན་རྒྱལ་སྲས་ཀྱང་སྲིད་ནོར་
བ་ཡིན་ཟེར་རེད། ཁ་འ་ལོ་འོ་ལོ་རེད། ཆུང་ཆུང་སྐབས་སུ་ཞིང་ཁ་ནང་ལ་ཨ་མ་གཡོག་
མོ་བྱེད་ཙང་ཡང་སྲིད་ངོས་ལེན་མ་ཐུབ་པ་བྱས་ཨ་མས་ཞིང་ལས་བྱེད་དུས་བསྙེལ་
ཤག་འདྲེ་ལོག་རྒྱབ་ནས་རྡོ་སྒང་ལ་སྐྱེས་ཤག་པ་གཅིག་རེད། ཡར་ཆེན་པོ་ཆགས་དུས་
ཐེ་པོ་རིན་པོ་ཆེ་སྐུ་གོང་མ་དང་ཉེ་པོ་འདྲ་བྱས་ཁོང་རང་གཉིས་ཆོས་གྲོགས་བྱས་གསེར་
སྐོང་རྡོ་རྗེ་འཆང་གི་ཞལ་སློབ་བྱེད། ཐེ་པོ་རིན་པོ་ཆེ་གསང་ཕུ་དབྱར་ཆོས་ཕེབས་ཆོས་
ཐོག་བྲོལ་ནས་ཡར་ལྷ་སར་ཕེབས་དུས་དྲིལ་བུ་གཅིག་དགོས་ཀྱི་འདུག་དྲིལ་བུ་གཅིག་
ཉོ་རྒྱུ་རག་ཨེ་ཡོང་བསམ་བྱས་ཁྲོམ་བསྐོར་ལ་ཕྱིན་ཁྲོམ་བསྐོར་ས་ཕོག་སྒང་ལ་བུ་མོ་
གཅིག་གིས་སྒམ་ཤག་གཅིག་སྒང་ལ་དྲིལ་བུ་བརྒྱད་དགུ་བཀྲམ་ནས་བཞག་ཡོད་རེད།
དྲིལ་བུ་གཅིག་ཡར་ལེན་འདི་ལ་ག་ཚོད་ཡིན་འགྲོ་བསམ། ཡང་གཅིག་ཡར་ལེན་འདི་
ལ་ག་ཚོད་ཡིན་འགྲོ་བསམ། པད་ཤག་ཡང་མེད་པ་འདྲ། བུ་མོ་དེས་ཁྱེད་ལ་དྲིལ་བུ་
དགོས་ཀྱི་ཡོད་ན་འདི་ཚོས་ཕན་འདོགས་ཡོད་མ་རེད། བལྟ་ས་ཤོག་ངའི་ནང་ལ་ཡོད་
ཟེར་ནང་ཕར་ཙམ་དེ་གར་ཡིན་ཤོག་ཡོད་རེད་ཟེར་ནས་ལམ་སང་ཡར་ལངས་སོང་ཟེར་
རེད། ཁོ་དེ་འདྲ་ལངས་འགྲོ་ན་མོའ ་ི དྲིལ་བུ་དེ་ཚོ་བརླག་གི་རེད་བསམ་དེ་བར་སྡད་
མཁན་ཚོ་ལ་མངགས་གཏམ་ནི་རྒྱབ་མ་སོང་ཕྱི་བལྟས་བྱེད་བཞིན་འགྲོ། ཚུར་ཡོང་དུས་
དྲིལ་བུ་དེ་ཚོ་སྡད་བཞག །དེ་ནས་ཚུར་ས་ཕོག་སྒང་ནས་ཁྲོམ་བསྐོར་འགྲོ་ནས་མཆོད་
ཁྲི་ཁང་ཡོད་སའི་ལྟག་སྒོ་སྒྲོལ་མའི་ལྷ་ཁང་ལྟག་སྒོ་དེ་ཀོང་ཀོང་འདྲ་པོ་ཡོད་རེད། དེར་
སྒོ་གཉིས་ཡོད་པ་འདྲ་ཚོང་ཁང་གི་སྒོ་ནང་མ་འགྲོ་པ་བྱས་དེ་གཤམ་དེར་སྒོ་གཅིག་ནང་
ཕྱིན་དེར་འགྲོ་དུས་སྐས་འཛེག་གཅིག་ཡར་འཛེགས་པ་ན་ཐོག་ཁར་ཁང་པ་ནག་ཆོག་
ཙེ་གཅིག་མཆོད་ཁང་འདྲ་གཅིག་གི་ནང་མཆོད་ཁྲི་ནག་ཆགས་ཙེ་སྒང་ལ་རྡོ་རྗེ་དྲིལ་བུ་
གཅིག་ཤག་ཡོད་པ་རེད། ཆུང་ཆུང་ཡག་པོ་གཅིག་འདུག་ཟེར་རེད། འདི་རེད་འདི་ཡག་
332
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

གི་རེད་ཁྱེད་རང་ལྟོས་ཤིག་ཟེར་གྱི་འདུག་ཟེར། །རྡོ་རྗེ་དྲིལ་བུ་ཡག་པོ་འདུག་སྟེ་པད་
ཤག་འཁྱེར་ཡག་མེད་པ་བྱེད་པས། པད་ཤག་གང་ཡང་སྐྱོན་གྱི་མ་རེད་རྗེས་མ་དེ་བར་
སྤྲད་ཆོག་གི་རེད། དྲིལ་བུ་ཡག་པོ་འདུག་ན་འཁྱེར་འགྲོ་ཤོག་ཟེར་གྱི་འདུག་ཟེར་རེད།
ད་ངས་རྗེས་མ་ལེན་རྒྱུ་བྱེད་ན་དགའ་ཀྱི་མིན་འགྲོ་ཟེར་པས་དགོས་མ་རེད་ཡག་ད་དེ་
འདྲའི་མ་བྱེད་ཁྱེད་རང་འདིར་སྡད་ཤོག་མི་ཚང་འདི་ལ་རྒྱུ་ནི་ཨ་འོ་ཙེ་ཡོད་རེད་བུ་མོ་
ནི་ང་མ་གཏོགས་མེད་ང་གཉིས་མཉམ་དུ་སྡད་ཟེར། བླ་མ་རྣལ་འབྱོར་རྟོག་མེད་དེ་འདྲ་
རེད་ང་གཉིས་མཉམ་དུ་སྡད་ཆོག་གི་རེད་དེ་ང་ད་ལོ་ཚོགས་ལངས་ལངས་དགོས་ཀྱི་
ཡོད། ང་ཡར་ཕྱིན་བྱས་ཚོགས་ལངས་ཚར་ནས་མར་ཡོང་ན་འགྲིག་གི་རེད་པས་ལབ་
པ་རེད། འགྲིག་གི་རེད་འོ་ན་ཁྱེད་ཀྱིས་དྲིལ་བུ་འཁྱེར་རྡོ་རྗེ་བཞག་ཤོག་རྗེས་མ་ངས་
སྤྲད་དགོས་ཟེར་ནས་རྡོ་རྗེ་བསྐུར་མ་བྱུང་ཟེར། དེ་ནས་དྲིལ་བུ་འཁྱེར་ནས་མར་སྐས་
འཛེག་བབ་བྱས་ཡོང་དུས་སྐས་འཛེག་འོག་དེར་བལ་པོ་རྒན་འཁོགས་གཅིག་བསྡད་
འདུག་དེས་ཁྱེད་རང་ག་རེ་ཡིན་པ་ལག་པ་གཅིག་སྟོང་པ་རེད་པ་ཟེར། རྡོ་རྗེ་བསྐུར་མ་
བྱུང་བྱེད་པ་འདྲ་སྟོང་པ་བྱེད་མ་འགྲོ་འདི་འཁྱེར་ཟེར་ནས་ཌ་མ་རུ་གཅིག་སྤྲད་བྱུང་ཟེར་
རེད་དེ་ནས་ཌ་མ་རུ་དང་དྲིལ་བུ་འཁྱེར་བྱེད་ཡོང་པ་རེད། ཚུར་གནས་ཚང་ནང་ཡོང་
ནས་པད་ཤག་མ་སྤྲད་ན་འགྲིག་གི་མ་རེད་བསམ་བྱེད་པད་ཤག་སྐྱལ་ས་ཕྱིན་དུས་སྒོ་དེ་
མི་འདུག་སྒོ་གཅིག་ནང་འཛུལ་དུས་བལ་པོའ ་ི ཚོང་ཁང་སླེབས་འགྲོ་ཡང་སྒོ་གཅིག་ནང་
འཛུལ་དུས་སྒྲོལ་མ་ལྷ་ཁང་གི་ལྟག་སྟོང་མཆོད་ཕུལ་ས་དེ་བར་སླེབས་འགྲོ་གི་ཟེར། ཡ་
མཚན་བསམ་རྩ་བ་ནས་སྒོ་ནང་ལོགས་སྐས་འཛེག་ཡོད་པ་གཅིག་མི་འདུག་ཟེར། དེ་
ནས་མ་གི་ཁྲོམ་ནང་དྲིལ་བུ་བཀྲམ་ས་དེར་ལྟ་འགྲོ་དྲིལ་བུ་དང་བུ་མོ་གང་ཡང་མི་འདུག་
དེར་གྲས་ཚན་དེ་ཚོར་འདིར་དྲིལ་བུ་བཀྲམ་སྡད་མཁན་བུ་མོ་གཅིག་ཡོད་པ་དེ་སླེབས་
མ་བྱུང་ངམ་ཟེར་དྲིས་དུས་ག་པ་ཡོད་རེད་ཟེར་ན་ཟག་འདིར་ཡོད་པ་བྱས་དུས་ཡོད་མ་
333
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

རེད་ཟེར་ནས་བཤད་ཡག་མི་འདུག་ཟེར། བླ་མ་ལ་དྲིལ་བུ་གཅིག་རགས་པ་རེད་ཡག་
ཉེས། ཚོགས་ལངས་ལངས་རྒྱུའི་བཀའ་དྲིན་གྱིས་མར་འགྲོ་རྒྱུ་མ་རེད་པ་བྱས་དེར་སྡད་
བཞག་ན་འཁྲིད་འགྲོ་རྒྱུ་ཡིན་པ་འདྲ་མཁའ་སྤྱོད་ཀྱི་ཞིང་ཁམས་ནང༌། དེ་ནས་ཡར་ཡོང་
ནས་དེ་འདྲེས་སེ་སྡད་པ་རེད། ད་ཡོང་ཉན་མ་འདོད་ཙང་ཡང་སྐུ་ཞབས་ཁོ་རྣམ་གཉིས་
ཀ་སི་སི་སྦུག་ལ་དཔེ་མཚམས་འགྲོ་ཁག་བྱེད། དྲིལ་བུ་དེའང་རྐུན་མས་འཁྱེར་བ་རེད་
རྗེས་མ་དེ་བར་གསུང་གི་ཡོད་རེད། རྣལ་འབྱོར་མ་ཞིང་སྐྱེས་ཀྱི་ཐ་མལ་པའི་ཚུལ་
བཟུང་ནས་དངོས་གྲུབ་དེ་འདྲ་སྤྲད་ཀྱི་ཡོད་རེད། སེ་རའི་གྲྭ་པ་ལྡོག་ལྡོག་འདྲ་གཅིག་
བླ་མ་གཅིག་གི་གསོལ་དཔོན་རེད་ཟེར་ཡིན་ནམ་ཁོས་སེ་ར་ནས་མར་ཡོང་དུས་རྭ་མོ་
ཆེའི་རྒྱབ་ལོགས་ཉལ་སྡད་མཁན་ཨ་མ་གཅིག་ལ་བག་ལེབ་འདྲ་དེ་འདྲའི་སྤྲད་ཀྱི་ཡོད་
པ་འདྲ་རྟག་པར། ཉིན་གཅིག་དེར་ཡོང་དུས་གསོལ་དཔོན་ལགས་ད་ང་འགྲོ་མཁན་ཡིན་
ཁྱེད་འགྲོ་ན་མཉམ་དུ་འཁྲིད་དགོས་ཟེར་རེད། མོ་རྒན་མ་ག་རེ་ཟེར་རེད་ཁྱེད་ལ་འགྲོ་ས་
མེད་པ་བྱེད་པ་རེད། དེ་འོ་ན་ང་ལ་བག་ལེབ་འཁྱེར་མ་ཡོང་ཨང་ང་འགྲོ་རན་པ་རེད་ཟེར།
།དེ་རྣམ་རྟོག་མ་བྱས་ལོག་འགྲོ་བ་རེད།
སང་ཉིན་གནང་ཉིན་ཡོང་དུས་ཨ་མ་མི་འདུག་ཟེར། དེ་བར་སྡོད་མཁན་གཅིག་ལ་
ལན་བཞག་ནས་ཨ་མ་དེ་གྲོངས་སོང་ཁྱེད་རང་ལ་འདི་ཤག་སོང༌། རྫ་ཁོབ་གཅིགགི་ནང་
ལ་ལུད་པ་ཁྲག་འདྲེས་སྡད་པ་གཅིག་དང་ཕྲེང་ང་རྫ་གོག་ཡིན་པ་གཅིག་བཅས་གསོལ་
དཔོན་ལགས་འདིར་སླེབསོང་ན་འདི་སྤྲད་རོགས་གྱིས་ཟེར་ནས་མངགས་བཞག་འདུག་
ཟེར་རེད། ལྟས་བྱེད་ཁོ་རང་ཨ་ཕའི་རོ་འདྲ་ཅིག་ཡིན་འགྲོ་ཟེར་ཏེ་ལམ་ཁག་སྒང་ལ་རྒྱབ་
སོང་བ་འདྲ་དེ་འཐོར་འགྲོ་དུས་འཇའ་ཟུགས་སོང་ཟེར་རེད། གཅིག་སྒྲུབ་འགྲོ་བ་ཡིན་
པས་གཅིག་ཀྱང་མ་རག་པ་ཚང་མ་ཡས་འགྲོ་ཚར་པ་རེད། ཁོས་བླ་མ་གཅིག་ལ་དྲིས་
འགྲོ་བ་རེད་ཨ་ཁ་གྲྭ་པ་ཟེར་ཡག་འདི་རྣམ་རྟོག་རགས་དྲག་ནས་སུ་ལའང་རྩི་པ་མ་རེད་
334
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དེ་འདྲའི་རེད་ད་ཡིན་ནའང་དེ་བར་སླེབས་ཡོང་གི་རེད་དག། གསུངས་)ཕྲེང་ང་དེ་ཉར་
སྡད་ཡོད་པ་རེད། ད་འོ་ན་ཕྲེང་ང་དེ་ཁྱེར་ལྷ་སའི་ཁྲོམ་ནང་དེ་བར་འདི་བདག་པོ་ཡོད་
པས་ཟེར་ནས་དྲིས་འགྲོ་ཤོག་ཡོད་ཟེར་གྱི་འདུག་ན་ད་དེ་ཡིན་གྱི་རེད། དེ་འཇུས་དགོས་
རེད་གསུང་གི་ཡོད་པ་འདྲ། ཁོས་ཕྲེང་ང་དེ་ཁྱེར་ནས་འདུལ་འཛིན་ཟུར་དེ་ནས་ཡར་
འདུལ་འཛིན་ཟུར་ནས་ཡར་རྒྱབ་ལོགས་དེར་ཚལ་ཁྲོམ་ཡོད་ས་ཡར་འགྲོ་མི་ཚོགས་ཆེ་
ས་གཅིག་གི་ནང་ལ་ཕྲེང་ང་འདི་བདག་པོ་ཡོད་པས་ཟེར་དུས་བུ་མོ་གསུམ་གྱིས་ང་ཡིན་
ཁོ་ཡིན་ཟེར་ཧབ་ཐོབ་རྒྱབ་ཕྲེང་ང་དེར་ཤོར་སོང་ཟེར། ཁྲི་ཆེན་བསྟན་པ་རབ་རྒྱས་ཀྱང་
དེ་འདྲ་བྱེད་པ་རེད། སྡེ་སྲིད་རབ་བརྟན་ནང་ལ་གྲོང་ཆོག་ཕེབས་སྒེ་ཁུང་ལྕགས་ཕྲ་གཅིག་
གི་ནང་ལ་བཞུགས་བསྡད་དེ་ནས་མར་གཟིགས་སྡད་དུས་མ་གི་དགའ་ལྡན་དར་མཉམ་
འོག་ཁྲོམ་ནང་དུ་ཚུར་བུད་མེད་གཅིག་གི་འགྲམ་པ་ཡིན་ནམ་དཔྲལ་བ་ཡིན་ནམ་གཅིག་
ལ་དགའ་དཀྱིལ་དམར་འཁྱིལ་ལེར་འཁོར་ནས་འགྲོ་གི་ཡོད་རེད།
དེ་ནས་མར་མཆོང་ས་ནི་ཡོད་མ་རེད་མར་འགྲོ་ན་ནི་བསྐོར་ར་མང་པོ་སྐོར་ནས་
འགྲོ་དགོས་རེད་རྗེས་མ་ཟིན་པ་རེད། ཡིན་ནའང་གསོལ་བ་བཏབ་འདོན་པ་འདྲ་འདོན་
བྱས་ཉི་མ་གཅིག་གསོལ་དཔོན་དང་ཆ་ལ་འགྲོ་དུས་དང་པོ་དེ་ལ་མ་བྱུང་ན་དེ་ནས་སྤྲུལ་
པ་སྡུག་རུ་སྡུག་རུ་བཏང་གི་ཡོད་པ་འདྲ་དེ་འདྲ་བྱེད། ཉི་མ་གཅིག་ཡང་ཞོགས་ཁྲོམ་སྒང་
དེ་ནས་ཡར་ཕྱིན། དོག་ས་གཅིག་ལ་སླེབ་དུས་ཨ་མ་སྐྱུག་བྲོ་བོ་མདོག་ངན་ཞེ་པོ་གཅིག་
གིས་རྫ་སྐྱོག་གཅིག་ལག་པ་ནང་ཁྱེར་བྱས་བསྐྱུག་པ་སྐྱུགས་གྲབས་བྱེད་ནས་ཡོང་
གི་ཡོད་འདུག། འཁྲིས་ལ་སླེབས་དུས་འདི་ཟ་གི་ཡིན་པས་ལབ་པ་རེད་གསོལ་དཔོན་
དེས་རྡོག་རྒྱག་ཞུས་ཨ་མ་དེར་རིལ་ཁོ་རང་གིས་གཅིག་བརྙབ་པ་ཡིན་པ་རེད། བརྙབ་
ནས་ཟ་དུས་ཟས་མ་ཐག་ཏུ་ཁྲག་འཐིག་པ་གཅིག་རག་པ་རེད། དེ་ནས་འཇའ་ཟུག་ཨ་
མ་ཡང་བརླགས་སོང་བ་རེད། ཁྲག་འཐིག་པ་དེ་ཟ་རྒྱུ་རག་ནས་ར་བྲིང་ཚང་མཁས་པ་
335
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཆེན་པོ་ཆགས། རྒྱུད་པ་ནང་འཛུལ་ཚར་རེད་རྗེས་མ་ཁྲི་ཆེན་བསྟན་པ་རབ་རྒྱས་ཟེར་
དུས་རྩོམ་ཡག་པོ་མི་ཚོས་བཀའ་འདྲི་འདྲ་ཞུས་དུས་དྲིས་ལན་དེ་ཚོ་སྤུས་དག་ཡག་པོ་
གནང་མཁན་དེ་འདྲ་བྱུང་བ་རེད། ད་དེ་འདྲ་བ་མང་པོ་བཤད་རྒྱུ་ཡོད་རེད། ད་ང་རང་ཚོ་
ནི་དཀོར་མང་པོ་ཟས་ཆེ་དྲག་ཡིན་ནམ་ག་ཚོད་བྱེད་ནའང་དེ་འདྲའི་གཅིག་རེད། ཡིན་
ནའང་གསོལ་བ་ཡག་པོ་བཏབས་དེ་འདྲ་རེད། ད་ལངྒ་ལིའི་སྡོང་པོ་བསྒྲུབས་ན་ནི་ཤོག་
གྲངས་ ༡༨༠ ཕྲེང་༡༠ དེར་སྔ་མའི་དཀྱུས་ལ་གཟིགས།།

སྤྲོས་བཤད། 200

ལོ་གཅིག་ང་བྱས་བློ་བཟང་བསྟན་འཕེལ་བྱས་བློ་བཟང་བསྟན་འཛིན་ང་ཚོ་ཨོ་
རི་སར་ཕྱིན་ནས་ཉིན་གཅིག་རྟ་དེ་འཐེན་པ་ཡིན་པས་བཙུན་མོ་ཚལ་ཀྱི་བླ་མ་རྙིང་པ་
ཏ་ཕྱག་ཚལ་ཟེར་མཁན་གཅིག་ཡོད་རེད་ཀུན་རིག་གི་པཎྜི་ཏ་གཅིག་རེད། ཁོང་གིས་
ད་རེས་ང་ཚོའི་རྟ་བརླགས་པ་དེ་རྙེད་བྱུང་ཟེར་ཁོས་ཡག་པོ་གཅིག་ཉན་བྱས་དཔེ་སློག་
འཐེབས་ཆོག་ཆོག་རེད། ང་ཚོས་ཀུན་རིག་ཞག་མ་བདུན་ཚོགས་བྱས་ཉིན་གསུམ་པའི་
སྒང་ལ་ཆུ་ལོག་གཉིས་ཀྱི་རྟ་འཐེན་གྱི་རེད། ཉིན་བཞི་པ་སྒང་ནས་ལྔ་པ་བར་དུ་ཉིན་མ་
བཞི་པ་ལ་(X) འཐེན་གྱི་ཡོད་རེད་ལྔ་པ་ལ་ཡང་ཆུ་བ་གཉིས་འཐེན་གྱི་ཡོད་རེད། དྲུག་
པ་བདུན་པ་གཉིས་ལ་འཐེན་གྱི་མེད་རེད་ཟེར། ཀུན་རིག་གི་དབང་གི་ནང་ལ་
(རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདིས། །
སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །
དེ་བཞིན་བཤེགས་པའི་རིགས་ལྔའི་དབུ་རྒྱན་འདིས། །
སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །
རིགས་ལྔའི་སངས་རྒྱས་དངོས་སུ་འགྱུར་བར་ཤོག)
336
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཆུ་ཅོད་པན་གཉིས་ཀྱི་དབང་ཡོད་རེད་དེ་ལ་བསྐུར་གྱི་ཡོད་རེད། ད་རྟ་གཞན་པ་དྲན་
སོང་དེ་གཤམ་དེར་ཤིས་རྗོད་སྐབས་སུ་འཐེན་གྱི་ཡོད་པ་ཡིན་པ་རེད། བླ་མ་རྡོ་རྗེ་
འཆང་དགའ་ལྡན་ལ་གསུང་ཆོས་གནང་པའི་སྐབས་སུ་བཙུན་མོ་ཚལ་ཁོ་རང་ཚོ་ལ་རྟ་
དེ་ཡོད་མ་རེད། སྔ་མ་ནས་བརླགས་ཚར་རེད། བླ་མ་རྡོ་རྗེ་འཆང་གིས་ག་འདྲས་སེ་
རྙེད་པ་ཡིན་པ་ང་ཚོས་ཤོད་ཐུབ་ཀྱི་མ་རེད་བླ་མ་རྡོ་རྗེ་འཆང་ལ་དག་སྣང་བྱུང་བ་མ་རེད་
ཟེར་ཐུབ་ཀྱི་མ་རེད། བླ་མ་རྡོ་རྗེ་འཆང་དག་སྣང་གི་འབྱམས་ཀླས་པ་ཞིག་རེད། དེ་ཡིན་
ནའང་མཛད་པ་འཕྲིན་ལས་རྒྱས་པ་གང་ཡིན་པ་དེ་ལ་ཁ་བཏོང་དགོས་མཁན། འགྲན་
ཟླ་བྱེད་དགོས་མཁན་ཕྱི་ལོགས་ནས་ཨ་ལ་ལ་ནང་ལོགས་ནས་ཀྱང་ཏོག་ཏོག་ཡོང་མི་
སྲིད་པ་མ་རེད། མ་གཏོགས་བླ་མ་རྡོ་རྗེ་འཆང་ཁམས་ལ་མར་ཕེབས་དུས་ལྷོར་རྫོངས་
ཞི་འབྱམས་དགོན་པས་གདན་འདྲེན་ཞུས་ནས་མཇལ་ཁ་བཏང་གནང་དུས་མི་གཅིག་
གིས་ཕྱག་བཞི་མཇལ་འདུག། སྐུ་གཟུགས་སྤྱན་རས་གཟིགས་མཇལ་ཐུབ་མཁན་
གཅིག་ཡིན་རྒྱུ་མ་རེད། མི་རང་ཡིན་པ་ཕྱགགཅིག་གིས་ཕྱག་དབང་བསྐུར་གཅིག་
གིས་ཕྱག་མདུད་གནང་གི་འདུག། མིག་འཁྲུལ་མིན་འགྲོ་བསམ་བྱས་བསྐོར་ནས་ཡག་
པོ་བྱས་བལྟས་ནའང་ཕྱག་གཡོན་པ་གཟན་གྱི་འོག་ཏུ་ཚུད་ནས་ཕྱག་འགོ་ཙམ་ལས་
མ་མཇལ་ཕྱག་གཡས་པ་དཔུང་པ་མན་ཆད་གཉིས་ཀ་གསལ་པོ་མཇལ་པ་རེད། དེ་ཁོ་
རང་ཚོ་ལྷོར་རྫོངས་གྲྭ་པ་ཚོས་བཤད་པ་རེད། མ་གཞི་ནས་མཛད་པ་རྣམ་ཐར་བླ་མ་རྡོ་
རྗེ་འཆང་ནང་བཞིན་ཁག་པོ་ཡིན་པ། དགེ་ལུགས་པའི་ནང་ནས་བླ་མ་རྡོ་རྗེ་འཆང་ནང་
བཞིན་གཅིག་དགོངས་པ་རྫོགས་དུས་ཁོང་འདྲ་པོ་གཅིག་ཞལ་བཞུགས་དུས་ཀྱང་ཁོང་
གི་མཛད་པ་འཕྲིན་ལས་འདྲ་པོ་བསྟན་པ་ལ་ཕན་པ་གཅིག་བྱུང་ན་ནི་ཨ་ཕོ་ང་ཡིན་ཟེར་
ཆོག་གི་རེད་དེ། ད་ཕྱིས་སུ་དེ་འདྲའི་ཡོད་དང་ཡོད་རེད་སངས་རྒྱས་དངོས་ཡོད་རེད་
དེ་སངས་རྒྱས་ཡིན་ནའང་མཛད་པ་ཆེ་ཆུང་སེམས་ཅན་གྱི་བསོད་ནམས་ལ་རག་ལས་
337
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

པ་ཡིན་ཙང་བླ་མ་རྡོ་རྗེ་འཆང་ནང་བཞིན་མཛད་པ་འཕྲིན་ལས་ཡོད་མཁན་སེམས་ཅན་
དང་སངས་རྒྱས་ད་མེད་ཟེར་ཆོག་གི་རེད། མཛད་འཕྲིན་མཉམ་པ་མེད་རེད། ཁོ་རང་
ཚོའི་ངོས་མཉམ་ནའང་གདུལ་བྱའི་ངོས་ནས་མ་མཉམ་སོང་བ་རེད། སངས་རྒྱས་དངོས་
བྱོན་སོང་ནའང་གཅིག་པ་ཡོང་ཐུབ་ཀྱི་མ་རེད། བླ་མ་རྡོ་རྗེ་འཆང་གི་ཡང་སྲིད་ཡིན་
ནའང་སྐུ་གོང་མ་ནང་བཞིན་ཡོང་ཐུབ་ཀྱི་ཡོད་མ་རེད། དེ་མི་ཐུབ་ཡག་དེ་གཅིག་པ་ཡིན་
ན་ནི་སངས་རྒྱས་ཤཱཀྱ་ཐུབ་པས་སངས་རྒྱས་པའི་མཛད་པ་མཛད་པ་རེད། རེད་དེ་
ལོངས་སྐུའི་སྤྲུལ་པ་རེད་ལོངས་སྐུ་མཛད་པ་མཛད་ཡག་དང་མཇལ་ཡག་ཡོད་མ་རེད།
སྤྲུལ་སྐུ་ཡིན་ཙང་སྐྱེ་བ་ནས་ཤི་བའི་བར་ལ་བརྟེན་དགོས་རེད།
གཞོན་ནུའི་རོལ་རྩེད་སོགས་ཐ་མལ་ལྟ་བུ་མཛད་ཡོད་རེད་ཡིན་ནའང་གཞན་
དང་མ་འདྲ་གཅིག་མཛད་ཡོད་རེད་མ་གཏོགས་མཐར་མྱ་ངན་ལས་འདས་སྐུ་གདུང་
མེར་བསྲེགས་ཚང་མ་མི་ནང་བཞིན་མཛད་པ་བསྟན་ཡོད་རེད། གཞན་དང་འདྲ་གི་མ་
རེད་སངས་རྒྱས་ཀྱི་སྐུ་གདུང་ཡིན་ནའང་མྱ་ངན་ལས་འདའ་རྒྱུ་ཡོད་མ་རེད་ཟག་མེད་
ཀྱི་སྐུ་རེད་མ་གཏོགས་ཤ་ཁྲག་མ་རེད། ང་རང་ཚོས་ཤ་ཁྲག་མཇལ་ཀྱི་རེད་སྐུ་འཁྲུངས་
ཡོང་དུས་བུ་ཆུང་མའི་མཆན་ཁུང་ནས་འཁྲུངས་པ་རེད། ང་རང་ཚོས་བུ་ཆུང་སྐྱེས་པ་
མཐོང་བ་རེད་མཆན་ཁུང་ནས་བུ་སྐྱེས་ཀྱི་མ་རེད། ཨ་མའི་འཁོགས་པ་ནང་ཟླ་དགུ་
བཞུགས་པའི་རིང་ལ་བྱང་ཆུབ་སེམས་དཔའ་ས་ལ་བཞུགས་པ་ཚང་མས་ཆོས་ཞུས་
འགྲོ་གི་ཡོད་རེད། མངལ་གྱི་ནང་གཞལ་ཡས་ཁང་ས་གཞི་དང་བཅས་པ་དག་པའི་ཞིང་
ཁམས་གུ་ཡངས་པོ་བྱས་ཡོད་རེད། ཕར་འགྲོ་ཚུར་འགྲོ་བྱེད་ཀྱི་ཡོད་རེད། དེ་ནང་བཞིན་
འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་རང་སངས་རྒྱས་ཡིན་ན་ཨ་མའི་མངལ་ནང་བསྡད་
དུས་དེ་འདྲ་རང་ཡོད་མ་རེད་དེ་མངལ་ནང་བསྡད་པ་ཧ་གོ་མངལ་ནས་ཕྱིར་འབྱུང་བ་
ཡང་ཧ་གོ །ལས་རྒྱ་ཆེ་བ་ཡེ་ཤེས་རྒྱ་ཆེ་བ་ལས་དང་ཡེ་ཤེས་གཉིས་ཀ་རྒྱ་ཆེ་བ་དེ་འདྲ་
338
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཡིན་ཙང་ཚང་མ་གཅིག་པ་ཡོང་དགོས་ཀྱི་མི་འདུག །ཁ་ཤས་གཏི་ཐུག་བྱས་ཨ་ཙི་དུས་
ཚོད་ངན་པ་བླ་མ་ཚོའི་ཡང་སྲིད་འདི་དྲག་ཏུ་མ་འགྲོ་བར་སྡུག་རུ་འགྲོ་གི་ཟེར། ཡང་
སྲིད་སྡུག་རུ་འགྲོ་རེད་སངས་རྒྱས་ཀྱི་སྤྲུལ་པ་ཡང་སྡུག་རུ་འགྲོ་བ་རེད། སངས་རྒྱས་
སངས་རྒྱས་དུས་ལོངས་སྤྱོད་རྫོགས་པའི་སྐུ་རེད། སྤྲུལ་སྐུའི་མཛད་པ་མཛད་དུས་མི་
འདྲ་གཅིག་མཇལ་བ་རེད་སངས་རྒྱས་མྱ་ངན་ལས་འདས་གྲབས་བྱེས་དུས་བྱང་ཆུབ་
སེམས་དཔའ་མཐོང་བ་དོན་ཡོད་ཀྱིས་ང་ཚོར་ཆོས་སྟོན་མཁན་མེད་བསམ་སེམས་
འཁྲལ་བྱེད་དུས། (ཀ་ཡེ་མཐོང་བ་དོན་ཡོད་ཀྱེ། །འཆི་མེད་བདུད་རྩི་X། །ང་ནི་སློབ་
དཔོན་གཟུགས་སུ་གྱུར། །དེ་ཚེ་དེ་ལ་གུས་པ་བྱེད།།) འདུག་སེ་གསུངས་ཡོད་རེད།
ཡབ་སྲས་མཇལ་བའི་མདོ་ལས།
(སེམས་ཅན་རྣམས་ནི་འདུལ་བའི་ཕྱིར། །
ཆགས་པ་མ་ལགས་ཆགས་པའི་ཚུལ། །
རྣམ་པ་སྤྲུལ་པ་སྣ་ཚོགས་ཡིས། །
སེམས་ཅན་རྣམས་ཀྱི་དོན་མཛད་དེ། །
སེམས་ཅན་རྣམས་ཀྱིས་རྟོགས་མི་ནུས།།)
གསུངས་ཡོད་པ་ཡིན་ཙང༌། སེམས་ཅན་ཞེན་རུ་འགྲོ་དུས་སངས་རྒྱས་ཀྱི་སྤྲུལ་པ་
ཡང་ཞེན་རུ་བཏང་དགོས་ཀྱི་རེད། ཡག་རུ་བཏང་ན་མཇལ་ཐུབ་ཡག་ཡོད་མ་རེད།
སངས་རྒྱས་མྱ་ངན་ལས་མ་འདས་གོང་ལ་འཛམ་བུའི་གླིང་ནང་སངས་རྒྱས་སྐུ་མདུན་
ཡོད་མཁན་ཀུན་ཏུ་རྒྱུ་རབ་བཟང་རེད། དྲི་ཟའི་ཡུལ་དུ་དྲི་བའི་རྒྱལ་པོ་རབ་དགའ་རེད།
སངས་རྒྱས་ཀྱིས་བརྟུལ་ཡག་གི་ལས་ཡོད་མཁན་ཁོང་གཉིས་མ་གཏོགས་ཡོད་མ་རེད་
ཚང་མ་རྫོགས་ཚར་རེད། དགྲ་བཅོམ་པ་ལ་བཀོད་ཚར་རེད། ཀུན་ཏུ་རྒྱུ་རབ་བཟང་དེ་
མུ་སྟེགས་པ་རེད་མུ་སྟེགས་པའི་ནང་ནས་ཞེ་དྲག་གི་བླ་མ་ཆེན་པོ་དགྲ་བཅོམ་པའི་བཟོ་
339
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

འདྲ་པོ་ཁོ་རང་ཚོའི་ནང་ནས་གོང་ན་མེད་མཁན་གཅིག་རེད། ཁོ་ཡོན་ཏན་ཆེན་པོ་ཡིན་
ཙང་གཽ་ཏ་མ་མྱ་ངན་ལས་འདས་གྲབས་ཡོད་ན་ངས་དོགས་པ་འདྲ་སྐད་ཆ་འདྲི་དགོས་
བྱུང་ན་དྲི་ས་རག་གི་མ་རེད་ད་དགོང་གཅིག་ལྟ་ས་འགྲོ་དགོས་རྒྱུ་ཡིན་པ་འདྲ་བསམ་
བྱེད། ད་གཞི་ནས་འདུལ་བའི་དུས་ལ་བབ་ཡོང་དུས་ཐུགས་རྗེའི་འོད་ཟེར་གྱིས་བསྐུལ་
ནས་དེའི་དགོང་མོ་སངས་རྒྱས་སྙུང་བཞུགས་སར་ཁོང་བཅར་རེད། སངས་རྒྱས་དགེ་
བསྙེན་གཅིག་བསྒྲུབས་ནས་ཕར་འགྲོ་ཚར་ཙམ་རེད། དགེ་བསྙེན་བསྒྲུབ་མཁན་ཚོ་
སླེབས་ཡོང་དུས་ཁང་པའི་འོག་སྡོད་མཁན་ཚོས་ཡ་མ་བྱེད་པ་རེད། སངས་རྒྱས་ལ་
དགེ་བསྙེན་བསྒྲུབ་མཁན་ཁ་ཤས་འདུག་སྐུ་མཉེལ་རོགས་མ་རེད་པས་གཡུགས་བཞག་
ན། ཞུས་དུས་མ་དབྱུག་ཡར་བཏང་ཤོག་གསུངས། འོ་ན་ཡར་བཅར་མི་དགོས་པ་བྱས་
བར་དུ་འཕྲིན་བྱས་ནས་བསྒྲུབས་ཆོག་པ་ཅིག་ཞུས་པར་ཡོང་གསུངས། སངས་རྒྱས་
ཀྱིས་ཆོ་ག་དེར་གསུངས་ཁོས་མར་ཁྱེར་ནས་ཁོ་ཚོའི་རྣ་བར་བསྐྱེལ་བྱས་འཕྲིན་གྱི་སྒོ་
ནས་བསྙེན་པར་རྫོགས་ཡག་དེ་དུས་བྱུང་བ་རེད། ཡང་གཅིག་རྒྱལ་པོས་བཙོན་ཁང་
ནང་བཅུག །བཙོན་ཁང་ནང་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་དགྲ་བཅོམ་ཐོབ་རྫུ་
འཕྲུལ་གྱིས་བཙོན་ཁང་ཕྱི་ལོགས་དོན་རྒྱལ་པོ་ཡང་གདུལ་བྱར་གྱུར་དེ་འདྲ་བྱུང་བ་
རེད། རབ་བཟང་གིས་སངས་རྒྱས་མདུན་བཅར་དགོས་ཡོད་ཟེར་རེད། ཡར་བཅར་ས་
མི་འདུག་ཁྱེད་ད་ལྟ་བར་དུ་ག་པར་ཕྱིན་པས་སང་ཉིན་མྱ་ངན་ལས་འདའ་མཁན་རེད། ད་
ཡོང་མི་དགོས་བྱེད་པ་རེད་ཀུན་དགའ་བོས། ཁོས་སྒོ་འགྲམ་ནས་ཚོགས་གཏམ་ཆོབ་
ཙེ་གཅིག་བཏང་སངས་རྒྱས་ཀྱིས་ཡར་བཏང་ཤོག་གསུངས་པ་རེད། ཨ་ཙི་གཽ་ཏ་མ་
དེ་སེམས་བཟང་པོ་གསུང་དེ་ཡང་སྙན་པོ་ཞེ་པོ་གཅིག་འདུག་བསམ་བྱས་ཡར་བཅར་
ནས། སངས་རྒྱས་ལ་འབྱུང་བ་བཞི་པོ་དེ་གང་དུ་སྐྱེས་གང་དུ་ཐིམ་པར་འགྱུར་ཞེས་
གསོལ། སངས་རྒྱས་ཀྱིས་འབྱུང་བ་བཞི་ཐིམ་མ་ཐིམ་རང་བཞིན་གྱིས་མ་གྲུབ་པའི་
340
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

ཚུལ་གསུངས་ནས་ཁོས་སྟོང་ཉིད་རྟོགས་སོང་བ་རེད། དེ་ག་རང་བསྒོམས་ནས་དགྲ་
བཅོམ་ཐོབ་སོང་བ་རེད། དེ་ནས་སངས་རྒྱས་ཀྱི་ཉན་ཐོས་དགེ་སློང་དགྲ་བཅོམ་པར་
གྱུར་པ་རེད། ད་སང་ཉིན་སངས་རྒྱས་མྱ་ངན་ལས་འདའ་རྒྱུ་རེད་ངས་ལྟ་ཕོད་ས་མ་རེད་
སྔོན་ལ་ང་མྱ་ངན་ལས་འདའ་ཆོག་པ་ཅིག་ཞུས་པ་རེད། ཀུན་དགའ་བོས་ཁྱོད་མ་ཡོང་
ཟེར་དུས་ཡོང་ཡོངས་ནས་དགྲ་བཅོམ་ཐོབ་དུས་སང་ཉིན་ཁྱོད་མ་བསྡད་ན་མུ་སྟེགས་པ་
ཚོས་ཁྱོད་ཀྱི་སྐུ་གདུངས་གཞུས་འགྲོ་ཡི་རེད།
སྐུ་གདུངས་ང་ཚོས་ཞབས་ཞུ་ཞུ་རྒྱུ་རག་གི་མ་རེད། ཁྱོད་མུ་སྟེགས་པ་ཡིན་
ཟེར་གྱི་རེད། དགྲ་བཅོམ་རེད་ཟེར་ནས་ང་ཚོས་བཤད་ཐུབ་ཀྱི་མ་རེད། ད་སང་ཉིན་རིང་
ལ་སྒུགས་དགོས་ཀྱི་རེད་ཟེར་ནས་ཀྱང་བཀག་པ་རེད། སང་ཉིན་མུ་སྟེགས་པ་ཚོས་ངའི་
སྐུ་གདུངས་རྩོད་སོང་ན་སྐུ་གདུངས་ཆུ་ནང་གཡུགས་ཤོག། མུ་སྟེགས་པ་ཚོ་ཆུ་ཕ་རོལ།
ནང་པའི་དགེ་སློང་ཚོ་ཆུ་ཚུར་རོལ་བསྡད་སྐུ་གདུངས་ནང་པའི་དགེ་སློང་རྩ་ལ་སླེབས་
ཡོང་གསུངས། མྱ་ངན་ལས་འདས་ནས་སྐུ་གདུངས་ཆུ་ནང་གཡུག་སྐུ་གདུངས་དཀྱིལ་
དཀྲུང་བྱེད། ནང་པའི་དགེ་སློང་ཡོད་སའི་དེར་ཕེབས་ཡོང་བ་རེད། མུ་སྟེགས་པ་ལ་མ་
ཐོབ་པར་ནང་པའི་དགེ་སློང་ཚོས་སྲི་ཞུ་ཞུ་རྒྱུ་བྱུང་ཡོད་རེད། བཏུལ་ཡག་གི་གདུལ་བྱ་
མཐའ་མ་དེ་རེད། དྲི་ཟའི་རྒྱལ་པོ་རབ་དགའ་སྒྲ་སྙན་བཏང་བསྡད་ནས་དེ་ལ་མགོ་འཁོར་
ནས་ཡོང་གི་ཡོད་མ་རེད། ལྷ་ཡི་དབང་པོ་རྒྱ་བྱིན་གྱིས་སྐད་བཏང་འགྲོ་གི་ཡོད་རེད།
སངས་རྒྱས་སྐུ་འཁྲུངས་ཡོད་རེད་མཇལ་ཁ་ཤོག་ཟེར་དུས་ཁྱེད་འགྲོ་ཤོག་ང་སླེབས་
ཡོང་ཟེར། ད་སངས་རྒྱས་བསྡད་ཡོད་རེད་མཇལ་ཁ་ཤོག(X) ད་ཆོས་འཁོར་བསྐོར་
སྡད་ཡོད་རེད་མཇལ་ཁ་ཤོག (X) ད་སང་ཉིན་མྱ་ངན་ལས་འདས་རན་བསྡད་ཡོད་རེད་
མཇལ་ཁ་ཡོང་གི་མིན་པས་ཟེར་དུས་ཀྱང་ཁྱེད་རང་འགྲོ་ཤོག་ང་སླེབས་ཡོང་ཟེར་ནས་
ཡོང་རོགས་མ་བྱེད། ཀུན་ཏུ་རྒྱུ་རབ་བཟང་ལ་ཆོས་གསུངས་བཞིན་ཁོའ ་ི སྒོ་འགྲམ་ལ་
341
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

སྒྲ་སྙན་གཏོང་མཁན་གཅིག་སྤྲུལ་ནས་སྒྲ་སྙན་བཏང་པ་རེད། རབ་དགའ་ཡིས་ཡ་མཚན་
སྒྲ་སྙན་གཏོང་མཁན་ང་འདྲ་པོ་གཅིག་སླེབས་ཡོད་བཞག་སུ་ཡིན་ནམ་བསམ། ཁོ་ཡར་
སྐད་བཏང་ཤོག་ཟེར། སྐད་བཏང་དེར་སྡད་བཅུག་རབ་དགའི་སྒྲ་སྙན་དེ་ལ་སྐུད་པ་སྟོང་
ཕྲག་གཅིག་ཡོད་རེད། སངས་རྒྱས་ཀྱི་སྤྲུལ་པ་དེས་སྐུད་པ་སྟོང་ཡོད་པ་གཅིག་བཏང་
ནས་གཅིག་པ་བྱུང་བ་རེད། དེ་ནས་ཁོང་གཉིས་ཆར་གྱིས་སྐུད་པ་རེ་རེ་བཅད་ནས་དགུ་
བརྒྱ་གོ་དགུའི་བར་བཅད་ནས་བཏང་ནའང་སྒྲ་སྙན་སྐུད་པ་སྟོང་ལྡན་བཏང་པའི་སྒྲ་དང་
གཅིག་པ་ཡོང་གི་ཡོད་རེད། མཐའ་མ་སངས་རྒྱས་ཀྱི་སྤྲུལ་པ་དེས་སྐུད་པ་གཅིག་པོ་དེ་
ཡང་མེད་པ་བྱེད་ནས་བཏང་བ་ན་སྔ་མ་དང་སྒྲ་གཅིག་པ་བྱུང་བ་རེད། དེ་རབ་དགས་མ་
ཐུབ་པ་རེད།
དེ་ནས་རབ་དགའ་ཧ་ལས་བྱས་དེ་འདྲ་ག་རེ་རེད་སྐད་ཆ་དྲིས་པ་རེད། སྒྲ་སྙན་
དེ་ལག་པ་དང་སྐུད་པ་སོགས་རྒྱུ་རྐྱེན་སྣ་ཚོགས་པའི་རྟེན་འབྲེལ་ལས་བྱུང་ཚུལ་རྒྱས་
པར་གསུངས་པས་ཁོས་བསམ་བློ་བཏང་ནས་སྟོ ང་ཉི ད ་རྟོ ག ས་སོ ང་བ་རེ ད ་དེ ་ ནས་
ལམ་སང་དགྲ་བཅོམ་ཐོབ་སོང་བ་རེད། དེ་ནས་གདུལ་བྱ་རྫོགས་ཚར་རེད། དེ་ནས་དེ་
བཞིན་གཤེགས་པ་མཐོང་བར་དཀའ་བས་ཡག་པོ་ལྟོས་ཤིག་ཅེས་སྐུ་སྟོད་ན་བཟའ་ཕར་
བསལ་ནས་བསྟན་གནང་བ་རེད། མི་རྟག་པ་ཞལ་བཞེས་གནང་འདུ་ཤེས་རྣམས་ཀྱི་
མཆོག་མི་རྟག་པའི་འདུ་ཤེས། རྗེས་རྣམས་ཀྱི་མཆོག་བ་གླང་གི་རྗེས། ཁྱེད་རང་རྣམས་
ཀྱིས་མི་རྟག་པ་ཡིད་ལ་གྱིས་ཤིག་གསུངས་ནས་དགོངས་པ་རྫོགས་གནང་བ་རེད།
ཚེམས་གཅིག་ལྷ་ཡི་དབང་པོ་བརྒྱ་བྱིན་ལ་གནང་རྒྱུའི་སྔ་མ་ནས་ཞལ་བཞེས་ཡོད་པ་
ལྟར་སྐུ་གདུངས་ཞུགས་འབུལ་བྱེད་དུས་བརྒྱ་བྱིན་ཕེབས་ནས་མེ་མར་བཅགས་བྱས་
ཚེམས་གཅིག་གསོལ་རས་གནང་བ་རེད། སངས་རྒྱས་ཀྱི་མཛད་པ་དེ་འདྲ་རེད། སངས་
རྒྱས་ཀྱི་སྤྲུལ་པ་ནི་དེང་སང་ཇི་སྙེད་གཅིག་སེམས་ཅན་གྱི་བློ་དང་འཚམ་པ་བྱུང་བ་རེད་
342
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

དེ། སེམས་ཅན་ལ་བསོད་ནམས་མེད་ན་སངས་རྒྱས་ཀྱི་སྤྲུལ་པ་ཞེ་དྲག་ཡོང་ཐུབ་པ་མ་
རེད། དེ་དག་སྤྲོས་བཤད་རེད། བླ་མ་རྡོ་རྗེ་འཆང་གི་སྐོར་ནས་འཕྲོས་སོང་བ་རེད་བླ་མ་
རྡོ་རྗེ་འཆང་མཇལ་རྒྱུ་ཡོད་པ་དེ་བསོད་ནམས་ཆེན་པོ་བྱུང་བ་རེད། ཐག་པ་འདྲ་པོ་ཅིག་
བཏགས་ཡག་པོ་བྱུང་བ་རེད།
ད་མཆོད་པ་ཕུལ་ཚང་མ་ཕུལ་ཚོགས་བསགས་པ་གལ་ཆེ་བ་རེད། ཁ་སང་ནས་
ཞུས་པ་ཡིན་པ་ཚོགས་གང་ཐུབ་ཐུབ་བསགས། [དཔེར་ན་] ཁྱིམ་བདག་ལུག་གིས་
གད་རྒྱབ་ནས་འབྲས་བྱུང་བ་དེ་ལ་བརྟེན་ནས་ཚེ་རབས་ཐམས་ཅད་དུ་ཕྱུག་པོ་བྱུང༌། ཝཱ་
ར་ཎཱ་སེར་མུ་གེ་བཅད། དུས་རྒྱུན་དུ་ཁོ་རང་དང་ཁོ་རང་གི་གྲོགས་པོ་བྱས་སྐྱེ་དམན་
བྱས་བུ་བྱས་བུའི་གནའ་མ་བྱས་གཡོག་མོ་བྱས་ག་པ་འགྲོ་འགྲོ་ལ་ཕྱུག་པོ་ཤ་སྟག་བྱས་
མིག་གིས་ལྟ་བ་ཙམ་གྱིས་མཛོད་ཚང་མ་རིན་པོ་ཆེས་གང་ཡོང་བ་རེད་ཟེར་ཡག་དེ་
ལས་ཆུང་ཆུང་ཞིག་གི་འབྲས་བུ་རེད། རྒྱལ་པོ་ང་ལས་ནུ་སའི་སྟེང་ལྷ་གནས་སུམ་ཅུ་རྩ་
གསུམ་ལ་བསྡད་ནས་ཡུན་རིང་པོ་ལྷའི་བདུད་རྩི་འཐུང་ནས་མ་ཤི་བ་བྱས་བསྡད་ཡག་
དེ་སྲན་མ་རྡོག་པོ་ལྔའི་འབྲས་བུ་རེད། ཆུང་ཆུང་སྐབས་སྲན་མ་ཟ་བསྡད་དུས་སངས་
རྒྱས་ཕེབས་ས་མཐོང་ནས་སྲན་མ་ཁྱེར་ནས་སངས་རྒྱས་ལ་ཕུལ་འགྲོ། སངས་རྒྱས་
ཀྱིས་ལྷུང་བཟེད་མར་བཟེད་པ་ན་ཡག་པོ་བྱས་མ་བླུགས་པར་གཏོར་ཤག་པ་ཡིན་ཙང་
སྲན་རྡོག་བཞི་ལྷུང་བཟེད་ནང་དུ་ཕྱིན་གཅིག་ལྷུང་བཟེད་ཁ་ལ་བསྡད་ཤག་པ་རེད། བཞི་
ནང་ལ་ཕྱིན་པ་དེས་གླིང་བཞིའི་རྒྱལ་པོ་བྱེད། གཅིག་ཁ་ལ་བསྡད་པའི་འབྲས་བུ་སུམ་
ཅུ་རྩ་གསུམ་གྱི་རྒྱལ་པོ་ཕྱེད་ཀ་བྱེད་ཡག་དེ་རེད། དེ་ནས་རྗེས་མ་བསམ་ངན་སྦྱོར་
རྩུབ་བྱས་ནས་རྫུ་འཕྲུལ་ལས་ཉམས་པ་འདྲ་པོ་བྱས་ཡོད་རེད། དེ་དུས་ཁོ་རང་གི་བུ་
ཕྲུག་དེ་དག་གི་བུ་ཕྲུག་བྱས་ནས་མི་རབས་ཁ་ཤས་འདས་ཚར་རེད། ཁོ་རང་ཡ་གིར་
ལྷའི་བདུད་རྩི་འཐུང་ནས་ཚེ་རིང་པོ་ཞེ་དྲག་བྱུང་ཡོད་རེད། རྒྱལ་པོ་ཆོས་རྒྱལ་མྱ་ངན་
343
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

མེད་ཟེར་ཏེ་དེང་སང་སྐད་གྲགས་བྱེད་ཡག་དེ་ཁོང་གིས་འཛམ་བུ་གླིང་ན་མཆོད་རྟེན་
བྱེ་བ་གཅིག་ནུབ་གཅིག་ལ་བཞེངས་པ་རེད་ཟེར། ཆོས་རྒྱལ་མྱ་ངན་མེད་བྱུང་མ་མྱོང་
བ་ཅིག་བྱུང་ཡོད་རེད། ཆོས་རྒྱལ་མྱ་ངན་མེད་ཀྱི་ལས་ཀ་ཡག་རྒྱུ་གལ་ཡོད་མ་རེད།
དམག་རྒྱབ་མི་བསད་མཆོད་སྦྱིན་བྱས་མཆོད་སྦྱིན་ཁང་པ་བརྩེགས། མི་ཁྲི་ཁྲག་མང་
པོ་བསད་ཡོད་རེད། མཆོད་སྦྱིན་བྱེད་མཁན་མི་གཅིག་ལ་སུ་འདྲ་གཅིག་ཐུག་སོང་ན་
ཕར་བསད་མཆོད་སྦྱིན་བྱེད་ཤོག་ཟེར། དམག་རྒྱབ་ཡག་དེ་དུས་མ་རེད། ཉིན་གཅིག་
གང་འདྲས་བྱེད་ཀྱི་འདུག་ལྟ་འགྲོ་ཁག་བྱས་མཆོད་སྦྱིན་བྱེད་མཁན་དེས་ལམ་སང་རལ་
གྲི་བཏོན་བྱས་ཤོར་ཡོང་བ་རེད། ཨད་ཨད་དེ་འདྲ་མ་བྱེད་ང་རྒྱལ་པོ་རེད་ངོ་ཤེས་ཀྱི་མི་
འདུག་གམ་ཟེར་དུས། ངོ་ཤེས་ཀྱི་འདུག་སྟེ་ཁྱེད་རང་གི་བཀའ་ཡིན་པ་བྱེད་པ་རེད། གང་
འདྲ་སེ་ཡིན་པ་ཟེར། ཁྱེད་རང་གིས་འདིར་སུ་སླེབས་སོང་ནའང་བསོད་ཤོག་གསུངས་
སོང་བ་ཨེ་ནི་ཁྱེད་རང་གསོད་གྲབས་བྱེད་པ་ཡིན་བྱེད་པ་རེད། ནང་པའི་དགེ་སློང་དགྲ་
བཅོམ་པ་གཅིག་གིས་དེ་འདྲ་མ་བྱེད་གསུངས། ནམ་མཁའ་ལ་ཕེབས་ཡོང་ཙང་དེ་ཙ་ལ་
ཕར་ཤོར་འགྲོ་རྒྱལ་པོ་སྲོག་ཐར་པ་རེད། དགེ་སློང་ཡང་བསད་མ་ཐུབ་དེ་འདྲ་བྱས་ནས་
སྲོག་བཅད་ཡག་ཤག་པའི་ལོ་རྒྱུས་ཡོད་རེད། ཡིན་ནའང་ཁོ་རང་གིས་མཆོད་རྟེན་བྱེ་
བ་གཅིག་ནུབ་གཅིག་ལ་བདེན་སྟོབས་བརྗོད་ནས་བཞེངས་པ་རེད། ཆོས་རྒྱལ་མྱ་ངན་
མེད་ཀྱིས་བཞེངས་པའི་མཆོད་རྟེན་བོད་ལའང་ཡོད་རེད། ཁམས་ལའང་ཡོད་རེད། ཟེ་
ལིང་དེ་བར་མཆོད་རྟེན་ཡོད་རེད། ད་རྒྱལ་པོ་མྱ་ངན་མེད་ཀྱིས་རྒྱུ་དེ་ག་རེ་བསགས་པ་
རེད་ཟེར་ན་བྱིས་པའི་སྐབས་ཐལ་རྩེད་རྩེད་ནས་རྒྱུག་པ་གསུམ་གསུམ་ཡར་བཙུགས་
དེའི་སྒང་རྡོ་ལེབ་ལེབ་རེ་རེ་བཞག་དེའི་སྒང་ལ་སྤུངས་ནས་ཇ་ཡིན་ཁ་ལག་ཡིན་ཟེར་
བྱིས ་པ་ཚོ ས ་དེ ་ འདྲ་བྱེད་ཡོང་བ་དེ་འདྲ་བཟོ་ བསྡད་དུས་སངས་རྒྱས་ཤཱཀྱ་ཐུབ་པ་
བསོད་སྙོམས་ལ་ཕེབས་ཡོང་གི་ཡོད་རེད། བྱིས་པ་སོང་ཙང་དེ་ནས་གཅིག་ཁྱེར་བྱས་
344
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

སངས་རྒྱས་ལ་ཕུལ་འགྲོ་བ་རེད། སངས་རྒྱས་སྐུ་གཟུགས་ཆེན་པོ་སོང་ཙང་བྱིས་པ་
གཅིག་མར་སྒུར་ཁོས་དེའི་སྒལ་པ་སྒང་ལངས་བྱས་ཕུལ་པ་རེད། སངས་རྒྱས་ཀྱིས་
ལྷུང་བཟེད་མར་དམའ་པོ་བྱས་བཟེད་པ་རེད་ཁོས་ཐལ་ལ་སྦར་བ་གང་ལྷུང་བཟེད་ནང་
བླུག་པ་རེད། སངས་རྒྱས་ཀྱིས་ཐལ་ལ་དེ་འཁྱེར་ཀུན་དགའ་བོ་ལ་སྤྲད་འདི་འདམ་བག་
བརྫིས་བྱས་གཙུག་ལག་ཁང་གི་གད་པོ་ནང་བྱུག་ཤོག་གསུངས་པ་རེད། བྱིས་པ་དེས་
མ་འོངས་པ་ནང་གླིང་བཞི་དང་སུམ་ཅུ་རྩ་གསུམ་ཕྱེད་ལ་དབང་བའི་རྒྱལ་པོ་བྱེད་ཀྱི་
རེད་ནུབ་གཅིག་ལ་མཆོད་རྟེན་བྱེ་བ་བཞེངས་ཀྱི་རེད་གསུངས་པ་རེད། བྱིས་པ་སྒུར་
སྡད་མཁན་དེས་ཁོའ ་ི བློན་པོ་བྱེད་ཀྱི་རེད་གསུངས་བྱས་ལུང་བསྟན་པ་རེད། ཐལ་ལ་
སྤར་ར་གང་གི་འབྲས་བུ་རེད་དེ་འདྲ་བྱས་ཙང་ང་ཚོ་ཚོགས་རྩ་བ་ནས་མ་བསགས་
སླེབས་ཡོང་པ་འདྲ་འདུག་ཨ། ང་ཚོ་དངོས་གནས་བསོད་ནམས་མེད་མཁན་རེད། ཕར་
ལྟ་ན་སྐྱ་ཧྲེ་ཧྲེ་ཚུར་ལྟ་ན་སྐྱ་ཧྲེ་ཧྲེ་ཇོ་བོ་རྗེ་ཧ་ལས་པ་རེད།
བོད་པ་ལ་འབྲས་བྲེ་བོ་ཆུང་གང་གི་བསོད་ནམས་ལའང་ལོངས་སྤྱོད་མཁན་མི་
འདུག་གསུངས་པ་རེད། བྲེ་ཆུང་ཆུང་གང་གི་བསོད་ནམས་ལའང་ལོངས་སྤྱོད་མི་འདུག་
ཟེར་རེད། འབྲས་བྲེའུ་ཆུང་ངུ་གང་གི་བསོད་ནམས་ལ་ལོངས་སྤྱོད་ན་ཕྱུག་པོ་ཡོང་
གི་རེད་པ། ཁྱིམ་བདག་ལུག་གིས་གད་སྙིགས་ནང་ནས་ཡོང་པའི་འབྲས་བྲེའུ་ཆུང་ངུ་
གང་གི་བསོད་ནམས་ཀྱིས་ཚེ་རབས་མང་པོ་ལོངས་སྤྱོད་རྒྱུ་བྱུང་བ་རེད། འོ་ད་འཕྲོས་
བཤད་རེ ད ་དེ ་ ཚོ ་ སེ མ ས་ལ་བཞག་གཏམ་བརྒྱུད་འདྲ་ཡོ ད ་པ་དེ ་ སེ མ ས་ལ་བཞག་
དེ་འདྲ་རེད་ཨ་བསམས་ངས་བསོད་ནམས་མངོན་པར་འདུ་བྱེད་དགོས་བསམས། སོ་
སོས་རང་གི་སྐུལ་མ་བཏང་ཞོར་དང་ཞོར་ལ་མཆོད་པ་བྱས་འགྲོ་ཞོར་སྡོད་ཞོར་ལ་ཁ་
འགུལ་ཙེ་འགུལ་ཙེ་བྱས་གཞན་མ་བྱུང་ནའང་མ་ཎི་འདྲ་ཏོན། ཁ་ནང་ཅིག་འདོན་བཞག་
ན་ཁ་ཟད་འགྲོ་བ་ནི་མ་རེད་ཁ་བཙུམ་བསྡད་ན་གང་ཡང་ཡོད་མ་རེད། ཁྱེད་ཀྱི་ཁ་ནང་
345
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ཁྲིད་

མུ་ཏིག་བཅུག་ཡོད་པས་ཟེར་ཀྱི་རེད། མུ་ཏིག་ཡོད་ན་ཟག་འགྲོ་ཡོང་བསམ་བྱེད་ཁ་
བཙུམ་སྡོད་དགོས་ཀྱི་རེད། གཞན་ག་རེ་ཡོད་རེད་ཁ་བཙུམ་བསྡད་ན་ཁ་ནང་དྲི་མ་ཁ་
རོག་མ་གཏོགས། གཅིག་འདོན་བཞིན་འདོན་བཞིན་བྱེད། མེ་ཏོག་གཅིག་མཐོང་སོང་
ན་བདག་པོ་མེད་པ་ཞིག་ཡིན་ན་མེ་ཏོག་དེ་གཏུབས་དེ་བར་ཡར་སྐུ་གསུང་ཐུགས་རྟེན་
མཆོད་རྟེན་འདྲ་ལ་ཕུལ། སངས་རྒྱས་ལ་ཚོད་བཟུང་རྒྱུ་མེད་གསུངས་པ་ཡིན་ཙང་ངས་
ཟེར་བ་ཡིན་པ་སྔོན་མ་རྙིང་མའི་བླ་མ་རེད་རྙིང་མའི་བླ་མ་དེ་ཚོའི་ནང་ལ་བླ་མ་ཚད་ལྡན་
ཡག་པོ་དེ་འདྲ་ཡོད་རེད། རྦད་བཤད་བསྒྲུབས་འཆད་ཉན་བྱས་བཤད་རྒྱུ་རྒྱ་ཆེན་པོ་
ཡོད་མ་རེད་ཕར་དགག་པ་བཏང་བཞག་ན་ཕྲན་བུའི་འགག་འགྲོ་གི་རེད། རེད་དེ་ཉམས་
ལེན་ཡག་པོ་ཡོད་རེད། བཀའ་ཆོས་ཞུས་མཁན་ལ་བཀའ་བཀྱོན་གནང་གཞན་ཁྱེད་ཚོ་
ཁ་སྟོང་པ་ལག་སྟོང་པ་སླེབས་ཡོང་ནས་གསུང་འགའ་ཞིག་གིས་ཁ་སྟོང་ལག་སྟོང་ཡོང་
ཟེར་དུས་བླ་མ་ལ་ཕུལ་ཡག་ཅིག་དགོས་པ་མིན་འགྲོ་བསམས། མ་རེད་ཟེར་ཁ་སྟོང་པ་
མ་ཡོང་མ་ཎི་གཅིག་ལས་མིན་ན་འདོན་ནས་ཡོང༌། ལག་སྟོང་པ་མ་ཡོང་ལམ་ཁར་མེ་
ཏོག་གཅིག་ལས་མིན་ན་རྙེད་ཀྱི་མི་འདུག་གས། གཅིག་རྙེད་བྱུང་ནའང་དེ་ནམ་མཁའ་
ལ་ཡར་གཏོར་བཞག་དགོས་རེད། དེ་མིན་ན་འདིར་འཁྱེར་ཡོང་སྐུ་གསུང་ཐུགས་རྟེན་
དྲུང་དུ་བཙུག་དགོས་རེད་ཕན་ཡོན་ཡོད་རེད་ཟེར། ད་ད་རེས་བསོད་ནམས་མངོན་པར་
འདུ་མ་བྱས་ན་རྗེས་མ་ཁ་སྟོང་ལག་སྟོང་ཕར་འགྲོ་དགོས་ཀྱི་རེད་དག་གསུངས། རེད་
རེད་ཨ་ཤི་སོང་ན་ཁ་སྟོང་ལག་སྟོང་རང་རེད།

346

Das könnte Ihnen auch gefallen